Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༥༦༩ བར།no next

ཤོག་ལྷེབ་ ༥༠༡ ནས་ ༥༦༩ བར།


KMC002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་རླུང་གིས་མཐོ་བའི་མཁར་བཏེག་ནས། །ལྕགས་བསྲེགས་ས་གཞིར་བརྡབས་ཉེ་ཞུ་བའི་མོད། །འཇིགས་རུང་སེམས་ཅན་དམྱལ་བའི་ལུས་གྲུབ་ཅིང་། །དེ་ལ་དམྱལ་སྲུང་རྣམས་ཀྱིས་གསོད་པའི་ཚུལ། །རྣམ་པ་དུ་མས་ཉམ་ཐག་བྱེད་པར་འགྱུར། །དམྱལ་བ་ཡི་དྭགས་ཕལ་ཆེར་དག་ལ་ནི། །གཤིན་རྗེའི་སྐྱེས་བུས་གཤིན་རྗེའི་རྒྱལ་པོ་ཡི། །དྲུང་དུ་ཁྲིད་ནས་ལས་རྣམས་ལུང་བསྟན་ཏེ། །ཉམ་ཐག་ངང་ནས་ཉིང་མཚམས་སྦྱོར་བར་བཤད། །གཞན་ཡང་གྲང་བས་ཉེན་ཏེ་ཚ་བ་དང་། །ཚ་བས་ཉེན་ཏེ་གྲང་བར་གནས་ལ་སོགས། །བླང་དོར་སྲེད་པའི་དབང་གིས་སྐྱེ་བ་ལེན། །དེ་བཞིན་རྫུས་སྐྱེས་ཕལ་ཆེར་གནས་ལ་ཆགས། །དྲོད་གཤེར་སྐྱེས་ནི་དྲི་དང་རོ་ལ་ཆགས། །མངལ་དང་སྒོ་ང་དག་ལས་སྐྱེས་པའི་རིགས། །ཕོ་མོ་འདོད་པ་བསྟེན་ལ་ཆགས་པ་སྟེ། །དེ་ལྟར་འཁྲུལ་པའི་ལས་སྣང་སྣ་ཚོགས་པ། །སྐྱེ་བའི་འཁོར་ལོ་བར་མེད་


KMC002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་འགྱུར། །དེ་ཚེ་ཡུལ་རྐྱེན་བཟང་ངན་གང་མཐོང་ཡང་། །ནང་དུ་རང་རྒྱུད་འདུལ་བའི་གཉེན་པོ་བསྟེན། །གང་ལ་གོམས་པའི་ཉམས་ལེན་རྣལ་འབྱོར་རྣམས། །དེ་ཡི་དུས་སུ་འབྲལ་བ་མེད་པར་ཤོག །ཁྱད་པར་གཏུམ་མོ་བདེ་དྲོད་རང་འབར་དང་། །སྣང་སྲིད་སྒྱུ་ལུས་ཆོས་བརྒྱད་རང་གྲོལ་དང་། །རྨི་ལམ་གདམས་ངག་འཁྲུལ་པ་རང་སངས་དང་། །འོད་གསལ་མ་རིག་མུན་སེལ་འཆར་བར་ཤོག །བསྐྱེད་རིམ་བརྟན་པོས་ལྷ་སྔགས་ཕྱག་མཚན་དང་། །བླ་མར་མོས་པས་བླ་མའི་རྣལ་འབྱོར་དང་། །ཚུལ་ཁྲིམས་བསྲུང་བའི་དྲན་ཤེས་དྲག་པོ་སོགས། །མན་ངག་དུ་མས་སྐྱེ་སྒོ་གེགས་པར་ཤོག །གལ་ཏེ་ལས་དབང་དྲག་པོ་མི་ལྡོག་ན། །རྡོ་རྗེ་ཐེག་པའི་ལམ་མཆོག་སྒྲུབ་ནུས་པའི། ཁམས་དྲུག་ལྡན་པའི་ལུས་སུ་སྐྱེ་བ་ཡི། །རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིག་པར་ཤོག །སྐྱེ་བའི་གནས་ཚུལ་སྤྲུལ་སྐུར་སྐྱེས་པ་ཡིས། །སྣང་ཚུལ་གང་ལ་གང་འདུལ་སྟོན་


KMC002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པར་མོས། །འཇུག་གནས་འབྱུང་བའི་གནས་སྐབས་མ་འཁྲུལ་བར། །དྲན་བཞིན་ཤེས་བཞིན་སྐྱེ་བ་ལེན་པར་ཤོག །བདེ་ནས་བདེ་བའི་གནས་སུ་འགྲོ་བ་དང་། །དག་པའི་ཞིང་ནས་དག་པའི་ཞིང་དུ་རྒྱུ། །མ་དག་ཞིང་དུའང་སྙིང་རྗེས་རྣམ་རོལ་པས། །སངས་རྒྱས་ཀུན་གྱི་ཕྲིན་ལས་སྒྲུབ་པར་ཤོག །མདོར་ན་ཕྱིན་ཆད་འདི་བྱ་འདི་བྱེད་ཅེས། །ད་ལྟ་ཡིད་ལ་བྱང་ཞིང་ཆུབ་པ་ན། །ཕྱི་མའི་དམིགས་རྐྱེན་མཐོང་ཚེ་ཐོག་ཏུ་ཁེལ། །དེ་བཞིན་བར་དོ་འཕོ་བ་འབྱོངས་པར་ཤོག །ཅེས་པ་བཙུན་པ་དཀོན་མཆོག་འབངས་ཀྱིས་སྦྱར།། །།སྨོན་ལམ་ཆེན་མོ་ནི། ཕྱོགས་བཅུའི་ཞིང་རབ་འབྱམས་མཐའ་དང་དབུས་མེད་པ་ཇི་སྙེད་པ་རྣམས་ན། དུས་གསུམ་ན་གཤེགས་ཤིང་གཤེགས་པ་དང་གཤེགས་པར་འགྱུར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ལྷ་དང་། དྲང་སྲོང་དང་། རིག་སྔགས་འཆང་བ་ལ་སོགས་པ་བདེན་པ་གྲུབ་


KMC002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གིས་ཐོག་མ་མ་མཆིས་པ་ནས་མཐའ་མ་མ་མཆིས་པའི་བར་དུ་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་ཐམས་ཅད་དང་། ཁྱད་པར་དུ་འཛམ་བུ་གླིང་གི་རྒྱན་ཕུན་སུམ་ཚོགས་པའི་གནས་སྒར་ཆེན་འདི་ཉིད་དུ་ཡིད་ཀྱིས་རྣམ་པར་འཕྲུལ་པའི་གཞལ་མེད་ཁང་པ་བཀོད་པ་ངོ་མཚར་ཕུན་སུམ་ཚོགས་པ་འདི་ཉིད་དུ་རྒྱལ་བ་ཉིད་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པའི་བྱིན་གྱིས་བརླབས་པའི་དུས་ཁྱད་པར་ཅན་ལ། རྒྱལ་བ་སྐུ་བལྟམས་པའམ། མངོན་པར་བྱང་ཆུབ་པའི་དང་། མྱ་ངན་ལས་འདས་པའི་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའི་དང་། རྒྱལ་བ་ལྷ་ལས་བབས་པའི་བྱིན་གྱིས་བརླབས་པའི་དུས་ཁྱད་པར་ཅན་ལ། ཞེས་སོགས་འདོན་པ་བསྒྱུར། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ཀྱི་འཁོར་དང་བཅས་པ་


KMC002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤྱན་དྲངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་སྨན་པ་དང་། ཕན་བདེ་ཕུན་སུམ་ཚོགས་པ་འབྱུང་བའི་སླད་དུ། ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་འཁོར་བསྐོར་བར་བསྐུལ་བ་དང་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། དགེ་བ་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ་བ་ལ་སོགས་པའི་དགེ་བའི་རྩ་བ་དང་། གཞན་ཡང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། བདག་ཅག་སེམས་ཅན་ཇི་སྙེད་པ་རྣམས་ཀྱིས་དགེ་བའི་རྩ་བ་བགྱིས་པ་དང་། བགྱིད་པར་འགྱུར་བ་དང་། བགྱིད་བཞིན་པ་དང་། གཞན་ལ་བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་


KMC002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྩ་བ་ཅི་ཡོད་པ་རྣམས་ཀྱི་མཐུ་དང་སྟོབས་ལས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་མ་དག་པ་ཐམས་ཅད་དང་བྲལ་ཞིང་རྣམ་པར་དག་པའི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་དང་ལྡན་པར་གྱུར་ཅིག །དམྱལ་བའི་འཇིག་རྟེན་གྱི་ཁམས་དང་། གཤིན་རྗེའི་འཇིག་རྟེན་གྱི་ཁམས་དང་། དུད་འགྲོའི་འཇིག་རྟེན་གྱི་ཁམས་སྔར་ཆགས་པ་ཐམས་ཅད་ཞིག་ཅིང་སྟོངས་པར་གྱུར་ཅིག །ཕྱིན་ཆད་ཆགས་པར་མ་གྱུར་ཅིག །གལ་ཏེ་ལས་ཀྱི་དབང་གིས་ཞིག་པར་མ་གྱུར་ན་ཡང་། ལྕགས་བསྲེགས་ཀྱི་ས་གཞི་དང་། ཁང་པ་དང་། རྭ་བ་ལ་སོགས་པ་རྣམས་ཡིད་དུ་འོང་ཞིང་བསིལ་དྲོད་སྙོམས་ལ་བདེ་བ་སྐྱེད་ནུས་པའི་རང་བཞིན་དུ་གྱུར་ཅིག །ཆུ་ཚན་ཁོལ་མ་ཐམས་ཅད་ནི་ཁྲུས་ཀྱི་རྫིང་ཡན་ལག་བརྒྱད་དང་ལྡན་པ་པདྨོ་སྣ་ཚོགས་ཀྱིས་ཁེབས་ཤིང་ངང་པ་ལ་སོགས་སྒྲ་སྙན་པར་སྒྲོགས་པར་གྱུར་ཅིག །ལྕགས་བསྲེགས་ཀྱི་གཏུན་དང་། རི་བོ་འཐབ་པ་ལ་


KMC002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐམས་ཅད་ནི་མེ་ཏོག་གི་ཆར་དུ་གྱུར་ཅིག །ཐལ་ཚན་ཆུ་བོ་རབ་མེད་དང་རོ་མྱགས་ཀྱི་འདམ་དང་། སྤུ་གྲིའི་ཚལ་ལ་སོགས་པ་རྣམས་ནི་ལྗོན་ཤིང་དང་། མེ་ཏོག་དང་། འབྲས་བུ་དང་། སྨན་གྱི་རིགས་ལ་སོགས་པས་མཛེས་པའི་སྐྱེད་མོས་ཚལ་དུ་གྱུར་ཅིག །ཤལ་མ་ལི་ཡང་རིན་པོ་ཆེའི་རི་བོ་ལྗོན་ཤིང་ཡིད་དུ་འོང་བ་དུ་མ་དང་། ས་གཞི་ཤིན་ཏུ་འཇམ་པའི་རྩྭ་སྔོན་པོ་དང་མེ་ཏོག་ལ་སོགས་པས་ཁེབས་པ་དག་ཏུ་གྱུར་ཅིག །དམྱལ་སྲུང་འཇིགས་སུ་རུང་བ་དང་། སེང་གེ་དང་ཁྱི་ལ་སོགས་པ་ཐམས་ཅད་ལྷའི་བུ་དང་བུ་མོ་ལ་སོགས་པ་དང་། རྟ་མཆོག་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་ལྟ་བུ་ཤ་སྟག་ཏུ་གྱུར་ཅིག །དམྱལ་བའི་སེམས་ཅན་རྣམས་སྐྱེས་མ་ཐག་ཏུ་སེ་གོལ་གཏོགས་པའི་ཡུད་ཙམ་དུའང་དེར་མི་གནས་པར་ཚེ་འཕོས་ནས་བདེ་འགྲོ་མཐོ་རིས་ཀྱི་མཆོག་ཏུ་སྐྱེ་བར་གྱུར་ཅིག །གཤིན་རྗེའི་འཇིག་རྟེན་ཏུ་སྐྱེ་བར་འགྱུར་བའི་ལས་


KMC002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བྱས་པ་ཐམས་ཅད་ཟད་ནས་དེར་མི་སྐྱེ་བར་གྱུར་ཅིག །གལ་ཏེ་སྐྱེས་པར་གྱུར་ན་ཡང་དེ་མ་ཐག་ཏུ་དེ་ནས་ཚེ་འཕོས་ནས་བདེ་འགྲོ་མཐོ་རིས་ཀྱི་མཆོག་ཏུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་ཚེ་འཕོ་བར་མ་གྱུར་ནའང་། གཤིན་རྗེའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་ཅིང་མནན་ན་ནེམ་བྱེད་པ། བཏེག་ན་སྤར་བྱེད་པ། ཡིད་དུ་འོང་བའི་ཡོ་བྱད་དུ་མས་གང་བར་གྱུར་ཅིག །གཞན་ཡང་ས་གཞི་ལ་བཟར་རུང་བའི་འབྲས་བུ་ལོ་མ་ལ་སོགས་པ་སྣ་ཚོགས་པའི་བཟའ་བཏུང་སྣ་ཚོགས་པས་གང་བར་འགྱུར་ཞིང་། ནམ་མཁའ་ནས་ཀྱང་བཟའ་བཏུང་སྣ་ཚོགས་ཀྱི་ཆར་འབབ་པར་གྱུར་ཅིག །ཉི་མ་དང་ཟླ་བའི་འོད་རྟག་ཏུ་འབྱུང་ཞིང་། །སོས་ཀའི་དུས་བསིལ་ཞིང་དགུན་གྱི་ཚེ་དྲོ་བར་གྱུར་ཅིག །ས་ཕྱོགས་ཐམས་ཅད་དུ་ཆུ་གཙང་བ་ཡན་ལག་བརྒྱད་དང་ལྡན་པ་གྱ་གྱུར་འབབ་ཅིང་། ལྗོན་ཤིང་ཡིད་དུ་འོང་བའི་གྲིབ་


