འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་འབུམ་གྱི་ལུང་ཇི་ལྟར་ནོས་པའི་སྐོར།
ལྔ་པ་སྲིད་ཞིའི་གཙུག་ཏོར་མཛེས་རྒྱན་ཆོས་ཀྱི་རྒྱལ་པོ་འཕགས་པའི་གསུང་རབ་ལ། ལམ་འབྲས་བརྒྱུད་པའི་ཕྱག་མཆོད་༼ཉི༽སངས་རྒྱས་སྐུ་དངོས་མ། བརྟག་གཉིས་ཀྱི་འགྲེལ་པ་ཀུ་མི་དྷིའི་བཤད་པའི་བླ་མ་བརྒྱུད་པའི་གསོལ་འདེབས་མེ་ཏོག་འཕྲེང་བ། བ་རི་ལོ་ཙཱ་བའི་ཆོས་སྐོར་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་གང་གི་བྱང་ཆུབ་མ། འཇིགས་བྱེད་རྭ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་དཔལ་ལྡན་སངས་རྒྱས་རྒྱས་མ། ཀྱེ་རྡོར་བཀའ་བབས་བཞི་ནས་མཁའ་འགྲོ་རྒྱ་མཚོ་ཡན་གྱི་བླ་མའི་མཚན་འབུམ་ལེགས་སྦྱར་གྱི་སྐད་དུ་བསྒྱུར་བ། ས་པཎ་གྱི་བསྟོད་པ་དཔལ་མཆོག་མ། དེའི་བསྟོད་པ་སྲིད་གསུམ་མ། བླ་མ་སྤྱིའི་བསྟོད་པ་མུ་ཏིག་འཕྲེང་བ། ས་པཎ་གྱི་བསྟོད་པ་བློ་ཆེན་མ། དེའི་བསྟོད་པ་གང་གི་སྔོན་དུ་མ། དེ་ཉིད་ལ་གསོལ་བ་འདེབས་པ་ཡན་ལག་བདུན་ལྡན་རི་བོ་རྩེ་ལྔར་མཛད་པ། དཀོན་ཅོག་གསུམ་ལ་བསྟོད་པ་བསོད་ནམས་ཆུ་གཏེར་མ། ས་པཎ་ལ་མཚན་སྤེལ་གྱི་བསྟོད་པ་འགྲོ་ཀུན་མ་དང་ཀུན་དགའ་རིན་ཅེན་མ་སྟེ་ཤླཽ་ཀ་རེ་རེ། དེའི་བསྟོད་པ་ཀུན་མཁྱེན་མ་ཞེས་པའི་ཚིག་རིང་གཅིག །ཀུན་ཆོས་ཞེས་པའི་ཤླཽ་ཀ་གཅིག །བདེ་ལེགས་མ་ཞེས་པའི་ཤླཽ་ཀ་གཅིག །གང་ཐུགས་མ་ཞེས་པའི་ཚིག་སྣ་རིང་བ་གཅིག །བསོད་ནམས་མ་ཞེས་པའི་ཤླཽ་ཀ་གསུམ་པ་གཅིག །ཏིང་འཛིན་མ་ཞེས་པའི་ཤླཽ་ཀ་གཅིག །མཁྱེན་པའི་སྙིང་པོ་ཞེས་པའི་ཤླཽ་ཀ་གསུམ་པ་གཅིག་སྟེ་བསྟོད་ཆུང་བདུན། གསན་ཡིག་ཚོར་བསྟོད་ཆུང་བདུན་ལས་མིང་གསལ་མེད་ཅིང་མཛད་བྱང་མི་གསལ་ཡང་འདི་བཞིན་ཡིན་ནམ་སྙམ། ཐོགས་མེད་སྐུ་མཆེད་
ཕྱོགས་གླང་ཆོས་གྲགས་སོགས་ལ་བསྟོད་པ་རྣམ་གྲོལ་ལོ་ཏོག་རྣམ་པར་སྐྱེད་མཛད་བླ་མ་རྒྱལ་གྱི་མཐའ་ཅན། ཐོས་པ་རྒྱ་མཚོ། རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་ཆུ་བོ་བརྒྱ་འགྱེད། བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པར་རབ་ཏུ་བྱེད་པའི་རྣམ་བཤད། བླ་མ་དམ་པ་ལ་མཎྜལ་འབུལ་ཞིང་གསོལ་བ་གདབ་པའི་མན་ངག །བླ་མའི་རྣལ་འབྱོར་ལེའུ་༼ཉི༽ཉི་ཤུ་མ། རྩ་བའི་བླ་མ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་གནས་བརྟན་བྱང་ཆུབ་བཟང་པོའི་དོན་དུ་མཛད་པ། ཆོས་རྗེ་པ་ལ་བསྟོད་པ་ཚར་དུ་དངར་བའི་མེ་ཏོག་གི་འཕྲེང་བ། ཆོས་སྤྱོད་བཅུ་པ་ཞེས་བྱ་༼ལྷུན༽བ་ས་པཎ་གྱི་གསུང་རྒྱས་པར་སྤེལ་བ་ཉེས་པ་ཡོད་ན་བཟོད་པར་མཛོད་ཀྱི་མཐའ་ཅན། འགོར་སངས་རྒྱས་ཀུན་དངོས་བླ་མ་ལ་ཞེས་པའི་ལམ་འབྲས་སོགས་ཀྱི་གསན་ཡིག་བཀྲ་ཤིས་རྒྱལ་མཚན་གྱིས་ཞུས་ནས་མཚན་མདོར་བསྡེབས་པ། བླ་མ་ཆོས་ཀྱི་རྗེ་རིན་པོ་ཆེ་བདེ་བ་ནས་བདེ་བར་གཤེགས་པའི་ལུང་བསྟན་པའི་ཆ་ཟུར་ཙམ་བརྗོད་པའི་རྣམ་༼ཝ༽ཐར། དཔལ་ཀྱེ་རྡོ་རྗེ་བརྟག་པ་གཉིས་པའི་བསྡུས་དོན་ཤིང་མོ་ཡོས་བུའི་ལོ་ལ་མཛད་པ། རྒྱུད་ཀྱི་མངོན་པར་རྟོགས་པ་དག་ལྡན་ངེས་འགྲུབ་འགྱུར་ཞེས་གསུངས་པ་འོའི་མཐའ་ཅན་རྫོགས་བྱང་དང་བཅས་པ། ཀྱེ་རྡོ་རྗེ་༼ལྷུན༽རྒྱུད་ཀྱི་སྤྱི་དོན་གསལ་བར་བྱེད་པ་ཡན་ལག་རྒྱས་པར་དབྱེ་བ་འོའི་མཐའ་ཅན། རྡོ་རྗེ་མཁའ་འགྲོ་མ་གུར་གྱི་ལེའུའི་འགྲེལ་པ་རྒྱལ་པོའི་ཕོ་བྲང་དུ་བཤད་པའི་ཚེ་མཛད་པ། ས་སྐྱ་པཎྜི་ཏ་ཆེན་པོའི་ཞལ་སྔ་ནས་ཁྱོད་ཀྱིས་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་བསྡུས་དོན་གསལ་བར་སྦྱོར་ཞིག་ཅེས་རྗེས་སུ་གནང་བ་ལ་བརྟེན་
ནས་ཤིང་ཀུན་མཁར་དུ་མཛད་པ། ཧེ་རུ་ཀའི་ཡིག་བརྒྱ་ཟླ་བའི་མན་ངག །ཀྱེ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་བསྲུང་འཁོར་དང་བཅས་པ། ཀྱེ་རྡོ་རྗེའི་མངོན་རྟོགས་ཡིད་བཞིན་ནོར་བུ། བསྙེན་སྒྲུབ་ཡན་ལག་༼ལྷུན༽བཞི་པ་དང་ཡན་ལག་དྲུག་པའི་མངོན་པར་རྟོགས་པ་མི་འདྲ་བའི་ཁྱད་པར་ཉི་ཤུ་རྩ་གཅིག་ལ་སོགས་པ་བརྗོད་དོའི་མཐའ་ཅན། འདིའི་འོག་ཏུ་མངོན་རྟོགས་ཡན་ལག་དྲུག་པ་ཆུང་བ་ཞེས་པ་ཞིག་འདུག་ཀྱང་དཔེ་མ་རྙེད། འགོར་དད་པས་དྲི་བར་བྱེད་པ་གང་ཡིན་པ་ཞེས་ཡོད་པའི་གཙོ་འཁོར་གྱི་བསྙེན་པའི་གྲངས་དང་གོ་རིམ་རྒྱུད་སྡེ་གོང་འོག་གི་བསྙེན་པའི་ཚུལ་གྱི་དྲི་ལན། འདིའི་འོག་ཏུ་དམ་ཚིག་གསུམ་གྱི་གླུའི་རྗེས་ལ་བྱ་བའི་སྨོན་ལམ་དཔེ་མ་འབྱོར་པས་མ་རྙེད། ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དབང་ལ་འཇུག་པ་ཞེས་བྱ་བ་དགེ་སློང་དཔལ་འབྱུང་གི་དོན་དུ་མཛད་པ། བཅོམ་ལྡན་འདས་༼ལྷུན༽དཔལ་གྱི་རྡོ་རྗེའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པའི་ཆོ་ག་སྙིང་པོ་གསལ་བ་ཞེས་བྱ་བ་རྒྱལ་བུ་ཇིན་གྱིས་བསྐུལ་ནས་ལྕགས་ཕོ་སྤྲེའུའི་ལོ་སྨལ་པོའི་ཟླ་བ་ལ་མཛད་པ། ལམ་བསྡུས་ཀྱི་དབང་རྒྱས་པར་ལེན་པའི་ལག་༼ཉི༽ ལེན་དཔོན་མོ་གོ་བོ་ཅན་གཽ་ཙེན་ཟེར་བའང་འདུག །གྱི་དོན་དུ་ཤིང་ཕོ་ཁྱི་ལོར་མཛད་པ། དབང་གོང་མ་གསུམ་གྱི་ལག་ལེན་ཚིགས་བཅད་མ་བླ་མས་ཇི་ལྟར་མཛད་པ་བཞིན་བཀོད་པ། དཔལ་ཀྱེ་རྡོ་རྗེའི་ལུས་དཀྱིལ་སྒོམ་པའི་༼ཉི༽ཐབས་ལྕགས་ཕོ་རྟའི་ལོ་ལོ་གསར་ཤར་བའི་ཚེ་མཛད་ནས་ཇིན་གྱིམ་ལ་ཕུལ་བ། དཔལ་ཀྱེ་རྡོ་རྗེའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་བདུད་རྩིའི་བུམ་པ། དེ་ལ་ཉེ་བར་མཁོ་བའི་ལུང་སྦྱོར་རྡོ་རྗེ་གུར་ནས་གསུངས་སོའི་མཐའ་ཅན། ཚོགས་འཁོར་བསྡུས་པ་དད་ལྡན་
