Nitartha Digital Library
Tibetan
 
previousདམ་པའི་ཆོས་ཀྱི་བྱུང་བ་བརྗོད་པ་ལས་གཙོ་བོར་བརྩམས་པའི་གཏམ་སྐལ་བཟང་རྣ་བའི་བཅུད་ལེན།no next

དམ་པའི་ཆོས་ཀྱི་བྱུང་བ་བརྗོད་པ་ལས་གཙོ་བོར་བརྩམས་པའི་གཏམ་སྐལ་བཟང་རྣ་བའི་བཅུད་ལེན།


JKT019_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དམ་པའི་ཆོས་ཀྱི་བྱུང་བ་བརྗོད་པ་ལས་གཙོ་བོར་བརྩམས་པའི་གཏམ་སྐལ་བཟང་རྣ་བའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།


JKT019_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭ་སྟི་པྲཛ་བྷུ༔ རྡོ་རྗེའི་རྣམ་འབྱོར་གཅིག་པུའི་གར་གྱིས་བརྟན་གཡོ་ཀུན་ལ་ཁྱབ་པའི་སྐུ། །འཇམ་མཉེན་དབྱངས་ཀྱི་ཡན་ལག་དང་འགྲོགས་ལུང་རྟོགས་ཆོས་ཁམས་རྒྱ་མཚོའི་གསུང་། །སྲིད་དང་ཞི་བའི་དཔལ་དུ་གྱུར་པའི་རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཐུགས། །དྲན་པ་ཙམ་གྱིས་རྨོངས་པའི་འཇིགས་འཕྲོག་རྣམ་འདྲེན་བཟང་པོས་དགེ་ལེགས་སྩོལ། །ཞེས་ཤིས་པར་བརྗོད་པའི་ཚིག་གི་ཨུཏྤལ་སྔོན་དུ་གཏོར་ནས་འདིར་ལས་སུ་བྱ་བ་ནི། མཆོག་འབྲིང་ཕལ་པའི་འདུས་པ་རྒྱ་མཚོ་ལྟ་བུའི་དབུས་སུ། དམ་པའི་ཆོས་གཙོ་བོར་གྱུར་པའི་གླེང་བསླང་བ་ལས་བརྩམས་ཏེ་འབེལ་པའི་གཏམ་གཏན་ལ་དབབ་པའི་ཚུལ་མདོ་ཙམ་སྤྲོ་ན། ཚོགས་པ་རྣམས་


JKT019_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་ལ་འཁོད་གྲུབ་པ་དང་བསྟུན། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ་ནས། དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། ཞེས་པ་ནི། སངས་རྒྱས་མཉམ་སྦྱོར་དང་། རྡོ་རྗེ་གུར་གྱི་རྒྱུད་སོགས་ལས་གསུངས་པའི་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྟེ་སྐབས་འདིར་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་ཚུལ་མཚུངས་པའི་ཕྱིར་མདུན་བསུས་ཏེ། དེ་རིང་གི་དུས་སུ། ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། ཞེས་པ་ལྟར། གནམ་ལ་སྐར་མ། ས་ལ་དུས་ཚོད། བར་ལ་ལ་ཉེ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པའི་སྐབས་འདིར། སྐུ་


JKT019_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡེ་ཤེས་ལྔ་ཡི་ཁྱབ་བདག །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ། །བདག་སོགས་བསྟན་འགྲོ་ཡོངས་ཀྱི་སྐྱབས་གཅིག །མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའམ། དཔལ་ལྡན་བླ་མ་དམ་པ་འདི་བླ་མ་སོ་སོའི་མཚན་བཅུག ཞེས་བྱ་བའི་ཞལ་སྔ་ནས་མཁན་སློབ་ཉི་ཟླ་ཟུང་འབྲེལ་གུང་ལ་བཞུགས། མི་ཆེ་བ་རྣམས་ཀྱིས་གྲལ་གྱི་དབུ་མནན་། ཡོན་ཏན་མཁྱེན་པ་རྣམས་ཀྱིས་གྲལ་གྱི་གཞུང་བསྲང་། རྒྱུ་སྦྱོར་བའི་དད་ལྡན་སྦྱིན་བདག་ཕོ་མོ་བྱ་བ་བྱེད་པ་དང་བཅས་པས་གྲལ་གྱི་མཐའ་བསྐོར་ཏེ་སྟོན་འཁོར་ཕུན་སུམ་ཚོགས་པ་ལྔ་ལྡན་དུ་བཞུགས་པ་རྣམས་ཀྱི་སྙན་ལམ་དུ། མཁས་མཆོག་དཔའ་བོས། ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་དབུས་སུ་མཁས་པ་དགའ་བར་འགྱུར། །ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ་། །འགྲན་པ་རྣམས་ཀྱི་གྲགས་དང་དྲེགས་པ་སེལ། ཞེས་གསུངས་པ་ལྟར། ཡ་རབས་མཁས་པ་རྣམས་དགྱེས་པ་སྐྱེད་པའི་མཆོག །ཕྱི་སྣོད་འཇིག་རྟེན་ཆགས་ཚུལ། ནང་བཅུད་སེམས་ཅན་གྲུབ་ཚུལ། སྟོན་པ་སངས་རྒྱས་བྱོན་ཚུལ། སྐྱོབས་པ་དམ་ཆོས་གསུངས་ཚུལ། འདྲེན་པ་དགེ་འདུན་དར་ཚུལ། ས་སྐྱོང་རྒྱལ་པོའི་རྒྱལ་རབས་སོགས་ཆོས་སྲིད་དང་འབྲེལ་བའི་འབེལ་གཏམ་གྱི་


JKT019_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་སྟོན་རྒྱ་ཆེར་སྤྲོ་དགོས་རྒྱུར་མཆིས་ནའང་། ཁོ་བོ་ཅག་སྐྱེས་ཐོབ་ཀྱི་ཡོན་ཏན་དམན་ཞིང་། སྦྱོར་བྱུང་གི་བརྩོན་འགྲུས་ཞན་པའི་མཐུས་རྒྱ་ཆེར་ཞུ་མ་ཤེས་ཤིང་། གང་མཐོང་གང་ཐོས་ཙམ་ཞུ་བའི་ལོངས་སྐབས་ཀྱང་ཐུང་མོད། འོན་ཀྱང་སྐབས་སུ་བབས་པའི་གཏམ། དུས་སུ་སྨིན་པའི་ཆར། བརྗོད་བྱ་ཕུན་སུམ་ཚོགས་ཞིང་། རྗོད་བྱེད་རྒྱས་བསྡུས་འཚམས་པ་ས་བོན་ཙམ་ཞིག་གསོལ་བ་ལ། སྙན་གྱི་དབང་པོས་གསན། ཐུགས་ཀྱིས་བརྗོད་དོན་དགོངས་པར་ཞུ་སྙིང་། ཐོག་མར་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་ནི། མདོ་སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་མཐའ་དག་བརྟེན། ཞེས་གསུངས་པ་ལྟར། འོག་གཞི་ནམ་མཁའ་སྟོང་པ་ལ་བརྟེན་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ། རྒྱུར་གྲངས་མེད་པ། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད། དེ་སྟེང་ས་གཞིའི་དཀྱིལ་འཁོར་སུམ་འབུམ་ཉི་ཁྲི། གཉིས་ཀའི་ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་སུམ་སྟོང་བཞི་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དེའི་སུམ་འགྱུར་དང་བཅས་པའི་དབུས་སུ་རིའི་རྒྱལ་པོ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། འཕངས་སུ་དཔག་ཚད་ཆིག་འབུམ་དྲུག་


JKT019_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ལས་ཕྱེད་མན་ཆད་རྒྱ་མཚོར་ནུབ་ཅིང་། ལྷག་མ་སྟེང་དུ་འཕགས་པར་བང་རིམ་བཞི་དང་ལྡན་པ། སྟེང་གི་ངོས་སུ་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར། ཕྱོགས་བཞིར་གླིང་བཞི་དང་། གླིང་གཡོག་གཉིས་གཉིས་ཀྱིས་བསྐོར་བ། དེའི་བར་མཚམས་སུ་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་གྱིས་ཆོད་ཅིང་། ཕྱི་མཐའ་བ་ཚ་ཅན་གྱི་རྒྱ་མཚོ་དང་། ལྕགས་རིའི་མུ་ཁྱུད་ཀྱིས་མཛེས་པར་བྱས་པ་ཉིད་། མས་ནས་རིམ་བཞིན་དུ་ཆགས་པའོ། གཉིས་པ་ནང་བཅུད་སེམས་ཅན་གྲུབ་ཚུལ་ནི། ཐོག་མར་སྟེང་གི་ནམ་མཁར་གནས་ཐ་དད་དུ་གྲུབ་པ་མེད་པའི་གཟུགས་མེད་སྐྱེ་མཆེད་མུ་བཞི། དེ་ནས་མི་ཆེ་བ་སོགས་previous hit གཙང next hit་རིས་ལྷ་ལྔ་དང་། ཚངས་རིས་སོགས་བསམ་གཏན་བཞིའི་ལྷ་གནས་བཅུ་གཉིས་ཏེ་གཟུགས་ཁམས་གནས་རིགས་བཅུ་བདུན། གཞན་འཕྲུལ་དབང་བྱེད་ནས་བཟུང་རི་རབ་ཀྱི་བང་རིམ་ལ་བརྟེན་པའི་རྒྱལ་ཆེན་རིས་བཞིའི་བར་གྱི་འདོད་ལྷ་རིགས་དྲུག་དང་། དེ་ནས་རི་རབ་ཀྱི་ཆུ་མཚམས་ཀྱི་བར་དུ་ལྷ་མ་ཡིན་དང་། གླིང་བཞི་དང་གླིང་ཕྲན་རྣམས་ལ་མིའི་འགྲོ་བ། ཕྱིའི་རྒྱ་མཚོ་ལ་གཙོ་བོར་བརྟེན་པའི་དུད་འགྲོ། རྒྱལ་པོའི་ཁབ་ཀྱི་འོག་ཐད་དུ་ཡི་དྭགས་ཀྱི་གྲོང་དངོས། ཛམ་བུའི་གླིང་གི་འོག་ནས་དཔག་ཚད་སྟོང་ཉི་ཤུའི་མཚམས་སུ་སེམས་ཅན་དམྱལ་བ་པ་རྣམས་ཏེ། །


JKT019_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་སྲིད་པ་སུམ་ཅུ་རྩ་གཅིག་པོ་ཐམས་ཅད་ཡས་ནས་རིམ་བཞིན་དུ་གྲུབ་པ་སྟེ། དེ་ལྟ་བུའི་གླིང་བཞི་ལྷུན་པོ་ཉི་ཟླ་འདོད་ལྷ། བསམ་གཏན་དང་པོ་དང་བཅས་པ་སྟོང་ལ་སྟོང་གི་སྤྱི་ཕུད་དང་། དེ་འདྲ་བ་སྟོང་ལ་སྟོང་གཉིས་པ་བར་མ། དེ་འདྲ་བ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་སུ་བཏགས་ཞིང་། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་འཚམས་སྦྱོར་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་གཅིག དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ་གཅིག །དེ་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་སྟེ་སྤྲུལ་སྐུ་གཅིག་གི་ཞིང་དུ་འདོད་ལ། དེའང་རྣམ་སྣང་གངས་ཆེན་མཚོའི་བ་སྤུའི་ཁུང་བུ་རེ་དང་ཞིང་གི་རྡུལ་རེར་ཡང་དེ་ལྟ་བུ་བྱེ་བ་ཕྲག་བརྒྱ་རེ་གནས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཞིང་ངོ་། །དེ་ལས་རང་ཅག་རྣམས་ཀྱི་ཞིང་འདི་ནི་དེ་ཉིད་ཀྱི་ཕྱག་གི་ལྷུང་བཟེད་ཀྱི་ནང་དུ་པདྨའི་སྡོང་པོ་ཉེར་ལྔ་བརྩེགས་མར་ཡོད་པའི་ཐུགས་ཀའི་ཐད་ཀྱི་བཅུ་གསུམ་པའི་གཞིར་འཁོད་པ་སྟེ། འདིར་གནས་པ་རྣམས་ཉོན་མོངས་པའི་ཡུལ་ལ་ལྷག་པར་བཟོད་པ་དང་ལྡན་པས་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་གྲགས་ལ། དེའང་གླིང་བཞིར་ཡོད་པའི་ནང་ཚན་ལྷོ་ཕྱོགས་ཛམ་བུའི་ལྗོན་པས་མཚན་པའི་ལྗོངས་ལས་ཀྱི་ས་པ་མཆོག་ཏུ་གྱུར་པ།


JKT019_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་མ་ག་དྷ་རྡོ་རྗེ་གདན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འབྱུང་བའི་གནས། ཤར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་གྱིས་བརླབས་པ་གཞོན་ནུའི་ཚུལ་གྱིས་རྩེན་པ་རྒྱ་ནག་རི་བོ་རྩེ་ལྔ། ལྷོར་གཉིས་སུ་མེད་པ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་གནས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་རི་བོ་གྲུའི་འཛིན། ནུབ་ཏུ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་གསང་རྒྱུད་རྒྱ་མཚོའི་གན་མཛོད་དུ་བྱིན་གྱིས་བརླབས་པ་དཔའ་བོ་དང་ཌཱཀྐི་སྤྲིན་ལྟར་འཐིབ་པའི་ཡུལ་ཨོ་རྒྱན་མཁའ་འགྲོའི་གླིང་། བྱང་དུ་དཔལ་དམ་པ་དང་པོའི་སངས་རྒྱས་ཀྱི་སྨིན་གྲོལ་བདུད་རྩིའི་སྒོ་བརྒྱ་དབྱེ་བ་པོ་རིགས་ལྡན་སྤྲུལ་པའི་ཆོས་རྒྱལ་རྣམས་ཀྱི་བསྟི་གནས་ཤམྦྷ་ལ། གཞན་ཡང་ལྷོ་གླིང་དབུས་མ་འདིའི་ཕྱེད་བྱང་མ་ལ་བྱང་ནས་རིམ་བཞིན་གངས་ལྡན། ཀཻ་ཤ། རྒྱ་ནག །ལི། བོད། འཕགས་ཡུལ་ཏེ་ཡུལ་གྱི་དུམ་བུ་དྲུག་ཅེས་དུས་འཁོར་ནས་བཤད་པ་དང་། རྨ་བྱ་ཆེན་མོ་ནས་གསུངས་པའི་ཡུལ་འཁོར་ལྔ་བརྒྱ། ལྗོངས་ཆེན་པོ་བཅུ་དྲུག །ཡུལ་ཕྲན་སྟོང་སོགས་ཚང་བར་ཡོད་པའི་ཞིང་འདིའི་མི་རྣམས་ཀྱང་ལྷ་ལས་ཆད་པ་སོགས་ཡས་རིམ་གྱི་བཤད་ཚུལ་མཆིས་ནའང་། ཕྱི་ལྟར་ན་རྒྱལ་རིགས། རྗེའུ་རིགས། དམངས་རིགས། བྲམ་ཟེའི་


JKT019_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞི་དང་། བར་གྱི་རིགས། རྒྱ་གར་ལྷ། རྒྱ་ནག་ཀླུ། ཧོར་སོག་ལྷ་མིན། བོད་སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པ་དང་། ནང་རིགས་རྒྱ་གར་འཕགས་ཡུལ་གཅིག་པུ་རང་དུའང་། འདུལ་བ་ལས། གྲོང་ཁྱེར་ཆེན་པོ་དྲུག །མི་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུ། སྐད་རིགས་མི་གཅིག་བདུན་བརྒྱ་ཉི་ཤུ་སོགས་ཡོད་པར་གསུངས་ཤིང་། དེ་ལས་བོད་ཀྱི་ཡུལ་འདི་ནི། སྟོན་པ་དངོས་ཀྱིས་འོད་ཟེར་གྱི་བྱིན་གྱིས་བརླབས་ཤིང་། འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་ལུང་བསྟན་ཅིང་རྗེས་སུ་གནང་བ་ལས། དང་པོར་མཚོར་གནས་པ་ཉིད་རིམ་གྱིས་བྲི་ནས་སཱ་ལའི་ནགས་ཚལ་དུ་གྱུར། དེ་ནས་འཕགས་པའི་སྤྲུལ་པས་མིའི་འགྲོ་བ་ལ་བཀོད་ཅིང་། ཆོས་ལྡན་གྱི་རྒྱལ་པོར་བསྟན་ནས་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་མཐུས། དེང་སང་གི་དུས་སུ་ཆོས་ཀྱིས་གཞལ་བའི་ཡུལ་དབུས་སུ་གྱུར་པ་སྟེ། དེ་ལའང་ཆོས་རྒྱལ་མེས་དབོན་གྱི་དུས་སུ་བརྡར་བཏགས་པའི། སྤུ་རངས། མང་ཡུལ། ཟང་དཀར་གསུམ་སྐོར་གཅིག ལི་གུ་ཤ། སྦལ་ཏེ་སྐོར་གཅིག །ཞང་ཞུང་། ཁྲི་སྡེ་སྟོད་སྨད་གསུམ་ལ་སྐོར་གཅིག་སྟེ། སྟོད་མངའ་རིས་སྐོར་གསུམ། རྫིང་ལྟ་བུ། previous hit གཙང next hit་ན་གཡས་རུ་དང་། རུ་ལག །དབུས་ན་དབུ་རུ། གཡོ་རུ་སྟེ། བར་


JKT019_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་previous hit གཙང next hit་རུ་བཞི་ཡུར་བ་ལྟ་བུ་རྡུལ་རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མེ་ཉག་ར་བ་སྒང་སྟེ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུར་གནས་ཤིང་། ཚད་མར་གྱུར་པའི་མདོ་རྒྱུད་རྣམས་ནས་ཀྱང་ལུང་གིས་བསྟན་ཏེ། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། སཱ་ལའི་ནགས་ནི་འབྱུང་བར་འགྱུར། ཞེས་གསུངས་པ་ལྟར་རོ། །ཁྱད་པར་དེང་སང་གི་དུས་སུ་འཕགས་པའི་ཡུལ་སོགས་སྔར་བསྟན་པ་དར་བའི་གནས་རྣམས་སུ་ནི། དུས་ཀྱི་དབང་གིས་རིམ་བཞིན་འགྲིབ་སྟེ། དམ་པའི་ཆོས་རྣལ་མ་ཡོད་པར་དཀོན་ཀྱང་། བོད་ཡུལ་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཚང་ལ་མ་ནོར་བར་ཡོངས་སུ་རྫོགས་པར་བཞུགས་པའི་ཕྱིར་གཅིག་ཏུ་བསྔགས་པའི་གླིང་བུ་བསྒྱུར་བར་འོས་ཏེ། ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་བྱམས་པའི་དཔལ་གྱིས། མ་གྷ་དྷ་སོགས་རིག་པའི་འབྱུང་གནས་སྡིག་ཏོ་ཡི། །དམག་ཚོགས་ཀྱིས་བཅོམ་ཨོ་རྒྱན་ཁ་ཆེ་བལ་ཡུལ་ཡང་། །ལོག་སྤྱོད་ཀྱིས་ཁེངས་དེང་སང་བསྟན་སྲོག་ལེགས་གནས་ནི། །བོད་ཡུལ་འདིར་ཟད་སྐྱེས་ཆེན་བྱང་