KMC002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་དག་བསྐམས་པ་མེད་པར་སྣང་བར་གྱུར་ཅིག །བྱོལ་སོང་གི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་བའི་ལས་གང་གིས་བྱས་པ་ཐམས་ཅད་ཟད་ནས་དེར་མི་སྐྱེ་བར་གྱུར་ཅིག །གལ་ཏེ་སྐྱེས་པར་གྱུར་ནའང་དེ་མ་ཐག་ཏུ་ཚེ་འཕོས་ནས། བདེ་འགྲོ་མཐོ་རིས་ཀྱི་མཆོག་ཏུ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་ཚེ་འཕོ་བར་མ་གྱུར་ནའང་གླེན་ཞིང་རྨུགས་པ་མ་ཡིན་པར་མིའི་མཆོག་ལྟར་བློ་གསལ་ཞིང་རྨོངས་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག །གཞན་གྱི་དབང་དུ་མི་འགྱུར་བར་ཐམས་ཅད་དུ་རང་དབང་ཐོབ་པར་གྱུར་ཅིག །བལ་ལ་སོགས་པ་འདྲེག་པ་དང་། འདེད་པ་དང་། བཀལ་བ་དང་། གསོད་པ་དང་། གཅིག་གིས་གཅིག་ལ་གནོད་པ་སྐྱེལ་བ་སོགས་ཀྱི་སྡུག་བསྔལ་དང་བྲལ་ཞིང་། ཐམས་ཅད་བག་ཡངས་སུ་རྒྱུ་བ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་ཇི་ལྟར་འདོད་པ་རྙེད་པ་སོགས་མཐོ་རིས་ཀྱི་མཆོག་བདེ་བ་དང་ལྡན་པར་


KMC002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཀླུ་རྣམས་ཀྱང་ནམ་མཁའ་ལྡིང་གི་གནོད་པ་མེད་ཅིང་། བྱེ་ཚན་གྱི་ཆར་རྣམས་ཀྱང་རིན་པོ་ཆེ་དང་མེ་ཏོག་གི་ཆར་དུ་གྱུར་ཅིག །མི་ཡི་འཇིག་རྟེན་གྱི་ཁམས་རྣམས་སུ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་ཡང་དང་ཡང་དུ་འབྱུང་བར་གྱུར་ཅིག །དུས་ཐམས་ཅད་དུ་རྫོགས་ལྡན་གྱི་དུས་དང་མཚུངས་པར་གྱུར་ཅིག །སྣོད་ཀྱི་འཇིག་རྟེན་དུ་ཡང་གཅོང་རོང་དང་རི་བྲག་ཚང་ཚིང་མི་གཙང་བའི་ཁྲོན་པ་དང་། ཚེར་མ་ཅན་གྱི་ཤིང་ལ་སོགས་པ་མེད་ཅིང་ལག་མཐིལ་ལྟར་མཉམ་པ་དང་། མཐའ་གྲུ་ཆེ་ཞིང་མནན་ན་ནེམ་བཏེག་ན་སྤར་བྱེད་པ། ཐམས་ཅད་དུ་ནེའུ་གསིང་དང་མེ་ཏོག་སྣ་ཚོགས་ཀྱིས་གང་ཞིང་། བཟར་རུང་བའི་ལོ་ཏོག་མ་རྨོས་པར་འཁྲུངས་པ་དང་། ལོ་ཏོག་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་ཞིང་། འབྲས་བུ་ཅན་གྱི་ཤིང་དང་སྨན་གྱི་རིགས་རྣམ་པ་སྣ་ཚོགས་པ་ཅི་ལྟར་འདོད་པ་བཞིན་དུ་སྐྱེ་བར་གྱུར་ཅིག །


KMC002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གི་རིགས་ལ་སོགས་པ་ལུས་ལ་ནད་སྐྱེད་པར་བྱེད་པ་གང་ཡང་འབྱུང་བར་མ་གྱུར་ཅིག །གཞན་ཡང་རིན་པོ་ཆེ་དང་གོས་ལ་སོགས་པ་མཁོ་བའི་ཡོ་བྱད་ཐམས་ཅད་བསམས་པ་ཙམ་གྱིས་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ནམ་མཁའ་ལས་ཀྱང་རིན་པོ་ཆེ་དང་། འབྲས་བུ་ལ་སོགས་པ་མཁོ་བའི་ཡོ་བྱད་ཐམས་ཅད་རྫོགས་ལྡན་གྱི་དུས་ལྟར་ཆར་དུ་འབབ་པར་གྱུར་ཅིག །མི་ཐམས་ཅད་ཀྱང་མངལ་དུ་བདེ་བར་གནས་ཤིང་བདེ་བར་བཙའ་བ་དང་ལུས་ལ་ནད་ཀྱི་རིགས་གང་ཡང་མི་འབྱུང་བར་གྱུར་ཅིག །གལ་ཏེ་ན་ན་ཡང་སྨན་པ་དང་སྨན་གྱིས་འབྱོར་ཞིང་མྱུར་དུ་སོས་པར་གྱུར་ཅིག །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོན་པ་རྣམས་ཀྱིས་ལྷའི་རྣ་བ་ཐོབ་པར་གྱུར་ཅིག །ལོང་བ་རྣམས་ཀྱིས་ལྷའི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཅིག །ལྐུགས་པ་རྣམས་ཀྱིས་སྨྲ་མཁས་པ་ཐོབ་པར་གྱུར་ཅིག །སྨྱོན་པ་རྣམས་ཀྱིས་དྲན་པ་རྙེད་པར་


KMC002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །མི་ཐམས་ཅད་ཀྱང་གཟུགས་བཟང་ཞིང་སྨྲ་མཁས་པ་དང་། ཡིད་གཞུངས་ཤིང་བློ་གྲོས་དང་ལྡན་པ་སོགས་བསྔགས་པར་འོས་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་བར་གྱུར་ཅིག །བཙོན་དུ་གནས་པ་དང་། གསད་པར་བྱ་བ་རྣམས་བདེ་བར་ཐར་བར་གྱུར་ཅིག །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་བྲལ་བར་གྱུར་ཅིག །སྡུག་པ་ཡིད་དུ་འོང་བ་རྣམས་དང་མི་འབྲལ་བར་གྱུར་ཅིག །མི་སྡུག་པ་ཡིད་དུ་མི་འོང་བ་རྣམས་དང་ཕྲད་པར་མ་གྱུར་ཅིག །ཐམས་ཅད་ཀྱང་ཕན་ཚུན་འཐབ་པ་དང་རྩོད་པ་མེད་པར་གཅིག་ལ་གཅིག་བརྩེ་བ་རྟག་ཏུ་གནས་པར་གྱུར་ཅིག །ཐམས་ཅད་དུ་དུས་མ་ཡིན་པར་འཆི་བ་མེད་པར་ཚེ་རིང་བར་གྱུར་ཅིག །བསམས་པའི་དོན་ཐམས་ཅད་དམ་པའི་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །ཐམས་ཅད་དུ་མཐའ་འཁོབ་དང་ཀླ་ཀློ་མེད་པར་དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་


KMC002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དལ་འབྱོར་དང་ལྡན་པའི་ལུས་ཐོབ་ནས་འཁོར་བ་མེ་འབར་བའི་ཀློང་ལྟ་བུར་མཐོང་སྟེ་དེ་ལས་ཐར་བར་འདོད་པའི་བློ་སྐྱེ་བར་གྱུར་ཅིག །ཐར་པ་དོན་གཉེར་གྱི་བློ་སྐྱེས་ནས་ཅི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་རྙེད་ཅིང་གུས་པ་ཆེན་པོས་ཚུལ་བཞིན་དུ་བསྟེན་པར་གྱུར་ཅིག །མ་གུས་པ་སོགས་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཁ་ན་མ་ཐོ་བ་རྣམ་པ་ཐམས་ཅད་དུ་འབྱུང་བར་མ་གྱུར་ཅིག །དགེ་བའི་བཤེས་གཉེན་ལས་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ཚང་ལ་མ་ནོར་བ་ཉོན་ཅིག །གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་མྱུར་དུ་རྟོགས་པར་ནུས་པའི་བློ་གྲོས་དང་ལྡན་པར་གྱུར་ཅིག །ཇི་ལྟར་ཐོས་པའི་དོན་རྣམས་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལ་བརྩོན་པ་དང་ལྡན་པར་གྱུར་ཅིག །འཇིག་རྟེན་གྱི་ཕན་བདེ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས། རྒྱལ་བའི་བསྟན་


KMC002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྱོགས་ཐམས་ཅད་དུ་ནུབ་པ་མེད་པར་དར་ཞིང་རྒྱས་པར་གྱུར་ཅིག །དགེ་འདུན་ཐམས་ཅད་ཀྱང་ཆོས་སྤྱོད་བཅུ་དང་འཁོར་ལོ་གཉིས་ལ་སོགས་པ་སྒོ་གསུམ་དགེ་བའི་བྱ་བ་ཁོ་ན་ལ་ཉིན་མཚན་ཐམས་ཅད་དུ་བརྩོན་པར་གྱུར་ཅིག །དགེ་འདུན་མཐུན་ཞིང་དགེ་འདུན་གྱི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག །རྒྱལ་པོ་དང་། བློན་པོ་དང་། འབངས་དང་། ཁྱིམ་བདག་ལ་སོགས་པ་ཐམས་ཅད་དཀོན་མཆོག་ལ་ཤིན་ཏུ་དད་ཅིང་གུས་པའི་སེམས་དང་ལྡན་པར་གྱུར་ཅིག །སྐྱེ་བོ་ཐམས་ཅད་ཀྱང་དགེ་བའི་བྱ་བ་ལ་དགའ་ཞིང་བརྩོན་པར་གྱུར་ཅིག །ལྷ་མ་ཡིན་རྣམས་ཀྱི་ལྷའི་དཔལ་ལ་ཕྲག་དོག་གི་སེམས་ཉེ་བར་ཞི་བར་གྱུར་ཅིག །གལ་ཏེ་འཐབ་པའི་ཚེ་ཡང་ལུས་རྨས་པ་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིག །ཐམས་ཅད་ཀྱང་དཀོན་མཆོག་གསུམ་གྱི་སྒྲ་ཐོས་ཤིང་གུས་པ་དང་དགེ་བ་ལ་གཅིག་ཏུ་དགའ་ཞིང་བརྩོན་པར་གྱུར་ཅིག །ལྷ་


KMC002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ལྷ་མ་ཡིན་དང་འཐབ་པ་དང་། རྨས་པ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་དང་བྲལ་བར་གྱུར་ཅིག །གཞན་ཡང་སྤྱུགས་པ་དང་། ཆེ་བས་ཆུང་བ་ཟིལ་གྱིས་གནོན་པ་དང་། འཆི་འཕོ་བའི་ལྟས་མི་འབྱུང་ཞིང་སྡུག་བསྔལ་ཐམས་ཅད་དང་བྲལ་ནས་རྟག་ཏུ་བདེ་བ་དང་ལྡན་པར་གྱུར་ཅིག །བག་མེད་པ་ལས་བསྐུལ་བའི་ཆོས་ཀྱི་རྔ་བོ་ཆེ་ལྷ་ཐམས་ཅད་གྱིས་ཐོས་པར་རྟག་ཏུ་གྲག་ཅིང་། རོལ་མོ་གཞན་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བར་གྱུར་ཅིག །ཐམས་ཅད་ཀྱང་དཀོན་མཆོག་གི་སྒྲ་ཐོས་ཤིང་གུས་པ་དང་དགེ་བ་ལ་གཅིག་ཏུ་བརྩོན་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱང་རྫོགས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ཅིང་ཉམས་པར་མ་གྱུར་ཅིག །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་རང་གི་མྱང་འདས་ཀྱི་བྱང་ཆུབ་མངོན་དུ་བྱེད་ཅིང་རིང་པོར་མི་ཐོགས་པར་བྱང་ཆུབ་ཆེན་པོར་སེམས་


