Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
གསོལ་འདེབས་དུས་དྲན་རྒྱུད་བསྐུལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསོལ་འདེབས་དུས་དྲན་རྒྱུད་བསྐུལ།next

གསོལ་འདེབས་དུས་དྲན་རྒྱུད་བསྐུལ།

དག་སྣང་ལསཿ གསོལ་འདེབས་དུས་དྲན་རྒྱུད་བསྐུལ་བཞུགསཿ ཨེ་མ་ཧོཿ རྣམ་ཀུན་མཆོག་ལྡན་གདོད་མའི་རང་ཞལ་ནསཿ སྣང་སྲིད་གཞིར་བཞེངས་བདེ་ཆེན་ཕོ་བྲང་ནསཿ སྐྱབས་གནས་ཀུན་འདུས་བླ་མ་དཀོན་མཆོག་གསུམཿ དུས་རྣམས་ཀུན་ཏུ་ཐུགས་རྗེའི་རྩལ་ཕྱུངས་ལཿ ཉོན་ལྔའི་རང་མདངས་རྐྱེན་ངན་འཚུབ་མ་ཀུནཿ གཉིས་སྣང་ཕན་གནོད་བློ་འདས་ཆོས་སྐུའི་ཞལཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཡོངས་སུ་རྫོགསཿ གསོལ་འདེབས་བུ་ལ་བརྩེ་བས་མྱུར་དུ་གཟིགསཿ མོས་ལྡན་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ༔ བྱིན་གྱིས་རློབས་ཤིག་རྒྱལ་བ་སྲས་བཅས་མཆོགཿ དུས་གསུམ་འབྲལ་མེད་གཞི་གྲོལ་བུམ་སྐུའི་སྦུབསཿ གང་བསམ་དཔལ་འབྱོར་རབ་རྒྱས་བདེ་ལ་རོལཿ ཡོངས་གྲུབ་རང་བྱུང་ཆོས་སྐུའི་ཀློང་དུ་ཨཱཿ ས་མ་ཡཱཿ ཨེ་མ་རིག་རྨོངས་མུན་སེལ་སྒྲོན་མེ་འདིཿ བུ་ཁྱོད་མོས་ངོར་དགྱེས་བསྐྱེད་ཀརྨ་སྐྱབསཿ ཕ་རྒན་གཅེས་ནོར་ཚུལ་དུ་བྲིས་པའོཿ ཧ་ཧཿ རྗེས་ལང་ནས་སོང་།


previousགསོལ་འདེབས་དུས་དྲན་རྒྱུད་བསྐུལ།next