JKT019_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཞབས་བསྐྱོད་ཞུ། ཞེས་པཎྜི་ཏ་ཤཱཀྱ་ཤྲཱི་ལ་འཕྲིན་དུ་གསོལ་བ་བཞིན་ནོ། །དེ་ལྟར་གང་དུ་བྱོན་པའི་གཞི་ཞིང་ཁམས་ཀྱི་གནས་ཚུལ་མདོ་ཙམ་ཞུས་ནས། གསུམ་པ་དེར་སྟོན་པ་སངས་རྒྱས་ཇི་ལྟར་བྱོན་པའི་ཚུལ་ནི། སློབ་དཔོན་ཆེན་པོ་གང་གི་དབང་ཕྱུག་གྲགས་པས། །གང་གིས་དཔལ་ལྡན་སྟུག་པོ་བཀོད་པར་དོན་དམ་ཐུགས་ཆུད་ཅིང་། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱའི་ཏོག་གྱུར་པ། །འཆི་བདག་ལས་རྒྱལ་སྒྱུ་མ་མཐའ་ཡས་སྟོན་དེ་རྒྱལ་གྱུར་ཅིག །ཞེས་གསུངས་པ་ལྟར། བསྐལ་པ་བཟང་པོ་འདིའི་ཚེ་ལོ་བཞི་ཁྲི་པར་འཁོར་བ་འཇིགས། སུམ་ཁྲི་ལ་གསེར་ཐུབ། ཉི་ཁྲི་ལ་འོད་སྲུངས་རྣམས་བྱོན་ཅིང་། ཚེ་ལོ་བརྒྱ་པའི་དུས་འདིར། གཟོད་མ་ནས་ཟད་དང་མི་སྐྱེ་ཤེས་པའི་གོ་འཕང་མངོན་སུམ་དུ་མཛད་ཀྱང་། སྨོན་ལམ་དང་། སྙིང་རྗེའི་འཕེན་པས་ལོངས་སྤྱོད་རྫོགས་པའི་རང་མདངས་ལས་མཆོག་གི་སྤྲུལ་པའི་རྣམ་རོལ་དུ་ཤར་བའི་བདག་ཅག་གི་སྟོན་པ། ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་གཅིག་པུ་པ། ཤཱཀྱའི་རྒྱལ་པོ་དེ་ཉིད་དགའ་ལྡན་གྱི་གནས་སུ། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོར་གྱུར་ཏོ། །ལྷ་ཡི་འཁོར་རྣམས་སྨིན་


JKT019_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད། །དེ་ནས་ཐེག་པ་ཆེན་པོའི་རྒྱུད་བླ་མ་ལས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་མི་རྣམས་ཀྱི་དོན་མཛད་པ། དེ་ཡང་མདོར་བསྡུ་ན། དང་པོར་རྫ་མཁན་གྱི་བུ་ཁྱེའུ་སྣང་བྱེད་དུ་གྱུར་ནས། སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོའི་སྤྱན་སྔར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་པ་གསུམ་དུ་དེའི་བསླབ་བྱ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་བསགས། །མཐར་མ་གྷ་དྷ་རྡོ་རྗེ་གདན་གྱི་སྤོར། །སྲོད་ལ་བདུད་བཏུལ། །གུང་ལ་མཉམ་པར་བཞག །ཐོ་རངས་ལ་རིག་པ་གསུམ་བསྐྱེད་དེ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཞིང་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ།


JKT019_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་ཀླུ་སྒྲུབ་ཀྱིས། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་། །བར་དུ་གཅོད་པའི་བདུད་རྣམས་འཇོམས་མཛད་པ། །བཅོམ་ལྡན་སེང་གེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་བཞིན་ནོ། །བཞི་པ་དེས་སྐྱོབས་པ་དམ་ཆོས་ཇི་ལྟར་གསུངས་པའི་ཚུལ་ནི། མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལོན་པ་ན། །ཚངས་པ་གཙུག་ཕུད་ཅན་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་སྟེ། ཡུལ་ཝཱ་ར་ཎཱ་སིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ། འཁོར་ལྔ་སྡེ་བཟང་པོས་མཚོན་ཉན་ཐོས་ཀྱི་རིགས་ཅན་དཔག་ཏུ་མེད་པ་རྣམས་ལ། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་ཏེ་བསྐོར་བ་དང་། །གནས་རྒྱལ་པོའི་ཁབ་དང་། །བྱ་རྒོད་ཕུང་པོའི་རི་ལ། འཁོར་རྣམ་པ་བཞི་དང་། ཁྱད་པར་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པ་ལ། བཀའ་བར་པ་རྣམ་ཐར་སྒོ་གསུམ་གྱི་དོན་སྟོན་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ལ་སོགས་པ་གསུངས་པ་དང་། །གནས་གཅིག་ཏུ་མ་ངེས་པར་འཁོར་གདུལ་བྱ་སྣ་ཚོགས་པའི་རིགས་ཅན་ལ། བཀའ་ཐ་མ་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་གཏན་ལ་ཕབ་པ་ལེགས་


JKT019_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྟན་པ་ལ། ཆོས་འཁོར་རིམ་པ་གསུམ་ཞེས་ཡོངས་སུ་གྲགས་ཤིང་། ཁྱད་པར་གསང་སྔགས་ཀྱི་ཚུལ་རྣམ་ལས། རྒྱུད་སྡེ་འོག་མ་གསུམ་གྱི་བྱ་སྤྱོད་གཉིས་ནི། རི་རབ་ཀྱི་རྩེ་མོ་དང་། ལྕང་ལོ་ཅན་ལ་སོགས་པར་སྟོན་པ་མཆོག་གི་སྤྲུལ་སྐུའི་རྣམ་རོལ་གྱིས་གསུངས་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་འོག་མིན་གྱི་ཞིང་དུ་མངོན་བྱང་ལྔའི་རོལ་པར་སངས་རྒྱས་ཏེ། རི་རབ་ཀྱི་རྩེ་མོར་སྤྲུལ་པའི་གཞལ་ཡས་ཁང་དུ་གསུངས་པ་སོགས་རྒྱུད་སོ་སོའི་གླིང་གཞི་ལས་བྱུང་བ་ལྟར་ཡིན་ལ། བླ་མེད་ཀྱི་རྒྱུད་ལས། དཔལ་གསང་བ་འདུས་པ་ནི། ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་གསུངས་པ་དང་། དུས་ཀྱི་འཁོར་ལོ་དཔལ་ལྡན་འབྲས་སྤུངས་སུ་ཆོས་རྒྱལ་ཟླ་བ་བཟང་པོ་ལ་བསྟན་ཅིང་། དེའི་ཚེ་རྒྱུད་སྡེ་མཐའ་དག་གསུངས་པར་བཞེད་པ་སོགས་མཐའ་ཀླས་ཤིང་། དེ་དག་ཀྱང་གདུལ་བྱའི་བློ་ལ་ལྟོས་ནས་རིམ་གྱིས་འཇུག་པའི་སྐལ་པ་ཅན་རྣམས་ལ་ཆོས་འཁོར་གསུམ་པོ་དུས་སོ་སོར་བསྐོར་བ་དང་། གཅིག་ཅར་འཇུག་པའི་རིགས་ཅན་རྣམས་ལ་དུས་སྐད་ཅིག་གཅིག་གིས་བསྟན་ཀྱང་མི་འགལ་ཏེ། ཇི་སྐད་དུ། ང་ཡིས་ཅི་ཡང་མི་གསུངས་པར། །སེམས་ཅན་ཀུན་ལ་ཁྱབ་བདལ་སྣང་། །གང་ཚེ་རིམ་གྱིས་འདོད་པ་ལ། །དེ་དག་ཀུན་ཀྱང་དེ་


JKT019_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་པ་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམ་བསྐང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བསྐོར་བའི་ཆོས་ཀྱི་འཁོར་ལོ་དེ་ཉིད། སྡུད་པ་པོ་རྣམས་ཀྱིས་བཀའ་བསྡུ་བ་མཛད་པའི་ཚུལ་ནི། ཐེག་པ་ཆུང་ངུའི་ལུགས་ལྟར་ན། ཉེ་བ་འཁོར་གྱིས་འདུལ་བ། ཀུན་དགའ་བོས་མདོ་སྡེ། འོད་སྲུངས་ཆེན་པོས་མངོན་པ་རྣམས་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་གཅིག་ཏུ། སྟོན་པ་མྱ་ངན་ལས་འདས་ནས་དུས་རིང་པོར་མ་ལོན་པ་ན། མ་སྐྱེས་དགྲས་དབྱར་གནས་པའི་སྦྱིན་བདག་བྱས་ནས། རྒྱལ་པོའི་ཁབ་ནྱ་གྲོ་དྷ་ཡི་ཕུག་ཏུ་བསྡུས་པ་བསྡུ་བ་དང་པོ་དང་། ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་སྤེལ་བ། གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱས་སུན་ཕྱུང་ཞིང་། སྡེ་སྣོད་གསུམ་རྫོགས་པར་བཏོན་པ་ལ་བསྡུ་བ་གཉིས་པ། དགེ་སློང་ལྷ་ཆེན་པོས་རུང་མིན་གྱི་གཞི་ལྔ་བསྒྲགས་ཤིང་། སོ་སོར་ཐར་པའི་མདོ་བཀླག་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་ཚེ། རྒྱལ་པོ་ཀུ་ནིཥས་སྦྱིན་བདག་བྱས་ནས་དགྲ་བཅོམ་པ་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔལ་ལྔ་བརྒྱ། སོ་སྐྱེའི་བཙུན་པ་ཁྲི་དྲུག་སྟོང་རྣམས་ཀྱིས་བསྡུས་པར་བསྡུ་བ་


JKT019_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཞེས་འདོད། ཐེག་པ་ཆེན་པོ་ནི། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སྭ་བྷ་བའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་དང་ལྷན་ཅིག་ཏུ་བྱམས་པས་འདུལ་བ། འཇམ་དཔལ་གྱིས་མདོ་སྡེ། གསང་བདག་གིས་མངོན་པའི་སྡེ་སྣོད་རྣམས་བསྡུས་པར་མཛད་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་ཐམས་ཅད་ཀྱི་སྤྱིར་སྡུད་པ་པོ་ནི། །དཔལ་གསང་བ་འཛིན་པའི་བདག་པོ་ལག་ན་རྡོ་རྗེ་སྟེ། གཞན་དུ་ན་དུས་འཁོར་ཟླ་བཟང་། །བརྟག་གཉིས་རྡོ་རྗེ་སྙིང་པོ། སྡོམ་འབྱུང་ཕྱག་རྡོར་སོགས་ཞུ་བ་པོ་དེ་ཉིད་ཀྱིས་བསྡུས་པར་འདོད་པ་སོགས་མཐའ་ཀླས་སོ། །ལྔ་པ་དེ་ལས་འདྲེན་པ་དགེ་འདུན་ཇི་ལྟར་དར་བའི་ཚུལ་ལ་གཉིས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་ཇི་ལྟར་དར་ཚུལ་དང་། བོད་ཡུལ་དུ་ཇི་ལྟར་དར་བའི་ཚུལ་ལོ། །དང་པོ་ནི། ཐེག་པ་ཐུན་མོང་པའི་ལུགས་ལྟར་ན། སྟོན་པ་མྱ་ངན་ལས་འདས་ཁར་བསྟན་པ་འོད་སྲུང་ཆེན་པོ་ལ་གཏད། དེ་ནས་རིམ་པར་ཀུན་དགའ་བོ། །ཤཱ་ནའི་གོས་ཅན། ཉེར་སྦས། དྷི་ཏི་ཀ་ནག་པོ་ལེགས་མཐོང་ཆེན་པོ་རྣམས་ཀྱིས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་གཏད་པས་བསྟན་པའི་གཏད་རབས་བདུན་ཞེས་གྲགས། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། ལངྐར་གཤེགས་པའི་འགྲེལ་པ་ལས། དྷི་ཏི་ཀ་ཡན་ཆད་སྔར་སྨོས་པ་ལྟར་ལ། དེ་ནས་བི་


JKT019_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ག །བུདྡྷཱ་ནནྟི། བུདྡྷ་མི་ཏྲ། དགེ་སློང་རྩིབས། སུ་ནོཤ་ཏ། རྟ་སྐད། མ་ཤི་བ། ཀླུ་སྒྲུབ་སོགས་གཏད་རབས་རྒྱས་པར་བཤད་པ་དང་། གཞན་ཡང་ཡན་ལག་འབྱུང་ལ་སོགས་པའི་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གིས། གླིང་བཞི་དང་། སུམ་ཅུ་རྩ་གསུམ་སོགས་ཡུལ་སོ་སོར་དགྲ་བཅོམ་པ་ལྔ་བརྒྱ་ལ་སོགས་པ་དང་ཐབས་གཅིག་ཏུ་བཞུགས་ནས་བསྟན་པ་རིན་པོ་ཆེ་འཛིན་པར་མཛད་པ་དང་། སློབ་དཔོན་ཆོས་སྐྱོང་། བཙུན་པ་དབྱིག་བཤེས། དབྱངས་སྒྲོག །སངས་རྒྱས་ལྷ་རྣམས་ལ་ཆེན་པོ་བཞི་ཞེས་བྱ་སྟེ། དེ་རེ་རེ་ལའང་འཁོར་འབུམ་ཕྲག་ཏུ་ལོངས་པ་བྱོན་ནས་ཐེག་དམན་གྱི་སྒྲོན་མེ་ཆེས་ཆེར་སྦྱར། དེ་ནས་བྲམ་ཟེ་ཆེན་པོ་ས་ར་ཧའི་སློབ་མ་ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་འབྱེད་པ་པོ་སངས་རྒྱས་གཉིས་པ་ཀླུ་སྒྲུབ། རྗེ་བཙུན་བྱམས་པའི་སློབ་མ་རྒྱ་ཆེན་སྤྱོད་པའི་རིང་ལུགས་ཀྱིས་ཛམ་བུའི་གླིང་ཐམས་ཅད་ཁྱབ་པར་མཛད་པ་པོ་འཕགས་པ་ཐོགས་མེད། །འཇམ་དཔལ་དབྱངས་ཀྱི་རྗེས་སུ་བཟུང་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་བརྙེས་པས་དངོས་སྟོབས་རིགས་པའི་སྲོལ་འབྱེད་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྟེ་གཞུང་བྱེད་པ་པོ་གསུམ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་པདྨའི་སྙིང་པོ་ལས་བརྫུས་ཏེ་འཁྲུངས་པ་སློབ་དཔོན་ཨཱརྱ་


JKT019_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བ། ཐོག་མེད་ཀྱི་གཅུང་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་མངའ་ཞིང་། མང་དུ་ཐོས་པ་རྒྱ་མཚོའི་མཐར་སོན་པ་ཀུན་མཁྱེན་གཉིས་པ་དབྱིག་གཉེན། ཕྱོགས་ཀྱི་གླང་པོའི་སློབ་མ། རྒོལ་བ་དབང་ཕྱུག་སྡེའི་རྗེས་སུ་ཞུགས་པས་ཕྱི་རོལ་པ་ཐམས་ཅད་ཀྱི་བརྟན་པ་གཅིག་ཅར་དུ་འཕྲོག་པའི་བྱེད་པོ་དཔལ་ཆོས་ཀྱི་རྩོད་པས་བསྟན་པ་འཛིན་པ་དཔལ་ཆོས་ཀྱི་གྲགས་པ། དབང་ཕྱུག་གིས་བསྟན་པ་འཛིན་པ་ཆོས་རྒྱལ་མྱ་ངན་མེད་ཅེས་གཏམ་དུ་གྲགས་སོ། མཆན། གྲགས་པ་སྟེ། འགྲེལ་པ་བྱེད་པ་པོ་གསུམ་ཞེས་འཛམ་གླིང་མཛེས་པའི་རྒྱན་དྲུག་དང་། ༈ །རྒྱ་གར་འཕགས་པའི་ཡུལ་དུ་བརྟུལ་ཞུགས་ཀྱིས་བསྟན་པ་འཛིན་པ་རྣལ་འབྱོར་དབང་ཕྱུག་བིནྡྲི་པ། ངོ་མཚར་གྱི་གཏམ་བདུན་མངའ་བའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་དང་། རིག་པའི་གནས་ཡན་ལག་དང་བཅས་པ་ལ་མཁས་ཤིང་དངོས་གྲུབ་བརྙེས་པ་ཙནྡྲ་གོ་མཱི་སྟེ་རྨད་དུ་བྱུང་བའི་སློབ་དཔོན་གཉིས་ཞེས་གྲགས་པ་རྣམས་དང་། ཕྱིས་སུ་བི་ཀྲ་མ་ཤཱི་ཡང་ཉི་ཟླ་ལྟ་བུའི་མཁས་པ་སྒོ་དྲུག་སོགས་བྱོན་ནས། ཤར་སྒོ་སྲུང་བ་ཤནྟི་པ། ལྷོ་སྒོ་སྲུང་བ་ཤེར་འབྱུང་སྦས་པ། ནུབ་སྒོ་སྲུང་བ་ངག་དབང་གྲགས་པ། བྱང་སྒོ་སྲུང་བ་ནཱ་རོ་པ། དབུས་ཀྱི་ཀ་ཆེན་བྲམ་ཟེ་རིན་ཆེན་རྡོ་རྗེ། ཛྙཱ་ན་ཤྲཱི་མི་ཏྲ་རྣམས་སོ། མཆན། ཐེག་པ་ཆེན་པོའི་བསྟན་པ་གཞི་བཞེངས་སུ་བསླངས། གསང་སྔགས་ཀྱི་རྒྱུད་སྡེ་རྣམས་ནི་དེ་རྣམས་ལས་ཀྱང་