ལའུ་ཤུས་གསོལ་བ་བཏབ་ནས་མཛད་པ། བདུད་རྩི་རིལ་བུ་བསྒྲུབ་པའི་ལག་ལེན་༼པྲ༽༼དམར༽བདུད་རྩི་འབྱུང་བ། རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རྒྱལ་པོ་ཇིན་གྱིམ་གྱིས་བསྐུལ་བ། དེའི་བསྟོད་པ་རྣམ་དག་གི་འཕྲེང་བ་རྒྱལ་པོ་ལ་བདག་མེད་མའི་དབང་བསྐུར་བའི་དུས་མཛད་པ། དག་པ་རྣམ་གསུམ་གྱི་སྒོ་ནས་རྣལ་འབྱོར་ཉམས་སུ་བླང་བའི་འཁྲིད་ཡིག་༼ཉི༽རྒྱལ་པོ་ཆེན་པོ་དང་དཔོན་མོ་ལ་ཕུལ་བ། འཕོ་བའི་རྣལ་འབྱོར་བར་དོ་ཉིད་དུ་རིག་པ་འཛིན་པའི་གོ་འཕང་ཐོབ་པར་འགྱུར་པ། རྡོ་རྗེ་ཁྲོ་བོ་བཅུ་འཕྲིན་ལས་ལ་བསྐུལ་བའི་ཚུལ་མཁའ་དབྱིངས་དག་གློང་མ། ཐོས་པ་རྒྱ་མཚོའི་ནོར་གྱིས་ཕྱུག་པ་སེང་གེ་མཐའི་དྲི་ལན། དྲི་ལན་རྣམ་པར་ངེས་པ་ཞེས་བྱ་བ་འདན་མ་དབང་ཕྱུག་འབུམ་གྱི་དྲི་ལན། སྡེ་སྣོད་འཛིན་པ་གྲགས་པ་རིན་ཅེན་གྱི་དྲི་ལན། དུས་འཁོར་ཐུགས་དཀྱིལ་གྱི་སྒྲུབ་ཐབས་སློབ་དཔོན་ས་དུ་པཱུ་ཏྲས་མཛད་པའི་གཞུང་དང་བླ་མའི་མན་ངག་ལ་བརྟེན་ནས་མཛད་པ། ལྔ་བསྡུས་སྒྲ་གཅན་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ། ཉི་ཁྱིམ་འཕོ་བའི་ངེས་པ་གསལ་ཞིང་ཐོགས་པ་མེད་པ། རྩིས་དུས་གསལ་བའི་སྒྲོན་མེ། དེའི་དོན་ཡང་དག་པར་བསྡུས་པ། གདོད་མའི་དུས་གསལ་བར་བྱེད་པའི་རྩིས། རྩིས་ཀྱི་གཙུག་ལག་དང་མཐུན་པར་ངེས་པ་ཞེས་བྱ་བ། དྷཱུ་བ་གཉིས་པ་ཞེས་བྱ་བའི་རྩིས་ས་མོ་ལུག་ལོ་རྒྱ་ཡུལ་དུ་མཛད་པ། ལོ་བདག་གི་རྩིས་ཉི་ཤུ་རྩ་གཉིས། འདིའི་འོག་ཏུ་རྟེན་འབྲེལ་གྱི་རྩིས་དང་ཆོས་འཁོར་དུས་ཀྱི་རྩིས་གཉིས་དཔེ་མ་འབྱོར་བས་མ་ཐོབ། བདེ་མཆོག་ནག་པོ་པའི་དབང་བསྐུར་བའི་ཆོ་གའི་སྡོམ་ཚིག་དོན་གསལ་གཟུང་བདེ། འཁོར་ལོ་བདེ་མཆོག་
གི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་ཤིང་ཀུན་ཏུ་མཛད་པ། འཁོར་ལོ་སྡོམ་པའི་མངོན་རྟོགས་ཉམས་སུ་བླང་ཚུལ་གོ་བདེ་བར་བཀྲོལ་བ་སྒྲུབ་ཐབས་སྙིང་པོ། མཆོད་འཕྲེང་ཀུན་ཏུ་བཟང་པོའི་མཆོད་སྤྲིན། སྦྱིན་སྲེག་གི་སྡོམ་ཚིག་ཉི་ཤུ་རྩ་བདུན་པ་ཧུ་ཆུའི་གྲོང་ཁྱེར་དུ་མཛད་པ། དེ་ནས་ལོ་བཅུ་དྲུག་ལོན་པའི་ལྕགས་མོ་ལུག་གི་ལོ་སྟོན་པ་ཤེས་རབ་ཀྱིས་གསོལ་བ་བཏབ་པ་ལ་བརྟེན་ནས་མཛད་པའི་སྦྱིན་སྲེག་རྒྱས་པ། འཁོར་ལོ་བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་སྒྲུབ་པའི་ཐབས་ཉུང་ཞིང་གསལ་བ་དུར་གལ་དུར་མིས་ཀྱི་དོན་དུ་མཛད་པ། དཔལ་འཁོར་ལོ་བདེ་མཆོག་ལཱུ་ཧི་པའི་སྒྲུབ་ཐབས་རིམ་པ་གསལ་བ། དེའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བསྡུས་པ་ཉུང་ཞིང་གསལ་བ། ལིང་ཇུ་རྩེར་ཁབ་ཏུ་༼ལྷུན༽སྦྱར་བའི་རྒྱུན་བཤགས་དུས་གསུམ་བདེ་གཤེགས་མ། བདེ་མཆོག་དཀྱིལ་འཁོར་གྱི་བསྟོད་པའི་རབ་བྱེད་ཚོགས་གཉིས་དཔལ་འབྱུང་མ། ལུས་དཀྱིལ་གྱི་དཀྱིལ་འཁོར་ལ་བརྟེན་ཏེ་དབང་བསྐུར་བའི་བྱ་བ་མདོར་བསྡུས་པ། སྡོམ་ཚིག་ཡང་ཟེར། བདེ་མཆོག་ལུས་ཀྱི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་དུར་གལ་དུར་མིས་ཀྱི་དོན་དུ་མཛད་པ། རྒྱལ་བུ་ཇི་འབིག་ཐེ་མུར་ཞེས་བྱ་བས་དགོངས་ཤིང་དུར་གལ་དུར་མིས་ཀྱི་དོན་གཉེར་ཆེན་པོ་ལ་བརྟེན་བདེ་མཆོག་རིམ་ལྔའི་འཁྲིད། རྒྱལ་བུ་ཇི་འབིག་གི་ངོར་མཛད་པའི་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས། འདི་མར་དོ་ནས་བརྒྱུད་པ་ཡིན། ཡུ་གུར་གྱི་བནྡེ་སང་གྷ་མི་ཏྲས་གསོལ་བ་བཏབ་པ་ལ་བརྟེན་ཏེ་བདེ་མཆོག་ལྷན་སྐྱེས་ཀྱི་དཀྱིལ་འཁོར་སྒྲུབ་ཐབས། ཡང་དེའི་སྒྲུབ་ཐབས་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ།
ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ཆོ་གས་སྡིག་པ་སྦྱང་ཐབས་ཁ་ཆེ་རིན་ཅེན་རྡོ་རྗེས་མཛད་པའི་བདེ་མཆོག་གི་བཀྲ་ཤིས་ལ་ཞུས་དག་དང་ཁ་བསྐང་བ། རྒྱལ་བུ་ཇིན་གྱིམ་༼ལྷུན༽ལ་ཤིས་པ་བརྗོད་པ་ཧེ་རུ་ཀ་དཔལ་མ། གོ་གོ་༼ལྷུན༽ཅན་པ་ཤིས་པ་བརྗོད་པ་དཔལ་མཆོག་མ། རྭ་ལུགས་ཕག་མོ་སོ་བདུན་མའི་མངོན་རྟོགས་སྔོན་བྱུང་གི་རྗེས་སུ་འབྲངས་པ་སློབ་དཔོན་ཤྲཱི་ཨུ་མ་པ་ཏི་ཏས་མཛད་པའི་ལག་ཏུ་བླང་བའི་རིམ་པ། ནཱ་རོ་མཁའ་སྤྱོད་ཀྱི་༼ཡོ༽སྒྲུབ་ཐབས་ས་སྦྲུལ་ཤངས་མདོར་མཛད་པ། དེའི་སྒྲུབ་༼ཡོ༽ཐབས་ནཱ་རོ་ཏ་པའི་རྗེས་སུ་འབྲངས་པ་མེ་བྱི་མཛད་པ། སིན་དྷུ་༼ཡོ༽རའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བ། ཚོགས་༼ཡོ༽འཁོར་གྱི་ཆོ་ག་གོ་གོ་ཅན་གྱི་དོན་དུ་མཛད་པ། དེས་བསྐུལ་ནས་༼ཡོ༽མཛད་པའི་སྦྱིན་སྲེག་གི་ཆོ་ག །སྒོ་མཚམས་མ་བརྒྱད་ཀྱི་བསྟོད་པ་ནི་སྐུ་གསུང་མ་རྟག་ཏུ་བསྲུང་བར་བགྱིའི་མཐའ་ཅན། སྒྱུ་མ་ཆེན་པོའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རྒྱས་པ་སྒྱུ་འཕྲུལ་རྣམ་པར་རོལ་པ། སྒྲུབ་ཐབས་བསྡུས་པ་བྱ་ལོ་ཟླ་བ་གཉིས་པའི་ཡར་ཚེས་གསུམ་ལ་མཛད་པ། སྒྱུ་མ་ཆེན་པོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་རྒྱལ་བུ་ཧོ་ཀོ་ཡོན་མཆོད་ཀྱི་དོན་དུ་མཛད་པ། སྒྱུ་མ་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་དབང་རྣམ་པར་རོལ་པ། སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་གྱི་ཆོ་ག་དཔོན་མོ་གོ་གོ་ཅན་གྱིས་བསྐུལ་བ་ལ་བརྟེན་ནས་ས་སྐྱར་མཛད་པ། སྒྲོལ་མ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་ཕྱག་འཚལ་ཉེར་གཅིག་གི་རྗེས་སུ་འབྲངས་ཏེ་ཤིང་ཀུན་མཁར་དུ་མཛད་པ། ཕྱག་འཚལ་ཉེར་གཅིག་གི་ལྷ་མོའི་སྒྲུབ་ཐབས་རྒྱལ་བུ་གཡུང་དྲུང་ཏས་བསྐུལ་ཏེ་ཕུལ་བ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་
ཐང་ངོ་ཏའི་དོན་དུ་མཛད་པ། སྒྲོལ་མ་ལུས་དཀྱིལ་གྱི་དཀྱིལ་འཁོར་སྒོམ་པའི་རིམ་པ་ཉི་མ་སྦས་པའི་ཞབས་ལས་བརྒྱུད་པའི་མན་ངག །འགོར་བླ་མ་ལ་༼ལྷུན༽ ཕྱག་དང་མཎྜལ་ཕུལ་ཞེས་ཡོད་པའི་ལུས་དཀྱིལ་དབང་གི་ཐོ་ཡིག །སློབ་དཔོན་ཐམས་ཅད་མཁྱེན་པའི་བཤེས་གཉེན་གྱིས་མཛད་པའི་འཇིགས་པ་བརྒྱད་སྐྱོབ་པའི་སྒྲུབ་ཐབས་རྒྱ་ཡུལ་ཅོང་ཏོ་མཁར་དུ་འགྱུར་མཛད་པ། གནས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་གང་སྐྱར་མཛད་པ། ཨོ་རྒྱན་སྒྲོལ་མ་ཡང་ཟེར། རྡོ་རྗེ་གུར་གྱི་སྒྲོལ་མའི་རྗེས་སུ་འབྲངས་པའི་སྒྲུབ་ཐབས་གྲགས་པ་བཟང་པོའི་ངོར་ཤིང་ཀུན་ཏུ་མཛད་པ། ཕྱག་དྲུག་པའི་སྒྲོལ་མའི་སྒྲུབ་ཐབས་ས་ཕོ་སྟག་ལོར་ས་སྐྱར་མཛད་པ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རབ་ཏུ་གསལ་བ་ཕོ་བྲང་ཕེང་ཧུར་མཛད་པ། འདི་ཀླུ་བྱང་དང་སྒྲ་གཅན་འཛིན་དཔལ་བཤེས་གཉེན་གཉིས་ཀྱི་དཀྱིལ་ཆོག་དང་མཐུན་པ་ཁ་ཆེ་པཎ་ཆེན་ནས་ས་པཎ་ལ་བརྒྱུད་པ་ཡིན། འགོར་འདི་ལ་གཉིས་ཏེ་བསྲུང་བའི་འཁོར་ལོ་ཞེས་ཡོད་པའི་མདོར་བྱས་ཀྱི་ས་བཅད་ཉེ་བར་བསྡུས་པ་འོའི་མཐའ་ཅན། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་རྣམ་ཐར་དང་བརྒྱུད་པའི་རིམ་པ་གོ་པ་ལའི་ཕོ་བྲང་དུ་མཛད་པ། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་སྒྲུབ་ཐབས་རིན་ཅེན་འཕྲེང་བ་རྒྱལ་བུ་བྱང་ཆུབ་སེམས་དཔའི་ཕོ་བྲང་དུ་མཛད་པ། གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་ལྕགས་མོ་བྱའི་ལོ་རྒྱལ་པོའི་ཕོ་བྲང་དུ་མཛད་པ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས་གསང་བ་ལས་ཀྱང་ཆེས་གསང་བ་གསང་བའི་རྣལ་འབྱོར་གྲུབ་པ་ཞེས་བྱ་བ། རྡོ་རྗེ་འཇིགས་བྱེད་ཕྱག་གཉིས་པའི་སྒྲུབ་ཐབས་
རྒྱལ་བུ་ཨ་རོག་ཆེས་བསྐུལ་ནས་མཛད་པ། འཇིགས་བྱེད་ཕྱག་དྲུག་པའི་སྒྲུབ་ཐབས་ཚོགས་འཁོར་དང་བཅས་པ་རྒྱལ་བུ་ཇིན་གྱིན་གྱིས་གསོལ་བ་བཏབ་ནས་མཛད་པ། ཕྱག་དྲུག་པའི་སྒྲུབ་ཐབས་ཨ་རོག་ཆེའི་ཉམས་བཞེས་སུ་ཤིང་ཀུན་ཏུ་མཛད་པ། དཔལ་ཆེན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའི་ཆོ་ག་རྒྱལ་རིགས་གཞོན་ནུའི་དོན་དུ་ཤིང་ཀུན་ཏུ་མཛད་པ། སྦྱིན་སྲེག་གི་ཆོ་ག་རྒྱལ་བུས་བསྐུལ་ནས་ཨཱུན་ཆང་ཧཱུ་ཞེས་བྱ་བའི་ཕོ་བྲང་དུ་མཛད་པ། ཞེ་དགུ་མའི་སྒྲུབ་ཐབས་ཞི་ཁྲོ་རྣམ་རོལ་ལ་ལཱི་ཏའི་གཞུང་གོ་བདེ་བར་བཀྲོལ་བ་མདོ་ཁམས་ཀྱི་ས་ཆ་གཙོ་མདོ་གནས་གསར་དུ་མཛད་པ། གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དཔལ་འཛིན་གྱི་ལུགས་བཞིན་རྒྱལ་བུ་མངྒ་ལས་བསྐུལ་བ་ལ་བརྟེན་ནས་རྒྱ་ནག་ཅོང་ཏོའི་མཁར་དུ་མཛད་པ། གཤེད་དམར་ལྷ་ལྔའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་བིར་ཝ་པས་མཛད་པའི་གསལ་བྱེད་ཤིང་ཀུན་ཏུ་སྦྱར་བ། གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་འཇིགས་མེད་རྣམ་རོལ་ཚོགས་འཁོར་དང་བཅས་པའི་ཇིམ་གྱིན་གྱིས་བསྐུལ་ནས་ཅོང་ཏོའི་ཕོ་བྲང་གི་དག་བྱེད་ཁྲུས་ཁང་གླིང་དུ་སྦྱར་བ། གཤེད་དམར་ལྷན་སྐྱེས་ཀྱི་སྒྲུབ་ཐབས་རྒྱལ་བུ་ཨ་རོག་ཆེའི་དོན་དུ་ཤིང་ཀུན་ཏུ་མཛད་པ། རྩ་ལྟུང་གི་རྣམ་པར་བཤད་པ་དམ་ཚིག་རབ་ཏུ་གསལ་བ་ཉི་མ་འབུམ་གྱིས་བསྐུལ་ནས་ཤིང་ཀུན་ཏུ་མཛད་པ། བླ་མ་ལྔ་བཅུ་པའི་བསྡུས་དོན། རབ་ཏུ་གནས་པའི་ཕྱག་ལེན་མདོར་བསྡུས་པ་ཡུ་གུར་གྱི་བནྡེ་ས་གྷ་མི་ཏྲས་བསྐུལ་ནས་མཛད་པ། སྦྱོང་རྒྱུད་ནས་གསུངས་པའི་ཚེ་དཔག་མེད་ཀྱི་སྒྲུབ་ཐབས་ས་མོ་ལུག་ལོ་རྒྱལ་བུ་བྱང་ཆུབ་སེམས་དཔའི་