KMC002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ནས་ཐེག་པ་ཆེན་པོར་འཇུག་པར་གྱུར་ཅིག །བྱང་ཆུབ་སེམས་དཔའ་རྣམས་ཀྱང་འགྲོ་བའི་དོན་ཇི་ལྟར་དགོངས་པ་བཞིན་དུ་འགྲུབ་པར་གྱུར་ཅིག །བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་ཐམས་ཅད་མྱུར་དུ་འགྲུབ་ཅིང་རྫོགས་པར་གྱུར་ཅིག །རང་རང་གི་གདུལ་བྱ་དཔག་ཏུ་མེད་པ་མྱུར་དུ་སྨིན་པར་བྱེད་ཅིང་། རང་གི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་སྦྱངས་ནས་མྱུར་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པར་གྱུར་ཅིག །སངས་རྒྱས་ནས་སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཁྱབ་ཅིང་རྒྱུན་མི་འཆད་པའི་སྤྲུལ་པའི་སྐུས་ཆོས་ཀྱི་འཁོར་ལོ་མྱུར་དུ་བསྐོར་ནས། གདུལ་བྱ་རིགས་ཅན་གསུམ་གྱི་ཉན་ཐོས་དང་རང་སངས་རྒྱས་གྱི་རིགས་ཅན་རྣམས་གནས་སྐབས་དང་། རང་གི་བྱང་ཆུབ་དང་། ཐམས་ཅད་ཀྱང་མཐར་ཐུག་བྱང་ཆུབ་ཆེན་པོའི་ས་ལ་འགོད་པར་གྱུར་ཅིག །རྒྱལ་


KMC002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བའི་བསྟན་པ་དྲི་མ་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་དར་ཞིང་རྒྱས་པ་དང་ནམ་ཡང་ནུབ་པར་མ་གྱུར་ཅིག །དེ་ལྟ་བུ་ལ་བདུད་ཀྱི་རིགས་ཐམས་ཅད་ཀྱིས་གླགས་ཚོལ་བར་མི་བྱེད་ཅིང་། གལ་ཏེ་བྱས་ཀྱང་དེའི་དབང་དུ་མི་འགྲོ་བར་གྱུར་ཅིག །མདོར་ན་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྨོན་ལམ་བཏབ་པ་དང་། ད་ལྟར་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྨོན་ལམ་འདེབས་བཞིན་པ་དང་། །མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྨོན་ལམ་འདེབས་པར་འགྱུར་བ་ཇི་སྙེད་པ་དེ་སྙེད་དུ་བདག་གིས་ཀྱང་སྨོན་ལམ་འདེབས་སོ། །སེམས་ཅན་རེ་རེའི་དྲུང་དུ་ཡང་གང་ལ་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་བསྟན་ཏེ་དེ་དག་ལ་ཕན་པ་དང་། བདེ་བ་དང་། ལེགས་པ་ཐམས་ཅད་སྒྲུབ་ཅིང་། སྐྱོན་དང་། སྡུག་བསྔལ་དང་། མྱ་ངན་དང་འཇིགས་པ་ཐམས་ཅད་བསལ་ནས། ཐར་པ་དང་ཐམས་


KMC002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མཁྱེན་པའི་གོ་འཕང་ལ་བདག་གིས་འཇོག་པར་གྱུར་ཅིག །སེམས་ཅན་གཅིག་ཅི་ལྟ་བར་སེམས་ཅན་མ་ལུས་པ་ལ་དེ་ལྟ་བུར་བགྱིད་པར་གྱུར་ཅིག །བདག་སེམས་ཅན་ཐམས་ཅད་ཀྱི་ཕ་དང་། མ་དང་། མཛའ་བོ་དང་། གཉེན་དང་རྒྱལ་པོ་ལྟ་བུར་གྱུར་ཅིག །སྨན་དང་། ཟས་དང་། གོས་ལ་སོགས་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལྟ་བུར་བདག་དང་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོའི་གཞིར་གྱུར་ཅིག །མདོར་ན་བདག་གིས་སེམས་ཅན་ཐམས་ཅད་ལ་གང་ལ་གང་ཕན་པ་དང་། ཇི་ལྟར་འདོད་པའི་རེ་བ་ཐམས་ཅད་ཡིད་དང་མཐུན་པར་སྐོང་བར་གྱུར་ཅིག །བདག་གིས་ཡེ་ཤེས་ཀྱི་ལུས་ཐོབ་ནའང་སེམས་ཅན་སྡིག་པོ་ཆེ་སྒྲིབ་པ་ཤིན་ཏུ་འཐུག་པོ་དག་གིས་སྒྲིབ་པ་ཅུང་ཟད་ཀྱང་བསྲབས་པར་མ་བྱས་ཀྱང་མཐོང་བར་གྱུར་ཅིག །ཁྱད་པར་དུ་དཔལ་ལྡན་དུས་གསུམ་མཁྱེན་པས་འདས་པའི་དུས་དཔག་ཏུ་མེད་པ་ནས་དུས་གསུམ་


KMC002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་བར་སྨོན་ལམ་བཏབ་པར་མཛད་པ་དེ་བཞིན་དུ། བདག་མིང་ཆོས་གྲགས་རྒྱ་མཚོ་ཞེས་བགྱི་བས། ཕྱོགས་བཅུའི་མཐའ་ཀླས་པར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་པ་མཐའ་དག་ལ་དབང་བསྒྱུར་ཞིང་སྒྲུབ་པ་པོར་གྱུར་ཅིག །རྒྱལ་བ་ཐམས་ཅད་ཀྱི་བསྟན་པ་མ་ལུས་པ་ཡང་བདག་གིས་འཛིན་ཅིང་། ནམ་མཁའ་གནས་ཀྱི་བར་དུ་ནུབ་པ་མེད་པར་ནམ་མཁའི་མཐའ་ཀླས་པར་སྤེལ་ནུས་པར་གྱུར་ཅིག །ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀརྨ་པ་ཆེན་པོའི་གནས་མཆོག་ཆོས་ཀྱི་ཕོ་བྲང་ཆེན་པོ་འོག་མིན་རབ་འབྱམས་རྡོ་རྗེ་གདན་གྱི་བདག་ཉིད། འཁོར་འདས་ཐམས་ཅད་ཡོངས་སུ་འདུ་བའི་སྒར་ཆེན་ཤེས་བྱ་ཡོངས་ཀྱི་རྒྱན་འདི་དང་། གཞན་ཡང་ཤེས་བྱའི་དཀྱིལ་འཁོར་རྒྱ་ཡོངས་སུ་མ་ཆད་པའི་ཁོངས་འདིར་སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་སྙིང་པོ་དྭགས་པོ་བཀའ་


KMC002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ཀྱི་བསྟན་པས་ཡོངས་སུ་ཁྱབ་པར་གྱུར་ཅིག །བསྟན་པ་དེ་དག་གི་སྟོན་པ་དམ་པ་རྒྱལ་བ་ཀརྨ་པའི་སྐུའི་སྣང་བརྙན་འདི་ཉིད་གདུལ་བྱ་མ་དག་པའི་ངོར་བསྐལ་པ་ཁྲི་ཚོར་ཞབས་བརྟན་པར་གྱུར་ཅིག །དེ་ལྟར་ཞབས་བརྟན་པའི་ཕྲིན་ལས་ཀྱིས་རིགས་ཅན་གསུམ་གྱི་གདུལ་བྱ་དག་རང་རང་གི་ཐེག་པའི་ས་བཅུ་ལམ་ལྔའི་རྟོགས་པ་ཁྱད་པར་ཅན་སྐད་ཅིག་སྐད་ཅིག་ལ་མངོན་དུ་བྱེད་ནུས་པར་གྱུར་ཅིག །དེ་ལ་བདུད་སྡིག་ཏོ་ཅན་གྱིས་གླགས་མི་རྙེད་པར་བདུད་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་སྐྱོང་བར་བྱེད་པར་གྱུར་ཅིག །ཕྱོགས་བཅུ་དུས་གསུམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ལྷ་དང་། དྲང་སྲོང་དང་། གྲུབ་པ་ལ་སོགས་པ་བདེན་པ་གྲུབ་པ་ཐམས་ཅད་ཀྱི་བདེན་ཚིག་གི་མཐུ་དང་། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། ཆོས་ཐམས་ཅད་ཀྱི་རྒྱུ་


KMC002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བསླུ་བ་མེད་པའི་བདེན་པ་དང་། སྔགས་དང་། སྨན་དང་། རྫས་རྣམས་ཀྱི་མཐུ་དང་། དཀོན་མཆོག་གསུམ་གྱི་བདེན་པ་ཆེན་པོའི་མཐུ་ལས། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཡིད་ལ་བསམས་པའི་དོན་ཐམས་ཅད་དང་སྨོན་ལམ་ཇི་ལྟར་བཏབ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་ཞིང་རྣམ་པར་རྒྱལ་ནས། བཀྲ་ཤིས་ཕུན་སུམ་ཚོགས་པ་ཐམས་ཅད་མ་ཚང་བ་མེད་པས་དུས་ཐམས་ཅད་དུ་ཁྱབ་ཅིང་འབྱོར་པར་གྱུར་ཅིག །ཁྱད་པར་དུ་འཛམ་བུའི་གླིང་འདི་ཉིད་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་མེ་ཉག་འགའི་རྒྱལ་པོ། ཇིང་གིར་ཧོར་གྱི་རྒྱལ་བརྒྱུད་དང་། རྒྱ་ནག་རྒྱལ་པོ་ཆེན་པོའི་བརྒྱུད་པ་ལ་སོགས་པས་རྒྱལ་བ་ཀརྨ་པ་སོགས་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ཐམས་ཅད་ཀྱི་སྦྱིན་པའི་བདག་པོ་མཛད་དེ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་


KMC002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་སྒྲོལ་བའི་ཐུགས་ཀྱི་དགོངས་པ་དེ་ཐམས་ཅད་ཀྱང་མྱུར་དུ་འགྲུབ་པའི་ཕྱིར་དུ་བསྔོ་བས་མྱུར་དུ་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་པོ་ཆེན་པོ་དེ་དག་གིས་བསམ་སྦྱོར་ཇི་ལྟ་བུ་མཛད་པ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟའི་བསམ་སྦྱོར་རྨ་མེད་པར་བྱེད་པར་གྱུར་ཅིག །ཁྱད་པར་དུ་ཡང་སྙིགས་མའི་དུས་འདིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཞན་གང་གིས་ཀྱང་སྐུ་གསུང་ཐུགས་ཀྱི་སྣང་བ་འཆར་མི་རུང་བའི་གདུལ་བྱའི་ངོར། མཁྱེན་བརྩེ་ནུས་གསུམ་ཐོགས་པ་མེད་པར་སྟོན་ནུས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀརྨ་པ་དང་། འཕགས་པ་འཇམ་པའི་དཔལ་དང་། གསང་བའི་བདག་པོ་སོགས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡོན་མཆོད་དུ་སྤྲུལ་ཏེ། སྟོན་འཁོར་ཐ་མི་དད་ཀྱི་ཕྲིན་ལས་ཀྱིས་འཛམ་བུའི་གླིང་འདི་ལ་སོགས་ཏེ་ནམ་མཁའི་མཐའ་ཀླས་པར་འཁོར་བ་དང་ངན་སོང་གི་རྒྱུན་སྟོངས་ཤིང་ཐར་པ་དང་


KMC002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པའི་ཕྲིན་ལས་རབ་ཏུ་རྒྱས་ཤིང་འབྱོར་པར་གྱུར་ཅིག །དེ་ལྟ་བུའི་སྨོན་ལམ་ལ་སོགས་པའི་འཁོར་འདས་ཀྱི་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་དུ་བསྔོ་བས་མྱུར་དུ་འགྲུབ་པར་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏ དྱ་ཐཱ། པཉྩེཎྡྲི་ཡ། ཨ་བ་བོ་དྷ་ནེ་སྭཱ་ཧཱ། སྨོན་ལམ་འགྲུབ་པའི་གཟུངས་སོ། །ཏ ཏྱ་ཐཱ། ནཀྵ་ཏྲ། སརྦ་ཏི་ཐཱ་ན། ཤ་ཏྲི་ན། མེ་ས་མེ་ཏ་དྷ་ནི་བྱ་བནྟུ་སྭཱ་ཧཱ། དོན་ཐམས་ཅད་གྲུབ་བོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། པཉྩེཎྡྲི་ཡ། ཨ་བ་བོ་དྷ་ནེ་སྭཱ་ཧཱ། སྨོན་ལམ་ཆེན་མོ་འདི་ཉིད་རྗེ་ཆོས་གྲགས་རྒྱ་མཚོས་མཛད་པ་ལ་