JKT019_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་མོད། གཙོ་བོར་བྱ་སྤྱོད་གཉིས་སློབ་དཔོན་བྱང་ཆུབ་མཆོག་དང་། སངས་རྒྱས་གསང་བ་རྣལ་འབྱོར་གྱི་རྒྱུད་རྣམས་རྒྱལ་པོ་རབ་གསལ་ཟླ་བ་དང་། པཎྜི་ཏ་ཀུན་དགའ་སྙིང་པོ་སོགས་ཀྱིས་རྒྱ་ཆེར་སྤེལ་ཞིང་། ཁྱད་པར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ནི། འཕགས་པ་ཀླུ་སྒྲུབ་སློབ་དཔོན་ཡེ་ཤེས་ཞབས། གྲུབ་པའི་དབང་ཕྱུག་ལུ་ནག་དྲིལ་གསུམ། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་སྟེ་བི་རཱུ་པ་སོགས་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དང་། ཤམྦྷ་ལའི་སྤྲུལ་པའི་ཆོས་རྒྱལ་བརྒྱུད་པར་བཅས་པས་མཚོན་ཇི་སྙེད་ཅིག་བྱོན་ཏེ། དཔལ་གསང་བ་འཛིན་པའི་བདག་པོ་དང་། རྡོ་རྗེ་རྣལ་འབྱོར་མ་སོགས་ལས་དངོས་སུ་ལུང་བླང་ཞིང་། ཐུགས་རྗེ་དང་རྫུ་འཕྲུལ་རྡོ་རྗེའི་བཀོད་པ་ཟད་མི་ཤེས་པས་སྐལ་ལྡན་གྱི་གདུལ་བྱ་རྣམས་མཆོག་ཐུན་གྱི་ཕྲིན་ལས་རླབས་པོ་ཆེ་ལ་སྦྱར་བ་དང་། གསང་རྒྱུད་རྒྱ་མཚོའི་བསྟན་པའི་བ་དན་དཀར་པོས་སྲིད་ཞིའི་བླ་ན་མཛེས་པར་བྱས་སོ། །གཉིས་པ་དེ་ཉིད་བོད་དུ་ཇི་ལྟར་དར་བའི་ཚུལ་ལ། བསྟན་པ་སྔ་དར་དང་། ཕྱི་དར་གཉིས་ལས། དང་པོ་ནི། སྔར་ཞུས་པ་ལྟར། །འཕགས་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ལས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ། ལྷ་ཐོ་ཐོ་རི་སྙན་བཙན་གྱི་སྐུ་རིང་


JKT019_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕོ་བྲང་ཡུམ་བུ་བླ་སྒང་དུ་དམ་པ་ཆོས་ཀྱི་དབུ་བརྙེས། སྤྱན་རས་གཟིགས་དངོས་སྲོང་བཙན་སྒམ་པོའི་དུས་སུ། རྒྱ་གར་གྱི་པཎྜིཏ་བྲམ་ཟེ་ཀུ་སཱ་དང་། ཤངྐུ་སོགས་ཕེབས་ཤིང་། ལོ་ཙཱ་ལ་སྔ་བ་ཐོན་མི་སཾ་བྷོ་ཊས་མཚམས་སྦྱར་ཏེ། ལག་ན་པདྨོའི་མདོ་རྒྱུད་ཉེར་གཅིག་ལ་སོགས་པ་བསྒྱུར། སྟོན་པ་དངོས་དང་ཁྱད་པར་མེད་པའི་ཇོ་ཤཱཀ་རྣམ་གཉིས་སྤྱན་དྲངས། དཔལ་གཡོ་རུ་ཁྲ་འབྲུག་བཀྲ་ཤིས་བྱམས་སྙོམས་ཀྱི་གཙུག་ལག་ཁང་དང་། ལྷ་ལྡན་དགའ་བཞི་འཕྲུལ་སྣང་གི་གཙུག་ཁང་གིས་མཚོན་མང་དུ་བཞེངས་ཏེ་དམ་པ་ཆོས་ཀྱི་སྲོལ་བཏོད། འཇམ་དབྱངས་མིའི་གཟུགས་ཅན་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། མཚན་བརྗོད་པར་དཀའ་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཞི་བ་འཚོ་དང་། བརྟུལ་ཞུགས་གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ་སོགས་པཎ་གྲུབ་དུ་མ་སྤྱན་དྲངས། ལོ་ཙཱ་བ་བཻ་རོ་ཙཱ་ན་དང་། ཀ་ཅོག་གཉིས་ལ་སོགས་མཁྱེན་རབ་ནམ་མཁའི་མཐའ་དང་མཉམ་པ་རྣམས་ཀྱི་བཀའ་དྲིན་ལས་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ལས་བརྩམས་པའི། རྒྱལ་བསྟན་ཡོངས་སུ་རྫོགས་པ་བསྒྱུར་བཤད་སྒོམ་སྒྲུབ་ཀྱིས་གཏན་ལ་ཕབ། ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ། ཉི་འོག་གི་ས་སྟེང་ན་འགྲན་ཟླ་བྲལ་བར་བཞེངས་


JKT019_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད། ཁྱད་པར་དུ་ཛམ་བུའི་གླིང་ན་ཆེ་བའི་རིག་སྔགས་འཆང་བ། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་ནང་རྒྱུད་སྡེ་གསུམ་གྱི་སྨིན་གྲོལ་ཕོག་ནས་རྗེ་འབངས་ཉེར་ལྔ་སོགས་གྲུབ་པའི་སྐྱེས་བུ་བགྲང་ལས་འདས་པ་བསྐྲུན། བྱེ་བྲག་ཏུ་མ་ཧཱ་ཡོ་གའི་སྐོར་རྣམས་ལས། རྒྱུད་སྡེ་སྒྱུ་འཕྲུལ་ནི། སློབ་དཔོན་སངས་རྒྱས་གསང་བ་ལ། གཉགས་ཛྷཱ་ན་ཀུ་མ་རས་གསན་པ་སོགས་དང་། སྒྲུབ་སྡེ་བཀའ་བརྒྱད་སྤྱི་བྱེ་བྲག་གི་སྐོར་རྣམས། སློབ་དཔོན་ཆེན་པོ་དང་། ཤིནྟཾ་གནྡྷ། ཧཱུྃ་ཀ་ར་སོགས་ལས། མངའ་བདག་དང་། གནུབས་ཆེན། ནམ་མཁའི་སྙིང་པོས་མཚོན་པའི་བཀའ་བབས་མི་བརྒྱད་དམ། ལས་ཅན་སྙིང་གི་བུ་དགུར་གྲགས་པ་རྣམས་ཀྱིས་གསན་ནས་དར། ལུང་ཨ་ནུ་ཡོ་ག་ནི་བྲུ་ཤའི་སློབ་དཔོན་ཆེ་བཙན་སྐྱེས་ལས། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གསན་པ་དང་། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་སྐོར་རྣམས་ལས་སེམས་ཀློང་གཉིས་ནི། ཤྲི་སིངྷ་ལས་བེ་རོ་ཙ་ན་དང་། མན་ངག་སྡེ་ནི་བི་མ་ལར། མངའ་བདག་དང་། ཉང་གིས་གསན་པ་སོགས་ཀྱི་རྒྱུན་ལས་བྱུང་། སྤྱིར་བརྒྱུད་པའི་བཀའ་བབས་བཞིའམ་དྲུག་ཅེས་གཏམ་དུ་གྲགས་ཤིང་། དེ་ཡང་དང་པོ་གཉགས། བར་དུ་གནུབས། ཐ་མ་ཟུར་ལ་བབས་


JKT019_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

པས། བོད་ཁམས་ཐམས་ཅད་རིག་སྔགས་འཆང་བའི་དབང་པོས་ཁེངས། དེའི་ཚེ་སློབ་དཔོན་རིན་པོ་ཆེ་དང་། གནུབས་ཆེན་སོགས་ཀྱིས་ཕྱི་མའི་དུས་ན་དགོས་པ་ཁྱད་པར་ཅན་གཟིགས་ཏེ། ཟབ་མོ་གཏེར་གྱིས་རི་བྲག་གངས་གསུམ་ཐམས་ཅད་བཀང་བ། ཕྱིས་སྨོན་ལམ་ལ་དབང་བའི་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་ཀྱིས་སྤྱན་དྲངས་ཏེ། དེ་ཡང་བཀའ་བརྒྱད་རྣམ་པ་གསུམ་དང་། བཀའ་འདུས་སྔ་ཕྱི་བར་གསུམ་དང་། བླ་རྫོགས་ཐུགས་གསུམ་གྱི་སྐོར་དང་། འཇམ་དཔལ་ཚེ་བདག་ལ་སོགས་པ་རྣམས་ཏེ། སྔར་མངའ་བདག་ཉང་ཡབ་སྲས་དང་། ཕྱིས་བཀའ་མའི་བཤད་སྒྲུབ་ཀྱི་རྒྱུན་ནི་ཐུན་མོང་དུ་འཛིན་ནོ། །ལྷོ་བྱང་གཉིས་ཁོ་ན་གྲགས་ཆེ་ཞིང་། དེང་སང་རྡོར་སྨིན་གཉིས་སུ་གྲགས་པའང་། སྔ་མ་བྱང་གཏེར་དང་། ཕྱི་མ་ལྷོ་གཏེར་གྱི་བརྒྱུད་འཛིན་ལས་གཙོ་བོར་བྱུང་བ་ཡིན་ལ། གཞན་ནི་གྲངས་ཀྱིས་མི་ཆོད་པ་ཞིག་བྱོན་ལ། དེ་དག་བརྒྱུད་པ་དང་བཅས་པར་གསང་སྔགས་སྔ་འགྱུར་རྙིང་མ། བཀའ་གཏེར་གྱི་རིང་ལུགས་ཞེས་བྱའོ། །དེའི་རྗེས་སུ་ཕྱག་ན་རྡོ་རྗེའི་སྤྲུལ་པ་མངའ་བདག་ཁྲི་རལ་པ་ཅན་གྱིས་ཀྱང་། ཡབ་མེས་རྣམས་ཀྱི་ཕྱག་སྲོལ་ལྟར་སངས་རྒྱས་བསྟན་པ་ལ་སྲིད་ཞུ་རྒྱ་ཆེར་མཛད་དོ། །གཉིས་པ་ཕྱི་དར་ནི། བར་སྐབས་སུ་གླང་དར་མ་འུ་དུམ་བཙན་གྱི་སྙིང་ལ་གདོན་ཆེན་


JKT019_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསོལ་ཏེ། ཡུལ་དབུས་ཀྱི་བསྟན་པ་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་གྱུར་པ་ན། སྨད་ནས་འདུལ་བ་འཛིན་པ་དམར་གཡོ་previous hit གཙང next hit་གསུམ་གྱིས་བསྟན་པའི་མེ་རོ་གསོས། སྟོད་མངའ་རིས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བདག་པོའི་རྐྱེན་ལ་བརྟེན་ནས། སྤྲུལ་པའི་སྐྱེས་མཆོག་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོས་འཕགས་ཡུལ་དང་། ཁ་ཆེའི་པཎ་གྲུབ་མང་པོ་ལ་གཏུགས་ནས་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་བསྟན་པ་གཞི་བཞེངས་སུ་བསླངས་པ་ལ་བརྟེན་ནས། ཕྱི་འགྱུར་གསར་མར་གྲགས་པའི་བསྟན་པ་རྣམ་པར་དག་པ་འདི་བྱུང་། །དེ་ལ་ཡང་སྔར་བཀའ་ཕྱག་གཉིས་དང་། ཕྱིས་སུ་ས་དགེ་བཀའ་གསུམ་ཁོ་ན་དར་ཆེ་ཞིང་། གཞན་ཡང་ཇོ་ཞལ། ཞི་གཅོད། བོ་ཤངས་རྣམས་ཀྱི་རྒྱུན་ཀྱང་མ་ནུབ་ཙམ་ཡོད་པ་ལས། ཐོག་མར་ལྷ་ཆོས་བདུན་ལྡན་གྱི་བསྟན་པའི་མངའ་བདག ལྷ་ཐུབ་པ། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་བཞི། ཆོས་སྡེ་སྣོད་གསུམ་ཏེ་བདུན་ནོ། །རྒྱལ་བའི་བཀའ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་ཤར་བའི་བཀའ་གདམས་པའི་ལུགས་སྲོལ་ནི། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་བྱུང་སྟེ། དེ་ཡང་དེ་ཉིད་ཀྱི་སློབ་མ་རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཁུ་རྔོག་འབྲོམ་གསུམ་དང་། འབྲོམ་སྟོན་པའི་སློབ་མ་སྐུ་


JKT019_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་གསུམ་ཞེས། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན། སྤྱན་སྔ་བ་ཚུལ་ཁྲིམས་འབར། པུ་ཏོ་བ་རིན་ཆེན་གསལ། ཕྱི་མ་ལས། གླང་ཐང་པ་རྡོ་རྗེ་སེང་གེ་དང་། ཤ་ར་བ་ཡོན་ཏན་གྲགས་སོགས་བསམ་གྱིས་མི་ཁྱབ་པ་བྱོན་ཏེ་བར་སྐབས་ཤིག་གངས་ཅན་གྱི་ལྗོངས་མཐའ་དག་ཁྱབ་པར་གྱུར་ནའང་། དེང་སང་ནི་བསྟན་པ་ཐམས་ཅད་ལ་ཐིམ་སྟེ་གནས་པ་ལས་གྲུབ་མཐའ་ཟུར་པ་མེད་དོ། །ཡོངས་རྫོགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་པ་ནི། གདུང་བརྒྱུད་ཇི་ལྟར་བྱོན་ཚུལ་དང་། ཆོས་བརྒྱུད་ཇི་ལྟར་འཕེལ་བའི་ཚུལ་གཉིས་ལས། དང་པོ་ནི། སྔོན་གྱི་དུས་འོད་གསལ་ལྷ་ཡི་རིགས་ཆེ་བ་གནམ་ལྷ་སྤྱི་རིང་། བར་པ་གཡུ་རིང་། ཆུང་བ་ཨུ་སེ་སྟེ་གནམ་ལྷ་མཆེད་གསུམ་དུ་གྲགས་པ་ཡུལ་མངའ་རིས་སྟོད་དམ་འགའ་ཞིག་གིས་བྱང་གི་རྒྱལ་མོ་ཤེལ་ཚའི་འགྲམ་དུ་བབས་པར་འདོད། གང་ལྟར་ཡང་གཡུ་རིང་གིས་གླུ་ཡི་བུ་མོ་དང་ལྷན་གཅིག་ཏུ་ཞུགས་པས། སྲས་མ་སང་སྤུན་བདུན་གྱི་ནང་ནས། ཆུང་བ་མ་སང་རྗེས་མི་ཡུལ་དུ་བཞུགས་པའི་སྲས་ཐོག་ཚ་དཔའ་བོ་སྟག །དེ་སྲས་ཀླུ་ཚ་དཔའ་བོ་ཆེ། དེ་སྲས་འཁོན་བར་སྐྱེས་ཏེ། འདི་མན་ལ་འཁོན་གྱི་གདུང་བརྒྱུད་ཅེས་གྲགས། དེ་ལ་སྲས་བཞི་བྱུང་བའི་ནང་ཚན་གསུམ་པ་འཁོན་ཀླུ་དབང་སྲུང་བ་དང་། བཞི་པ་ཚེ་འཛིན་གྱི་སྲས་རྡོ་


JKT019_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་རིན་ཆེན་གཉིས་ཀྱིས་སློབ་དཔོན་ཆེན་པོར་གཏུགས། དེ་ནས་བཟུང་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་བར་གདུང་བརྒྱུད་བཅུ་ཙམ་གྱི་རིང་ལ་ཡང་ཕུར་གཙོ་བོར་གྱུར་པའི་སྔགས་རྙིང་མའི་ཆོས་ལ་མཁས་ཤིང་གྲུབ་པ་བརྙེས། ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་འཁོན་དཀོན་མཆོག་རྒྱལ་པོས་འབྲོག་མི་ལོ་ཙཱ་བ་སོགས་བླ་མར་བསྟེན་ནས་གསང་སྔགས་ཕྱི་འགྱུར་གྱི་བསྟན་པའི་བདག་པོར་གྱུར། དགུང་ལོ་བཞི་བཅུ་པ་ཆུ་མོ་གླང་གི་ལོར་གངས་ཅན་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་གཙུག་ལག་ཁང་བཏབ་པ་ནས་བཟུང་། འཁོན་ས་སྐྱ་པ་ཞེས་གྲགས་དཀར་གྱི་སྣང་བས་འཛམ་གླིང་ཐམས་ཅད་ཁྱབ། དེ་ནས་ཇོ་བོ་རྗེས། ས་དཀར་པོའི་ལོགས་ལ། དྷི་ཡིག་བདུན་དང་། ཧཱུྃ་ཡིག་གཅིག་འདུག་པ་གཟིགས་ནས་དེར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་དང་། ཕྱག་རྡོར་གྱི་སྤྲུལ་པ་གཅིག་སྟེ་བརྒྱད་འབྱོན་པར་ལུང་བསྟན་པ་རྣམས་རིམ་གྱིས་བྱོན་ཏེ། དེ་ཡང་སློབ་དཔོན་ཆེན་པོས། ཀུན་དགའ་སྙིང་པོ་ས་སྐྱ་ལོ་ཙཱ་དང་། བསོད་ནམས་རྩེ་མོ་གྲགས་པ་རྒྱལ་མཚན་ཞེས། རིགས་གསུམ་མགོན་པོའི་སྤྲུལ་པ་previous hit གཙང next hit་དུ་འབྱུང་། ཞེས་གསུངས་པ་ལྟར། འཁོན་དཀོན་མཆོག་རྒྱལ་པོའི་སྲས་གངས་ཅན་གྱི་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་