ཕོ་བྲང་དུ་མཛད་པ། ཚེ་སྒྲུབ་ཟབ་མོ་ཆུ་མོ་གླང་གི་ལོ་སྨར་ཁམས་གཙོ་མདོའི་གཙུག་ལག་ཁང་དུ་མཛད་པ། ཚེ་དཔག་མེད་ཀྱི་བསྟོད་ཚིག་པདྨོའི་འཕྲེང་བ། འོད་དཔག་མེད་ཀྱི་སྒོམ་དོན་ནམ་༼བྲ༽ཉལ་སྒོམ་དུ་གྲགས་པ་བ་རི་ནས་བརྒྱུད་པ། མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག་མེ་མོ་སྦྲུལ་ལོ་ལ་མཛད་པ། གསང་བདག་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ས་སྐྱ་པའི་གསུང་བཞིན་སྦྱར་བ། རྣམ་འཇོམས་ཀྱི་སྒྲུབ་ཐབས་བུམ་ཆོག་གཏོར་མ་སྦྱིན་སྲེག་དང་བཅས་པ། འཇམ་དཔལ་གྱི་སྒོམ་ཐབས་མེ་འབྲུག་རྒྱལ་བུ་མུ་ཁས་བསྐུལ་པ་ལ་བརྟེན་ནས་མཛད་པ། འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་སྒྲུབ་ཐབས་ཤིང་ཕོ་སྟག་ལོ་མདོ་ཁམས་སྒང་དུ་མཛད་པ། ཐུགས་རྗེ་ཆེན་པོ་དང་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཉམས་སུ་ལེན་ཚུལ་མོ་སྟོན་ཙེ་གེ་ཇེ་འཕུར་གྱིས་བསྐུལ་བའི་ངོར་མཛད་པ། བཅོམ་ལྡན་འདས་༼ལྷུན༽ཐུགས་རྗེ་ཆེན་པོ་སྒྲུབ་པའི་ཐབས་རྒྱའི་ཡུལ་དུ་ཡི་གེར་བཀོད་པ། དེའི་སྒྲུབ་ཐབས་མོ་སྟོན་ཙོ་གེ་ཇུ་༼ལྷུན༽འཕུར་གྱི་ངོར་མེ་ཕོ་བྱི་བའི་ལོ་ལ་སྐྱེ་དགུ་མདོར་ཡི་གེར་བཀོད་པ། དེའི་སྒྲུབ་ཐབས་༼ལྷུན༽རྡོ་རྗེ་ཁྱེའུ་འདྲེན་གྱི་ངོར་འཕགས་པས་བཤད་ཅིང་བྲིས་ནས་ཕུལ་བ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒོམ་ཐབས་མདོར་བསྡུས་པ་སྒང་རར་མཛད་པ། རྟ་མགྲིན་ཁྱུང་གཤོག་ཅན་གྱི་སྒྲུབ་ཐབས་ཏྲེའི་ས་ཆར་བཀོད་པ། འཕགས་པ་བྱམས་པའི་ཆོས་སྐོར་ཡན་ལག་དང་བཅས་པ། རྗེ་བཙུན་མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་ས་སྐྱ་པའི་གསུང་བཞིན་སྦྱར་བ། ཕྱག་བཞི་པའི་འཕགས་པ་མི་གཡོ་བའི་སྒྲུབ་ཐབས་ཨ་དུ་ལ་ད་པ་བཛྲ་ལས་བརྒྱུད་པ། རྗེ་བཙུན་རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྟོག་པ་གཉིས་ཀྱི་རྗེས་སུ་འབྲངས་བ། གཙུག་ཏོར་
གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས་གཟུངས་བཀླག་ཐབས་དང་བཅས་པ་ཤིང་ཕག་ཏྲེའི་ས་ཆར་སྦྱར་བ། རྗེ་བཙུན་རི་ཁྲོད་ལོ་མ་གྱོན་མའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་བ་རི་བ་ནས་བརྒྱུད་པ་སྒྲུབ་ཐབས་ཆུང་ངུ་ས་སྐྱ་པའི་མན་ངག་ཡི་གེར་བཀོད་པ། འདི་གསན་ཡིག་ན་མི་གསལ་ཡང་ལུང་རྒྱུན་ཡོད། བསྟོད་པ་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ། སྐུལ་བྱེད་མའམ་ཙུན་དྷའི་སྒྲུབ་ཐབས་ས་ཕོ་རྟའི་ལོ་མཛད་པ། འོད་ཟེར་ཅན་མའི་སྒྲུབ་ཐབས་སྐད་གཉིས་སྨྲ་བ་དུ་ལག་གི་ངོར་ཤིང་ཀུན་ཏུ་མཛད་པ། ལྷ་མོ་མྱ་ངན་མེད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟོད་པ་གང་གི་མཚན་འཛིན་མ་དང་བཅས་པ་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ། ལོ་ཙཱ་བ་སང་གྷས་བསྐུལ་བའི་དོན་དུ་མཛད་པའི་འོད་ཟེར་ཅན་གྱི་སྦྱིན་སྲེག །དེའི་བསྟོད་པ་རྒྱས་པ་རྒྱལ་པོའི་ཕོ་བྲང་དུ་མཛད་པ། སྤྱན་མ་ཕྱག་བརྒྱད་མའི་སྒྲུབ་ཐབས་ས་ཕོ་རྟའི་ལོ་མཛད་པ། གཟའ་ཡུམ་གྱི་སྒྲུབ་ཐབས་མདོར་བསྡུས་པ་ལས་དང་པོ་པའི་དོན་དུ་ཐང་སྐྱར་སྦྱར་བ། འདོད་པའི་ལྷ་སྣ་ཚོགས་ཀྱི་བསྟོད་པ་རྒྱལ་ཀུན་ཐུགས་སྐྱེས་མ། རིག་མ་བཅུ་དྲུག་གི་མཆོད་པ་རྡོ་རྗེ་ལྷ་མོ་མ་དང་ཧཱུཾ་གི་ཡེ་ཤེས་མ་གཉིས་ཀ་ཕིང་ཧུར་སྦྱར་བ། བསྲུང་བ་ལྔའི་སྔོན་འགྲོ་རོལ་མོ་དང་བཅས་ཏེ་གཏོར་མ་གཏང་ངོའི་མཐའ་ཅན། དེའི་སྒྲུབ་ཐབས་མདོར་བསྡུས་ཤིང་མེ་ཡོས་བུའི་ལོ་མཛད་པ། འདི་གཉིས་ཀྱི་འགོ་མཇུག་ནི་ཚིག་འདྲ་བར་འདུག་ཀྱང་ཞིབ་ཏུ་བྱས་ན་མང་ཉུང་ཡོད། དེའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་རྒྱས་པ་ཤིང་ཡོས་མཛད་པ། བསྲུང་བའི་ལྷ་མོ་ལྔ་ལ་བསྟོད་པ་མིའི་དབང་གོ་བེ་ལའི་ཕོ་བྲང་དུ་སྦྱར་བ། བསྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ལས་ལྷ་མོ་ལྔའི་བསྟོད་པ་སློབ་དཔོན་བན་ཏི་པས་མཛད་ཅིང་ལྷག་མ་གསར་དུ་
སྦྱར་བ། ཕྱོགས་བཞི་དང་གཟའ་དང་རྒྱུ་སྐར་གྱི་གཏོར་མ་གསོལ་བ་གདབ་པོའི་མཐའ་ཅན། འགོར་དཀར་གཏོར་གཉིས་པ་༼ལྷུན༽བྱིན་གྱིས་བརླབས་ལ་ཞེས་ཡོད་པའི་གསང་སྔགས་རྗེས་སུ་འཛིན་པའི་གཏོར་མ་སྟེ་བདུན་པའོ། ༈ །དབང་བསྐུར་བའི་སྔོན་དུ་བྱུར་བསལ་བའི་ཆོ་ག་ཀུན་ལས་རྒྱལ་བའི་མཐའ་ཅན། ཆོ་གའི་ཆ་ལག་གམ་དབང་བསྐུར་དངོས་བཅོ་ལྔ་པ་འོའི་མཐའ་ཅན། ཆོག་ཁྲིགས་ཀྱི་སྡོམ་ལྷུག་མ་ཨ་དྷིཥྩ་ཏེ་བཛྲ་ཡ་སྭཱ་ཧཱའི་མཐའ་ཅན། སྡོམ་ཚིགས་བཅད་མ་དམ་པས་བསྐུལ་ནས་མཛད་པ། འཕགས་པ་ཛམ་བྷ་ལ་སེར་པོའི་སྒྲུབ་ཐབས་དཔལ་ས་སྐྱར་མཛད་པ། བོད་དུ་འགྱུར་བའི་རྒྱུད་སྡེ་བཞི་ཕལ་ཆེར་གྱི་མཚན་ཕྱོགས་གཅིག་ཏུ་བསྡེབས་པའི་དཀར་ཆག་བདེ་ལེགས་ཤོག་གི་མཐའ་ཅན། དཔལ་ནག་པོ་ཆེན་པོ་ལྕམ་དྲལ་སྦྲགས་ཏེ་སྒྲུབ་པའི་༼མི༽ཐབས་ཆུ་ཕོ་བྱི་བའི་ལོ་མི་ཉག་གི་ཡུལ་དུ་མཛད་པ། གསང་བའི་མཆོད་གཏོར་གྱི་རིམ་པ་བདུད་རྩི་ལྔ་༼མེ༽མཆོད། བསྟོད་པ་གང་༼མེ༽ཐུགས་མ། ལྕམ་དྲལ་གྱི་གཏོར་ཆོག་ཇིམ་གྱིན་ལ་༼མི༽ཕུལ་བ། བཤགས་རིང་༼མི༽ཚིག་ལྷུག །གདོང་བཞི་པའི་བསྟོད་བསྐུལ་སངས་རྒྱས་གཅིག་བསྡུས་༼ཅི༽མ་ཤིང་ཀུན་ཏུ་མཛད་པ། ཕྱོགས་བཞིའི་གཏོར་མ་གནོད་སྦྱིན་ཐམས་ཅད་པའི་གཏོར་མའི་ཆོ་ག་རྫོགས་སོའི་མཐའ་ཅན། ས་སྐྱ་པ་ཡབ་སྲས་ཀྱི་ཉིན་ཞག་ཕྲུགས་གཅིག་གི་ཐུགས་དམ་དུ་གྲགས་པའི་དཀར་ཆ་བཞིའི་གཏོར་མ་བྱེད་པར་བསམ་མོའི་མཐའ་ཅན། ཀླུ་གཏོར་ཆོས་རྗེ་ས་སྐྱ་པའི་ཕྱག་ལེན་ལྟར་མཛད་པ། ཆུ་གཏོར་ཇི་ལྟར་བྱ་བའི་རིམ་པ་རྗེ་བཙུན་ས་སྐྱ་པའི་ཞལ་གདམས་རིམ་པར་བཀོད་པ། གཤིན་རྗེ་དགྲ་ནག་པོའི་རྒྱུད་༼ལྷུན༽ནས་བཤད་པའི་གཏོར་མ་དྲུག་ཅུ་རྩ་བཞི་པའི་