KMC002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བརྒྱད་པས་རྒྱས་བསྡུས་ལ་སྣོན་འབྲི་དང་བླང་དོར་གསལ་བར་ཕྱེ་སྟེ་ཡིད་ཆེས་ཤིང་ཁུངས་བཙུན་པའི་གནས་ཁོ་ནའོ།། །།དེ་ནས་སྨོན་ལམ་ཐོར་བུའི་སྐོར་ནི། རྟག་པར་ཐེག་ཆེན་བཤེས་ཀྱི་མགོན་གྱུར་ཅིང་། །རྙེད་དང་བཀུར་སྟི་རིམ་གྲོ་བསྒྲུབ་པ་ཡིས། །དཀོན་མཆོག་བླ་མའི་བཀའ་ལ་ནན་ཏན་དུ། །གུས་པ་ཆེན་པོས་བསྟན་པ་འཕེལ་གྱུར་ཅིག །བླ་མེད་རྫོགས་སངས་མཆོག་གི་རྒྱུར་གྱུར་པ། །མཐའ་ཡས་འགྲོ་བ་མ་ལུས་སྒྲོལ་བའི་གྲུ། །བྱང་ཆུབ་སེམས་ཀྱི་ཐེག་པ་མི་དམན་པ། །ཟབ་དང་རྒྱ་ཆེ་རྟག་པར་གླེང་གྱུར་ཅིག །བྱང་ཆུབ་དམ་པ་གང་གི་སྤྱོད་པའི་རབ། རྨད་བྱུང་སྦྱིན་པ་ལ་སོགས་ཕ་རོལ་ཕྱིན། །ཐོག་མེད་དུས་ནས་རྙེད་དཀའི་རིན་པོ་ཆེ། །ཕུན་ཚོགས་མ་ལུས་བདེ་བར་འབྱོར་གྱུར་ཅིག །སྒྲིབ་པའི་མུན་པ་འཐུག་པོ་གར་གནས་པར། །ཡེ་ཤེས་འོད་ཟེར་གསལ་བའི་དཔལ་འགྲོ་བ། །ཡེ་ཤེས་རྡོ་རྗེ་རྣོན་པོའི་བཙུན་མོ་མཆོག །ཤེས་རབ་ཕ་རོལ་ཕྱིན་མས་དགེ་གྱུར་ཅིག །ཐེག་མཆོག་ལམ་གྱི་རྩེ་


KMC002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྡོ་རྗེའི་ས། །གྲུབ་པའི་དབང་ཕྱུག་རྣམས་ཀྱི་དཀྱིལ་འཁོར་ཆེ། །ཕྱག་རྒྱ་ཕྱེད་པར་བཀའ་བའི་བདུད་རྩི་ལ། །བློ་བཟང་དབང་པོའི་རྟོགས་པ་རྒྱས་གྱུར་ཅིག །འཆི་མེད་རབ་དགའ་གྲུབ་པའི་བདེ་བ་ན། །འགྲོ་ཀུན་མཐའ་གཉིས་ལམ་ནས་ལྡང་བའི་སྒྲ། །གསང་བ་རྡོ་རྗེའི་དམ་ཆོས་འབྱུང་བའི་རྔ་། །སྐལ་པ་མཆོག་གི་རྣ་བར་བརྡུང་གྱུར་ཅིག །ཇི་སྲིད་དེ་ལྟའི་དབང་ཕྱུག་མ་ཐོབ་པར། །བཀའ་བརྒྱུད་རྣམས་ལས་དྭགས་པོ་བཀའ་བརྒྱུད་དང་། །སྒྲུབ་བརྒྱུད་རྣམས་ལས་ཀརྨ་བཀའ་བརྒྱུད་ཀྱི། །གདམས་ངག་མ་ལུས་རྫོགས་པའི་སྣོད་གྱུར་ཅིག །ཅེས་པ་འདི་དད་པའི་ནོར་ཅན་རིན་ཆེན་དཔལ་མོས་བསྐུལ་བའི་ངོར། ཀརྨ་པ་མི་བསྐྱོད་བཟང་པོ་རྡོ་རྗེ་དགའ་བའི་དབྱངས་ཀྱིས་སྦྱར་བའོ། ། ན་མོ་གུ་རུ་ཀརྨ་ཀ་ཨཱཀྵོ་བྷྱ་བཛྲཱ་ཡ། གང་ཞིག་ཚངས་སོགས་དྲེགས་པ་ཅན་རྣམས་ཀྱང་། །དཀར་པོའི་ཕྱོགས་ལ་རབ་དད་དམ་པར་བསྔགས། །གཞན་འཕྲུལ་རྒྱལ་སོགས་ལོག་པར་སྒྲུབ་ལ་ཞུགས། །ལོག་


KMC002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་རྗེས་སུ་འཇུག་པར་མ་གྱུར་ཅིག །རྒྱལ་བའི་བསྟན་པ་འཛིན་དང་དེར་ཞུགས་པའི། །དལ་འབྱོར་སྐྱོན་མེད་ཐོབ་པའི་དུས་འདི་རུ། །དོན་ཆེན་ཡང་དག་གྲུབ་པར་མ་གྱུར་པར། །དུས་མིན་འཆི་སོགས་ནམ་ཡང་མ་གྱུར་ཅིག །རྒྱ་ཆེན་སྨོན་ལམ་སྟོབས་དང་བསོད་ནམས་ཚོགས། །ལྷུན་འགྲུབ་ཕྲིན་ལས་མཐའ་མེད་བསྒྲུབ་པའི་ཕྱིར། །དགེ་འདུན་སྡེ་སྐྱོང་རྒྱལ་བས་བསོད་ནམས་གཞི། །དུ་མ་གསུང་པ་བདག་གིས་འགྲུབ་གྱུར་ཅིག །ཚུལ་ཁྲིམས་མ་སྤགས་ཏིང་འཛིན་རྙོག་པ་བྲལ། །ཤེས་རབ་དྲི་མེད་ཆོས་མིག་ཀུན་འབྱེད་ཅིང་། །བློ་གྲོས་སངས་རྒྱས་ཆོས་རྣམས་སྐྱེད་བྱེད་པའི། །བསླབ་པ་གསུམ་ལ་ནན་ཏན་བྱེད་གྱུར་ཅིག །མ་ཆགས་གཏོང་དང་སེམས་ནི་ཚུལ་ཁྲིམས་ལྡན། །སྐྱེ་མེད་ཆོས་ལ་བཟོད་ཐོབ་ཡང་དག་བརྩོན། །ཟབ་མོ་མཉམ་གཞག་རྗེས་ཐོབ་ཤེས་རབ་ཀྱིས། །ཟུང་འཇུག་ཐབས་སྟོབས་མ་ལུས་འགྲུབ་གྱུར་ཅིག །ཡེ་ཤེས་སྤྱོད་ཡུལ་རྡུལ་དྲལ་


KMC002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་མེད། །ཐོགས་མེད་ཀུན་ཁྱབ་རང་གསལ་ཀུན་གྱི་གཤིས། །འགྲོ་བ་ཀུན་ལ་བརྗོད་མེད་ཆོས་འཁོར་ལོ། །ནམ་མཁའི་མཐར་ཐུག་གྱུར་པའི་འགྲོ་རྣམས་ལ། །ཟད་མེད་འཕེལ་བ་མེད་པར་བསྟན་གྱུར་ནས། །ཀུན་ཀྱང་ཀ་དག་རང་སར་གྲོལ་གྱུར་ཅིག །ཅེས་ཀརྨ་པ་བརྒྱད་པས་སོ། ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། དུས་གསུམ་གྱི་སངས་རྒྱས་བྱང་སེམས་རྣམ་ཐར་སྒོ་གསུམ་གྱི་ཐུགས་ཅན་རྣམས་ཀྱིས་རང་གཞན་གྱི་ཟག་བཅས་ཟག་མེད་ཀྱི་དགེ་རྩ་ཐམས་ཅད་བྱང་ཆུབ་ཏུ་བསྔོས་པ་ཇི་ལྟ་བ་བཞིན་དུ་བདག་ཅག་ལ་སོགས་ཏེ་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་བསྔོ་བར་བགྱིའོ། །སངས་རྒྱས་བྱང་སེམས་དེ་དག་གིས་ཐུགས་བསྐྱེད་པ་དང་། སྨོན་ལམ་ཇི་ཙམ་དུ་སྨོན་པར་མཛད་པ་དེ་བཞིན་དུ་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཀྱང་དེ་


KMC002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དུ་སེམས་བསྐྱེད་པ་དང་སྨོན་པར་བགྱིའོ། །དེ་བཞིན་དུ་བདག་སོགས་སེམས་ཅན་གྱིས། བླ་མ་ལ་ཞབས་ཏོག །དགེ་འདུན་ལ་བསྙེན་བཀུར། སྐྱེ་བོ་ལ་སྦྱིན་གཏོང་འབྱུང་པོ་ལ་གཏོར་མ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། བསླབ་པ་གསུམ། ཐོས་བསམ་སྒོམ་གསུམ། ཕ་རོལ་ཏུ་ཕྱིན་པ་བཅུའི་དགེ་རྩ། མདོ་རྒྱུད་མན་ངག་དང་བཅས་པ་ཉམས་སུ་བླངས་པའི་དགེ་རྩ་རྒྱ་མཚོ་དེས་སེམས་ཅན་རྒྱ་མཚོས་སངས་རྒྱས་རྒྱ་མཚོའི་གོ་འཕང་བརྙེས་ནས། བྱང་ཆུབ་རྒྱ་མཚོ་མངོན་དུ་བྱས་ཏེ་ཡེ་ཤེས་རྒྱ་མཚོ་དང་སྐུ་རྒྱ་མཚོས་འཁོར་བའི་རྒྱ་མཚོ་སྐྱེམ་པའི་རྒྱུར་བསྔོའོ། །དགེ་སློང་མི་བསྐྱོད་པས་སོ། །བདག་གི་དུས་གསུམ་གྱི་དགེ་བའི་རྩ་བ་འདི་ལ་བརྟེན་ནས། བདག་གིས་སྐྱེ་བ་ཐམས་ཅད་དུ་བླ་མ་ཆོས་རྗེ་ཀརྨ་པའི་གསུང་མ་ལུས་པ་བསྡུས་ནས་འཛིན་པར་གྱུར་ཅིག །དེས་རང་གཞན་གྱི་ཤེས་རྒྱུད་མྱུར་དུ་སྨིན་པར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་སྐུ་གསུང་ཐུགས་ཀྱི་


KMC002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་གནད་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པ་དཔལ་ཕྱག་ན་རྡོ་རྗེ་ལྟ་བུར་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་གསང་བའི་རྣམ་པར་ཐར་པ་ཐམས་ཅད་ཐོས་པ་དང་མཐོང་ཞིང་རྟོགས་པའི་སྣོད་དུ་རུང་བར་གྱུར་ཅིག །སྐྱེ་བ་ཐམས་ཅད་དུ་ལུས་དང་གྲིབ་མ་བཞིན་དུ་སྐད་ཅིག་ཀྱང་མི་འབྲལ་བར་འགྲོགས་པར་གྱུར་ཅིག །མཉེས་པ་རྣམ་པ་ལྔའི་སྒོ་ནས་མཉེས་པ་སྒྲུབ་པར་གྱུར་ཅིག །ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ནས་དགོངས་པ་ཇི་ལྟ་བ་བཞིན་དུ་སྐོང་ནུས་པར་གྱུར་ཅིག །ཞི་རྒྱས་དབང་དྲག་བཞིའི་སྒོ་ནས་བླ་མའི་ཕྲིན་ལས་སྒྲུབ་པ་ལ་སྐད་ཅིག་ཀྱང་མི་གཡེལ་བར་གྱུར་ཅིག །སྒོ་གསུམ་གྱི་སྤྱོད་པ་ཅི་བགྱིད་པ་ཐམས་ཅད་ཀྱིས་བླ་མའི་བཞེད་པ་མཐར་ཕྱིན་པར་གྱུར་ཅིག །ཞབས་ཏོག་དགུ་ཕྲུགས་ཀྱི་སྒོ་ནས་མཉེས་པ་སྒྲུབ་པར་གྱུར་ཅིག །དགེ་སྡིག་ལུང་མ་བསྟན་གྱི་བྱ་བ་ཅི་བྱས་ཀྱང་མཉེས་པ་ཁོ་ན་སྒྲུབ་པར་གྱུར་ཅིག །མི་མཉེས་


KMC002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱ་བ་སྐད་ཅིག་ཀྱང་མི་སྒྲུབ་པར་གྱུར་ཅིག །ཆོས་རྗེ་བླ་མའི་ཕྲིན་ལས་ཀྱི་གཙོ་བོ་བྱེད་པར་གྱུར་ཅིག །ཆོས་རྗེ་བླ་མའི་བསྟན་པའི་བདག་པོ་བྱེད་པར་གྱུར་ཅིག །ཕྱོགས་བཅུའི་ནད་འཁྲུགས་མུ་གེ་ཐམས་ཅད་ཞི་བར་བྱེད་པར་གྱུར་ཅིག །ནམ་འཆི་བའི་ཚེ་འོད་གསལ་ཕྱག་རྒྱ་ཆེན་པོ་མངོན་དུ་འགྱུར་བར་གྱུར་ཅིག །བར་དོའི་སྣང་བ་མེད་པར་དཔལ་ལྡན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་འཇུག་པར་གྱུར་ཅིག །དེར་ཞུགས་ནས་རྡོ་རྗེ་ཐེག་པའི་རྣམ་རོལ་གྱིས་སེམས་ཅན་ཐམས་ཅད་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་གྱུར་ཅིག །མདོར་ན་བདག་ཆོས་རྗེ་བླ་མ་ལྟར་མཐོང་གྲོལ་ཐོས་གྲོལ་དྲན་གྲོལ་རིག་གྲོལ་ཆེན་པོར་གྱུར་ཅིག །ངེས་པར་འཆི་བ་སྙིང་ནས་དྲན་པ་དང་། །མོས་གུས་རྣལ་མ་རྒྱུད་ལ་སྐྱེ་བ་ནས། །ཞེན་ལོག་མཐའ་རུ་ཕྱིན་པའི་ངེས་འབྱུང་གིས། །མི་བསྐྱོད་དགའ་བའི་བྱིན་རླབས་འཇུག་གྱུར་ཅིག །རྟག་ཏུ་རང་གིས་ཕེར་ཤ་སྒྲོགས་པ་