JKT019_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ལག་ན་པདྨོ་མི་ཡི་རྣམ་རོལ་དུ་བསྟན་པ་སྟེ། ཆུང་ངུ་ནས་བླ་མ་བ་རི་ལོ་ཙཱ་བ་ལ་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་གསན། འཇམ་དཔལ་དབྱངས་བསྙེན་པས་མངོན་སུམ་དུ་རྗེས་སུ་བཟུང་ཞིང་བློ་སྦྱོང་ཞེན་པ་བཞི་བྲལ་གྱི་གདམས་པ་གནང་། བྲང་ཏི་དར་མ་སྙིང་པོ་ལས་མངོན་པ། ཁྱུང་རིན་ཆེན་གྲགས་སོགས་ལས་དབུ་ཚད། གནམ་ཁའུ་པ་སྐུ་མཆེད་ལས་གསང་འདུས་དང་། གཉན་མགོན་གྱི་ཆོས་སྐོར། གུང་ཐང་པ་བླ་མ་མལ་ལོ་ཙཱ་བ་ལས་འཁོར་ལོ་བདེ་མཆོག་གསང་མཐའི་སྐོར་མན་ངག་དང་བཅས་པ་དང་ཡོ་ག ཁྱད་པར་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་རྒྱ་གར་གྱི་པཎ་གྲུབ་རབ་ཏུ་མང་པོ་དང་། གཙོ་བོར་དགེ་སློང་དཔའ་བོ་རྡོ་རྗེ། གྲུབ་ཆེན་ག་ཡ་དྷ་ར་གཉིས་ལས་གསན་པའི་དཔལ་ཀྱེ་རྡོ་རྗེའི་སྐོར་འགྲེལ་པ་དང་། མན་ངག་གི་ལུགས་ཡོངས་སུ་རྫོགས་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་རྣམས་འཁོན་སྐྱི་ཆུ་བ་དང་། ཞང་སྟོན་ཆོས་འབར་སོགས་རྒྱུན་བཞིའི་བླ་མ་ལས་གསན་ཅིང་། ཐུན་མོང་མ་ཡིན་པར་རྣལ་འབྱོར་གྱི་དབང་ཕྱུག་བི་རུ་པ་ཆོས་སྒོ་སྐྱལ་གྱི་ཚུལ་དུ་བྱོན་ཏེ་རྒྱུད་སྡེ་བདུན་ཅུ་རྩ་གཉིས་དང་། ལྕགས་རིའི་ཁང་ལས་མི་འདའ་བའི་ཟབ་ཆོས་བཞི་ལ་སོགས་པ་གནང་། ལམ་སྲས་བཤད། ལམ་ཟབ། བིར་སྲུང་། རྣམ་འཇོམས་བིར་ལུགས་བཞིའོ། །སྐུའི་


JKT019_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་དྲུག་དུས་གཅིག་ཏུ་བསྟན་པས་མཚོན་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། སློབ་མ་མཆོག་ཐོབ་པ་གསུམ། བཟོད་ཐོབ་པ་བདུན། རྟོགས་པ་དང་ལྡན་པ་བརྒྱད་ཅུ། གཞུང་བཤད་འཛིན་པ་བཅུ་གཅིག་སོགས་མཐའ་ཀླས་པ་ཞིག་བྱོན་པའི་གཙོ་བོ་ནི། རྗེ་བཙུན་སྐུ་མཆེད་གཉིས་ཡིན་ལ། ཞིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ་ནའང་། བདེ་བ་ཅན། པོ་ཏཱ་ལ། ཨཽ་ཌྜི་ཡཱ་ན། བྱང་ཕྱོགས་གསེར་མདོག་ཅན་རྣམས་སུ་སྐུའི་བཀོད་པ་སོ་སོར་བསྟན་ནས་གཤེགས་པ་སོགས་ངོ་མཚར་བའི་གཏམ་ཟད་མི་ཤེས་པ་མངའ་འོ། །དེ་ལ་སྲས་བཞི་འཁྲུངས་པའི། ཆེ་བ་ཀུན་དགའ་འབར་རྒྱ་གར་དུ་གཤེགས། གཉིས་པ་སློབ་དཔོན་མི་ཐུབ་ཟླ་བའི་རྣམ་སྤྲུལ་མཁྱེན་རབ་དང་ཐུགས་རྗེ་ཚད་མེད་པའི་མངའ་བདག་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། གསུམ་པ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པའི་བདག་པོ་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱིས་ཀྱང་ཞབས་ཀྱི་པདྨོ་རྟག་ཏུ་མཆོད་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཏེ། དེ་ལྟར་ས་ཆེན་དང་། རྗེ་བཙུན་སྐུ་མཆེད་གཉིས་བཅས་རྟེན་སྐྱ་བོར་བཞུགས་པས་དཀར་པོ་རྣམ་གསུམ་ཞེས་གྲགས། བཞི་པ་དཔལ་ཆེན་འོད་པོའི་སྲས། འཇམ་དབྱངས་མིའི་གཟུགས་ཅན་བོད་ཁམས་ཙམ་


JKT019_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ན་པཎྜི་ཏའི་མཚན་གྱིས་སྔ་བ་བཅུ་ཕྲག་རིག་པའི་སྣང་བྱེད་ཆེན་པོ། ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཆོས་ཀྱི་རྗེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་། ཟངས་ཚ་བསོད་ནམས་རྒྱལ་མཚན་གཉིས། ཕྱི་མ་ལ་སྲས་ལྕམ་སྲིང་བརྒྱད་དུ་འཁྲུངས་པའི་ཆེ་བ་ནི། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཟད་མི་ཤེས་པའི་བདག་ཉིད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་སྟེ། ཆོས་རྗེ་ཁུ་དབོན་འདི་གཉིས་རྟེན་རབ་བྱུང་དུ་བཞུགས་པས་དམར་པོ་རྣམ་གཉིས་ཞེས་གྲགས་ཤིང་། དེ་ལྟ་བུའི་རྗེ་བཙུན་ས་སྐྱ་པ་གོང་མ་ལྔ་པོ་འདི་ནི། རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་མ་ལུས་པར་འཁྲུལ་པའི་དྲི་མ་ཕྲ་མོ་ཙམ་ཡང་སྤངས་པའི་མཁྱེན་རབ་དང་། འགྲོ་བ་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་ཐུགས་རྗེ་དང་། འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གང་གི་བཀའ་སྲོལ་འཛིན་པས་ཁྱབ་བརྡལ་དུ་གྱུར་པའི་ཕྲིན་ལས་ཚད་མེད་པས་ན། བདེ་བར་གཤེགས་པའི་རིང་ལུགས་པ་མཐའ་དག་ཐམས་ཅད་ཀྱི་གཙུག་ན་སངས་རྒྱས་གཉིས་པ་ལྟ་བུར་བཞུགས་པའི་ཕྱིར། སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་ལས་བརྩམས་ཏེ་བསྔགས་བརྗོད་ཀྱི་གླིང་བུ་བསྐལ་པར་བསྒྱུར་ཀྱང་ཟད་མི་ཤེས་པ་ཉིད་དོ། །འཕགས་པའི་གདུང་


JKT019_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་ཕྱག་ནའི་སྲས་ཆོས་སྐྱོང་སྲུང་བས་ཀྱང་གདན་ས་ལོ་ཤས་བཟུང་། དེ་རྗེས་སློབ་དཔོན་ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཆེན་བཟང་པོ་དཔལ་གདན་སར་ཕེབས། འདི་ལ་སྲས་མིང་སྲིང་བཅོ་ལྔ་འཁྲུངས། ཏི་ཤྲཱི་ཀུན་དགའ་བློ་གྲོས་ཀྱིས། བླ་བྲང་ཁག་བཞིར་བགོ་ནས་གཅུང་རྣམས་ལ་བྱིན་པས། གཞི་ཐོག་བླ་བྲང་། ལྷ་ཁང་ཆེན་མོ། རིན་ཆེན་སྒང་། དུས་མཆོད་བླ་བྲང་རྣམས་བྱུང་། དེང་སང་གི་གདུང་བརྒྱུད་འདི་རྣམས་དུས་མཆོད་བླ་བྲང་གི་ཞལ་ངོ་སྟེ། གདན་ས་དངོས་རྩེ་གདོང་ཡིན་ཀྱང་། གདུང་རབས་བརྒྱད་པ་སྔགས་འཆང་ཀུན་དགའ་རིན་ཆེན་གདན་ས་གོང་ས་སྐྱར་ཕེབས། དེ་སྲས་གྲགས་པ་བློ་གྲོས། དེ་སྲས་འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། དེ་སྲས་འཇམ་དབྱངས་བསོད་ནམས་དབང་ཕྱུག །དེ་སྲས་ཀུན་དགའ་བཀྲ་ཤིས། དེ་སྲས་བདག་ཆེན་བསོད་ནམས་རིན་ཆེན། དེ་སྲས་ངག་དབང་ཀུན་དགའ་བློ་གྲོས། དེ་སྲས་ངག་དབང་དཔལ་ལྡན་ཆོས་སྐྱོང་ངམ། འཛམ་གླིང་དབང་སྡུད་སྙིང་པོ། དེ་སྲས་བདག་ཆེན་པདྨ་བདུད་འདུལ་དབང་ཕྱུག་སྐུ་མཆེད། དེ་སྲས་འཁོན་སྟོན་བཀྲ་ཤིས་རིན་ཆེན་དང་། ངག་གི་དབང་པོ་རྡོ་རྗེ་རིན་ཆེན་མཆེད་ཞལ་གྱི་བར་དུ་བྱོན་པ་དང་། ཡང་སྔར་ཞུས་པའི་རིན་ཆེན་སྒང་པའི་ཞལ་


JKT019_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་དང་པོའི་སྲས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཞེས་རྗེ་བཙུན་གོང་མ་ལྔ་དང་དབྱེར་མེད་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱིས་སྤྱིར་བསྟན་འགྲོ་ཡོངས་ལ་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་ཅིང་། ཁྱད་པར་དུ་དཔལ་ས་སྐྱ་པའི་ཟབ་ཆོས་རྣམས་ལ་ཚོགས་བཤད་དང་། སློབ་བཤད་གཉིས་སུ་ཕྱེ་བའི་སྲོལ་བཏོད་དོ། །གཉིས་པ་ཆོས་བརྒྱུད་ཇི་ལྟར་བྱུང་ཚུལ་ནི། སྤྱིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་རྒྱ་མཚོ་ལྟ་བུ་བཀའ་བབས་ཤིང་། མཁས་གྲུབ་ཀྱི་གྲགས་དཀར་སྲིད་པའི་རྩེ་མོར་གཡོ་བ་ལ་བརྟེན་ནས་འཕགས་བལ། བོད་ལྗོངས་མ་ཧཱ་ཙི་ནའི་གཞིར་འཁོད་པའི་ཆེ་དགུ་མཐའ་དག་གིས་དངོས་དང་བརྒྱུད་ནས་ཞལ་གྱི་བདུད་རྩི་གསོལ་བའི་ཚུལ་མཐའ་ཡས་ཤིང་། ཁྱད་པར་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་རིན་པོ་ཆེ་དེ་ཉིད་གོང་མ་སེ་ཆེན་གན་དང་ཡོན་མཆོད་དུ་འབྲེལ་བའི་སྟོབས་ཀྱིས་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པར་སོང་བས། བོད་གངས་ཅན་ཙམ་ན་འདི་ཉིད་ཀྱི་ཆོས་རྒྱུན་གྱིས་མ་ཁྱབ་པ་མེད་པ་ལྟ་བུར་སྣང་བའི་ཕྱིར། ཡོངས་རྫོགས་བསྟན་པའི་མངའ་བདག་ཅེས་བརྗོད་པ་མིང་དོན་དང་མཚུངས་པར་སྣང་ལ། བྱེ་བྲག་ཏུ་ཕྱིས་སུ། མདོ་ལ་མཁས་པ་གཡག་གཞོན་རྣམ་གཉིས་སམ། གཡག་རོང་རྣམ་གཉིས་


JKT019_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྔགས་ལ་མཁས་པ་ཀུན་དགའ་རྣམ་གཉིས། གཉིས་ཀ་ལ་མཁས་པ་གོ་ཤཱག་རྣམ་གཉིས་ཞེས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་གངས་ཅན་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་པ་བྱུང་བ་ལས། ཀུན་མཁྱེན་གཡག་ཕྲུག་པ་སངས་རྒྱས་དཔལ་གྱིས་ས་སྐྱ་དང་རྩེ་གདོང་སོགས་སུ་གསན་བསམ་མཛད་ཅིང་འདུལ་མངོན་ཕར་ཚད་རྣམས་ལ་མཁས་པའི་ཕ་རོལ་དུ་སོན་པའི་ལག་རྗེས་སུ་སློབ་མ་གཞུང་ལུགས་སྨྲ་བའི་དབང་པོ་ས་ཆེན་པོའི་རྡུལ་ཙམ་ཞིག་བསྐྲུན། རེ་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་ས་བཟང་མ་ཏི་པཎ་ཆེན་སོགས་གཙོ་བོར་བསྟེན་ནས་མདོ་སྔགས་ཀྱི་ཕྱོགས་ལ་གསན་པ་རྒྱ་ཆེར་མཛད། དབུ་མ་ཐལ་འགྱུར་བའི་སྲོལ་ལྷག་པར་ཕྱེས། སློབ་མའང་། རྗེ་བློ་བཟང་གྲགས་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་སོགས་མང་དུ་བྱོན། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྤྲུལ་པ་རོང་སྟོན་ཤེས་བྱ་ཀུན་གཟིགས་སམ། ཤཱཀྱ་རྒྱལ་མཚན་གྱིས་ཀུན་མཁྱེན་གཡག་པ་སོགས་གཙོ་བོར་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས། དབུ་རུ་འཕན་ཡུལ་དུ་དཔལ་ནཱ་ལེན་དྲའི་ཆོས་གྲྭ་བཏབ། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་སྐྱོང་བར་མཛད་དོ། སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་


JKT019_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནི། དམ་པའི་ཆོས་པདྨ་དཀར་པོ་ལས། །ངས་ནི་དགེ་སློང་དགེ་འདུན་མོས་པར་བྱས། །ཀུན་དགའ་བཟང་པོ་ང་ཡི་ཆོས་འཛིན་པ། །བདེ་གཤེགས་བྱེ་བ་དྲུག་ཅུ་མཆོད་བྱས་ནས། །མ་འོང་དུས་ཀྱི་ཚེ་ན་རྒྱལ་བར་འགྱུར། །ཞེས་པ་ལ་སོགས་པའི་ལུང་བསྟན་གྱི་བདེན་པའི་རྔ་བོ་ཆེ་ཡོངས་སུ་བསྒྲགས་པ་ལྟར། ཕྱི་ལྟར་ན་བོད་ཆོས་རྒྱལ་གྱི་སྐུ་ཞང་ལྕོག་རོའི་རིགས་དང་། དོན་དུ་འོད་གསལ་འཁོན་གྱི་གདུང་བརྒྱུད་ལས་རབ་བྱུང་དྲུག་པའི་ཆུ་ཁྱི་ལོར་འཁྲུངས། །ཤར་ཆེན་ཡེ་ཤེས་རྒྱལ་མཚན། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པའི་གསན་པ་རྒྱ་མཚོའི་ཕ་རོལ་དུ་སོན། དེ་དག་གི་དོན་ལ་བསམ་པ་དང་། ཚུལ་བཞིན་བསྒོམས་པས། མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས། ས་བྱ་ལོར་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་དགོན་པ་བཏབ་ཅིང་། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་རྒྱུན་མི་ཆད་པར་བསྐོར་ནས་བསྟན་འཛིན་གྱི་སློབ་མ་མཐའ་ཀླས་པ་བསྐྲུན། དགུང་ལོ་བདུན་ཅུ་དོན་ལྔ་པར་གྲུབ་མཐའ་རྙོགས་ཏེ་གཟུགས་སྐུའི་བཀོད་པ་བསྡུས། དེ་ནས་གདན་སར་རིམ་པ་བཞིན། མུས་ཆེན་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། རྒྱལ་ཚབ་དམ་པ་ཀུན་དགའ་


JKT019_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག །ངོར་ཆེན་དབོན་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཀུན་མཁྱེན་བསོད་ནམས་སེང་གེ །ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ །ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་སངས་རྒྱས་སེང་གེ །མཚུངས་མེད་དཀོན་མཆོག་དཔལ་ལྡན། །པཎ་ཆེན་ནམ་མཁའ་དཔལ་བཟང་། ཐར་རྩེ། བྱམས་པ་ཀུན་དགའ་བཀྲ་ཤིས། ཀླུ་སྡིང་། འཇམ་དབྱངས་ཀུན་དགའ་བསོད་ནམས། མཁས་གྲུབ་དཔལ་ལྡན་དོན་གྲུབ། མཁན་ཆེན་ནམ་མཁའ་སངས་རྒྱས། ཐར་རྩེ། ཤར་ཆེན་ཤེས་རབ་འབྱུང་གནས། ཀླུ་སྡིང་། མཁན་ཆེན་ནམ་མཁའ་རིན་ཆེན། འདྲེན་མཆོག་བསོད་ནམས་རྒྱ་མཚོ། ཁང་སར། འཇམ་དབྱངས་དཔལ་མཆོག་རྒྱལ་མཚན། འདྲེན་མཆོག་ནམ་མཁའ་དཔལ་བཟང་། འཇམ་མགོན་ལྷུན་གྲུབ་དཔལ་ལྡན། མཁས་གྲུབ་སངས་རྒྱས་ཕུན་ཚོགས། ཤར་ཆེན་སངས་རྒྱས་བསྟན་འཛིན། ཀླུ་སྡིང་། མཁན་ཆེན་ཤེས་བྱ་བཟང་པོ། བྱམས་པ་ཚུལ་ཁྲིམས་དཔལ་བཟང་། མཚུངས་མེད་བསོད་ནམས་དཔལ་ལྡན། བྱམས་པ་བསོད་ནམས་བཟང་པོ། ཁང་སར། མཁན་ཆེན་བཀྲ་ཤིས་ལྷུན་གྲུབ། བྱམས་པ་ཚུལ་ཁྲིམས་ལྷུན་གྲུབ། བྱམས་པ་ནམ་མཁའ་བསམ་འགྲུབ། ཐར་རྩེ།


JKT019_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པ་དཔལ་ལྡན་ཆོས་སྐྱོང་། ཕན་ཁང་། མཁས་གྲུབ་སངས་རྒྱས་དཔལ་བཟང་། འཇམ་མགོན་བསོད་ནམས་ལྷུན་གྲུབ། ཁང་སར། རིན་ཆེན་མི་འགྱུར་རྒྱལ་མཚན། ཀླུ་སྡིང་།འཇམ་མགོན་སངས་རྒྱས་ཡེ་ཤེས། འཇམ་དབྱངས་དཀོན་མཆོག་གྲགས་པ། ཁང་སར། ངག་དབང་ཆོས་སྐྱོང་བཟང་པོ། ཁང་སར། མཁས་གྲུབ་སངས་རྒྱས་གྲགས་པ། མཚུངས་མེད་ཕུན་ཚོགས་དོན་གྲུབ། མཁས་གྲུབ་ཀུན་དགའ་བསོད་ནམས། བྱམས་པ་ནམ་མཁའ་འཆི་མེད། ཐར་རྩེ། མཁས་གྲུབ་ངག་དབང་དམ་ཆོས། མཁན་ཆེན་བསོད་ནམས་དཔལ་འབྱོར། བྱམས་པ་ཀུན་དགའ་བསྟན་འཛིན། ཐར་རྩེ། ངག་དབང་བློ་གྲོས་བཟང་པོ། ཁང་སར། འཇམ་མགོན་དཔལ་ལྡན་དོན་གྲུབ། བྱམས་པ་དཔལ་ལྡན་བཟང་པོ། ཕན་ཁང་། བདག་ཅག་ཡོངས་ཀྱི་འདྲེན་པ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བྲང་ཏི་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བར། འདིའི་རྗེས་ལ་དེང་སང་ཁང་སར་མཁན་ཆེན་ངག་དབང་བློ་གྲོས་བསྟན་འཛིན་བཞུགས། མཁན་བརྒྱུད་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་བྱོན་པ་རྣམས་ཀྱང་རང་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་ཕ་རོལ་དུ་སོན། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བགྱི་བས་རྒྱལ་བསྟན་ཉིན་མོ་ལྟར་མཛད། གཉིས་