གཏོང་ཚུལ་ལྕགས་མོ་ལུག་ལོ་ཤིང་ཀུན་ཏུ་མཛད་པ། བསྟོད་དབྱངས་རྒྱ་མཚོ་སྙན་ངག་རིན་པོ་ཆེའི་རྒྱུན་གྱི་རྣམ་པར་བཀྲ་བ་ཞེས་བྱ་བ་ཅོང་ཏོའི་མཁར་དུ་མཛད་པ། ཤཱཀྱའི་རྒྱལ་པོའི་ཡོན་ཏན་གྱི་ཆ་ལ་བསྟོད་པ་ཤིང་ཕོ་སྟག་གི་ལོ་ལ་སྦྱར་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཚན་དོན་གྱི་སྒོ་ནས་བསྟོད་པ་ཚིགས་བཅད་ཉི་ཤུ་ལྔ་པ། འཇམ་དཔལ་དབྱངས་ལ་ཉེ་བར་བསྔགས་པ་མེ་ཏོག་གི་འཕྲེང་བ། འཇམ་དཔལ་དབྱངས་ལ་རི་བོ་རྩེ་ལྔར་བསྟོད་པ་ནོར་བུའི་འཕྲེང་བས་རྒྱན་ཕྱིར་བསྡེབས་པ། འཇམ་དཔལ་བསྟན་པའི་འཁོར་ལོ་བསྟོད་པ་རྒྱལ་ཀུན་ཡེ་ཤེས་མ། རི་བོ་རྩེ་ལྔའི་རི་སོ་སོ་དང་མཐུན་པར་བསྟོད་པ་བྱམས་པའི་ལྟེ་བ་མ། ཨཱ་ནནྡ་ཀཱིརྟིའི་དོན་དུ་དཔའ་བོའི་འཁོར་ལོ་ཉིད་ལས་བྲིས་པ། འཇམ་དབྱངས་ལ་བསྟོད་པ་རྣམ་པ་སྣ་ཚོགས་མ། སྐྱིད་གྲོང་གི་འཕགས་པ་ཝརྟི་ལ་མནལ་ལམ་དུ་བསྟོད་པ། བྱམས་པ་ལ་བསྟོད་པ་གྲུ་མུར་དུ་ཡུད་ཙམ་ཞིག་ལ་མཛད་པ། གནས་བརྟན་བཅུ་དྲུག་གི་བསྟོད་པ་དགྲ་བཅོམ་མ། མཆོད་བརྗོད་ཡན་ལག་བཅུ་པ་ཅུང་ཟད་རྒྱས་པར་སྤེལ་བ། ཡན་ལག་བདུན་པ་དུས་གསུམ་ཕྱོགས་བཅུ་མ། ཕྱག་མཆོད་སྡིག་བཤགས་བསྔོ་བ་དང་བཅས་པའི་ཚིགས་བཅད་དུས་གསུམ་བདེ་གཤེགས་མ། སེམས་བསྐྱེད་ཀྱི་ཆོ་ག་ཆོས་བཞིན་དུ་འགྲུབ་པར་གྱུར་ཅིག་གི་མཐའ་ཅན། འགོར་སྤྱིར་བསྟན་པའི་གཞི་ཞེས་ཡོད་པའི་སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་དང་བཅས་པ་འབྲིང་དུ་བསྟན་པ་བྱང་ཆུབ་ཆེན་པོ་ཐོབ་པར་ཤོག་གི་མཐའ་ཅན། དེ་གསུམ་བསྡུས་པ་ཡུལ་སྐྱོང་མགོན་པོ་དཔལ་བཟང་གི་དོན་དུ་མཛད་པ། སྐྱབས་འགྲོའི་རྣམ་གཞག་བོ་ལོད་ཀྱི་དོན་དུ་ཡོལ་གྱི་ས་ཆར་མཛད་པ།
སྐྱབས་འགྲོ་སེམས་བསྐྱེད་དབང་བསྐུར་བྱིན་རླབས་ཀྱི་བསླབ་བྱ་ཉུང་བསྡུས་རྒྱལ་བུ་ཨ་རོག་ཆེའི་དོན་དུ་ཤིང་ཀུན་ཏུ་མཛད་པ། རྒྱལ་པོ་ལ་གདམས་པའི་རབ་ཏུ་བྱེད་པ་ཤིང་ཀུན་ཏུ་སྦྱར་བ། དེའི་བསྡུས་དོན་རྒྱ་ནག་ཏྲེའི་ས་ཆ་དགའ་ལྡན་གནས་གསར་དུ་སྦྱར་བ། ཐེག་པ་ཆེན་པོ་གསལ་བ་ཞེས་བྱ་བའི་ཡི་གེ་ཀ་མད་སུམ་ཅུ་ལ་སྦྱར་བ། དེའི་བསྡུས་དོན་རོང་པོའི་ཡུལ་སྙིང་ལུང་པར་སྦྱར་བ། ཤེས་བྱ་རབ་གསལ། ལས་འབྲས་གསལ་བའི་མེ་ལོང་ཚིགས་སུ་བཅད་པ་བཞི་བཅུ་པ། རྒྱལ་བུ་ཇི་བིག་དི་མུར་ལ་གཏམ་དུ་བྱ་བ་ནོར་བུའི་འཕྲེང་བ། རྒྱལ་བུ་མང་ག་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་འཕྲེང་བ། རྒྱལ་བུ་ནོ་མོ་གན་ལ་སྤྲིངས་པ་ཚིགས་སུ་བཅད་པ་བརྒྱ་རྩ་བརྒྱད་པ་ཆུ་སྤྲེལ་ཤིང་ཀུན་ཏུ་མཛད་པ། རྒྱལ་བུ་ཧོ་ཀོའི་དོན་དུ་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་རྣམ་གཞག་ཅུང་ཟད་བརྗོད་པ་ཤིང་ཀུན་ཏུ་བསྡེབས་པ། རྒྱལ་བུ་དེ་གུས་བོག་ལ་གདམས་པ་བདུད་རྩིའི་འབྱུང་གནས། དེ་མུར་པོ་ག་ལ་༼ལྷུན༽གདམས་པ་ཟླ་བའི་འོད་ཟེར། སྒྲུབ་པའི་རིམ་པ་རབ་ཏུ་གསལ་བ་ཞེས་བྱ་བ་དཔོན་མོ་པུནྡ་རིས་བསྐུལ་ནས་ས་སྐྱར་མཛད་པ། རྒྱལ་བུ་ཇིམ་གྱིན་ལ་སྤྲིངས་པ་ཏྲ་མདའ་ནས་བསྐུར་བ། དེ་ལ་སྤྲིངས་པ་ས་སྐྱར་བྲིས་པ། དེ་ལ་རྨ་ཆུའི་འགྲམ་ནས་སྤྲིངས་པ། ཨ་ཙ་ར་ལ་གདམས་པའི་སྤྲིངས་ཡིག་ཤིང་ཀུན་མཁར་དུ་མཛད་པ། བླ་མ་ལྡོང་སྟོན་གྱི་དོན་དུ་སྤྲིངས་པ་གང་ལ་སངས་རྒྱས་མ། ཡེ་ཤེས་འབུམ་ལ་གདམས་པ་བདུད་རྩིའི་ཐིག་ལེ་ཅོང་ཏོར་བྲིས་པ། རིག་པ་སྨྲ་བ་གྲགས་བཟང་ལ་སྤྲིངས་པ་ཟླ་བ་མིག་གིས་མཐོང་སྟེ་བྲིས་པ། བདེན་གཉིས་རྣམ་པར་ངེས་པ་ཁའི་ཕིང་ཧུར་བྲིས་པ། ཟབ་མོ་སྣང་བའི་རབ་བྱེད་ཅེས་བྱ་བ་མདོ་ཁམས་ཀྱི་སའི་ཆར་སྦྱར་བ།
