Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

2 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
 
  
  
  
  
  
ལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།
  
  
  


2 occurrences of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།next

ལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།


LT42_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འགྲོ་རྣམས་དབུལ་ཕོངས་བསལ་བའི་ཕྱིར། །བདག་གིས་བླ་མེད་སངས་རྒྱས་བསྒྲུབ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་མི་ཉམས་བཏང་སྙོམས་ཤོག །སྐད་ཅིག་དྲན་རྫོགས་རང་ཉིད་ལས། །པདྨ་ཟླ་བའི་གདན་སྟེང་དུ། །མདུན་མཁར་སངས་རྒྱས་རིན་པོ་ཆེ། །མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ། །བཻ་ཌཱུརྻ་དང་གསེར་གྱི་རི། ཁ་དོག་བཟང་པོ་གསེར་དག་ཏུ། །སྣང་བའི་དཔལ་གྱི་བཅོམ་ལྡན་འདས། །གསེར་མདོག་ཆོས་གོས་རྣམ་གསུམ་གསོལ། །མཆོག་སྦྱིན་མཉམ་བཞག་རྡོ་རྗེ་ཡི། །སྐྱིལ་ཀྲུང་བཞུགས་ཤིང་འོད་ཟེར་འབར། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། ཧཱུྃ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་མཚོ། །བཻ་ཌཱུརྻ་དང་གསེར་རི་ཁ་དོག་བཟང་། །གསེར་དུ་


LT42_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བའི་དཔལ་གྱི་བཅོམ་ལྡན་འདས། །ལྷ་མོ་དཔལ་ཆེན་མོ་ཡི་བཤེས་གཉེན་ཁྱོད། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །མདུན་མཁར་དམ་ཡེ་དབྱེར་མེད་བརྟན་པར་བཞུགས། །སྒོ་གསུམ་རབ་ཏུ་གུས་པས་ཕྱག་འཚལ་ལོ། །བདག་སོགས་སྒྲིབ་གཉིས་སྦྱང་ཕྱིར་སྐུ་ཁྲུས་གསོལ། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀ་མ་ལ་གུ་ས་མུ་དྲ་བཛྲ་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ ཀཱ་ཡ་ཤུདྡྷེ་ཨཱཿ ཞེས་སྔགས་ལན་གསུམ་གྱིས་གསལ་བཏབ། མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགས། །ཉེར་སྤྱོད་བདུན་དང་འདོད་ཡོན་རྣམ་པ་ལྔ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །ཀུན་བཟང་སྨོན་ལམ་ལྟ་བུའི་མཆོད་པས་མཆོད། །ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀ་མ་ལ་གུ་་ས་མུ་དྲ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རཱུ་པ་ཤབྡ་གནྡྷེ་ར་ས་སྤརྴེ་སརྦ་པཱུ་ཛ་པྲ་


LT42_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་་ས་མ་ཡེ་ཧཱུྃ། འདས་པའི་སངས་རྒྱས་བཅོམ་ལྡན་དེ་བཞིན་གཤེགས། །རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་ནི། །བཻ་ཌཱུརྻ་དང་གསེར་རི་ཁ་དོག་བཟང་། །གསེར་དུ་སྣང་བའི་དཔལ་ལ་ཕྱག་འཚལ་བསྟོད། །མདུན་བསྐྱེད་ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །སྔགས་ཕྲེང་གཡས་སུ་འཁོར་བའི་འོད་ཟེར་གྱིས། །རྒྱལ་མཆོད་བྱིན་རླབས་བསྡུས་ནས་བདག་སྦྱིན་བདག །གནས་ཁང་ཡུལ་ཞིང་ལ་ཐིམ་ཐམས་ཅད་ནི། །སྣང་སྟོང་འཇའ་ཚོན་སངས་རྒྱས་ཞིང་ལྟར་གྱུར། །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུ་གི་ནི་སྭཱ་ཧཱ། ཞེས་དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་འདི་ལན་ཅིག་བརྗོད་པས་བསྐལ་པ་བརྒྱད་ཁྲིའི་སྡིག་པ་འདགས་པར་གསུངས། མཚན་སྔགས་བཟླ་བར་སྤྲོ་ན། ཨོཾ་ན་མོ་བྷ་ག་ཝ་ཏེ་རཏྣ་ཀ་མ་ལ་གུ་་ས་མུ་དྲ་བཻ་ཌཱུརྻ་ཀ་ན་ཀ་སྱ་མེ་རུ་སུ་ཝརྞ་ཀ་ན་ཀཾ་བྷཱས་ཤྲི་ཡེ་ཨཱཿཧཱུྃ། ཞེས་བཟླའོ། །ཞེས་པའང་གནས་མདོའི་རིང་ལུགས་འཛིན་པ་བླ་མ་བདེ་ཆེན་སྙིང་པོ་ཞེས་པས་བཀོད་པའོ།། །།སརྦ་མངྒ་ལཾ།། །།


previousལྷ་མོ་དཔལ་ཆེན་མོའི་གཡང་ཆོག་གི་ཟུར་འདེབས་ཡོངས་འདུའི་སྙེ་མ།next