JKT019_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་དོན་དུ་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཟད་མི་ཤེས་པ་དང་ལྡན་པས། དམ་པའི་ཚུལ་དགུའི་རྣམ་ཐར་གྱིས་མཛེས་པ་ཤ་སྟག་ཡིན་ནོ། །ཡང་མུས་ཆེན་གྱི་སློབ་མ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དང་། དེའི་སློབ་མ་རྗེ་བཙུན་རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། དེ་ཡི་སློབ་མ་རྡོ་རྗེ་འཆང་མི་ཡི་གཟུགས་ཅན་ཚར་པ་ཆོས་རྗེ་བློ་གསལ་རྒྱ་མཚོ། དེའི་སློབ་མ་གནས་གསར་པ་རྗེ་མཁྱེན་བརྩེ་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་བརྒྱུད་པར་བཅས་པ་ལ་ཚར་ལུགས་ཞེས་གྲགས་ཤིང་། དཔལ་ས་སྐྱ་པའི་སྙན་བརྒྱུད་ཐུན་མོང་མ་ཡིན་པའི་བསྟན་པའི་སྲོག་ཤིང་མཚུངས་པ་དང་བྲལ་བ་ལས་རིམ་གྱིས་མཆེད་དེ། ཕྱིས་སུ་བདག་ཆེན་འཇམ་པའི་དབྱངས་ཀུན་དགའ་བློ་གྲོས་ཡབ་སྲས་དང་། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་ཁུ་དབོན། ཡར་ཀླུང་རྡོ་རྗེ་འཆང་ནམ་མཁའ་ལེགས་པ་ལྷུན་གྲུབ་སོགས་ཀྱི་བར་དུ་བྱོན་ནས་དེང་སང་ཡང་ཆོས་བརྒྱུད་དར་རྒྱས་སུ་གྱུར་ཏོ། །རྫོང་པ་ཀུན་དགའ་རྒྱལ་མཚན་ནི། ཞང་ཡེ་ཤེས་སྡེའི་རིགས་སུ་འཁྲུངས། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་སློབ་མ་བླ་བྲང་རྫོང་ཆུང་པའི་ལུགས་སྲོལ་གཙོ་བོར་བསྐྱངས་པས་མཚན་དེ་སྐད་དུ་གྲགས། previous hit གཙང next hit་དུ་མུས་སྲད་པ་སོགས་དང་། ཕྱིས་དབུས་སུ་མཐུ་སྟོབས་ཀྱི་དབང་ཕྱུག་


JKT019_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་སྟོན་རྡོ་རྗེ་འཆང་ཀུན་དགའ་རྣམ་རྒྱལ་གྱིས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་བཏབ་སྟེ་ཆོས་བརྒྱུད་རྒྱ་ཆེར་སྤེལ་ལོ། །ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་དང་། པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་གཉིས་ནི་མདོ་ཕྱོགས་ལ་གཡག་རོང་རྣམ་གཉིས་ཀྱི་གྲུབ་མཐའ་འཛིན་ཞིང་། སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་སྨིན་གྲོལ་བཤད་བཀའ་ལ་སོགས་པ་རྗེ་བཙུན་ངོར་པ་ལས་གསན། སྔ་མས་previous hit གཙང next hit་རྟ་ནག་ཏུ་ཐུབ་བསྟན་རྣམ་རྒྱལ་གླིང་བཏབ་ཅིང་། ཕྱི་མས་ཐུབ་བསྟན་གསེར་མདོག་ཅན་གྱི་གྲྭ་ཚང་བཙུགས་ཏེ་འཆད་ཉན་གྱི་སྲོལ་རྒྱ་ཆེར་བཏོད་པས་བསྟན་པ་ལ་གཅིག་ཏུ་བཀའ་དྲིན་ཆེའོ། །དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ནི། འཇམ་དཔལ་དབྱངས་དངོས་རྒྱལ་བ་གཉིས་པ་རྗེ་བཙུན་བློ་བཟང་གྲགས་པའི་རིང་ལུགས་ལས་བྱུང་སྟེ། དེ་ཡང་རབ་བྱུང་དྲུག་པའི་མེ་བྱ་ལོར། ཤར་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། དབུས་previous hit གཙང next hit་དུ་ཕེབས་ནས་མཚན་ཉིད། ས་རྔོག་གཉིས་ཀྱི་བཤད་སྲོལ་དང་། སྔགས་བུ་ལུགས་གཙོ་བོར་བཏོན་པའི་གསན་བསམ་རྒྱ་ཆེར་གནང་། བར་སྐབས་སུ་བྱ་བྲལ་བའི་ཚུལ་གྱིས་སྒྲུབ་པ་ལ་སྙིང་པོར་གཞོལ་བས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ། ཤིང་རྟ་ཆེན་པོ་གཉིས་ཀྱི་རིང་ལུགས་ལ་སྔོན་མེད་པའི་སྤོབས་པའི་གཏེར་མཛོད་ཡོངས་སུ་


JKT019_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ཏེ་བསྟན་བཅོས་ཀྱང་རྒྱ་ཆེར་མཛད། དགུང་ལོ་ལྔ་བཅུ་རྩ་གསུམ་པ་ས་མོ་གླང་གི་ལོར་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ཅིང་། དྲུག་ཅུ་རྩ་གསུམ་པར་སྐུ་གཤེགས། གདན་སར་རྒྱལ་ཚབ་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་བཞུགས་ཏེ། འདི་གསུམ་ལ་རྗེ་ཡབ་སྲས་གསུམ་ཞེས་ཡོངས་སུ་གྲགས། དེ་ནས་ཞྭ་ལུ་པ་ལེགས་པ་རྒྱལ་མཚན་སོགས་འཇམ་དབྱངས་previous hit གཙང next hit་པ་བདུན་བརྒྱུད་ནས། རྒྱལ་ཚབ། མཁས་གྲུབ་གཉིས་ཞྭ་ལུ་པ་ལེགས་པ་རྒྱལ་མཚན། གཡག་སྡེ་བློ་གྲོས་རྒྱལ་མཚན། བ་སོ་ཆོས་ཀྱི་རྒྱལ་མཚན། ཤངས་པ་བློ་གྲོས་བརྟན་པ། གཡས་རུ་པ་སྨོན་ལམ་དཔལ་བ་སྟེ་བདུན་ནོ། །དེ་ནས་བཟུང་དེང་སང་ཁྲི་འཇམ་དཔལ་ཚུལ་ཁྲིམས་དང་། ཁྲི་ཆེན་ནོ་མིན་ཧན་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོའི་བར་མཁན་བརྒྱུད་བདུན་ཅུ་རྩ་ལྷག་བྱོན་ཏེ་བསྟན་པ་ཉིན་མོ་ལྟར་མཛད། གཞན་ཡང་རྗེ་ཉིད་ཀྱི་དངོས་སློབ་འཇམ་དབྱངས་བཀྲ་ཤིས་དཔལ་ལྡན་གྱིས་དགའ་ལྡན་བཏབ་ནས་ལོ་བརྒྱད་ལོན་པ་ན་དཔལ་འབྲས་སྤུངས་ཀྱི་ཆོས་གྲྭ་དང་། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ལོ་བཅུ་གཅིག་ལོན་པ་ན་སེ་ར་ཐེག་ཆེན་ཆོས་གླིང་། སྟོད་ཤེར་སེང་གིས་སྲས་རྒྱུད་གྲྭ་ཚང་དང་དབུས་ཀྱི་རྒྱུད་སྨད་པ། སྨད་ཤེར་བཟང་


JKT019_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཆབ་མདོ་ཆོས་འཁོར་བྱམས་གླིང་རྣམས་བཏབ། ཁྱད་པར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་འཕྲུལ་པཎ་ཆེན་དགེ་འདུན་གྲུབ། ས་སྐྱ་དང་ཉེ་བར་འཁྲུངས། པས་དགའ་ལྡན་བཏབ་ནས་ལོ་ཉེར་དགུ་ལོན་པ་ན་previous hit གཙང next hit་དུ་བཀྲ་ཤིས་ལྷུན་པོའི་གྲྭ་ཚང་བཙུགས། དེ་ཡི་སྐྱེ་བ་གཉིས་པ་དབྱངས་ཅན་མགྲིན་པར་ཆགས་པ་དགེ་འདུན་རྒྱ་མཚོ། previous hit གཙང next hit་རྟ་ནག་དུ་འཁྲུངས། ཆོས་དང་སྲིད་ཀྱིས་མངོན་པར་མཐོ་བ་གསུམ་པ་བསོད་ནམས་རྒྱ་མཚོ། སྟོད་ལུང་རྩེ་དཀར། མཐུ་སྟོབས་གྱི་དབང་ཕྱུག་བཞི་པ་ཡོན་ཏན་རྒྱ་མཚོ། སོག་ཡུལ། སྲིད་དང་ཞི་བ་ཐམས་ཅད་ཀྱི་གཙུག་རྒྱན་ཀུན་གཟིགས་ལྔ་པ་རིན་པོ་ཆེ་ངག་དབང་བློ་བཟང་རྒྱ་མཚོ། ཡར་ཀླུང་འཕྱོང་རྒྱས་སུ། གྲུབ་པའི་འཁོར་ལོས་སྒྱུར་བ་དྲུག་པ་རིན་པོ་ཆེ་ཚངས་དབྱངས་རྒྱ་མཚོ། མོན་དུ་པད་གླིང་གི་གདུང་བརྒྱུད་དུ། མཁས་བཙུན་བཟང་པོའི་ཕ་རོལ་དུ་སོན་པ་བདུན་པ་བསྐལ་བཟང་རྒྱ་མཚོ། ལི་ཐང་། བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་པ་འཇམ་དཔལ་རྒྱ་མཚོ། དབུས་སུ། ངོ་མཚར་ཡོན་ཏན་དུ་མའི་མངའ་བདག་དགུ་པ་ལུང་རྟོགས་རྒྱ་མཚོ། ལྡན་ཆོས་འཁོར་དུ། རྨད་དུ་བྱུང་བའི་རྣམ་པར་ཐར་པས་མཛེས་པ་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ། ལི་ཐང་། གངས་ཅན་བསྟན་འགྲོའི་རྩ་ལག་ད་ལྟ་ཞལ་བཞུགས་པའི་བཅུ་གཅིག་པ་ངག་དབང་མཁས་གྲུབ་རྒྱ་མཚོའི་མགར་ཐང་། བར་དུ་བྱོན་


JKT019_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཛམ་གླིང་ཡངས་པའི་ལྗོངས་ཐམས་ཅད་ལ་མངའ་མཛད་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་གྱུར། བཀྲ་ཤིས་ལྷུན་པོའི་གདན་ས་དངོས་ནི། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་ནས་བསྐྱངས་ཏེ། དེ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེ་བ་བསོད་ནམས་སྟོབས་ཀྱི་གླང་པོ། དེའི་སྐྱེ་བ་རྒྱལ་བ་བློ་བཟང་གྲགས་པའི་སྙན་རྒྱུད་རྒྱ་མཚོའི་བསྟན་པའི་སྲོག་ཤིང་དབེན་ས་བ་བློ་བཟང་དོན་གྲུབ། དེའི་སྐྱེ་བ་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཏེ། previous hit གཙང next hit་རོང་ཆེན། འདི་ནི་ཕྱིས་བྱུང་གི་དགེ་ལྡན་པའི་བསྟན་འཛིན་ཚད་མ་ཐམས་ཅད་ཀྱིས་གཙུག་གི་ནོར་བུ་ལྟར་བསྔགས་འོས་ཀྱི་ཡུལ་དུ་གྱུར་པ་ཞིག་གོ །དེའི་སྐྱེ་བ་པཎ་ཆེན་བློ་བཟང་ཡེ་ཤེས་དང་། previous hit གཙང next hit་ཐོབ་རྒྱལ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཤངས་ལྷ་ཕུར། ད་ལྟ་ཞལ་བཞུགས་པའི་མཆོག་སྤྲུལ་དཔལ་ལྡན་བསྟན་པའི་ཉི་མའི་བར་དུ། previous hit གཙང next hit་པ་གནམ་དུ། བྱོན་པ་དང་། ཐམས་ཅད་མཁྱེན་པ་ཞི་བ་འཚོའི་རྣམ་འཕྲུལ་དེ་མོ་ཧོ་ཐུག་ཐུ། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྐྱེ་བརྒྱུད་རྟ་ཚག་རྗེ་དྲུང་རིན་པོ་ཆེ། འཁོན་ཀླུ་དབང་སྲུང་བ་སོགས་ཀྱི་རྣམ་འཕྲུལ་ཚེ་སྨོན་གླིང་ནོ་མིན་ཧན། སློབ་དཔོན་ཨཱརྱ་དེ་བ་དང་། ཤཱན་དེ་བའི་རྣམ་འཕྲུལ། ཆབ་མདོའི་སྤྲུལ་སྐུ་མཆེད། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་། ལེགས་


JKT019_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤེས་རབ་ཀྱི་ཟློས་གར་བྲག་གཡབ་ཆེ་ཚང་ཆུང་ཚང་། རྗེ་ཡི་དངོས་སློབ་གུ་ཎ་བི་དཔལ་ལྡན་དོན་གྲུབ་ཀྱི་སྐྱེ་བརྒྱུད་སྟག་ཕུ་སྤྲུལ་སྐུ། །མཁས་པའི་དབང་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ། ལུང་དང་རྟོགས་པའི་ཡོན་ཏན་མངོན་པར་མཐོ་བ་ཕུར་བུ་ལྕོག་བྱམས་པ་རིན་པོ་ཆེ། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐྱེ་སྤྲུལ་ར་སྒྲེང་ནོ་མིན་ཧན། སྐྱབས་མགོན་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཆེ་མཆོག་བསམ་གཏན་གླིང་གི་པཎྜི་ཏ་ཡེ་ཤེས་རྒྱལ་མཚན་རྣམས་དང་། གཞན་ཡང་ཏཱ་ཀོ་ཤྲཱི་སྟེ་ཆབ་སྲིད་ཆེན་པོའི་བླ་མར་བསྔགས་པ་ལྕང་སྐྱ་ཐམས་ཅད་མཁྱེན་པ། ཇོ་ནང་ཏ་ར་ནཱ་ཐའི་ཟློས་གར་ཁལ་ཁ་རྗེ་བཙུན་དམ་པ་སོགས་ཕྱོགས་མཐའི་བླ་ཆེན། ལོ་སེམས་དཔའ་རིན་པོ་ཆེ། འོན་རྒྱལ་སྲས་རིན་པོ་ཆེ། འོལ་ཀ་རྗེ་དྲུང་རིན་པོ་ཆེ་སྟེ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་དུ་གྲགས་པས་མཚོན་བསྟན་འཛིན་ཆེ་ཕྲ་བསམ་ལས་འདས་པ་ཞིག་བྱོན་ཏེ། བོད་སོག་ནས་བཟུང་ཤར་ཕྱོགས་རྒྱ་ནག་གི་ཡུལ་གྲུ་ཚུན་ཆད་དུ་བསྟན་པ་ནམ་ལངས་པའི་རྗེས་སུ་ཉི་མ་ཤར་བ་ལྟ་བུར་མཛད་དོ། །མཉམ་མེད་དྭགས་པོ་ལྷ་རྗེས་དང་པོར་བཀའ་གདམས་པའི་ཆོས་ཀྱི་བདུད་རྩི་གསོལ་ཞིང་། ཕྱིས་སུ་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་རིན་པོ་ཆེར་ཞུག་ནས་ཆུ་བོ་གཉིས་འདྲེས་སུ་གྱུར་པར་


JKT019_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་ཅེས་པའི་མཚན་གྱིས་མཛེས་པ་ནི། གཙོ་བོར་རྗེ་བཙུན་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལས་བྱུང་སྟེ། དེ་ཡང་ལྷོ་བྲག་ཆུ་ཁྱེར་དུ་སྐུ་འཁྲུངས། འབྲོག་མི་ལོ་ཙཱ་བ་ལས་སྒྲ་བསླབ། རྒྱ་གར་དུ་ལན་གསུམ་བྱོན། པཎ་ཆེན་ནཱ་རོ་པ། མངའ་བདག་མེ་ཏྲི་པ། དཔལ་ཡེ་ཤེས་སྙིང་པོ། གྲུབ་ཆེན་ཞི་བ་བཟང་པོ་སོགས་མཁས་གྲུབ་ཀྱི་བླ་མ་བརྒྱ་རྩ་བརྒྱད་ལ་གཏུགས། རྒྱུད་དང་མན་ངག་རྒྱ་མཚོའི་མངའ་བདག་ཏུ་གྱུར། བོད་དུ་ཕེབས་ནས་སློབ་མ་བསྐྱངས་ཏེ། མེས་རྔོག་མཚུར་གསུམ་ལ་བཤད་རྒྱུད་དང་། གངས་ཁྲོད་གྲུབ་རིགས་རྒྱ་མཚོའི་སྤྱི་མེས་གུང་ཐང་པ་རྗེ་བཙུན་རིན་པོ་ཆེ་མི་ལ་བཞད་པའི་རྡོ་རྗེར་སྒྲུབ་བརྒྱུད་བསྟན་པ་གཏད་པས་ཀ་ཆེན་བཞི་ཞེས་གྲགས། མི་ལའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་སྟེ། ཟླ་འོད་གཞོན་ནུ་ནི་གཉལ་སྙིང་ལུང་དུ་འཁྲུངས། བྱ་ཡུལ་པ། ཀ་རུམ་པ། ལྕགས་རི་གང་ཁ་པ་རྣམས་ལས་བཀའ་གདམས་དང་། རྗེ་མི་ལ་ལས་ཕྱག་རྒྱ་ཆེན་པོའི་གདམས་ངག་གསན་ནས་ཐུགས་ཉམས་སུ་བཞེས་པས་ཏིང་ངེ་འཛིན་དཔག་ཏུ་མེད་པ་འཁྲུངས། ཕྱིས་བླ་མས་ལུང་བསྟན་པའི་གནས་དྭགས་ལ་སྒམ་པོར་བཞུགས། བཀའ་བརྒྱུད་སྟོང་གི་ཆུ་མགོ་ལྟ་བུར་གྱུར། དགུང་ལོ་བདུན་ཅུ་རྩ་ལྔ་པར་གཤེགས་སོ། །དེའི་སློབ་མའི་གཙོ་བོ་ནི་རྗེ་