ཕྱག་རྒྱ་ཆེན་པོ་ཉམས་སུ་བླང་བའི་མན་ངག་རི་བོ་རྩེ་ལྔར་སྦྱར་བ། ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་གཏམ་མི་ཉག་གི་ཡུལ་དུ་མཛད་པ། དེའི་འཁྲིད་ཡིག་ཡན་ལག་བདུན་ལྡན་རྒྱ་ཡུལ་དུ་སྦྱར་བ། དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འགའ་ཞིག་ལ་ཕྱིན་ཅི་ལོག་ཏུ་བརྟག་པ་དགག་ཚུལ་དུ་སྨན་གྱིས་བསྐུལ་བ་ལ་བརྟེན་ནས་ཆུ་མིག་དཔལ་གྱི་བདེ་ཆེན་དུ་མཛད་པ། བུ་མོ་རིན་ཅེན་གྱིས་ཞུས་པའི་མདོའི་དོན་ཡང་དག་པར་བསྡུས་པ། ཟབ་མོ་མདོ་ལྔའི་ས་བཅད་ཅེས་པ་ལ་སྙིང་པོའི་སྡོམ། ཐབས་ལ་མཁས་པའི་སྡོམ། ཏིང་ངེ་འཛིན་གྱི་སྡོམ། བྱང་ཆུབ་སེམས་དཔའི་སྡོམ། སངས་རྒྱས་ཀྱི་སའི་སྡོམ་རྣམས། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་དོན་གོ་པེ་ལའི་ཕོ་བྲང་དུ་སྦྱར་བ། སྐྱོ་བའི་གཏམ་ཚིགས་སུ་བཅད་པ་སུམ་ཅུ་རྩ་ལྔ་པ་ཀུན་ཤིའི་དགོན་པར་སྦྱར་བ། ངན་པའི་སྤྱོད་ཚུལ་ལམ་སྙིགས་མར་སྦྱོར་བའི་སྤྱོད་ཚུལ་ལ་ཁྲེལ་བའི་གཏམ་མེ་མོ་སྦྲུལ་ལོར་སྦྱར་བ། ཐེག་པའི་རྣམ་དབྱེ་མདོར་བསྡུས་པ་མདོ་ཁམས་ཀྱི་སའི་ཆ་ཟླ་སྙིང་མར་མེ་དོར་སྦྱར་བ། བསམ་གཏན་ཤེས་རབ་ཀྱིས་བསྐུལ་བའི་དྲི་ལན་འདམ་དུ་བྲིས་པ། ཀ་མད་༼ལྷུན༽སུམ་ཅུར་སྤེལ་བ་ཀ་ལ་པིངྐ་མ། ཡི་གེའི་སྦྱོར་༼ལྷུན༽ཚུལ་ཡང་དག་ལམ་རབ་མ། སྟོན་པ་བརྩོན་འགྲུས་༼ལྷུན༽ཀྱི་དྲི་ལན་ཤིང་མོ་ཕག་ལོ་གདུ་བུའི་ཟླ་བ་ལ་མཛད་པ། བྱང་ཆུབ་ལམ་གྱི་སྙིང་པོ་སྒོམ་པའི་རིམ་པ་སློབ་མས་རྒྱང་རིང་ནས་བསྐུལ་བ་ལ་བརྟེན་ནས་ས་སྐྱར་མཛད་པ། གང་གི་བསོད་ནམས་མ་ཞེས་བྱ་བའི་ཚིགས་བཅད། དབུས་གཙང་དུ་ཆོས་འཁོར་བསྐོར་བའི་བཀའ་ཡིག་དགེ་ཚོགས་དཔག་མེད་མ། དགེ་བའི་བཤེས་གཉེན་ཚ་མོ་རོང་པ་
ལ་སྤྲིངས་པ། སྡོམ་བརྩོན་ཞིག་ལ་སྤྲིངས་པ་ཚོགས་གཉིས་རྒྱ་མཚོ་མ། ཟབ་མོ་ཉམས་སུ་ལེན་ཚུལ་བློ་གྲོས་སེང་གེ་ལ་བསྐུར་བ། རྒྱལ་བུ་ཇི་བིག་ཐེ་མུར་ལ་སྤྲིངས་པ་ཀུན་ནས་བརྩེ་བ་མ། དེ་ལ་སྨོན་ལམ་དུ་༼ལྷུན༽བྱ་བ་ཡེ་ཤེས་དཀྱིལ་འཁོར་མ། ཡིག་གྱང་ཇུས་གླེགས་བམ་བསྒྲུབ་པ་ལ་བསྔགས་པ་དཔལ་ཀུན་མ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་སྔོན་དུ་བཏང་བའི་རྒྱལ་བུ་བྱང་ཆུབ་སེམས་དཔའ་ལ་གནང་བའི་བཀའ་ཡིག་གསེར་གྱི་རྡོ་རྗེའི་རྟེན་ཅན། རྒྱལ་པོ་ཨལྐོ་ལ་སྤྲིངས་པ་བསོད་ནམས་རྒྱ་མཚོ་མ། རིན་ཅེན་པ་ཤི་ལ་སྤྲིངས་པ་ཡེ་ཤེས་ཆེན་པོ་མ། པཎྜི་ཏ་ལཀྵི་མ་ཀ་ར་ལ་གསོལ་བ་དགེ་སློང་བློ་གྲོས་མ། ཤོང་སྟོན་ལོ་ཙཱ་བའི་སྙན་དུ་གསོལ་བ། རྭ་དབོན་ལ་བསྐུར་བ་གཞུང་ལུགས་བརྒྱ་ཕྲག་མ། བཅོམ་ལྡན་རལ་གྲི་ལ་སྤྲིངས་པ་མཁའ་དབྱིངས་མ། སྤྱི་བོ་ལྷས་པ། བྱང་ཆུབ་སེང་གེ་ལ་སྤྲིངས་པ་གདོད་ནས་ཉེར་ཞི་མ། ཁྲོ་ཕུ་༼ལྷུན༽བ་ལ་བསྐུར་བ་དཔལ་ལྡན་ཉིན་བྱེད་མ། ཆག་ལོ་ལ་བསྐུར་བ་མ་ཆགས་པ། དབུས་ཀྱི་མཚན་ཉིད་པ་སྤྱི་ལ་བསྐུར་བ་དམིགས་མེད་མ། བཀའ་གདམས་པ་སྤྱི་ལ་བསྐུར་བ་ཇི་བཞིན་མ། སྟག་ལུང་པ་ལ་བསྐུར་བ་སྲིད་ཞི་མ། དབུས་ཀྱི་སྒོམ་ཆེན་སྤྱི་ལ་བསྐུར་བ་ཏིང་འཛིན་མ། རྒྱལ་བུ་ཇི་བིག་ལ་བསྐུར་བ་ཡེ་ཤེས་དཀྱིལ་འཁོར་མ། གསན་ཡིག་ཚོར་གསུམ་ཡོད་ཟེར་ཡང་དཔེར་གཉིས་ལས་མ་བྱུང་། དེ་ལ་བསྐུར་བ་དཔལ་ལྡན་མ། དཔོན་མོ་དུར་གལ་དུར་མིས་ལ་བསྐུར་བ་ཆོས་དབྱིངས་མ། ཡང་དེ་ལ་༼ལྷུན༽བསྐུར་བ་དཔལ་ལྡན་ཡོན་ཏན་མ། འདིའི་འོག་ཏུ་ཚིགས་བཅད་ཐོར་བུ་ཞིག་ཡོད་ཚུལ་བྱུང་ཡང་དཔེ་མ་རྙེད། རྒྱལ་བུ་ཇིམ་གྱིན་ལ་བསྐུར་བ་དེང་སང་མ། དེ་ལ་བསྐུར་༼ལྷུན༽བ་དཔལ་འབྱུང་མ། རྒྱལ་བུ་ཧོ་ཀོ་ལ་
བསྐུར་བ་སྟོབས་སོགས་མ། གྲགས་བཟང་ལ་བསྐུར་བ་མདངས་དང་དྲི་རོ་མ། སྟོན་གཞོན་ལ་བསྐུར་བ་བློ་ཆེ་མ། གོས་དར་ལྔ་སྟོང་དང་དགུ་བརྒྱ་བཞི་བཅུ་ཐམ་པ་ཕུལ་བའི་དུས་ཀྱི་མཆོད་བརྗོད་དང་བསྔོ་བ་ཆོས་དབྱིངས་མ། ཚེ་དཔག་མེད་ཀྱི་བསྟོད་པ་སྣ་ཚོགས་འདབ་རྒྱས་མ། འདི་ལ་མ་དམིགས་མ་ཞེས་སོགས་ཚིགས་བཅད་ཤླཽ་ཀ་གཉིས། མགོན་གཡག་ལ་བསྔགས་པ་གང་ལུས་ཆར་སྤྲིན་མ། རྒྱལ་བུ་ཇིམ་གྱིན་གྱིས་བཀའ་འགྱུར་རོ་ཅོག་གསེར་གྱིས་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་གྱི་རྣ་རྒྱན་རྣམ་པར་བཀྲ་བ་ས་སྐྱའི་ཆོས་གྲྭར་སྦྱར་བ། དེས་རྒྱས་འབྲིང་བསྡུས་གསུམ་བཞེངས་པ་ལ་བསྔགས་པ་རྨ་ཁམས་སྒང་དུ་བྲིས་པ། དེས་ཤིན་ཏུ་རྒྱས་པའི་སྡེ་སྣོད་བཞེངས་པའི་ཚུལ་སྟོན་པ་རབ་ཏུ་བྱེད་པ་དཔལ་ལྡན་ས་སྐྱར་བྲིས་པ། རྒྱལ་བུ་མང་ག་ལ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་དང་ཕལ་ཆེན་བཞེངས་པའི་མཚོན་བྱེད་གཙོ་མདོ་གནས་གསར་དུ་སྦྱར་བ། རྒྱལ་བུ་ཇི་བིག་ཇི་མུར་གྱིས་ཕལ་ཆེན་གསེར་འོད་སྟོང་ཕྲག་བརྒྱ་པ་རྣམས་བཞེངས་པའི་གསལ་བྱེད་ཤིང་ཀུན་ཏུ་མཛད་པ། རྒྱལ་བུ་ཨ་རོག་ཆེས་འབུམ་བཞེངས་པའི་མཚོན་བྱེད་ཤིང་ལོ་ཁྱིའི་ལོར་མཛད་པ། རྒྱལ་བུ་གོ་པ་ལས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་གཙོ་མདོ་གནས་གསར་དུ་མཛད་པ། དགེ་འདུན་བཟང་པོ་སོགས་ཀྱིས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད་ཆོས་དབྱིངས་མ། རིན་ཅེན་དཔལ་གྱིས་འབུམ་བཞེངས་པའི་མཚོན་བྱེད་བསོད་ནམས་རིན་ཅེན་མ། ཟིན་ཤིང་གིས་སྟོན་པ་བཅུ་བདུན་བཏུལ་ནས་རབ་ཏུ་བྱུང་བའི་ཚེ་མཛད་པའི་ཚིགས་བཅད། ཐེག་པ་ཆེན་པོའི་སློབ་དཔོན་དང་སློབ་མའི་ལམ་ཉམས་སུ་བླང་