KMC002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཞན་གྱི་མི་ཤེས་མཚང་ནས་འདྲུ་བ་དང་། །བུབ་ཁ་བྱུང་ན་དགའ་བ་སྒོམ་པ་སོགས། །རང་གཞན་སུ་ཡི་རྒྱུད་ལའང་མ་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡོངས་འཛིན་དམ་པ་མཆོག །ཞྭ་ནག་ཅོད་པན་འཛིན་པ་ཁོ་ན་དང་། །ཡི་དམ་སྙིང་པོ་དཔལ་ལྡན་བདེ་བ་མཆོག །འཁོར་ལོ་སྡོམ་པས་རྗེས་སུ་འཛིན་གྱུར་ཅིག །བདག་ནི་སྐྱེ་བ་ཐམས་ཅད་དུ། །བླ་མ་མི་བསྐྱོད་རྡོ་རྗེ་དང་། །ཡི་དམ་རྡོ་རྗེ་རྣལ་འབྱོར་མ། །ཆོས་སྐྱོང་རྡོ་རྗེ་བེར་ཅན་སོགས། །ནམ་ཡང་དབྱེར་མེད་གོ་འཕང་ཤོག །དགེ་འདིས་འགྲོ་བ་མ་ལུས་རྡོ་རྗེ་སེམས། །རྟག་བདེའི་ཐབས་ཤེས་སྦྱོར་བས་འཆི་མེད་ཅིང་། །ནང་གི་ལམ་ནས་རྡོ་རྗེས་འགྲོ་བ་ཡི། །སངས་རྒྱས་ཉིད་ཀྱི་གོ་འཕང་སྩོལ་ཕྱིར་བསྔོ། །ཞེས་པ་འདི་ནི་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་མི་བསྐྱོད་རྡོ་རྗེས་སྩལ་བའོ།། །།བདེན་པ་གྲུབ་ཅིང་བདེན་པར་གསུངས་པ་གང་། །མཚུངས་མེད་སྟོན་པ་ཉིད་ཀྱིས་རང་གི་བསྟན། །འཇིག་རྟེན་ཁམས་འདིར་


KMC002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཡུན་རིང་འབར་གྱུར་པར། །སྨོན་ལམ་མཛད་པ་དེ་བཞིན་ཆེར་འབར་ཤོག །འོག་མིན་གནས་སུ་སྐུ་ནི་རབ་གྲུབ་ནས། །དགའ་ལྡན་དུ་ནི་རྒྱལ་ཚབ་ས་བཅུའི་མགོན། །མ་འོངས་འཛམ་གླིང་འདི་རུ་སྤྲུལ་པའི་སྐུར། །སྣང་མཛད་དེ་ཡི་སྨོན་ལམ་བདག་འགྲུབ་ཤོག །རྒྱལ་བ་བྱམས་པས་རྒྱལ་ཚབ་ཉིད་མཛད་ནས། །བསྐལ་བཟང་སངས་རྒྱས་དྲུག་པ་ནས་བཟུང་སྟེ། །སྣང་མཛད་བར་གྱི་སྤྲུལ་པའི་རྫུ་འཕྲུལ་སྟོན། །ཀརྨ་པ་ཡི་སྨོན་ལམ་བདག་འགྲུབ་ཤོག །ཅེས་པ་འདི་རྒྱལ་དབང་ཆོས་གྲགས་རྒྱ་མཚོས་ཆོས་གྲྭ་རྩེས་ཐང་དུ་སྩལ་བའོ།། །།དགེ་འདུན་སྡེ་རྒྱས་འཆད་རྩོད་རྩོམ་པ་དང་། །ཐོས་བསམ་སྒོམ་པའི་བྱ་བ་ཀུན་འཕེལ་ཞིང་། །འདུས་པ་མཐུན་དང་ཚེ་རིང་ནད་མེད་སོགས། །འདོད་དགུ་དུ་མས་ཕོངས་པར་མ་གྱུར་ཅིག །འབྱོར་པ་རྣམ་ཐོས་བུས་ཀྱང་འགྲན་མེད་ཅིང་། །བཙུན་ཚུལ་ཉེ་བ་འཁོར་ལྟར་བག་ཡོད་པར། །གཞན་དོན་སྤྱན་རས་གཟིགས་ཀྱི་ཕྲིན་ལས་བཞིན། །ཀརྨ་པ་ཡི་


KMC002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་རྒྱས་བྱེད་ཤོག །ཅེས་པ་འདི་མི་བསྐྱོད་པས་སོ།། །།ཕྱོགས་བཅུའི་ཞིང་དུ་དུས་གསུམ་སངས་རྒྱས་ཀྱི། །ཕྲིན་ལས་མ་ལུས་སྒྲུབ་པའི་ཀརྨ་པ། །ཆོས་གྲགས་རྒྱ་མཚོ་ཞེས་བྱར་གྲགས་དེ་ཡི། །དིང་འདིར་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། །ཀརྨ་པ་བསྟན་བསྟན་པའི་སྙིང་པོ་ནི། །ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་འཆད། །རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམས་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན། །མངའ་རིས་རྒྱལ་ཁམས་བོད་ཀྱི་ཡུལ། ཁ་བ་ཅན་གྱི་བྱང་ཕྱོགས་སུ། །


KMC002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་བ་དང་། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་བུ་གླིང་བདེ་བར་མཛད་དུ་གསོལ། །དེ་ནས་ཤིས་བརྗོད་ཀྱི་རིམ་པ་ལ་ཆོ་འཕྲུལ་སྨོན་ལམ་སོགས་ཀྱི་དུས་སམ་གཞན་དུའང་རུང་སྟེ། །རྒྱས་པར་བྱེད་ན་བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། མངྒ་ལཾ་སྭ་སྟི་བྷ་ཝནྟུ། དེང་འདིར་འཛམ་བུ་གླིང་ཐམས་ཅད་ཀྱི་རྒྱན། འགྲོ་བ་ཐམས་ཅད་ཀྱི་ཕན་བདེ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གནས། རྒྱ་བོད་ཧོར་གསུམ་ལ་སོགས་ཐམས་ཅད་ཀྱི་ལུགས་གཉིས་ཀྱི་འདུན་ས། སྐྱེ་བོ་མཆོག་དམན་བར་མ་ཐམས་ཅད་ཀྱི་ཞིང་ས་གཅིག་པུ། མཁས་པ་དང་། གྲུབ་པ་བརྙེས་པ་དང་། ས་སྐྱོང་བའི་རྒྱལ་པོ་རྣམས་ཀྱི་ཡང་སྤྱི་བོའི་རྒྱན་དུ་གྱུར་པའི་སྒར་ཆེན་འདི་ཉིད་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པའི་དུས་ཕུན་སུམ་ཚོགས་པར། ཞེས་སམ་དུས་གང་ཡིན་གྱི་འདོན་པ་སྤོ། རྒྱལ་བ་ཉིད་ཀྱིས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་རྣམས་ཀྱི་མཐུས་བཀྲ་ཤིས་བརྗོད་པར་བྱ་སྟེ།


KMC002_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་ཡུངས་ཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་རབ་ཏུ་འཇོམས་བྱེད་ཅིང་། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པ། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རྩྭ་འཚོང་གི་བུ་མོ་བཀྲ་ཤིས་ཀྱིས་རྩྭ་དུར་བཱ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་དུར་བཱའི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །དུར་བཱས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། ཉོན་མོངས་སྐྱེ་འཆི་རྒྱུན་


KMC002_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་ལི་ཁྲིའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག་ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། ཆོས་རྣམས་མ་ལུས་དབང་དུ་འདུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་བརྟན་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ ་ཐུབ་པ་ལ་གླང་པོ་ཆེ་ས་སྲུང་གིས་གིའུ་ཝང་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་གིའུ་ཝང་གི་རྫས་ཀྱི་བཀྲ་ཤིས་པར་གྱུར་ཅིག །གིའུ་ཝང་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་


KMC002_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་ཉིས་སྟོང་བཞོས་པའི་ཞོ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས ། དེང་འདིར་སྒར་ཆེན་འདི་ཉིད་དུ་ཡང་ཞོའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་མཆོག་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་ཡང་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་


KMC002_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཤིང་གི་ལྷ་མོས་ཤིང་ཐོག་བིལ་བ་ཕུལ་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་བིལ་བའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབ་པར་མཛད་པའི་མཐུ་ལས། དེང་འདིར་སྒར་ཆེན་འདི་ཉིད་དུ་དུང་དཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །


KMC002_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །བཀྲ་ཤིས་རྟགས་བརྒྱད་འབུལ་བ་ནི། གདུགས་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །ཐོགས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་གྱི་བཀྲ་ཤིས་ཐོབ་པར་ཤོག །གསེར་ཉ་ཐོགས་ལ། །བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །ཐོགས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་གསེར་ཉའི་བཀྲ་ཤིས་ཐོབ་པར་ཤོག །པདྨ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། ཕྱག་ན་པདྨོ་དམར་པོ་འདབ་བརྒྱད་པ། །ཐོགས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར། །ལྗགས་ལ་པདྨའི་བཀྲ་ཤིས་ཐོབ་པར་ཤོག །བུམ་པ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །


KMC002_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །ཐོགས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར། །མགུལ་ལ་བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །དཔལ་བེའུ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །ཐོགས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། །ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག །རྒྱལ་མཚན་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །ཐོགས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར། །སྐུ་ལ་རྒྱལ་མཚན་བཀྲ་ཤིས་ཐོབ་པར་ཤོག །དུང་དཀར་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ། །ཐོགས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར། །གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག །འཁོར་ལོ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ཐོགས་ནས་རྒྱལ་བའི་


KMC002_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་མཆོད་པ་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །རྒྱལ་སྲིད་སྣ་བདུན་འབུལ་བ་ནི། འཁོར་ལོ་ལག་ཏུ་ཐོགས་ལ། ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །བདུད་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་འཁོར་ལོ་ནམ་མཁའི་མཐས་གཏུགས་པར་བསྐོར་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ནོར་བུ་རིན་ཆེན་ཐོགས་ཏེ། རིན་ཆེན་ངོ་བོ་ལྷ་རྫས་བཻ་ཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །ཚེ་དཔག་ཏུ་མེད་པའི་འོད་དང་ལྡན་ཞིང་ལྷ་དང་བཅས་པའི་འཇིག་རྟེན་པ་ཐམས་ཅད་རང་རང་གི་གཟི་བརྗིད་ཀྱིས་ཟིལ་གྱིས་ནོན་པའི་དབང་དང་ལྡན་པར་གྱུར་ཅིག །བཙུན་མོ་རིན་ཆེན་ཐོགས་ཏེ། གཟུགས་མཛེས་བསྟ་ན་


KMC002_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་ཅིང་ཚུལ་བཟང་བ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པ། །བཙུན་མོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །སེམས་ཅན་ཐམས་ཅད་ཏིང་ངེ་འཛིན་ཞི་བའི་ཚུལ་གྱིས་འཇིག་རྟེན་ལས་འདས་པའི་བདག་དང་གཞན་གྱི་དོན་བདེ་བས་སྒྲུབ་པ་ལ་ཡིད་བཞིན་དུ་འབྱོར་བའི་དབང་དང་ལྡན་པར་གྱུར་ཅིག །བློན་པོ་རིན་ཆེན་ཐོགས་ཏེ། གང་ཡང་རྒྱལ་བའི་མུ་ཏིག་མདངས་ལྡན་པ། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར་། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །ལྷའི་མིག་རྣམ་པར་དག་པ་ཐོབ་སྟེ། འཕགས་པའི་ནོར་བདུན་དང་ལྡན་ཞིང་རང་དང་གཞན་གྱི་དོན་དགོངས་པ་མ་ལུས་པ་མཐར་ཕྱིན་ནས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །གླང་པོ་རིན་ཆེན་ཐོགས་ཏེ། ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་


KMC002_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རི་འདྲ་གངས་ཆེན་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །སྟོབས་བཅུ་དང་ལྡན་ཞིང་བདུད་བཞིའི་སྟོབས་ཚར་བཅད་ནས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །རྟ་མཆོག་རིན་ཆེན་ཐོགས་ཏེ། ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཏེ་སླར་ཡང་བཟློག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །སོ་སོ་ཡང་དག་པར་རིག་པ་བཞིས་འགྲོ་བ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཐོགས་པ་མེད་པར་སྐྱལ་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །དམག་དཔོན་རིན་ཆེན་ཐོགས་ཏེ། འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པ། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ཡི། །དཔལ་ལྡན་འབྱོར་བའི་དཔུང་ཚོགས་དང་བཅས་པ། །


KMC002_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དམག་དཔོན་རིན་ཆེན་དེང་འདིར་བཀྲ་ཤིས་ཤོག །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་མཐར་ཕྱིན་ནས། འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོན་པོ་ཉི་ཤུ་འཇོམས་ཤིང་ཡེ་ཤེས་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །།བཀྲ་ཤིས་ཀྱི་དང་པོ་བཀྲ་ཤིས་པ། །སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གཉིས་པ་བཀྲ་ཤིས་པ། །དམ་ཆོས་འཁོར་ལོ་བསྐོར་བ་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀྱི་གསུམ་པ་བཀྲ་ཤིས་པ། །ཞིང་མཆོག་དགེ་འདུན་ཚོགས་རྣམས་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །བཀའ་རྒྱུད་ངོ་མཚར་ཅན་རྣམས་ཡིན། །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །


