Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
འཇམ་དཔལ་ལུས་དཀྱིལ་ཤེས་རབ་བློ་གཏེར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousའཇམ་དཔལ་ལུས་དཀྱིལ་ཤེས་རབ་བློ་གཏེར།next

འཇམ་དཔལ་ལུས་དཀྱིལ་ཤེས་རབ་བློ་གཏེར།

འཇམ་དཔལ་ལུས་དཀྱིལ་ཤེས་རབ་བློ་གཏེར་བཞུགས་སོ༔

ཧཱུྃ༔ རང་ཉིད་སྐད་གཅིག་དྲན་རྫོགས་སུ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ མཁྱེན་པའི་གཏེར་ཆེན་འཇམ་དཔལ་དབྱངས༔ དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱི༔ གཡས་པས་ཤེས་རབ་རལ་གྲི་དང་༔ གཡོན་པས་ཨུཏྤལ་པུསྟི་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་པའི་རྒྱན་ཆས་སྤྲས༔ དབྱངས་ཅན་ཡུམ་དང་གཉིས་མེད་འཁྲིལ༔ རིགས་བདག་རྣམ་པར་སྣང་མཛད་དང་༔ གནས་གསུམ་སྐུ་གསུང་ཐུགས་ཀྱི་ལྷའི༔ རྡོ་རྗེའི་སྙིང་པོ་འབྲུ་གསུམ་ལས༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་ལྷ༔ དུས་གསུམ་རྒྱལ་བའི་ཚོགས་རྣམས་ཀུན༔ འཇམ་དཔལ་རིགས་ལྔའི་རྣམ་པར་བྱོན༔ དམ་ཡེ་དབྱེར་མེད་རོ་གཅིག་གྱུར༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རང་འདྲ་རྒྱན་མེད་འོད་ཕུང་འབར༔ འཁོར་ལོའི་མཚན་པའི་རལ་གྲིའི་ལྟེར༔ མཱུྃ་མཐར་འཁོར་ལོ་རིམ་དྲུག་གི༔ སྔགས་ཀྱི་འཁོར་བའི་འོད་ཟེར་གྱིས༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ཀུན༔ བསྡུས་ཏེ་ཐུགས་སྲོག་ལ་ཐིམ་པས༔ རྟོགས་དང་གཟུངས་དང་སྤོབས་པའི་གཏེར༔ མ་ལུས་རབ་ཏུ་རྒྱས་པ་ཡི༔ ཀུན་བཏགས་ལྷན་སྐྱེས་སྒྲིབ་པ་ཀུན༔ བཅོམ་ནས་ཡེ་ཤེས་སྐུ་ཐོབ་པས༔ མཐུ་ཆེན་སྣང་གྲགས་རིག་པ་ཀུན༔ སངས་རྒྱས་དཀྱིལ་འཁོར་གཅིག་དུ་བཟླུམ༔ ཨོཾ་མཱུཾ་ཧྲིཾ་པྲཛྙཱ་ཝརྡྷི་ནི་ཧཱུྃ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ འམ་ཡང་ན་འཁོར་ལོ་དྲུག་ཚན་དུ༔ ཨ་ཨཱ་ཨུ་ཨཱུ་སོགས་མཚན་བརྗོད་རིགས་སྔགས་དྲུག་བཟླ༔ འདིས་ནི་སོ་སོ་ཡང་དག་པའི༔ རིག་པ་བཞི་ལ་མངའ་དབང་འབྱོར༔ རྣོ་མྱུར་ལག་ཏུ་ལོངས་དང་ཤེས༔ ས་མ་ཡཱ༔ ཡང་ན་མཱུུྃ་དང་དྷཱི་བརྗེས་ལ༔ སྔགས་ཕྲེང་ཨ་ར་པ་ཙར་གསལ༔ བཟླས་པས་བྱིན་རླབས་གོང་དང་འདྲ༔ ཅེས་ཀྱང་ག་གཱ་ཨ་བྷྱེས་སོ། །


previousའཇམ་དཔལ་ལུས་དཀྱིལ་ཤེས་རབ་བློ་གཏེར།next