ཚུལ་བསྟན་པ་དེ་ཧྱིང་ཧུའི་དགོན་པར་སྦྱར་བ། སྡོམ་པ་གསུམ་དུ་སྒྲུབ་པའི་འདུལ་བའི་ལས་ཆོག་རྒྱས་བསྡུས་གཉིས། བསྙེན་གནས་ཀྱི་སྡོམ་པ་འབོགས་ཆོག །རྒྱལ་བུ་ཡབ་སྲས་ཀྱིས་མཆོད་རྟེན་རིན་པོ་ཆེ་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དཎྜ་ཀ་ས་སྐྱར་སྦྱར་བ། རྒྱལ་པོ་ཆེན་པོ་གོ་པ་ལ་ལ་བསྔགས་པའི་རབ་བྱེད་གཙོ་མདོ་གནས་གསར་དུ་སྦྱར་བ། རྒྱལ་རབས་ལ་བསྔགས་པའི་ཚིགས་བཅད་གང་གི་སྲིད་གསུམ་མ། འཇིགས་བྱེད་སྐྱོ་ལུགས་ཀྱི་བརྒྱུད་པ་ནས་དབུ་བརྩམས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སྒྲུབ་ཐབས་དང་བཅས་པའི་བར་གྱི་ཐོབ་ཡིག་རྫོགས་བྱང་གི་མཐའ་ཅན། རྒྱལ་པོ་ག་པེ་ལ་སྲས་དང་བཙུན་མོར་བཅས་པ་ལ་ཤིང་ཡོས་དཔལ་ལྡན་མ། མེ་འབྲུག་བསོད་ནམས་མ། མེ་སྦྲུལ་དཔལ་འབྱུང་མ། ས་རྟ་བཀྲ་ཤིས་མ། འདི་གཉིས་ཀྱི་བར་དུ་ལུག་སྤྲེལ་གཉིས་མ་བྱུང་། ལྕགས་བྱ་ཚེ་དང་ཡེ་ཤེས་མ། ཆུ་ཁྱི་འགྲོ་བ་མ། ཆུ་ཕག་བདེ་ལེགས་མ། ཤིང་བྱི་གང་མཉེས་མ། ཤིང་གླང་བྱང་སེམས་མ། མེ་ཡོས་༼ལྷུན༽ལོ་གསར་གྱི་ཤིས་བརྗོད་རྒྱལ་མཚན་རྩེ་མོ་མ། ཡང་མེ་ཡོས་ཇི་སྙེད་མ། ས་འབྲུག་རྒྱལ་བ་མ། འདིའི་འོག་ཏུ་ས་སྦྲུལ་འདུག་པ་དཔེ་མ་འབྱོར། ལྕགས་རྟ་བཀྲ་ཤིས་མ། ལྕགས་ལུག་ཆོས་ཉིད་མ། ཆུ་སྤྲེལ་སྐྱོབ་པ་མ། གླེགས་བམ་ན་ལྕགས་ལུག་ཟེར་བ་འདུག་ཀྱང་ཡི་གེ་ནོར་བ་འདྲ། ཆུ་བྱ་དངོས་གྲུབ་མ། ཤིང་ཁྱི་ས་དབང་མ། ཤིང་ཕག་བླ་མེད་མ། མེ་བྱི་དངོས་གྲུབ་མ། མེ་གླང་དོན་གྲུབ་མ། ས་སྟག་གང་ལ་བཀྲ་ཤིས་མ། ས་ཡོས་གང་དྲིན་མ། ལྕགས་འབྲུག་ཐུབ་དབང་ཆོས་རྒྱལ་མ་སྟེ་ལོ་གསར་གྱི་ཚེ་གནང་བའི་བཀྲ་ཤིས་ཉི་ཤུ་རྩ་གཉིས། རྒྱལ་པོ་མངྒ་ལ་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་གཞན་ཕན་མ། རྒྱལ་པོ་ཇི་བིག་
ཡབ་ཡུམ་ལ་གནང་བའི་བཀྲ་ཤིས་སངས་རྒྱས་མ། དཔོན་མོ་ཆེར་གནང་བའི་བཀྲ་ཤིས་སངས་རྒྱས་ཀུན་འཕྲིན་མ། ཡང་བཀྲ་ཤིས་ཀྱི་ཚིགས་བཅད་དཔལ་ལྡན་ཁྱད་སྐུ་མ་རྣམས་ལེགས་པར་ཐོབ་པའི་ཉི་དང་པྲའི་རྟགས་དང་རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོ་འཕགས་པ། ཞང་དཀོན་ཅོག་དཔལ། རྒྱལ་བ་བྲག་ཕུག་པ་ཆེན་པོ། འཇམ་དབྱངས་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་བ་འཛིན་པ། མཁན་ཆེན་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག །ཡོངས་འཛིན་དཀོན་ཅོག་འཕེལ། འཇམ་དབྱངས་ས་སྐྱ་ལོ་ཙཱ་བ། ངོར་ཆེན་དཀོན་ཅོག་ལྷུན་གྲུབ། པཎ་ཆེན་ནམ་མཁའ་དཔལ་བཟང་། མཁས་གྲུབ་དཔལ་ལྡན་དོན་གྲུབ། ཐར་རྩེ་པ་ནམ་མཁའ་སངས་རྒྱས། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་རྗེ་དཀོན་ཅོག་འཕེལ་ནས། རྒྱལ་བ་ལྷ་མཆོག་སེང་གེ །དཀོན་ཅོག་ལྷུན་གྲུབ་མན་འདྲ། ཡང་ན་དཀོན་ཅོག་ལྷུན་གྲུབ་ནས། ཤར་ཁང་པ་ཤེས་རབ་རྒྱལ་མཚན། ཐར་རྩེ་ནམ་མཁའ་དཔལ་བཟང་མན་འདྲ། ཡང་ན་འཕགས་པ་ནས། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། བླ་མ་དཔལ་ལྡན་སེང་གེ །འཇམ་དབྱངས་དོན་ཡོད་རྒྱལ་མཚན་མན་འདྲ། པྲའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། འཇམ་དབྱངས་ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། ཨ་བྷ་ཡཱ་ཀ་ར། རྡོ་རྗེ་གདན་པ་ཆུང་བ། བ་རི་ལོ་ཙཱ་བ། གོང་མ་ལྔ། ཞང་སྟོན་ཁུ་དབོན། འཇམ་དབྱངས་དོན་ཡོད་རྒྱལ་མཚན། འདུལ་འཛིན་བྱང་
སེང་བ། ཐེག་ཆེན་རིན་པོ་ཆེ། ལུང་རིག་རྒྱ་མཚོ། མཁན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། འབྲི་གུང་མཁན་ཆེན་བྱང་ཆུབ་དབང་རྒྱལ། ཚེ་དབང་བཀྲ་ཤིས། རྣམ་རྒྱལ་བཀྲ་ཤིས། མཁྱེན་རབ་རྣམ་རྒྱལ། ཀུན་དགའ་ལེགས་པ། རྣམ་རིག་པ། ཐོད་དཀར་བ་དཔལ་འབྱོར་གླིང་པ། རབ་འབྱམས་ཆོས་རྗེ། ཁྱབ་བདག་ཁྲ་ཚང་པ། དེས་བདག་ལའོ། །ཉལ་སྒོམ་གྱི་འཁྲིད་དམིགས་ཐོབ་པའི་བརྒྱུད་པ་ནི། ངོར་ཆེན་ནས། རྒྱལ་ཚབ་ཀུན་དབང་། དཀོན་ཅོག་འཕེལ། ས་ལོ། དཀོན་ཅོག་ལྷུན་གྲུབ། དཀོན་ཅོག་རྒྱ་མཚོ། སངས་རྒྱས་རྒྱ་མཚོ། ཁྲི་ཆེན་ཀུན་དགའ་བསོད་ནམས། གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། ཁྱབ་བདག་ཁྲ་ཚང་བ། དེས་བདག་ལའོ། ༈ །སྔགས་རྙིང་མའི་གཏེར་བྱོན་དུ་བདེ་བ་ཅན་གྱི་འཕོ་བ་རྒྱས་པར་སྣང་ཞིང་བསྟན་པ་ཕྱི་དར་ལ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་ལ་བརྟེན་པའི་གདམས་པ་འདི་ཉིད་ལོ་པཎ་ནས་བརྒྱུད་པའི་ཁུངས་བཙུན་པར་འདུག་ལ་གཞན་མའི་རིགས་སྣ་ཚོགས་བྱུང་བ་ནི་དཔྱད་བཟོད་མི་བཟོད་བརྟག་གོ །ཉིའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། བྲག་ཕུག་པ་ནས། བླ་མ་དམ་པ། མཁས་གྲུབ་གཟུངས་ཀྱི་དཔལ་བ། རྗེ་བཟང་པོ་རྒྱལ་མཚན། རྗེ་རྒྱལ་མཚན་དཀོན་ཅོག །རྫོང་ཆུང་པ་རྡོ་རྗེ་རྒྱལ་མཚན། མཚུངས་མེད་དཀོན་ཅོག་དཔལ། རྗེ་ཆོས་དཔལ་འབྱོར། རྒྱ་སྟོན་བྱང་དབང་། པཎ་ཆེན་བདེ་བའི་རྡོ་རྗེ། རྗེ་ལྷ་དབང་འཕྲིན་ལས། མཚུངས་མེད་ཉི་མ་གླིང་པ། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། །ཕྲའི་རྟགས་ཡོད་པའི་བརྒྱུད་པ་ནི། ཉི་རྟགས་མཁས་གྲུབ་གཟུངས་དཔལ་ཡོད་པ་དེ་དང་གཅིག །དམར་གྱི་རྟགས་