JKT019_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོ་གྲུབ་པ། སྒོམ་ཚུལ་ཚུལ་ཁྲིམས་སྙིང་པོ། འབའ་རོམ་རས་པ། གྲུབ་ཐོབ་དབུ་སེ་སྟེ་བཞི་ལས། དང་པོ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་མཚན་ནི་ཁམས་སུ་འཁྲུངས་སོ། །དབུས་previous hit གཙང next hit་དུ་ཕེབས་ནས་ཕྱ་པ་དང་ས་ཆེན་སོགས་བླ་མ་མང་དུ་བསྟེན། དྭགས་པོ་ལྷ་རྗེ་ལས་རྟོགས་པ་བརྙེས། སྐུ་ཚེའི་སྨད་ལ་དམ་ཤོད་ཕག་མོ་གྲུ་ཀུན་ཏུ་བཟང་པོའི་ནག་ཁྲོད་དུ་བཞུགས། དགུང་ལོ་རེ་གཅིག་པར་གཤེགས། དེའི་སློབ་མ་བཀའ་བརྒྱུད་ཟུང་བཞིའམ། ཡ་བརྒྱད་གྲགས་པ་བྱུང་སྟེ། དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་འཕྲུལ་མདོ་ཁམས་སྐྱུ་རའི་གདུང་བརྒྱུད་འབྲི་གུང་པ་འཇིག་རྟེན་གསུམ་གྱི་མགོན་པོ་རིན་ཆེན་དཔལ་དང་། བླ་མར་མོས་གུས་ཐུན་གཅིག་གིས་གྲོལ་བ་གཡང་ཤོད་གཟིའི་གདུང་ལས་སོན་པའི་དཔལ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་སྟེ་འབྲི་སྟག་གཉིས། མོན་ཟར་པ་ཡེ་ཤེས་སེང་གེའི་སློབ་མ་ལུགས་གཉིས་ཀྱིས་མངོན་པར་མཐོ་བ་རྒྱལ་བ་གཡའ་བཟང་པ་དང་། སྒོ་ཕུ་ཤུག་གསེབ་པ་གྱེར་སྒོམ་ཆེན་པོ་སྟེ་གཡའ་ཤུག་གཉིས། ཁམས་སྨར་ཤོད་དུ་འཁྲུངས་པའི་ཆོས་རྗེ་སྨར་པ་ཤེས་རབ་ཡེ་ཤེས་དང་། མདོ་ཁམས་ཟླ་རྒྱུད་པ་སངས་རྒྱས་སྤེལ་བ་ཡེ་ཤེས་བརྩེགས་སྟེ་སྨར་སྤེལ་གཉིས། གནུབས་ཆེན་ནམ་མཁའི་སྙིང་པོའི་གདུང་བརྒྱུད་རིན་ཆེན་རྒྱལ་མཚན་དང་། ཀུན་


JKT019_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་རས་ཆུང་མཆེད་ལས་བྱུང་བའི་ཁྲོ་ཕུ་བ་དང་། རྒྱ་གར་གྱི་ཆུ་བོ་གངྒཱ་ཚུན་དུ་རྟོགས་པ་མཐོ་བར་གྲགས་པ་སྣ་ཕུ་གླིང་རས་པ་པདྨ་རྡོ་རྗེ་ལ་ཁྲོ་གླིང་གཉིས་ཞེས་གྲགས་ཤིང་། ཕྱི་མ་ལས་དོན་བརྒྱུད་འབྲུག་པ་ཞེས་ཕྱོགས་ཐམས་ཅད་དུ་ཁྱབ་པའི་ཕྲིན་ལས་ཅན་འདི་ཡང་བྱུང་བ་ཡིན་ཏེ། གྲུབ་ཆེན་གླིང་གི་སློབ་མ་ན་རོ་པའི་སྤྲུལ་པ་previous hit གཙང next hit་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ལ་ཞང་གིས་ལུང་བསྟན་ནས་ཀློང་རྡོལ་དགོན་དང་། གླིང་གིས་ལུང་བསྟན་ནས་ར་ལུང་། ཀརྨ་པས་ལུང་བསྟན་འབྲུག་དགོན་པ་རྣམས་བཏབ། རོ་སྙོམས་སྐོར་གཏེར་ནས་བཞེས་ཤིང་རྒྱ་ཆེར་སྤེལ། དེ་ཡི་སློབ་ཚོགས་བསམ་གྱིས་མི་ཁྱབ་པའི་ནང་། རྒྱལ་བ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ལས་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ་དང་། རྗེ་ལོ་རས་པ་གྲགས་པ་དབང་ཕྱུག་ལས་སྨད་འབྲུག་ས་ཡི་དྲེགས་པ་ལྟ་བུ་ཞེས་གྲགས་པ་བྱུང་། གདན་ས་ར་ལུང་དུ་དབོན་བརྒྱུད་མཉམ་མེད་སེང་གེ་དགུ་ཚར་དང་། དེའི་རྗེས་སུ་རྒྱ་རས་རྣམ་འཕྲུལ་འབྲུག་པ་རྒྱལ་དབང་རྗེ་ངག་དབང་ཆོས་རྒྱལ། རྒྱལ་དབང་རྗེ་ཡི་སྐྱེ་སྤྲུལ་འཇམ་དབྱངས་ཆོས་ཀྱི་གྲགས་པ་དང་། ཀུན་མཁྱེན་པདྨ་དཀར་པོ་སོགས་འབྲུག་པ་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིམ་བྱོན་རྣམས་ཕེབས། གཉིས་པ་སྒོམ་པ་ཚུལ་ཁྲིམས་སྙིང་པོ་ནས་དབོན་བརྒྱུད་དང་། སྐྱེ་སྤྲུལ་


JKT019_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རིམ་བྱོན་ལ་གདན་ས་བཀའ་བརྒྱུད་དང་། ཡང་དེའི་སློབ་མ་ཞང་གཡུ་བྲག་པ་འགྲོ་བའི་མགོན་པོ་ལས་ཚལ་པ་བཀའ་བརྒྱུད་དུ་གྲགས་པ་བྱུང་། གསུམ་པ་བྱང་འབའ་རོམ་བྲག་ཕུག་ཏུ་གདན་ས་མཛད་པའི་རས་པ་དར་མ་དབང་ཕྱུག་སློབ་ཚོགས་བཅས་པ་ལས་འབའ་རོམ་བཀའ་བརྒྱུད་དང་། བཞི་པ་ཁམས་པ་དབུ་སེའམ། ཀརྨ་པ་དུས་གསུམ་མཁྱེན་པ་ལས་བཀའ་བརྒྱུད་ཐམས་ཅད་ཀྱི་སྙིང་པོ་ཀཾ་ཚང་བཀའ་བརྒྱུད་ཅེས་བྱུང་སྟེ། དེ་ཡང་ཁམས་ཀྲེ་ཤོད་དུ་འཁྲུངས། དབུས་previous hit གཙང next hit་དུ་བྱོན་ནས་དམ་པ་ཆོས་ཀྱི་སྒྲོ་འདོགས་བཅད། ཁྱད་པར་འགྲོ་མགོན་དྭགས་པོ་ལྷ་རྗེའི་ཐུགས་སྲས་ཀྱི་གཙོ་བོར་གྱུར། ཁམས་སུ་ཀརྨའི་དགོན་དང་། དབུས་སྟོད་ལུང་དུ་མཁའ་སྤྱོད་དཔལ་གྱི་མཚུར་ཕུ་སོགས་བཏབ། དོན་བརྒྱུད་གྱི་བསྟན་པ་སངས་རྒྱས་རས་ཆེན་ལ་གཏད། དགུང་ལོ་གྱ་བཞི་པར་གཤེགས། དེའི་སྐྱེ་སྤྲུལ་རིམ་པར། གཉིས་པ་ཀརྨ་པཀྴི། མདོ་སྨད་ལེའི་ཚན་ཏོར། གསུམ་པ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེ། མང་ཡུལ་གུང་ཐང་། བཞི་པ་ཆོས་རྗེ་རོལ་པའི་རྡོ་རྗེ། སྟོད་ཨ་ལ་རོང་། ལྔ་པ་དེ་བཞིན་གཤེགས་པ། ཉང་པོའི་ཡུལ། དྲུག་པ་མཐོང་བ་དོན་ལྡན། ངོམ་གྱི་ས། བདུན་པ་ཆོས་གྲགས་རྒྱ་མཚོ། སྟོད་ཀྱི་མདོར། བརྒྱད་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེ། ངོམ། དགུ་པ་དབང་ཕྱུག་རྡོ་རྗེ། ཀྲེ་ཤོད། བཅུ་


JKT019_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་དབྱིངས་རྡོ་རྗེ། འགུ་ལོག །བཅུ་གཅིག་ཡེ་ཤེས་རྡོ་རྗེ། འགུ་ལོག །བཅུ་གཉིས་བྱང་ཆུབ་རྡོ་རྗེ། དབོན་པོ་སྟོད། བཅུ་གསུམ་བདུད་འདུལ་རྡོ་རྗེ། ལྷོ་གནས་དགེ་རི། བཅུ་བཞི་པ་དེང་སང་ཞལ་བཞུགས་པའི་ཁྱབ་བདག་ཐེག་པ་མཆོག་གི་རྡོ་རྗེའི་བར། རི་བོ་ཆེར་འཁྲུངས། བྱོན་པ་རྣམས་དང་། །རྗེ་རང་བྱུང་བའི་ཐུགས་སྲས་ཀྱི་གཙོ་བོ་རྟོགས་ལྡན་གྲགས་པ་སེང་གེ་ནས་རིམ་པར་བརྒྱུད་པའི་ཞྭ་དམར་བ་རིམ་བྱོན་དང་། རས་ཆེན་བསོད་ནམས་རྒྱ་མཚོའི་ཟློས་གར་ཕྱི་མ་སི་ཏུ་ཆོས་ཀྱི་རྒྱལ་མཚན་སོགས་ནས། མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་དང་། མཆོག་གི་སྤྲུལ་པའི་སྐུ་པདྨ་ཉིན་བྱེད་དབང་པོའི་བར་བྱོན་པའི་སི་ཏུའི་རབས། གཏེར་སྟོན་རིན་ཆེན་གླིང་པའི་སྐྱེ་བ་དཔའ་བོ་ཆོས་དབང་ལྷུན་གྲུབ་སོགས་རྗེ་དཔལ་བོ་ན་རིམ། གོ་ཤྲི་དཔལ་འབྱོར་དོན་གྲུབ་ནས་རྒྱལ་ཚབ་རིམ་བྱོན་གྱིས་མཚོན་བོད་ཁམས་ཀྱི་ལྗོངས་འདིར་ཆོས་གྲྭ་དང་སློབ་རྒྱུན་རྒྱ་ཆེར་འཕེལ། གཞན་ཡང་མི་ལའི་སློབ་མ་ཟླ་བ་ལྟ་བུ་རས་ཆུང་པ་ལས་རས་ཆུང་སྙན་བརྒྱུད། ངན་རྫོང་སྟོན་པ་བྷོ་དྷི་རཱ་ཛ་ལས་ངན་རྫོང་སྙན་རྒྱུད་སོགས་མང་དུ་མཆེད་དོ། །དེ་དག་ཏུ་མ་འཐུས་པའི་གྲུབ་མཐའ་ཟུར་པ་ཕྲ་མོ་ནི། ཀུན་སྤངས་ཐུགས་ཆེ་བརྩོན་འགྲུས་ནས་རིམ་པར་བྱོན་ཞིང་། ཀུན་མཁྱེན་དོལ་བུ་པ་ཤེས་རབ་རྒྱལ་མཚན་ཀྱི་


JKT019_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རིངས་ལ་དར་ཞིང་རྒྱས་པར་མཛད་ནས། ཕྱིས་ཐམས་ཅད་མཁྱེན་པ་ཏ་ར་ནཱ་ཐཱ་སོགས་ཀྱིས་བསྐྱངས་པའི་ཇོ་ནང་ལུགས་དང་། བྲག་སྟོན་རྒྱལ་མཚན་དཔལ་བཟང་གི་སྲས་རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོར་མང་དུ་ཐོས་པའི་མཐར་སོན་པར་མཛད་ནས། འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་རྨང་ནས་གསོལ་བའི་ཕྲིན་ལས་ཀྱི་རྒྱུན་དཔལ་ཞྭ་ལུ་གསེར་ཁང་གི་ཆོས་གྲྭར་གནས་པས་ཞྭ་ལུ་པའི་ལུགས་སུ་གྲགས་པ་སྟེ། ཇོ་ཞྭ་ལུ་གཉིས། དཔང་ལོ་ཙཱ་བའི་དབོན་བརྒྱུད་བོ་དོང་འཇིགས་བྲལ་ལམ། ཆོས་ཀྱི་རྒྱལ་མཚན་ཞེས་གྲགས་པར་རྡོ་རྗེ་སེམས་དཔས། གསང་བའི་མཛོད་ཆེན་པོ་བྱིན་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རང་སྟོབས་ཀྱིས་བཀྲལ་བའི་བསྟན་བཅོས་པོད་བརྒྱ་ཕྲག་ཐལ་བ་མཛད་དེ་དཔལ་མོ་ཆོས་སྡིང་སོགས་སུ་ཕྲིན་ལས་བསྐྱངས་པ་ལ་བོ་དོང་པའི་ལུགས་དང་། རྒྱུད་སྡེ་ལྔ་ཡི་ངོ་བོར་བཞུགས་པའི་གྲུབ་ཐོབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་བརྩོན་འགྲུས་མགོན་གྱིས་ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ་དང་། མངའ་བདག་མེ་ཏྲི་པ། བླ་མ་རྡོ་རྗེ་གདན་པ་སོགས་པཎ་གྲུབ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ཅིང་དམ་པའི་ཆོས་ཀྱི་བདུད་རྩི་ངོམ་པ་མེད་པར་གསོལ། བོད་དུ་ཕེབས་ནས་ཤོང་དུ་ཞོང་ཞོང་དགོན་བཏབ། དེ་ནས་


JKT019_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་རིན་ཆེན་སྣ་བདུན་དུ་གྲགས་པའི་བདུན་པ་རྡོ་རྗེ་འཆང་། ནི་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །འགྲོ་མགོན་གཉན་སྟོན། སངས་རྒྱས་སྟོན་པ་སྟེ་བདུན་ནོ། །མཁས་གྲུབ་སངས་རྒྱས་སྟོན་པ་ནས་རྒྱ་ཆེར་འཕེལ་བ་ལ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཅེས་གྲགས་པ་སྟེ་བོ་ཤངས་གཉིས། གྲུབ་པའི་དབང་ཕྱུག་དམ་པ་རྒྱ་གར་ཀྱིས་བདེ་གཤེགས་བཅུ་གཉིས་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སོ་དྲུག་སོགས་ལས་དངོས་སུ་གསན་པའི་གདམས་པ་རྒྱ་མཚོ་ལྟ་བུ་རྣམས་གདུལ་བྱའི་དབང་པོ་དང་འཚམས་པར་བོད་ཡུལ་འདིར་སྔ་ཕྱི་བར་གསུམ་དུ་གསུངས་པའི་བརྒྱུད་འཛིན་རྣམས་ལས་ཞི་བྱེད་པ་དང་། དེ་ལས་ཡར་ཀླུང་སྨ་ར་སེར་པོ་དང་། སྐྱོ་སྟོན་བསོད་ནམས་བླ་མ་དག་བརྒྱུད་དེ། ཡུམ་ཆེན་མོ་མི་མོའི་གཟུགས་ཅན་མ་ཅིག་ལབ་ཀྱི་སྒྲོན་མས་རྒྱ་ཆེར་སྤེལ་བ་ལ་གཅོད་ཡུལ་དུ་གྲགས་པ་སྟེ་ཞི་གཅོད་གཉིས་དང་གཞན་ཡང་ཕྱག་རྒྱ་ཆེན་པོའི་བརྒྱུད་པ་ལ་སྔ་ཕྱི་བར་གསུམ་དང་། གྱི་གྱོ་དང་། ར་འབྲོ་སོགས་ནས་བརྒྱུད་ཅིང་། བུ་དོལ་གཉིས་ཀྱིས་རྩལ་དུ་བཏོན་པའི་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་དང་། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་སྤྲུལ་པའི་ཞིང་དྷུ་མ་ཐ་


JKT019_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལར་མཁའ་འགྲོའི་གཙོ་མོ་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་གསན་པའི་ཨོ་རྒྱན་བསྙེན་སྒྲུབ་དང་། གྲུབ་ཆེན་མི་ཏྲ་ཛོ་ཀི་དང་། བྱང་སེམས་ཟླ་བ་རྒྱལ་མཚན་སོགས་ལས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་སྐོར་དང་། པཎ་ཆེན་ཨ་བྷ་ཡ་ཀཱ་ར་གུཔས་བཀྲལ་ཞིང་བོད་ཡུལ་དུ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱི། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ། པཎྜི་ཏ་ནགས་ཀྱི་རིན་ཆེན་སོགས་ཀྱིས་རྒྱ་ཆེར་སྤེལ་བའི་རྡོ་རྗེ་ཕྲེང་བས་མཚོན་ཆོས་བཀའ་མཐའ་ཡས་པ་ཞིག་བྱུང་བ་ལས། ཕལ་ཆེར་ནི་དེང་སང་ཡང་མ་ནུབ་པར་བཞུགས་སོ། །དྲུག་པ་ས་སྐྱོང་རྒྱལ་པོའི་རྒྱལ་རབས་ནི། རྒྱ་གར་འཕགས་པའི་ཡུལ་དུ་མང་པོས་བཀུར་བའི་རྒྱལ་པོ་ནས་བཟུང་སྟེ། བདག་ཅག་གི་སྟོན་པའི་བར་ལ། རྒྱལ་རབས་འབུམ་ཕྲག་དགུ་དང་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཅིག་བྱུང་བར་བཤད་ལ། སྟོན་པ་ཞལ་བཞུགས་པའི་དུས་རྒྱལ་པོའི་ཁབ་ཏུ་གཟུགས་ཅན་སྙིང་པོ་དང་། དེའི་སྲས་མ་སྐྱེས་དགྲ་སོགས་བསྟན་པ་ལ་གུས་པས་མཆོད་པ་མང་པོ་དང་། བར་སྐབས་སུ་ཆོས་རྒྱལ་ཆེན་པོ་མྱ་ངན་མེད་དང་། ཕྱིས་སུ་རྒྱལ་པོ་དྷ་རྨ་པཱ་ལ་སོགས་ཀྱིས་བདེ་བར་གཤེགས་པའི་རིང་ལུགས་མཐའ་དག་ལ་བསྙེན་བཀུར་རྒྱ་ཆེར་མཛད་དོ། །བོད་ཡུལ་དབུས་སུ་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱལ་རིགས་ལས་སོན་པ་ཆོས་རྒྱལ་གཉའ་ཁྲི་བཙན་པོ་སོགས་