KMC002_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་མེད་གཟུགས་ཀྱི་ཁམས་ཀྱི་ལྷ། །བསམ་གཏན་ནང་གི་དགའ་བདེར་ལྡན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །འདོད་ཁམས་འདོད་ལྷ་རིགས་དྲུག་རྣམས། །འདོད་ཡོན་སྣ་ཚོགས་རྣམས་ཀྱིས་རྩེ། །རྟག་ཏུ་དགའ་དང་བདེ་བར་ལྡན། །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །མེ་མཆོག་འཁོར་ལོས་སྒྱུར་རྒྱལ་ནི། །རྒྱལ་སྲིད་བདུན་ལ་སོགས་པ་ཡིས། གླིང་བཞིར་ཕུན་སུམ་ཚོགས་པ་ལ། །རྟག་ཏུ་བདེ་ཞིང་སྐྱིད་པར་ཤོག །དེ་བཞིན་བདག་ཅག་བདེ་སྐྱིད་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །སྒར་ཆེན་འཛམ་གླིང་རྒྱན་འདིར་ནི། །ཆོས་རྒྱལ་སྐུ་ཚེ་བརྟན་པར་ཤོག །བསྟན་པ་ཕྱོགས་བཅུར་ཁྱབ་པར་ཤོག །ཕྲིན་ལས་ཐམས་ཅད་འགྲུབ་པར་ཤོག །མང་པོས་བཀུར་བ་ཤཱཀྱའི་རྒྱལ་པོའི་རིགས། །རྒྱལ་བས་ལུང་བསྟན་


KMC002_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བོད་ཀྱི་ཆོས་ཀྱི་རྒྱལ། །མེས་དབོན་རྣམ་གསུམ་སོགས་ཀྱིས་རྒྱལ་བའི་བསྟན། །བོད་དུ་སྤྱན་དྲངས་རྒྱལ་སྲིད་གཉིས་བསྐྱངས་པའི། །བདེན་པ་ཆེན་པོས་དེང་འདིར་བཀྲ་ཤིས་ཤོག །རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་། རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་། །ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས། །འཛམ་གླིང་ཀུན་གྱི་ཕུན་ཚོགས་བཅུད། །ཐམས་ཅད་སྒར་འདིར་འདུ་བར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །སྒར་ཆེན་འཛམ་གླིང་ཀུན་གྱི་རྒྱན་འདིར་ནི། །བདག་ཅག་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཡུལ་དང་སྐད་རིགས་མི་གཅིག་པ། །མི་རིགས་རྣམ་པ་སྣ་ཚོགས་པ། །བདེ་སྐྱིད་ཡང་ཡང་འདིར་འཚོག་ཤོག །བཀྲ་ཤིས་དེ་ཡིས་བཀྲ་ཤིས་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །


KMC002_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་སྐྱིད་པ་འཇིག་རྟེན་མི་ཡི་ཆོས། །དགའ་བདེ་སྨོན་བཞིན་ཐོབ་པར་ཤོག །ཕུགས་སྐྱིད་པ་དམ་པའི་ལྷ་ཆོས་ལ། །དུས་རྟག་ཏུ་འབྲལ་མེད་འབྱོར་པར་ཤོག །བཀྲ་ཤིས་ཀྱི་རབ་མ་འཛམ་གླིང་རྒྱན། །འཛམ་གླིང་རྒྱན་གྱི་བཀྲ་ཤིས་ཤོག །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཅེས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྙིང་གི་དཀྱིལ་དུ་མི་འབྲལ་བར་འཛིན་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོས་སྦྱར་བའོ།། །། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །དུས་གསུམ་མཁྱེན་པ་སངས་རྒྱས་རས་ཆེན་དང་། །རྒྱལ་བ་སྤོམ་བྲག་གྲུབ་ཆེན་ཀརྨ་པ། །ཨུ་རྒྱན་པ་དང་རང་བྱུང་རྒྱལ་བ་གཡུང་། །རོལ་པའི་རྡོ་རྗེ་རྟོགས་ལྡན་མཁའ་སྤྱོད་དབང་། །དེ་བཞིན་གཤེགས་པ་རིན་ཆེན་བཟང་པོ་དང་། །མཐོང་བ་དོན་ལྡན་ཀུན་མཁྱེན་འཇམ་དཔལ་བཟང་། །དཔལ་འབྱོར་དོན་གྲུབ་མི་ཕམ་མགོན་པོ་དང་། །སངས་རྒྱས་མཉན་པ་མི་


KMC002_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་དགའ་བའི་དབྱངས། །དཀོན་མཆོག་ཡན་ལག་དབང་ཕྱུག་རྡོ་རྗེ་དང་། །ཆོས་ཀྱི་དབང་ཕྱུག་ཆོས་དབྱིངས་རྡོ་རྗེ་དང་། །ཡེ་ཤེས་སྙིང་པོ་ཡེ་ཤེས་རྡོ་རྗེའི་ཞབས། །ཆོས་ཀྱི་དོན་གྲུབ་བྱང་ཆུབ་རྡོ་རྗེ་དང་། །ཆོས་ཀྱི་འབྱུང་གནས་བདུད་འདུལ་རྡོ་རྗེའི་ཞབས། །དཔལ་ལྡན་མི་ཕམ་ཆོས་གྲུབ་རྒྱ་མཚོ་དང་། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་དང་། །བློ་གྲོས་མཐའ་ཡས་མཁའ་ཁྱབ་རྡོ་རྗེའི་ཞབས། །པདྨ་དབང་མཆོག་མཁྱེན་བརྩེའི་འོད་ཟེར་ཞབས། །ཁྱབ་བདག་རང་བྱུང་རིག་པའི་རྡོ་རྗེ་སོགས། །རྗེ་བཙུན་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །འཁོར་ལོ་བདེ་མཆོག་དགྱེས་པ་རྡོ་རྗེ་དང་། །བདག་མེད་མ་དང་རྡོ་རྗེ་རྣལ་འབྱོར་མ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །བེར་ནག་ཅན་དང་མགོན་པོ་ཕྱག་བཞི་པ། །རང་བྱུང་རྒྱལ་མོ་དུད་སོལ་ལྷ་མོ་སོགས། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་དབྱངས་ཅན་བཟང་པོས་སོ། །དུས་གསུམ་སངས་རྒྱས་སྐུ་གསུང་


KMC002_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས། །དཔའ་བོ་དགྱེས་མཛད་བདུད་དཔུང་འཇོམས། །སྒེག་པའི་ཉམས་ལྡན་ཅོད་པན་འཛིན། །རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག །བཀའ་བཞི་བརྒྱུད་པས་བྱིན་བརླབས་ཤིང་། །དག་སྣང་རྡོ་རྗེ་འཆང་དང་མཇལ། །འཁོར་ལོ་བདེ་མཆོག་རྣལ་འབྱོར་པ། །ཏཻ་ལོ་པ་ཡི༴ གནས་ལྔ་མཐར་ཕྱིན་པཎྜི་ཏ། །ཕག་མོས་ལུང་བསྟན་རྗེ་དང་མཇལ། །བཅུ་གཉིས་དཀའ་སྤྱད་དངོས་གྲུབ་བརྙེས། །ནཱ་རོ་པ་ཡི༴ ཟབ་མོ་སྔགས་ཀྱི་ཆར་རྒྱུན་འབབས། །འཇམ་དབྱངས་སྤྲུལ་པས་འགྲོ་བ་འདྲེན། །སྐྱེས་མཆོག་འཕོ་བ་གྲོང་འཇུག་མཛད། །ལྷོ་བྲག་པ་ཡི༴ སྙན་རྒྱུད་བདུད་རྩིའི་བཅུད་འཐུང་ཞིང་། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །གངས་དཀར་རྩེ་ལ་འགྲན་ཟླ་མེད། །མི་ལ་མཆོག་གི༴ གསེར་མདོག་ཅན་གྱིས་ལུང་བསྟན་ཞིང་། །རྒྱལ་སྲས་མཆོག་ཏུ་དབང་བསྐུར་བ། །སྙིང་པོ་དོན་གྱི་རྗེ་བཙུན་མཆོག །སྒམ་པོ་པ་ཡི༴ སྦྱངས་སྟོབས་དཔག་ཏུ་མེད་པ་ཡིས། །


KMC002_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་སེམས་དབང་ཐོབ་རྫུ་འཕྲུལ་ཅན། །དགོངས་པ་རྒྱལ་བ་རྣམས་དང་མཉམ། །དུས་གསུམ་མཁྱེན་པའི༴ རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །རྒྱལ་བས་གསུངས་པའི་མདོ་རྒྱུད་ལ། །མཁྱེན་པ་གཉིས་ལྡན་ཆོས་ཀྱི་རྗེ། རས་ཆེན་པ་ཡི༴ གནས་ལུགས་རྒྱ་མཚོ་ལྷུན་གྱིས་གྲུབ། །དངོས་གྲུབ་རྣམ་གཉིས་རིན་ཆེན་མཛོད། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །རྒྱལ་སྲས་མཆོག་གི༴ དག་པ་ལྷ་ཡིས་ལུང་བསྟན་ཅིང་། །རྩོད་ལྡན་བསྟན་པའི་སྙིགས་མ་འདིར། །འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ཀརྨ་པ་ཡི༴ ཨོ་རྒྱན་གནས་སུ་རབ་གཤེགས་ཤིང་། །བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་མཆོག །ཟབ་མོ་སྔགས་ཀྱིས་འགྲོ་དོན་མཛད། ཨོ་རྒྱན་པ་ཡི༴ ཡོན་ཏན་ཀུན་གྱི་གཏེར་གྱུར་པའི། །བྱང་ཕྱོགས་ཁ་བ་ཅན་ལྗོངས་སུ། །རྒྱལ་བའི་མཛད་པ་སྟོན་མཛད་པ། །རང་བྱུང་པ་ཡི༴ སྦྱངས་པའི་ཡོན་ཏན་དཔག་མེད་ཅིང་། །རྫུ་འཕྲུལ་དབང་ཐོབ་འགྲན་ཟླ་


KMC002_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །དངོས་གྲུབ་དཔག་ཏུ་མེད་པ་བརྙེས། །གཡུང་སྟོན་པ་ཡི༴ སྙིགས་དུས་འགྲོ་ལ་ཐུགས་རྗེ་ཡི། །མཐུ་སྟོབས་རྣམ་ཐར་དཔག་མེད་ཅིང་། །མཁྱེན་གཉིས་མཐར་ཕྱིན་ཆོས་ཀྱི་རྗེ། །འཛམ་གླིང་པ་ཡི༴ སྔོན་གྱི་སྐྱེ་བ་དཔག་མེད་གྱི། །དོན་གཉིས་མཛད་པ་རབ་རྫོགས་ཤིང་། །སྒྲུབ་རྒྱུད་བསྟན་པའི་དཔལ་གྱུར་པ། །མཁའ་སྤྱོད་པ་ཡི༴ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཅིང་། །ལྷར་བཅས་འཇིག་རྟེན་གསུམ་གྱི་མགོན། །ཐུགས་རྗེ་ཆེན་པོའི་སྤྱན་ཡངས་པ། །དེ་བཞིན་གཤེགས་པའི༴ རྒྱལ་བའི་གསུང་རབ་མཐའ་ཡས་ལ། །མཁྱེན་པའི་དཀྱིལ་འཁོར་རབ་རྒྱས་ཤིང་། །གདུལ་བྱའི་བློ་མུན་སེལ་མཛད་པ། །རཏྣ་བྷ་དྲའི༴ ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །མཐོང་ཐོས་དྲན་རེག་བདེ་ལ་བཀོད། །འགྲོ་བ་འདྲེན་མཛད་ཆོས་ཀྱི་རྗེ། །མཐོང་བ་དོན་ལྡན༴ ཟག་མེད་བདེ་བ་ཆེན་པོའི་སྐུ། །སྐུ་བཞིའི་ངོ་བོ་རྡོ་རྗེ་འཆང་། །སྲིད་ཞིའི་དབང་ཕྱུག་རྗེ་བཙུན་