ཀྱི་བརྒྱུད་པ་ནི། ངོར་ཆེན་ནས། མུས་ཆེན། དཀོན་ཅོག་འཕེལ། ས་ལོ། དཀོན་ཅོག་ལྷུན་གྲུབ། སངས་རྒྱས་སེང་གེ །ཐར་རྩེ་ནམ་མཁའ་དཔལ་བཟང་། སྒྲུབ་ཁང་པ་དཔལ་ལྡན་དོན་གྲུབ། དེ་དབོན་དཔལ་མཆོག་རྒྱལ་མཚན། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། ༈ །ཝའི་རྟགས་ཡོད་པའི་བརྒྱུད་པ་ནི། བྲག་ཕུག་པ་ནས། བླ་མ་དམ་པ། དཔལ་ཚུལ་བ། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་རིན་པོ་ཆེ། ཚར་ཆེན། མཁྱེན་བརྩེའི་ཞབས། མཁན་ཆེན་བསླབ་གསུམ་པ། ཁྱབ་བདག་དབང་རབ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། །ཡོའི་རྟགས་ཡོད་པའི་བརྒྱུད་པ་ནི། བྲག་ཕུག་པ་ནས། བླ་མ་དམ་པ། ཡར་ཀླུངས་པ་ཁུ་དབོན། ཡབ་འཇམ་དབྱངས་རྗེ། བདག་ཆེན་རྡོ་རྗེ་འཆང་། ཀུན་སྤངས་ཆེན་པོ། ཚར་ཆེན། མཁྱེན་བརྩེའི་ཞབས། བསླབ་གསུམ་པ། རྗེ་དབང་རབ། བཀའ་འགྱུར་བ་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་ན་ངོར་ཆེན་ཡན་གསུང་འབུམ་རྟགས་མེད་ཀྱི་བརྒྱུད་པ་ལྟར་ལ། དེ་ནས་དཔལ་ལྡན་རྡོ་རྗེ། རཏྣ་ཤཱི་ལ། རྗེ་སྒོ་རུམ་པ། མཁྱེན་བརྩེའི་ཞབས་མན་འདྲ། མེའི་རྟགས་ཡོད་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ནས། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། བླ་མ་དམ་པ། བླ་ཆེན་ཀུན་རྒྱལ་བ། ཡབ་ཆོས་རྗེ། བདག་ཆེན་རྡོ་རྗེ་འཆང་། རྡོ་རིང་པ་ཆེན་པོ། ཚར་ཆེན། མཁྱེན་བརྩེའི་ཞབས། སྔགས་འཆང་བསོད་ནམས་ཆོས་འཕེལ། རྗེ་དབང་རབ། བཀའ་འགྱུར་བ་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། ༈ །ཡང་ན་ཚར་ཆེན་ནས། རིན་པོ་ཆེ་བོང་མཁར་བ།
སྤྱན་སྔ་ཆོས་ཀྱི་རྒྱ་མཚོ། རབ་འབྱམས་པ་ཀུན་དགའ་ལྷུན་གྲུབ། ཁྱབ་བདག་བཀའ་འགྱུར་བ་མན་འདྲ། ཙའི་རྟགས་ཡོད་པའི་བརྒྱུད་པ་ནི། བྲག་ཕུག་པ་ནས། བླ་མ་དམ་པ། བླ་ཆེན་ཀུན་རྒྱལ་བ། འཇམ་དབྱངས་ཆོས་རྗེ་ཡབ་སྲས་གཉིས། ཀུན་སྤངས་རྗེ། ཚར་ཆེན། མཁྱེན་བརྩེའི་ཞབས། རྟ་ར་བ། རྗེ་དབང་རབ། ཁྱབ་བདག་བཀའ་འགྱུར་བ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་ན་བླ་མ་དམ་པ་ནས། ཡར་ཀླུངས་པ་ཁུ་དབོན། འཇམ་དབྱངས་ཆོས་རྗེ་མན་འདྲ། ལྷུན་གྱི་རྟགས་ཡོད་པའི་བརྒྱུད་པ་ཐར་རྩེ་པ་བཞུགས་པ་གོང་མ་གསུམ་དང་ས་པཎ་གྱི་སྐབས་དང་འདྲ། ཡང་ན་ངོར་ཆེན་ནས། མུས་ཆེན་སེམས་དཔའ་ཆེན་པོ། མཁྱེན་རབ་རྗེ་མན་སྔར་བཞིན་ནོ། ༈ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད། དེས་མཛད་པའི་ཉིན་ཞག་ཕྲུགས་གཅིག་གི་ཆོས་སྤྱོད་རྣམ་མཁྱེན་དུ་བགྲོད་པ་གཉིས་ཀྱི་ལུང་གི་བརྒྱུད་པ་ནི། ཆོས་རྗེ་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། མཁས་པ་ནོར་བཟང་རིན་ཅེན། དཀའ་བཞི་འཛིན་པ་རིན་ཅེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། ཆོས་རྗེ་རིན་ཆེན་རྒྱལ་པོ། རྗེ་དོན་གྲུབ་རྒྱལ་མཚན། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། དྲུང་པ་ཀུན་དགའ་བཀྲ་ཤིས། ཆོས་རྗེ་དཀོན་ཅོག་རྒྱལ་མཚན། རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ ། ཐམས་ཅད་མཁྱེན་པ་བུས་མཛད་པའི་རྒྱུད་སྡེ་སྤྱི་རྣམ་ཆེན་མོའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ། སྒྲ་ཚད་པ། ལྕེ་ནམ་མཁའ་མཆོག་གྲུབ། མཁས་པ་ཙནྡྲ། འཁྲུལ་ཞིག་རིན་པོ་ཆེ། མཁྱེན་རབ་རྗེ་མན་
གོང་བཞིན་ནོ། །ཐུགས་སྲས་སེམས་དཔའ་ཆེན་པོས་མཛད་པའི་ཀུན་མཁྱེན་བུ་སྟོན་གྱི་བསྟོད་པ་དཔལ་གང་དྲིན་མའི་ལུང་ནོས་པའི་བརྒྱུད་པ་ནི། ཐུགས་སྲས་སེམས་དཔའ་ཆེན་པོ། དཀའ་བཞི་འཛིན་པ་རིན་ཅེན་རྒྱལ་མཚན་མན། གསུང་རབ་རིན་པོ་ཆེའི་མཛོད་ཀྱི་བརྒྱུད་པ་བཞིན་ནོ། ༈ །ཇོ་བོ་ཆེན་པོ་ནས་བརྒྱུད་པའི་མན་ངག་ཕྱིན་ཅི་མ་ལོག་པ་ཡུམ་བསྒྲུབ་བྱ་ཚུལ་མཁན་ཆེན་དཀའ་བཞི་པའི་གསུང་ཇི་ལྟ་བ་བཞིན་བཀོད་པའི་ལུང་ནོས་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་སྒྲོལ་མ། ཇོ་བོ་ཆེན་པོ་ཨ་ཏི་ཤ །དེ་དབོན་དཱ་ན་ཤཱི་ལ། བྱང་སེམས་ཟླ་བ་རྒྱལ་མཚན། དབང་བཀའ་གདམས་པ། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །སངས་རྒྱས་སྒོམ་པ་སེང་གེ་སྐྱབས། སློབ་དཔོན་དཀོན་ཅོག་གྲགས། མཁན་ཆེན་བདེ་བ་དཔལ། མཁན་ཆེན་དཀའ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། བླ་མ་བཀྲ་ཤིས་རིན་ཅེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས་རིམ་པར་བརྒྱུད་དེ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ཟ་ཧོར་བནྡེ་ལའོ། །སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ་གྱིས་མཛད་པའི་སྐྱེ་བ་བརྟག་པའི་ལུང་ནོས་པའི་བརྒྱུད་པ་ནི། ཐུགས་སྲས་སེམས་དཔའ་ཆེན་པོ་ནས་རིམ་པར་བརྒྱུད་དེ། ཆོས་རྗེ་དཀོན་ཅོག་རྒྱལ་མཚན། རྡོ་རྗེ་འཆང་མཁན་ཆེན་ཞ་ལུ་པ། དེས་བདག་ལའོ།