JKT019_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་གྱི་ཁྲི་བདུན། བར་གྱི་སྟེང་གཉིས་དང་ལེགས་དྲུག། ༡༥ ས་ཡི་སྡེ་བརྒྱད། འོག་གི་བཙན་བཞི་སྟེ་ཉེར་བདུན་རིམ་པར་བྱོན་པའི་དུས་སུ་ཆབ་སྲིད་སྒྲུངས་དང་རྡེའུ་བོན་རྣམས་ཀྱིས་བསྐྱངས། ཐོ་རི་གཉན་༢༨བཙན་གྱི་དུས་སུ་ཟ་མ་ཏོག་༧༧སོགས་ནམ་མཁའ་༢ནས་༩བབས་ཏེ་དམ་པའི་ཆོས་༡༥ཀྱི་དབུ་བརྙེས། དེ་ནས་རྒྱལ་རབས་ལྔ་པ་རྒྱལ་པོ་སྲོང་བཙན་༣༣སྒམ་པོ་དང་། དེ་ནས་གདུང་རབས་བཞི་པ་ཁྲི་ལྡེ་གཙུག་བརྟན ༣༧། དེའི་སྲས་ཁྲི་སྲོང་ལྡེའུ་བཙན། དེའི་སྲས་མུ་ནི་བཙན་པོ་དང་༣༩། སད་ལྡན་ལེགས་འཇིངས་ཡོན། མུ་ཏིག་བཙན་པོ། དེའི་སྲས་མངའ་བདག་ཁྲི་རལ་པ་ཅན་སོགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་མཛད། དེ་ནས་རེ་ཞིག་གླང་དར་མས་བསྟན་པ་བསྣུབ་ཀྱང་། དེའི་སྲས་འོད་སྲུངས་དང་ཡུམ་བརྟན་གཉིས་ལས་སྟོད་ལ་མངའ་རིས་པ། ཡུལ་དབུས་སོགས་སུ་གདུང་བརྒྱུད་བྱུང་བ་རྣམས་ཀྱིས་ཀྱང་། རང་རང་གི་སྟོབས་འབྱོར་དང་བསྟུན་པའི་བསྟན་པ་ལ་སྲི་ཞུ་རྒྱ་ཆེར་མཛད་མོད། བོད་ཁམས་ཐམས་ཅད་ལ་དབང་བསྒྱུར་བའི་རྒྱལ་པོ་ནི་མ་བྱུང་ཞིང་། དེ་ཙམ་ནས་རྗེ་བཙུན་ས་སྐྱ་པ་ཆེན་པོ་འགྲོ་མགོན་འཕགས་པ་རིན་པོ་ཆེ་ཧོར་གྱིས་གདན་དྲངས་ཏེ། བོད་ཁྲི་སྐོར་བཅུ་གསུམ་གྱི་བདག་པོར་མངའ་གསོལ་བ་ནས་ལོ་བརྒྱད་ཅུ་ཙམ་བསྐྱངས། །


JKT019_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རབ་བྱུང་ལྔ་པའི་ས་གླང་ནས། དབུས་ཕྱོགས་ཕལ་ཆེར་ནི་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་བཟུང་ཞིང་། ཤིང་རྟ་ནས་previous hit གཙང next hit་ཕྱོགས་ཕལ་ཆེར་ཡང་བཟུང་ནས། ལོ་བརྒྱད་ཅུ་གྱ་བདུན་གྱི་བར་དུ་དབུས་previous hit གཙང next hit་གི་མཐིལ་རྣམས་སྡེ་སྲིད་ཕག་མོ་གྲུབ་པས་དབང་མཛད། ཤིང་ཡོས་ལ་རིན་སྤུངས་པ་ནོར་བུ་བཟང་པོས་previous hit གཙང next hit་གི་གཞིས་ཀ་བསམ་འགྲུབ་རྩེ་བཟུང་བ་ནས། རིམ་པར་དབུས་previous hit གཙང next hit་གི་གཞུང་ཕལ་ཆེར་ཀྱང་བཟུང་། དེ་ནས་སྡེ་པ་ཚེ་བརྟན་རྡོ་རྗེ་ཡབ་སྲས་ཀྱིས་བསམ་འགྲུབ་རྩེ་དང་། ཀརྨ་ཕུན་ཚོགས་རྣམ་རྒྱལ་གྱིས་ཡབ་རྒྱལ་གཞུང་བཟུང་ནས་དབུས་previous hit གཙང ་ཐམས་ཅད་ཕྱག་ཏུ་བཞེས། དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོའི་དུས། སོག་པོ་གོ་ཤཱི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཁྲི་སྐོར་བཅུ་གསུམ་དབང་དུ་མཛད། རྒྱལ་དབང་ལྔ་པ་རིན་པོ་ཆེར་ཆོས་གཞིས་སུ་ཕུལ། རབ་བྱུང་བཅུ་བཞི་པའི་ས་རྟ་ལོ་ནས་བཟུང་། དགའ་ལྡན་ཕོ་བྲང་ཡོན་མཆོད་ཀྱིས་ས་ཆེན་ཆོས་བཞིན་དུ་བདེ་བར་སྐྱོང་། དེ་ཡང་སྡེ་སྲིད་བསོད་ནམས་རབ་བརྟན་དང་། བསྟན་འཛིན་ཆོས་རྒྱལ་གཉིས་ལ་རྒྱལ་པོ་མཆོད་ཡོན་དུ་གྲགས། རྒྱལ་པོ་དང་སྡེ་སྲིད་འདས་ནས། སླར་ཡང་སྡེ་སྲིད་ཕྲིན་ལས་རྒྱ་མཚོ། བློ་བཟང་སྦྱིན་པ་བློ་བཟང་མཐུ་སྟོབས། རྒྱལ་པོ་པཎྜི་ཏ་སངས་རྒྱས་རྒྱ་མཚོ་རྣམས་རིམ་པར་བསྐོས།


JKT019_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་སོག་པོའི་རྒྱལ་པོ་ལྷ་བཟང་དང་། དེ་ནས་དྲུང་སོག་པོ་སྒར་གྱིས་རིམ་པར་བཟུང་ཡང་ཤར་ཕྱོགས་གོང་མའི་དཔུང་གིས་བསྐྲད་དེ་ཆབ་སྲིད་ཐམས་ཅད་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཕྱག་ཏུ་བཀལ། སྡེ་སྲིད་དྷ་ཆིངས་ཁཱ་ཐུར། མི་དབང་བསོད་ནམས་སྟོབས་རྒྱལ། སྲས་ཆིང་ཝ་དཱ་ལས་པཱ་ཐུར་སོགས་ཀྱིས་མཛད། རྒྱལ་བ་ཐམས་ཅད་མཁྱེན་པ་མྱ་ངན་ལས་འདས་ནས། རྒྱལ་ཚབ་དེ་མོ། བསྟན་རྒྱས་གླིང་པ། འདིས་བསམ་ཡས་ཞིག་གསོས་མཛད། ཚེ་སྨོན་གླིང་པ། དེ་ནས་ཁྲི་ཆེན་ནོ་མིན་ཧན། འདི་དུས་བལ་བོད་འཁྲུགས། རྟ་ཚག་རྗེ་དྲུང་རིན་པོ་ཆེ། ཀུན་བདེ་གླིང་པ། འདི་དུས་བསམ་ཡས་ལ་མེའི་གནོད་པ་བྱུང་། དེ་མོ་སྤྲུལ་པའི་སྐུ་འཇམ་དཔལ་རྒྱ་མཚོ་དང་། ད་ལྟའི་ཚེ་སྨོན་གླིང་ཁྲི་ཆེན་ནོ་མི་ཧན་གྱི་བར་རིམ་པར་བྱོན་ནས་བསིལ་ལྡན་ར་བ་དཀར་པོས་བསྐོར་བའི་ལྗོངས་ཀྱི་བསྟན་འགྲོ་ཀུན་ལ་ཕན་བདེའི་སྒོ་འཕར་བརྒྱ་ཕྲག་དུས་གཅིག་ཏུ་དབྱེ་བར་མཛད་དོ། །ཁྱད་པར་བོད་ཆེན་པོའི་ནོར་འཛིན་གྱི་ཁྱོན་འདིར་རང་རང་གི་མངའ་རིས་བདེ་བར་སྐྱོང་ཞིང་བསྟན་པ་རིན་པོ་ཆེར་སྲི་ཞུས་མཆོད་པའི་ཁམས་ཀྱི་རྒྱལ་པོ་དང་། རྒྱལ་ཕྲན་ཇི་སྙེད་པ་ལས། གཙོ་བོར་གྱུར་པ་ལྷ་བཙན་པོ་མེས་དབོན་གསུམ་གྱི་ཕྱག་རྗེས་ལ་འགྲན་པར་ནུས་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ས་སྐྱོང་སྡེ་དགེ་ཆོས་རྒྱལ་རིན་


JKT019_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་རྒྱལ་རབས་ནི། ཐོག་མར་རུས་ཆེན་སྡེ་བཞི་ལས་ཆད་པའི་བོད་ཆེན་པོའི་འགྲོ་བ་མཐའ་དག་གི་ཞང་པོར་འོས་པ་སྒོ་ལྷ་རྗེ་དཀར་པོའི་རུས་ལས། རྡུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ་མགར་གྱི་རིགས་ལས་བྱུང་བ་སྟེ། དེ་ཡང་བོད་ཁམས་འདིར་མིའི་འགྲོ་བ་ཆགས་ནས་རིང་ཞིག་ལོན་པ་ན། ཤར་མེ་ཉག་བཞག་ར་དཀར་པོའི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་བབས་པར་མི་རྣམས་ཀྱིས་མགར་གནམ་ཚ་འབྲུག་ཅེས་བཏགས། དེ་ཡི་བརྒྱུད་པ་ལས་མགར་བླ་མཁྱེན་ཆེན་པོ། དེ་སྲས་སྲོང་མེས་ཁྲི་ཆགས། དེ་སྲས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་ཡུལ་བཟུང་། དེ་ནས་དམ་པའི་བརྒྱུད་པ་བར་མ་ཆད་པར་རིམ་གྱིས་བྱོན་པ་ལས། སྟོང་བཙན་ཡུལ་བཟུང་ནས་བརྩིས་པས་གདུང་རབས་ཉེར་བརྒྱད་པ་འགར་ཆེན་ཡེ་ཤེས་བཟང་པོ་ལ་རིགས་ཀྱི་སྲས་གཉིས་ཀྱི། སྒོམ་སྟོན་བསོད་ནམས་རིན་ཆེན་གྱིས། ལ་ལར་བསོད་ནམས་བཟང་པོ་ཞེས་ཀྱང་བྱུང་། འགྲོ་མགོན་འཕགས་པ་རིན་པོ་ཆེའི་གསོལ་དཔོན་གྱི་ལས་ཀ་ཟིན་ཏེ་ཆེན་པོའི་གོ་སར་དབང་བསྐུར། གཅུང་པོ་རྒུ་རུ་ལ་སྲས་དགུ་བྱུང་བའི་ནང་ཚན། སྟོང་དཔོན་ཟླ་བ་བཟང་པོའི་སྲས་སུ་རྗེ་རྒྱལ་བ་བཟང་པོ། དེ་སྲས་པདྨ་བསྟན་སྲུང་། དེ་སྲས་བྱང་ཆུབ་འབུམ། དེ་སྲས་གདུང་རབས་སོ་བཞི་པ་བདེ་ཆེན་བསོད་ནམས་བཟང་པོ་སྟེ།


JKT019_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རྗེ་ཆོས་ཀྱི་རྡོ་རྗེ་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ལུང་གིས་བསྐུལ་ཏེ་ལྕགས་ར་བསམ་འགྲུབ་རྩེར་ཕེབས་ནས་ཡུལ་དེའི་མངའ་རིས་ཀྱི་བདག་པོར་གྱུར། སྔོན་སྨོན་རྣམ་པར་དག་པའི་བྱེད་པོས་ལྗོངས་དེར་སྡེ་བཞིའི་དགེ་ལེགས་ཀྱི་མཚན་མ་ཕུན་སུམ་ཚོགས་པར་འཕེལ་བས་མཚན་ཡང་དེ་སྐད་ཆགས། དེ་ལ་སྲས་བཞི་བྱུང་བའི་གཉིས་པ་སྡེ་དགེ་བོ་ཐར་བཀྲ་ཤིས་སེང་གེས་ཟིལ་བརྒྱུད་ཕྱོགས་ཐམས་ཅད་བཟུང་ཞིང་། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་བླ་ཡི་མཆོད་གནས་སུ་བཞེས་ཏེ་རྗེ་མདའི་སྲིབ་དགོན་ཐོག་མར་བཞེངས། ལྷུན་གྲུབ་སྟེང་ཞེས་གྲགས་པའི་ཡི་གེས་མཛེས་པར་བྱས། དེ་ཡི་སྲས་དཔལ་ལྡན་སེང་གེ་དང་། རྒྱལ་མཚན་འབུམ་གཉིས་ལས། སྔ་མས་ཉིན་དགོན་གྱི་འདུས་སྡེ་བཙུགས། - ཕྱི་མ་ལ་སྲས་བཞི་བྱུང་བའི། དཔོན་ཆེན་ཨ་སྔ་ལ་སྲས་རྡོ་རྗེ་འཇིགས་བྱེད་ཀྱི་གྲུབ་ཐོབ་ཇོ་གདན་ནམ་མཁའི་ལྷུན་བཟང་དང་། དེའི་མཆེད་ཡ་རྒྱལ་འཕེལ། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་གྲུབ་ཐོབ་ཀུན་དགའ་རིན་ཆེན་གྱིས་བླ་བྲང་ལྷ་ཁང་གསར་དུ་བཞེངས། གཅུང་རྡོ་རྗེ་ལྷུན་གྲུབ་ལ་སྲས་གྲགས་པ་ལྷུན་གྲུབ་དང་། ཀརྨ་སྲུང་གཉིས། ནམ་མཁའ་ལ་སྲས་དཔོན་ཆེན་ལྷུན་གྲུབ་ཅེས་སྟོབས་ཀྱིས་འཁོར་ལོས་སྒྱུར་བ་དེ་ཉིད་འཁྲུངས། དེ་ལ་སྲས་དྲུག་བྱོན་པའི། དང་


JKT019_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དེས་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཆེན་མོ་བཞེངས་ཤིང་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེ། ས་སྐྱ་པ་བདག་ཆེན་བསོད་ནམས་བཟང་པོ། ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས། བྱང་བདག་བཀྲ་ཤིས་སྟོབས་རྒྱལ། འཁྲུལ་ཞིག་དབང་དྲག་རྒྱ་མཚོ། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ཡོངས་འཛིན་རྒྱ་ཚོ་ལྟ་བུ་བསྟེན། གཉིས་པ་དཔོན་ཆེན་གླུ་འཕེལ། གསུམ་པ་ལག་ན་རྡོ་རྗེའི་རྣམ་པར་འཕྲུལ་པ་བླ་ཆེན་བྱམས་པ་ཕུན་ཚོགས་ཞེས། འདིས་གནམ་ཆོས་དང་། བདུད་འདུལ་གཉིས་ཀྱང་རྒྱལ་ཁབ་ཏུ་སྤྱན་དྲངས། ནོར་འཛིན་ཡངས་པའི་ཁྱོན་ལ་སྟོབས་ཀྱི་དཔུང་པས་དབང་བསྒྱུར་བ་དེ་ཉིད་བྱོན། ངོར་ནས་མཁན་རབས་ཉེར་གཅིག་པ་སྒྲུབ་ཁང་པ་དཔལ་མཆོག་རྒྱལ་མཚན་སྤྱན་དྲངས་ཤིང་རྣམ་པར་དག་པའི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བས་མཚོན་ཆོས་སྲིད་ཀྱི་ཕྲིན་ལས་རྒྱ་ཆེ་བས། བླ་ཆེན་འདི་ཉིད་ཁྲི་རབས་ཀྱི་ཐོག་མར་འཛིན། བཞི་པ་དཔོན་ཆེན་ཀརྨ་སྲུང་། ལྔ་པ་བླ་མ་ལྷ་སྲུང་། དྲུག་པ་བླ་མ་ཀརྨ་བསམ་འགྲུབ་རྣམས་སོ། །ཀརྨ་སྲུང་གི་སྲས་མགོན་པོ་དང་། ལྷུན་འགྲུབ་གཉིས། སྔ་མ་ལ་བླ་མ་བསོད་ནམས་རྒྱལ་མཚན་སོགས་མཆེད་བཞི་འཁྲུངས། དེའི་ནང་ནས་སྐལ་བཟང་འབུམ་ཀྱི་སྲས་བཀྲ་ཤིས་རྒྱ་མཚོ་སོགས་