KMC002_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །འཇམ་དཔལ་བཟང་པོའི༴ དུས་གསུམ་སངས་རྒྱས་ཀུན་གྱི་དངོས། །ཐམས་ཅད་མཁྱེན་པའི་སྤྱན་སྟོང་མངའ། །རྩོད་ལྡན་འགྲོ་ལ་ལྷག་བརྩེ་བའི། །རྗེ་བཙུན་མཆོག་གི༴ སྣ་ཚོགས་གདུལ་བྱ་དང་འཚམ་པར། །སྐུ་གསུང་ཐུགས་ཀྱི་རྫུ་འཕྲུལ་གྱིས། །དངོས་འཛིན་འཆིང་བ་ཀུན་སེལ་བ། །ཆོས་གྲགས་རྒྱ་མཚོའི༴ བཀའ་བརྒྱུད་རྣམ་ཐར་རྨ་མེད་པ། །བརྩོན་པ་ཆེན་པོས་ལེགས་བཟུང་སྟེ། །ཟབ་དོན་རྟོགས་པའི་རྣལ་འབྱོར་པ། །སངས་རྒྱས་མཉན་པའི༴ གསུང་རབ་རིག་གནས་ཚིག་དོན་རྣམས། །བསྒྲིབས་མེད་གསལ་བར་ཐུགས་ཆུད་དེ། །དྲང་ངེས་སོ་སོར་འབྱེད་མཁས་པ། །མི་བསྐྱོད་རྡོ་རྗེའི༴ འདས་དང་མ་བྱོན་ད་ལྟར་དུ། །འཇིག་རྟེན་སྤྱོད་པའི་ཚུལ་འདས་ཤིང་། །བྱང་ཆེན་སྤྱོད་པས་འགྲོ་དོན་མཛད། །དཀོན་མཆོག་ཡན་ལག༴ རྒྱལ་བའི་ཕྲིན་ལས་རབ་འབྱམས་རྣམས། །བསྒྲུབ་པར་མངོན་པར་དབང་བསྐུར་ཏེ། །འགྲོ་དོན་བསམ་གྱིས་


KMC002_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་པའི། །དབང་ཕྱུག་རྡོ་རྗེའི༴ རྡོ་རྗེ་འཛིན་པའི་ས་བརྙེས་ཤིང་། །བསམས་བཞིན་སྲིད་པར་སྐུ་སྤྲུལ་ནས། །སྒྲུབ་བརྒྱུད་བསྟན་པ་སྤེལ་མཛད་པའི། །ཆོས་ཀྱི་དབང་ཕྱུག༴ འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །དབྱེར་མེད་གཅིག་བསྡུས་རྡོ་རྗེ་འཛིན། །ཆོས་དབྱིངས་རྡོ་རྗེའི༴ རིགས་ཀུན་ཁྱབ་བདག་གར་གྱི་དབང་། །འཁོར་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་ཕན་བདེའི་ཕྲིན་ལས་ཅན། །ཡེ་ཤེས་སྙིང་པོའི༴ སྒྲིབ་མེད་ཐུགས་རྗེའི་སྤྱན་ཡངས་པ། །འགྲོ་མ་དུས་དྲུག་གཟིགས་པ་ཡི། །འཁོར་བའི་འཇིགས་ལས་ངེས་གྲོལ་བ། །ཡེ་ཤེས་རྡོ་རྗེའི༴ རྒྱལ་བ་མཆོག་གི་བསྟན་པ་མཆོག །ཞིང་འདིར་སྤེལ་མཁས་ཆོས་ཀྱི་རྗེ། །གར་གྱི་དབང་ཕྱུག་བརྒྱད་པ་མཆོག །ཆོས་ཀྱི་དོན་གྲུབ༴ དཔག་མེད་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པ་གཅིག་བསྡུས་པ། །རྣམ་རོལ་རྡོ་རྗེའི་ལམ་མཁན་མཆོག །བྱང་


KMC002_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་རྡོ་རྗེའི༴ མཁྱེན་རབ་སྣང་བྱེད་ཆེན་པོ་ཡིས། །ཤེས་བྱའི་ཀུན་གསལ་རབ་བགྲོད་ནས། །འགྲོ་བའི་མ་རིག་མུན་སེལ་བ། །ཆོས་ཀྱི་འབྱུང་གནས༴ བཀའ་བརྒྱུད་ནོར་བུའི་ཕྲེང་མཛེས་ཀྱི། །མཆོད་སྡོང་རྩེ་མོར་བདུད་ཚོགས་ཀུན། །འདུལ་བའི་རྡོ་རྗེའི་ཏོག་ཆེན་པོ། །འགྱུར་བ་མེད་པའི༴ ཐབས་མཁས་ཕྲིན་ལས་རྒྱུན་བཟང་པོས། །འགྲོ་ཀུན་རྣམ་གྲོལ་རྒྱ་མཚོ་ཆེར། །ལམ་སྟོན་ཐུགས་རྗེའི་བདག་ཉིད་ཅན། །ཆོས་གྲུབ་རྒྱ་མཚོའི༴ མཚོ་སྐྱེས་མ་ཧཱ་གུ་རུ་ཡིས། །པདྨའི་མཚན་ཏུ་ལུང་བསྟན་ཅིང་། །ངེས་དོན་སྙིང་པོའི་སྲོག་འཛིན་པ། །པདྨ་ཉིན་བྱེད་བཀྲ་ཤིས་ཤོག །རྟག་བརྟན་ཞི་བ་གཡུང་དྲུང་དོན། །མངོན་གྱུར་རྡོ་རྗེའི་སྙིང་པོར་བཞུགས། །རྟག་ཅིང་ཁྱབ་པའི་ཕྲིན་ལས་ཅན། །ཐེག་མཆོག་རྡོ་རྗེའི༴ ཤཀྱ་སེང་གེས་ལུང་བསྟན་ཅིང་། །ཐེག་དགུའི་བསྟན་པའི་སྲོག་འཛིན་མགོན། །འགྲོ་བའི་ཉི་མ་འཛམ་གླིང་རྒྱན། །ཡོན་ཏན་རྒྱ་མཚོའི༴ གདོད་ནས་ཡོངས་


KMC002_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆོས་ཀྱི་དབྱིངས། །ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེའི་ཐབས་ཀྱིས་འགྲོ་མང་སྒྲོལ། །མཁའ་ཁྱབ་རྡོ་རྗེའི༴ དཔལ་ལྡན་འགྱུར་མེད་སྙིང་པོའི་རྩལ། །ཀུན་བརྟག་ཕྱོགས་ལས་རྣམ་པར་གྲོལ། །རྒྱལ་བསྟན་གསལ་བའི་ཉི་མ་ཆེ། །པདྨ་དབང་མཆོག༴ འགྱུར་མེད་རྟག་པ་སྙིང་པོའི་རྩལ། །གཉུག་སེམས་ཕྱོགས་ལས་རྣམ་པར་གྲོལ། །ཉིན་གཉེན་བསྟན་པའི་མེས་པོ་ཆེ། །མཁྱེན་བརྩེའི་འོད་ཟེར༴ ཆོས་སྐུ་སྐྱེ་འགགས་མེད་པའི་དབྱིངས། །ལོངས་སྐུ་དཀྱིལ་འཁོར་ཀུན་གྱི་གཙོ། །སྤྲུལ་སྐུ་ཁམས་གསུམ་ཆོས་ཀྱི་རྗེ། །རིག་པའི་རྡོ་རྗེའི་བཀྲ་ཤིས་ཤོག །བཀྲ་ཤིས་བྱིན་རླབས་དཔག་མེད་ཅིང་། །དངོས་གྲུབ་སྟེར་མཛད་བཀའ་བརྒྱུད་རྣམས། །མཁའ་ལ་ཁྲི་གདུགས་ཤར་བ་ལྟར། །ཕྱོགས་རིས་མེད་པའི༴ ངོ་བོ་ཉིད་ཀྱི་དཀྱིལ་འཁོར་དུ། །མ་འགགས་སྣ་ཚོགས་ལྷ་ཡི་སྐུ། །མཐའ་ཡས་སྣ་ཚོགས་རྒྱུད་སྡེ་བཞི། །ཡི་དམ་རྣམས་ཀྱི༴


KMC002_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་དབྱིངས་ལས་མ་གཡོས་པར། །ཐུགས་རྗེའི་ཐབས་ཀྱིས་ཁྲོ་བོའི་སྐུ། །བསྐལ་པའི་མེ་ལྟར་འབར་བ་ཡི། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་གྲུབ་ཆེན་ཀརྨ་པས་མཛད་པའི་བཀྲ་ཤིས་བཀའ་རྒྱ་མར་གྲགས་པ་ལ་ཕྱི་ནས་ན་རིམ་སོ་སོའི་དུས་སུ་ཁ་བསྐང་བ་དང་བཅས་པའོ།། །།རྡོ་རྗེ་འཆང་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །ཏཻ་ལོ་པ་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །ནཱ་རོ་པ་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །ལྷོ་བྲག་པ་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །


KMC002_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་རྗེ་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །སྒམ་པོ་པ་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །དུས་གསུམ་མཁྱེན་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །རས་ཆེན་པ་ལ་གསོལ་བ་འདེབས། །ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་ཀྱི། །བསྟན་པ་ཡུན་རིང་གནས་པ་དང་། །སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །སྦོམ་བྲག་པ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཀརྨ་པ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཨུ་རྒྱན་པ་ལ༴ ཐུགས༴ བསྟན༴ སྒྲུབ༴ རང་བྱུང་པ་ལ༴ ཐུགས༴ བསྟན༴ སྒྲུབ༴ གཡུང་སྟོན་པ་ལ༴ ཐུགས༴ བསྟན༴ སྒྲུབ༴ རོལ་


KMC002_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ མཁའ་སྤྱོད་དབང་ལ༴ ཐུགས༴ བསྟན༴ སྒྲུབ༴ དེ་བཞིན་གཤེགས་ལ༴ ཐུགས༴ བསྟན༴ སྒྲུབ༴ རཏྣ་བྷ་ལ༴ ཐུགས༴ བསྟན༴ སྒྲུབ༴ མཐོང་བ་དོན་ལྡན་ལ༴ ཐུགས༴ བསྟན༴ སྒྲུབ༴ འཇམ་དཔལ་བཟང་པོ་ལ༴ ཐུགས༴ བསྟན༴ སྒྲུབ༴ དཔལ་འབྱོར་དོན་གྲུབ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཆོས་གྲགས་རྒྱ་མཚོ་ལ༴ ཐུགས༴ བསྟན༴ སྒྲུབ༴ བཀྲ་ཤིས་དཔལ་འབྱོར་ལ༴ ཐུགས༴ བསྟན༴ སྒྲུབ༴ མི་བསྐྱོད་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ དཀོན་མཆོག་འབངས་ལ༴ ཐུགས༴ བསྟན༴ སྒྲུབ༴ དབང་ཕྱུག་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཆོས་ཀྱི་དབང་ཕྱུག་ལ༴ ཐུགས༴ བསྟན༴ སྒྲུབ༴ ཆོས་དབྱིངས་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཡེ་ཤེས་སྙིང་པོ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཡེ་ཤེས་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཆོས་ཀྱི་དོན་གྲུབ་ལ༴ ཐུགས༴ བསྟན༴ སྒྲུབ༴ བྱང་ཆུབ་རྡོ་རྗེ་ལ༴


KMC002_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས༴ བསྟན༴ སྒྲུབ༴ བསྟན་པའི་ཉིན་བྱེད་ལ༴ ཐུགས༴ བསྟན༴ སྒྲུབ༴ བདུད་འདུལ་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ ཆོས་གྲུབ་རྒྱ་མཚོ་ལ༴ ཐུགས༴ བསྟན༴ སྒྲུབ༴ པདྨ་ཉིན་བྱེད་ལ༴ ཐུགས༴ བསྟན༴ སྒྲུབ༴ ཐེག་མཆོག་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ བློ་གྲོས་མཐའ་ཡས་ལ༴ ཐུགས༴ བསྟན༴ སྒྲུབ༴ མཁའ་ཁྱབ་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ པདྨ་དབང་མཆོག་ལ༴ ཐུགས༴ བསྟན༴ སྒྲུབ༴ མཁྱེན་བརྩེ་འོད་ཟེར་ལ༴ ཐུགས༴ བསྟན༴ སྒྲུབ༴ རིག་པའི་རྡོ་རྗེ་ལ༴ ཐུགས༴ བསྟན༴ སྒྲུབ༴ རྩ་བའི་བླ་མ་ལ༴ ཐུགས༴ བསྟན༴ སྒྲུབ༴ རྡོ་རྗེ་ཕག་མོ་ལ༴ ཐུགས༴ བསྟན༴ སྒྲུབ༴ མ་མགོན་གཉིས་ལ་གསོལ་བ་འདེབས། ཐུགས་རྗེའི་བྱིན་རླབས་བཀྲ་ཤིས་གྱིས། །བསྟན་པ་ཡུན་རིང་གནས་པ་དང་། སྒྲུབ་བརྒྱུད་བསྟན་པ་འབར་གྱུར་ཅིག །སེམས་དཔའ་རང་བྱུང་རྡོ་རྗེ་སོགས་དང་། བྱང་ཆུབ་སེམས་ཀྱི་ཕྲིན་ལས་སོགས་བརྗོད་