JKT019_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས་ནས་འདུས་སྡེའི་བསྒྲིགས་ཁྲིམས་དང་བསྟན་པའི་སྲི་ཞུ་ལ་བརྩོན་པར་མཛད། དཔོན་ཆེན་གླུ་འཕེལ་ལ་སྲས་གསུམ་བྱུང་པའི། དཔོན་ཆེན་ཀུན་དགའ་ཕུན་ཚོགས་པས་གདན་ས་གཉིས་པ་མཛད། དཔོན་ཆེན་ལྷུན་གྲུབ་ཀྱི་སྲས་བཞི་པ་ཀརྨའི་སྲས་ཆེ་མཆོག་གིས་གདན་ས་གསུམ་པ་མཛད། དེ་ནས་གླུ་འཕེལ་སྲས་འགྲན་ཟླ་མེད་པའི་བསོད་ནམས་ཀྱི་ཕུང་པོ་གཅིག་ཏུ་འཁྱིལ་བ་ཁྲི་རབས་བཞི་པ། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་རྣམ་འཕྲུལ་ཁྲི་ཆེན་བླ་མ་སངས་རྒྱས་བསྟན་པས། ངོར་ཨེ་ཝཾ་ནས་འཇམ་མགོན་བཀྲ་ཤིས་དཔལ་ལྡན། རྟ་ནག་མཁན་ཆེན་བཟང་པོ་རྒྱལ་མཚན། ཨེ་ཝཾ་པའི་མཁན་རབས་ཉེར་བཞི་པ་མཁས་གྲུབ་སངས་རྒྱས་ཕུན་ཚོགས་རྣམས་སྤྱན་དྲངས། གཞན་ཡང་རིག་འཛིན་ཀློང་གསལ་སྙིང་པོ། རྫོགས་ཆེན་པདྨ་རིག་འཛིན། གཏེར་ཆེན་ཉི་མ་གྲགས་པ་སོགས་དང་མཆོད་ཡོན་དུ་འབྲེལ་བས་མཚོན། རིས་མེད་ཀྱི་ཡོངས་འཛིན་དུ་མ་བསྙེན་བཀུར་ཤིང་། ལུགས་གཉིས་ཀྱི་མངའ་ཐང་དགུང་དུ་རེག །ཡང་གླུ་འཕེལ་ཀྱི་སྲས་ཨོ་རྒྱན་བཀྲ་ཤིས་ལ་སྲས་བཞི་འཁྲུངས་པའི། དང་པོ་ཁྲི་རབས་ལྔ་པ་ཁྲི་ཆེན་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཐང་ནས་སྤྱན་དྲངས་པ་སོགས་ཞབས་འགྱུར་རྨད་དུ་བྱུང་བ་


JKT019_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པ་ནས་བཟུང་། གཞུང་ས་ཆེན་མོ་དང་མཆོད་ཡོན་འགྲན་མེད་དུ་གྱུར། སྲས་གཉིས་པ་དབང་ཆེན་མགོན་པའི་སྲས་སུ་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་བསམ་བཞིན་མིའི་རྗེ་བོར་ཕེབས་པའི་ཁྲི་རབས་དྲུག་པ་ཆོས་རྒྱལ་བསྟན་པ་ཚེ་རིང་ཞེས་མཚན་གྱི་ཡི་གེ་སྲིད་པའི་རྩེ་མོར་མངོན་པར་མཐོ་བ་དེས། ངོར་ཨེ་ཝཾ་པ་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་དང་། ཡར་ཀླུང་བཀྲ་ཤིས་ཆོས་སྡེ་ནས་གནས་གསར་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་སོགས་གདན་དྲངས། བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། གཏེར་ཆེན་ཉི་གྲགས། རྫོགས་ཆེན་གཉིས་པ་སོགས་གསར་རྙིང་རིས་མེད་པའི་སྐྱེས་བུ་དམ་པ་དུ་མ་བསྙེན་བཀུར། ངོར་ཨེ་ཝཾ་དུ་གླིང་ཁང་གསར་བཟོས་མཚོན་དགོན་གནས་ཆེ་ཕྲ་དུ་མ་གསར་བཞེངས་དང་ཉམས་གསོ། ཁྱད་པར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པར་དུ་བསྐྲུན་པ་སོགས་རྣམ་དཀར་གྱི་འཇུག་པ་བྱིས་བློའི་ར་བ་ལས་ཡོངས་སུ་བརྒལ་བར་མཛད་པའི་མཐུས། འཇམ་དབྱངས་གོང་མ་ཆེན་པོས་ཀྱང་གསན་ཡུ་སིའི་ཐམ་ཀས་བསྐུར་ཞིང་། བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་ཡིན་ནོ། །དེ་ལ་སྲས་ལྕམ་དྲལ་བཞི་བྱུང་བའི། ཆེ་བ་བསོད་ནམ་མགོན་པོ་ལས་གདུང་བརྒྱུད་སོགས་མ་འཕེལ། འབྲིང་བ་ཁྲི་


JKT019_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རབས་བདུན་པ་ཁྲི་ཆེན་བླ་མ་ཕུན་ཚོགས་བསྟན་པའམ། ཀུན་དགའ་ཕྲིན་ལས་རྒྱ་མཚོས། ངོར་ནས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སྤྱན་དྲངས་ཤིང་། བསྟན་འགྱུར་རིན་པོ་ཆེ་པར་དུ་བཞེངས་པ་སོགས་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེ། གཅུང་ཁྲི་རབས་བརྒྱད་པ་ས་སྐྱོང་བློ་གྲོས་རྒྱ་མཚོས། ངོར་མཁན་ཆེན་ཀླུ་སྡིངས་མི་འགྱུར་རྒྱལ་མཚན་སྤྱན་དྲངས། དབུ་བླ་སྔ་མ་རྣམས་དང་། ཞུ་ཆེན་པཎྜི་ཏ། ཀཿཐོག་དྲི་མེད་ཞིང་སྐྱོང་། ཉི་གྲགས་གཉིས་པ་སོགས་བསྟེན། སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བཞེངས། དགུང་གྲངས་བཞི་ཅུ་རྩ་གྲངས་ཡན་རབ་བྱུང་དང་། དེ་ཕྱིན་གདུང་སྤེལ་གྱི་གོ་སར་བཞུགས། དེ་རྗེས་ལྕམ་རྗེ་བཙུན་དབྱངས་ཅན་སྒྲོལ་མས་རྒྱལ་ཚབ་མཛད་ཅིང་། ངོར་ནས་ཁང་སར་མཁན་ཆེན་ངག་དབང་ཆོས་སྐྱོང་བཟང་པོ་གདན་དྲངས། ལྕང་རའི་བུམ་སྒྲུབ་ཆེན་མོའི་སྲོལ་བཏོད། ས་སྐྱོང་བློ་གྲོས་རྒྱ་མཚོ་ལ་སྲས་ཁྲི་རབས་དགུ་པ་ས་དབང་བཟང་པོ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་དགེ་བའི་བག་ཆགས་སད་ཅིང་། འཇམ་མགོན་དབང་སྡུད་སྙིང་པོ་སོགས་དབུ་བླར་བཞེས། འོན་ཀྱང་སྐུ་གཞོན་ནུ་ནས་གཤེགས་པས་བར་འདིར་དཔོན་མོ་ཚེ་དབང་ལྷ་མོས་རྒྱལ་སྲིད་ཀྱི་བྱ་བ་མཛད་ཅིང་། བསྟན་པ་སྤྱི་དང་གསང་སྔགས་སྔ་འགྱུར་གྱི་ཕྱོགས་ལ་སྲི་ཞུ་ལྷག་པར་གནང་།


JKT019_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ས་དབང་བཟང་པོ་ལ་སྲས་ལྕམ་དྲལ་བཞི་འཁྲུངས། གཞན་གཉིས་ཆུང་ངུ་ནས་གཤེགས། ནང་ནས། ཁྲི་རབས་བཅུ་པ། ས་སྐྱོང་ཆོས་རྒྱལ་རིན་པོ་ཆེ་ཚེ་དབང་རྡོ་རྗེ་རིག་འཛིན་ནམ། ཁྲི་ཆེན་བླ་མ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས། ངོར་ཨེ་ཝཾ་ནས་ཐར་རྩེ་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་དང་། བྱམས་པ་ཀུན་དགའ་བསྟན་འཛིན་ཁུ་དབོན། ཡར་ཀླུང་བཀྲ་ཤིས་ཆོས་སྡེ་ནས་མཆོག་སྤྲུལ་རིན་པོ་ཆེ་ནམ་མཁའ་ལེགས་པ་ལྷུན་གྲུབ་སོགས་སྤྱན་དྲངས། བདག་ཆེན་དབང་སྡུད་སྙིང་པོ་ཡབ་སྲས་སོགས་རིས་མེད་དམ་པ་རྣམས་ལ་དངོས་དང་བརྒྱུད་པའི་སྒོ་ནས་བསྙེན་བཀུར་བས་མཚོན་ཆོས་སྲིད་ཀྱི་ཕྲིན་ལས་གོང་འཕེལ་དུ་གནང་། རྗེ་བཙུན་མ་རྟ་མགྲིན་ཕྲིན་ལས་དབང་མོས་ཀྱང་རྣམ་དཀར་གྱི་ཕྱག་རྗེས་རྒྱ་ཆེ། ས་སྐྱོང་ཆེན་པོ་དེ་ཉིད་ལ་སྲས་ལྕམ་དྲལ་བཞི་བྱུང་བའི་ཆེ་བ། ཁྲི་རབས་བཅུ་གཅིག་པ་དམ་ཚིག་བརྟན་པའི་རྡོ་རྗེ། སྐུ་མཆེད་འདི་རྣམས་ཆོས་བློན་འགར་དམ་པ་ནས་བགྲངས་པའི་གདུང་རབས་བཞི་བཅུ་རྩ་དྲུག་པ་ཡིན། ཚེ་རིང་རྣམ་རྒྱལ་འབྲིང་པོ་བླ་ཆེན་ཚེ་དབང་ཕུན་ཚོགས་བསྟན་སྐྱོང་གཅུང་མི་རྗེ་རིན་པོ་ཆེ་ཚེ་དབང་རྡོ་རྗེ་དགྲ་འདུལ་སྟེ་མཆེད་ཞལ་རྣམ་པ་གསུམ་གྱིས། ངོར་ནས་མཁན་རབས་ལྔ་བཅུ་པ་ཐར་རྩེ་མཁན་ཆེན་རྣལ་འབྱོར་འཇམ་དཔལ་


JKT019_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་སྤྱན་དྲངས་ཏེ་མཆོད་ཅིང་བསྙེན་བཀུར་བས་མཚོན། གཙོ་བོར་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་དང་མཆོད་ཡོན་དུ་འབྲེལ་བའི་རྟེན་འབྱུང་ལས་དཔལ་ལྡན་ས་ངོར་ཚར་གསུམ་གྱི་བསྟན་པ་དང་དེར་འཛིན་ལ་མཚུངས་པ་མེད་པའི་སྲི་ཞུ་དང་། གཞན་ཡང་དགེ་རྙིང་ཀར་འབྲུག་སོགས་རིས་མེད་པའི་གྲུབ་མཐའ་ཐམས་ཅད་ཀྱི་བསྟན་པའི་སྦྱིན་བདག་གཅིག་པུ་པར་གྱུར་ཏེ། དེའི་བསོད་ནམས་ཀྱི་མཐུ་ཕུན་སུམ་ཚོགས་པས་ཕས་ཀྱི་རྒོལ་བ་ཐམས་ཅད་མིང་གི་ལྷག་མ་ཙམ་དུ་ཞི་ཞིང་། རང་སྲིད་སྡེ་དང་བཅས་པ་དབྱར་དུས་ཀྱི་ཆུ་གཏེར་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སོགས་མདོར་ན་འགར་སྟོང་བཙན་ཡུལ་བཟུང་ནས་དེང་སང་གི་བར་ལོ་སྟོང་ཕྲག་གཅིག་དང་བརྒྱ་དང་བརྒྱད་ཅུ་ལྷག་ཙམ་འགྲོ་བ་ལ། ཆེ་བརྒྱུད་ཀྱི་ལྷ་གྲལ་མ་སྟོང་། མཐོན་པོའི་དབུ་འཕང་མ་ཉམས། མི་བརྒྱུད་ལྷ་ལས་ཆད། ཆུ་བརྒྱུད་གངས་ལ་ཐུག་པའི་བསྔགས་འོས་ཀྱི་རྣམ་པར་ཐར་པ་མཐའ་ཀླས་པ་ཉིད་དོ། །དེ་ལྟར་དམ་པའི་ཆོས་ཀྱི་བྱུང་བ་བརྗོད་པ་ལས་བརྩམས་ནས་ལོ་རྒྱུས་ཅུང་ཟད་སྙན་དུ་གསོལ་བ་ལའང་དགོས་པ་ཁྱད་པར་ཅན་ཡོད་དེ། དཔལ་ལྡན་དཔའ་བོས་སྐྱེས་པ་རབས་ཀྱི་རྒྱུད་ལས། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། །བདེ་བར་གཤེགས་འགྱུར་ལམ་


JKT019_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གང་ཡིན་བསྟེན་པར་འགྱུར། །ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དར་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བ་སྐྱེད། །ཞེས་དང་། མདོ་ལས་ཀྱང་། གང་ལ་ཟས་དང་ནོར་གྱི་གཏམ་དག་གིས། །ཡོངས་སུ་དགའ་བའི་དགའ་བ་བསྐྱེད་མ་ཡིན། །མི་ཡི་རྙེད་པ་རབ་མཆོག་ཐོབ་ནས་ནི། །གཅིག་ལ་གཅིག་གིས་ཆོས་ཀྱི་གཏམ་དག་བྱ། །ཞེས་ཆེད་དུ་གདམས་པར་མཛད་པ་བཞིན་དང་། ཞར་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་གཅེས་སྤྲས་སུ་མཛད་པའི་ས་སྐྱོང་བ་རྣམས་ཀྱི་རབས་ཅུང་ཟད་སྨོས་པའང་། འཇིག་རྟེན་ན་རིགས་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་ཀྱི་གཏམ་བརྗོད་པས་བསོད་ནམས་ཆེན་པོ་ཐོབ་པར་མདོ་ལས་བཤད་པ་དང་། བོད་འདིར་ཡང་འཇམ་དབྱངས་འཁོན་གྱི་རིགས་བསྙད་པ་བསོད་ནམས་ཆེ་ཞེས་དམ་པ་རྣམས་ཀྱིས་གསུངས་པ་ལྟར་གྱི་རྗེས་སུ་འབྲངས་ཏེ་གསོལ་བ་ཡིན་ལ། དེ་རྣམས་ཀྱིས་སྤྱིར་བཤད་པའི་དངོས་གཞི་གྲུབ་ནས། སྐབས་དོན་བྱེ་བྲག་གི་དབང་དུ་བགྱིས་ན། ཞེས་པའི་མཚམས་དབང་བསྐུར་ཆོས་བཤད་ལོ་གསར་གྱི་དགའ་སྟོན་ལེགས་འབུལ་སོགས་སོ་སོའི་བརྗོད་བྱ་དང་མཐུན་པའི་རྗོད་བྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་དམིགས་བསལ་རྣམས་ཞུས་གྲུབ་ནས། དེ་ལྟར་དེ་རིང་གི་གནས་སྐབས་སུ་འདུས་པའི་མཆོག་འབྲིང་


JKT019_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཕལ་པའི་ཚོགས་རྣམས་ཀྱི་སྙན་ལམ་དུ་སྤྱི་དང་བྱེ་བྲག་གི་ཞུ་གསོལ་གྱི་བརྗོད་པ་འཕྲོས་དོན་དང་བཅས་རྒྱས་བསྡུས་འཚམས་པའི་ལུགས་སུ་ཕུལ་གྲུབ་ནས། སླར་ཡང་བསྟན་པའི་རྩ་ལག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའམ། དཔལ་ལྡན་བླ་མ་དམ་པ་འདི་ཞེས་བྱ་བ་མཁན་སློབ་དགེ་འདུན་དང་བཅས་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱ་མཚོར་བརྟན་ཅིང་། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཏུ། འདིར་རང་རང་གི་གྲུབ་མཐའི་ཁ་བསྒྱུར་དམིགས་བསལ་འཛུག །སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་དཔལ་བརྩེ་བ་ཆེན་པོ་ཡབ་སྲས་བརྒྱུད་པ་དང་བཅས་པའི་རིང་ལུགས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེའི་མཐུ་ལས་བསྟན་པའི་སྦྱིན་བདག་ཆེན་པོ་རྣམས་ཀྱི་ཆབ་སྲིད་མངའ་ཐང་གོང་ནས་གོང་དུ་འཕེལ་ཞིང་། འཇིག་རྟེན་གྱི་ཁམས་སུ་ཕུན་སུམ་ཚོགས་པའི་དགེ་ལེགས་ཀྱི་སྣང་བ་རྒྱ་ཆེན་པོ་འབྱུང་བའི་ཕྱིར་ཤིས་པ་བརྗོད་པས་མཐའ་བསྡུ་བ་ནི། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། ཞེས་སོགས་བློཀ་གཅིག་གམ་གཞན་ཡང་ཇི་ལྟར་རིགས་པ་བརྗོད་ནས་གྲལ་ལ་འཁོད་དེ་བྱ་བའི་རིམ་པ་དཀྱུས་ལ་འཇུག་པར་བྱའོ། །སླར་སྨྲས་པ། དམ་ཆོས་བདུད་རྩིའི་སྙིང་པོས་ལྕི་བའི་འབེལ་གཏམ་སྤྲིན་གྱི་རྔ་གསང་གང་། །


JKT019_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་དཔྱིད་ཀྱི་མཛེས་མས་བསྐུལ་ལས་སྐལ་བཟང་དོན་གཉེར་རྨ་བྱའི་ཚོགས། །རྣ་བའི་བཅུད་ལེན་གསར་པ་འབབ་ཅིང་སྤྲོ་དགའི་ཟློས་གར་སྒྱུར་བ་དང་། །ལྷན་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་མངལ་ཁུར་མཆོག་གིས་ལྕི་བར་ཤོག །ཅེས་པའང་དོན་གཉེར་ཅན་དག་གིས་ཆེད་དུ་དྲིས་ཤིང་བསྐུལ་བའི་ངོར། ལོ་རྒྱུས་སྨྲ་བ་ལ་དགའ་བའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་བླ་བྲང་ཐར་པ་རྩེར་ཤིན་ཏུ་བསྡུས་པའི་ཚུལ་གྱིས་མགྱོགས་པར་སྦྱར་བ་ལས། སླད་ནས་ཀྱང་ཅུང་ཟད་གསལ་བར་བགྱིས་པའོ། །འདི་ལས་རྒྱས་པར་སྤྲོས་པའི་ངག་ཚིག་གི །པདྨོ་དགོད་པར་འདོད་ན་སྐབས་གཞན་དུ། ཁོ་བོས་སྨྲས་པའི་ལེགས་བཤད་ཉི་གཞོན་གྱི། །བཅུད་ལེན་ཅི་དགར་འཐུང་བའི་གར་རྩེན་ཤིག །སརྦ་དཱ་ཀ་ལྱ་ཎཾབྷ་བ་ཏུ།།


previousདམ་པའི་ཆོས་ཀྱི་བྱུང་བ་བརྗོད་པ་ལས་གཙོ་བོར་བརྩམས་པའི་གཏམ་སྐལ་བཟང་རྣ་བའི་བཅུད་ལེན།no next