KMC002_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དོ།། །།ཆོས་དབྱིངས་ལྷུན་གྱིས་གྲུབ་པ་ལ། དབྱེར་མེད་འཁོར་འདས་ཡོངས་སུ་རྫོགས། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ཆོས་སྐུ་མཆོག་གི་བཀྲ་ཤིས་ཤོག །རྣམ་སྣང་ཡེ་ཤེས་གང་ཆེན་མཚོ། །མི་འཁྲུགས་རྒྱལ་པོ་ལ་སོགས་པའི། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །ཐུབ་ཆེན་རྒྱལ་བ་གསེར་མདོག་ཅན། །བསྐལ་བཟང་སངས་རྒྱས་སྟོང་གི་དབུས། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི། །སྤྲུལ་སྐུ་མཆོག་གི་བཀྲ་ཤིས་ཤོག །སྐུ་གསུམ་ལྷུན་འགྲུབ་ཡོངས་རྫོགས་ཤིང་། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན། །སྐུ་བཞི་ཡོངས་རྫོགས་བཀྲ་ཤིས་ཤོག །སེམས་དཔའ་རང་བྱུང་རྡོ་རྗེ་ནི། །ཡིད་བཞིན་ནོར་བུ་རྙེད་པ་ལྟར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །དགོས་འདོད་འབྱུང་བའི་བཀྲ་ཤིས་ཤོག །བྱང་ཆུབ་སེམས་ཀྱི་ཕྲིན་ལས་ཀྱིས། །ཐུགས་རྗེའི་འོད་


KMC002_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཕྱོགས་མེད་འཕྲོ། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟར། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག །འཛམ་གླིང་བདེ་བར་མཛད་དུ་གསོལ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ།། །།རྒྱ་གར་སྐད་དུ། རཏྣ་ཏྲཻ་མཾ་ག་ལ་གཱ་ཐཱ། བོད་སྐད་དུ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་


KMC002_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་བརླབས་ཀྱི། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་བརླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་བརླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་བརླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམས་པ་ཡིད་བཞིན་འགྲུབ་པ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །དཀོན་མཆོག་གསུམ་གྱི་བཀྲ་


KMC002_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་ཀྱི་ཚིག་སུ་བཅད་པ། །བཅོམ་ལྡན་འདས་ཀྱི་ཁྱིམ་བདག་ངེས་པ་ལ་གསུངས་པ་རྫོགས་སོ། །རྒྱ་གར་སྐད་དུ། པཉྩ་ཏ་ཐཱ་ག་ཏ་མངྒ་ལ་གཱ་ཐ། བོད་སྐད་དུ། དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་མཚོ་ཆེན་ལྡན། །ཟླ་བ་ཉ་འདྲའི་སྐུ་མངའ་སྲིད་པའི་མཐར་ཕྱིན་པ། །དགོངས་པ་མཐའ་དག་རྫོགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །མི་འཁྲུགས་རྒྱལ་པོ་སྲིད་དང་གཏི་མུག་རྣམ་སྦྱོང་བ། །མགོན་པོ་ཡོན་ཏན་ཐམས་ཅད་རྫོགས་པའི་བཀྲ་ཤིས་པ། །དགེ་མཉམ་བསམ་སེམས་ལྡན་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སངས་རྒྱས་ཡོན་ཏན་ཀུན་གྱི་རྒྱན་གྱིས་བརྒྱན་མཛད་པ། །ཡང་དག་བདེན་པའི་འབྱོར་པ་སྦྱིན་མཛད་མི་བསླུ་བ། །རིན་ཆེན་འབྱུང་གནས་ཞེས་བྱའི་བཀྲ་ཤིས་གང་ཡིན་པ། །


KMC002_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །བསམ་གཏན་ཏིང་འཛིན་དམ་པ་ཕ་རོལ་ཕྱིན་པའི་གནས། །ཡེ་ཤེས་པདྨའི་སྟེང་བཞུགས་དཔག་མེད་ཚེ་ལྡན་ཞིང་། །ཚེ་གྲངས་མེད་པར་བྱིན་གྱིས་བརླབས་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །སེམས་ཅན་དོན་གྱི་ལས་ལ་ཐུགས་ནི་སྦྱོར་མཛད་ཅིང་། །འགྲོ་བ་ཀུན་གྱི་འཆིང་བའི་ཅིངས་ལས་གྲོལ་མཛད་པ། །ཐུགས་མཆོག་དོན་ཡོད་གྲུབ་ཀྱི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །དེ་བཞིན་གཤེགས་པ་ལྔའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་དབང་ཕྱུག་དཔལ་ཀརྨ་པའི་གསུང་ལས་སྐྱེས་པའི་དགེ་འདུན་གྱི་སྡེ་རྣམས་སུ་ཞལ་འདོན་དུ་བྱ་བའི་འཕྲལ་དགོས་ཆོས་སྤྱོད་ཀྱི་རིམ་པ་འདི་ནི་སྐྱབས་མཆོག་འཁོར་ལོའི་མགོན་པོ་མཐིང་དབང་ཅོད་པན་འཛིན་པ་གོང་མ་ལྷན་རྒྱས་ཀྱི་ཞལ་སྔ་ནས། རང་རེའི་ཆོས་སྤྱོད་རབ་གསལ་འདི་ལ་སྔར་པར་དུ་འཁོད་པའི་འདྲ་མིན་མང་དག་ཅིག་སྣང་ནའང་། གཙོ་བོར་དྭགས་པོ་བཤད་སྒྲུབ་གླིང་གི་པར་མ་ཉིད་གཞིར་བཟུང་ནས་ཚིག་


KMC002_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གྱི་ཞུས་དག་དང་སྒྲིགས་རིམ་དང་སྣོན་འབྲིད་གྱི་འོས་རྣམས་གསར་དུ་བགྱིས་ཐོག །པར་དུ་འཁོད་པའི་ཁུར་ལེན་དགོས་ཚུལ་གྱི་བཀའ་སྩལ་བཞིན་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་ལེགས་པར་བསྒྲིགས་པའི་དུས་ཆེན་བཞི་སོགས་ཚོགས་སོགས་སྨོན་ལམ་གྱི་སྐབས་སུ་སྟབས་གཅིག་ཏུ་འདོན་པའི་རྣམ་གཞག་ཀྱང་གསལ་ལ་སོ་སོའི་སྡེ་ཚན་ཡང་མི་འཁྲུགས་ཅིང་། གཟུངས་སྔགས་ཀྱི་ཟུར་ཅུང་ཟད་མ་དག་པ་རྣམས་ལེགས་སྦྱར་དང་མཐུན་པར་བཅོས་ཤིང་། བོད་སྐད་རྣམས་ལའང་སྔར་འཐེམ་ལུས་སུ་ཤོར་བའི་རིགས་ཕྲན་བུ་སྣང་བ་སྡེབས་སྦྱོར་དང་དོན་འཐོབ་ཀྱི་དབང་གིས་ལེགས་པར་གཏན་ལ་ཕབ། ཆོས་སྡེ་དང་གྲྭ་ཚང་སོ་སོའི་བཞེད་པའི་ཆོས་སྤྱོད་མཐའ་དག་བསྡུས་ན་ཧ་ཅང་ཡི་གེ་མངས་བར་འགྱུར་བས་གལ་ཆེ་བ་རྣམས་དང་ཡོངས་སུ་གྲགས་པའི་བསྒྲིགས་འདོན་གྱི་སྐོར་རྣམས་འདུས་ཆེ་བའི་ཁུལ་བྱས་ཏེ། མཚུངས་མེད་སྐྱབས་མཆོག་དམ་པ་ཟུང་གི་དགོངས་པ་ཆོས་དབྱིངས་སུ་རྫོགས་ཤིང་། བདག་སོགས་གདུལ་བྱ་རྣམས་ཀྱི་འདྲེན་པར་མཆོག་གི་སྤྲུལ་པའི་སྐུ་མྱུར་དུ་སྟོན་པར་གསོལ་བ་གདབ་པའི་ཕྱིར། རྗེ་དེ་དག་གི་བཀའ་འབངས་ཀྱི་ཐ་ཤལ་སི་ཏུ་པ་བསྟན་པའི་ཉིན་བྱེད་ཀྱིས་མངོན་པར་འདུ་བགྱིས་ནས་མདོ་སྨད་སྡེ་དགེའི་མངའ་རིས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོར་པར་དུ་


KMC002_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབས་པའོ།། །།ཞེས་པ་འདི་བསྟན་འགྲོའི་གསོས་སུ་སླར་ཡང་ཀརྨ་པ་བཅུ་བཞི་པས་གསོལ་འདེབས་ཁ་འགེངས་བཅས་འོག་མིན་མཚུར་གྱི་གདན་སར་པར་དུ་འདུ་བགྱིས་པའོ།། །།དེ་ལྟར་བསྒྲུབས་པའི་ལེགས་བྱས་ནམ་མཁའི་མཐའ། །ཀུན་ནས་འགེངས་པར་བརྩོན་དེས་ས་གསུམ་དུ། །དགེ་བའི་སྤྲིང་ཡིག་གསར་པ་བྱིན་པ་ལས། །སྙིང་པོའི་ཆོས་ཀྱི་དོན་རབ་གསལ་གྱུར་ཅིག །སརྦ་ཀཱ་ལྱ་ཎོ་མ་ནོ་ར་ཐེ་པཱུརྣཾ་བྷ་བ་ཏུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཡེ་དྷརྨ ་ཧེ་ཏུ་པྲ་བྷ་ཝཱ་ཏེ་ཏུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་བ་ད་ཏེ། ཏེ་ཥིཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་ཝཱ་དི་མ་ཧཱ་ཤྲ་མ་ཎཿ །ཁྱབ་བདལ་གདོད་མའི་གནས་ལུགས་འོག་མིན་མགོན། །སྔོན་བསྐལ་ཐུགས་བསྐྱེད་བཟང་པོ་སྒོ་དབྱེ་ཞིང་། །མཐའ་ཡས་མ་གྱུར་ཡེ་གྲོལ་སར་འགོད་ཕྱིར། །ཀུན་བརྟག་བློ་གྲོས་བྱེ་བའི་དཔལ་མངའ་འགྱེད། །གྲོལ་བ་དྲུག་ལྡན་སྒྱུ་སྐར་ཕྲེང་ཚོགས་འདིར། །ཐོས་མྱོང་བཀླག་གསུམ་འཁོར་བ་མཐའ་ཅན་གྱི། །དྭགས་བརྒྱུད་ཀརྨས་རྗེས་བཟུང་སྨིན་གྲོལ་ལམ། །མཐར་ཐུགས་སེངྒེའི་སྒྲ་ལ་མྱང་འདས་ཀྱི། །ཕྱིར་མི་


KMC002_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པའི་དོན་ཆེན་འགྲུབ་གྱུར་ནས། །ལྷག་བསམ་ཀེ་ལའི་མདངས་ཀྱིས་མདུན་བསུས་ཤིང་། །སྨོན་པའི་གོ་ཆ་རྟག་པ་བསྒྲེངས་བྱས་ཏེ། །འཇུག་པའི་རྟག་འཛིན་བདུད་དགྲ་བཅོད་བྱེད་ཅིང་། །ཀུན་བཟང་ས་ཆེན་མ་ལུས་མྱུར་འགྲོ་དེ། །བདེ་ལྡན་སྨོན་པའི་ཚིག་གིས་དབུགས་འབྱིན་ཞིང་། །དེ་བཞིན་ངན་སོང་མ་ལུས་སྟོངས་པར་ཤོག །ཅེས་པའང་། །དུས་ངན་སྙིགས་ལྔའི་རྒུད་པའི་རང་མཚང་བདོ་བའི་དུས་འདིར། རྒྱལ་བསྟན་སྤྱི་བྱེར་ཕན་པའི་ལྷག་བསམ་ལྕི་བ་ཁུར་དུ་འཛིན་པ་པོ། ཀརྨའི་མཚན་གྱི་ཆ་ཕྲར་གཏོགས་པ་ཤཱཀྱའི་དགེ་སྦྱོང་བཅུ་དྲུག་པའི། དྭགས་བརྒྱུད་བསྟན་པའི་འབྱུང་གནས་རྗེ་བཙུན་བླ་མ་རྣམས་གྱི་གསོལ་འདེབས་ཆོས་སྤྱོད་རབ་གསལ་ཆེན་མོ། སྒར་ཆེན་གསུང་རབ་གསར་བསྐྲུན་ཁོངས་སུ་བཞུགས་རྒྱུར་པར་བརྐོས་ཟིན་པ་དང་ཆབས་ཅིག་སྨོན་པའི་ཚིགས་སུ་བཅད་པ་འདི། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དགེ་བའི་ཉིན་བགྱིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། དགེའོ།། །།བདེ་ཆེན་ཚོགས་ཀྱི་འཁོར་ལོར་རྟག་རོལ་བ། །དུས་གསུམ་རྒྱལ་བའི་གཏེར་ཆེན་ཀརྨ་པ། །ཡབ་སྲས་བརྒྱུད་པར་བཅས་པ་སྲིད་མཚོ་འདིར། །བསྐལ་པ་བསྐལ་པའི་བར་དུ་ཞབས་བརྟན་གསོལ། །གང་གིས་ཟབ་གསང་


KMC002_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་གི་གསང་བ་ཡི། །ཐོས་བསམ་སྒྲུབ་པ་སྙིང་པོར་བྱེད་པ་ཡི། །སྤོང་དང་ཀློག་པའི་སྡེ་རྣམས་ཐམས་ཅད་ནི། །དབྱར་གྱི་ཆུ་བོ་ལྟ་བུ་རྒྱས་གྱུར་ཅིག །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང་། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་བརྒྱན་ཡུན་རིང་ཞབས་བརྟན་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །དཔལ་ལྡན་བླ་མ་ཞབས་པད་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་


KMC002_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །


previousཤོག་ལྷེབ་ ༥༠༡ ནས་ ༥༦༩ བར།no next