Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

291 occurrences of དགོངས་པ་
[Clear Hits]


72  collapse section
11   
10   
19   
21   
11   
 
 
ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ།
183  expand section
 
 
 
19   


291 occurrences of དགོངས་པ་
[Clear Hits]

 
previousཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ། next

ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་previous hit དགོངས next hit་ཕྱིན་ཅི་མ་ལོག་པར་བཤད་པ།


JLD014_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་previous hit དགོངས next hit་ཕྱིན་ཅི་མ་ལོག་པར་བཤད་པ་བཞུགས་སོ། །


JLD014_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ལྷག་གཉིས་རེ་རེས་མི་ཆོག་གིས་གཉིས་ཀ་བསྟེན་དགོས་པའི་སྐབས་སུ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པར་འགྱུར་རོ། ཞེས་གསུངས་པའི་དོན་ནི། སེམས་རྩེ་གཅིག་པ་ལ་འཇོག་པ་ཙམ་ཞིག་གོམས་ན་ཡང་དག་པའིདོན་རྟོགས་པར་འགྱུར་རོ་ཞེས་པའི་དོན་མ་ཡིན་གྱི། མཉམ་པར་བཞག་པའི་སེམས་ཀྱིས་ཞེས་སྦྱར་རྒྱུ་ཡིན་ལ། དེའི་དོན་ཡང་མཉམ་པར་བཞག་པའི་ཞི་གནས་ཀྱིས་དམིགས་པ་ལ་སེམས་བརྟན་པར་བྱས་པའི་འོག་ཏུ། ཤེས་རབ་ཀྱིས་དེ་ཁོ་ན་ལ་བརྟགས་ན་ཡང་དག་པའི་དོན་རྟོགས་པའི་ཡེ་ཤེས་སྐྱེ་བ་གསལ་བར་བཤད་པ་ཡིན་ཏེ། སྒོམ་རིམ་དང་པོ་ལས། འདི་ལྟར་གང་གི་ཚེ་ཞི་གནས་ཀྱིས་


JLD014_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་ལ་སེམས་བརྟན་པར་བྱས་པ་དེའི་ཚེ་ཤེས་རབ་ཀྱིས་རབ་ཏུ་བརྟགས་ན་ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་འབྱུང་སྟེ། དེའི་ཚེ་སྣང་བ་བྱུང་བས་མུན་པ་བསལ་བ་བཞིན་དུ་སྒྲིབ་པ་འབྱུང་ངོ༌། །དེ་གཉིས་ཀ་ཡང་མིག་དང་སྣང་བ་བཞིན་དུ། ཡང་དག་པའི་ཡེ་ཤེས་འབྱུང་བ་ལ་ཕན་ཚུན་མཐུན་པར་གནས་པ་ཡིན་གྱི། སྣང་བ་དང་མུན་པ་བཞིན་དུ་མི་མཐུན་པ་མ་ཡིན་ནོ། །ཏིང་འཛིན་ནི་མུན་པའི་ངོ་བོ་ཉིད་མ་ཡིན་ཏེ། ཅི་ཞེ་ན། སེམས་རྩེ་གཅིག་པའི་མཚན་ཉིད་དེ་ནི་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། ཞེས་བཀའ་སྩལ་བའི་ཕྱིར་ཏེ། ཤེས་རབ་དང་ཤིན་ཏུ་མཐུན་པ་ཡིན་གྱི། མི་མཐུན་པ་མ་ཡིན་ནོ། ཞེས་གསུངས་སོ། །དེ་བས་ན་ཞི་གནས་བསྒོམས་


JLD014_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་བརྟན་པོ་རྙེད་པ་ནི་སྣང་བ་དང་འདྲ། ཤེས་རབ་ཀྱིས་དེ་ཁོ་ན་ཉིད་ལ་དཔྱོད་པ་ནི་མིག་དང་འདྲ་བར་ཤེས་པར་བྱ་ཡི། ཞི་གནས་ནི་སེམས་མི་གཡོ་བར་རྩེ་གཅིག་ཏུ་གནས་པ་ཡིན་ལ། ལྷག་མཐོང་ནི་ཡུལ་ལ་དཔྱོད་པ་ཡིན་པས། གཅིག་གིས་གཅིག་ལ་གནོད་པ་ཡིན་ནོ་སྙམ་དུ་མི་གཟུང་ངོ༌། །ཡང་ཞི་གནས་དང་བྲལ་བའི་སེམས་རླུང་ནང་གི་མར་མེ་བཞིན་དུ་གཡོ་བ་དང༌། ཞི་གནས་ཀྱི་སྟོབས་ཀྱིས་ནི་རླུང་མེད་པ་ན་གནས་པའི་མེར་མེ་བཞིན་དུ་རྣམ་རྟོག་གི་རླུང་གིས་མི་གཡོ་པར་བཤད་པ་མི་འཐད་དེ། ལྷག་མཐོང་ལ་དཔྱད་སྒོམ་བྱེད་པའི་ལུགས་ལ་ཞི་གནས་གྲུབ་ཀྱང་ལྷག་མཐོང་སྒོམ་པའི་ཚེ་རྣམ་རྟོག་གི་རླུང་གིས་གཡོ་བའི་ཕྱིར་རོ་སྙམ་ན། ཞི་གནས་གྲུབ་བ་ལ་བརྟེན་ནས་ལྷག་མཐོང་སྒོམ་པ་ན་སེམས་ཀྱི་གཡོ་བ་ཐམས་ཅད་ལྡོག་པར་ཁས་ལེན་ན་སྐྱོན་དེ་ཡོད་ཀྱང༌། སེམས་ཀྱི་གཡོ་བ་ཙམ་ལྡོག་པ་མིན་གྱི། གཡོ་བའི་སྐྱོན་ལྡོག་པ་ལ་བསམས་ནས་དེ་ལྟར་གསུངས་པའི་ཕྱིར་རོ། །གཡོ་བའི་སྐྱོན་གང་སྙམ་ན། རང་འདོད་པའི་ཡུལ་ལ་སེམས་འཇོག་པ་ན་རང་དབང་མེད་པར་མི་འདོད་པའི་ཡུལ་ལ་སེམས་རྒྱུག་པའོ། །གོ་རིམ་ངེས་ཚུལ་གྱི་སྐབས་སུ། ཞི་གནས་མི་སྒྲུབ་པར་དང་པོ་ནས་ལྟ་ཐོག་ཏུ་སེམས་གནས་པ་ཙམ་ཞིག་གོམས་པར་བྱེད་ན། དེ་ལས་ཏིང་ངེ་འཛིན་དེ་འཇིག་རྟེན་པའི་བསྒོམ་བྱུང་དུ་འགྲོ་སྲིད་ཀྱང༌། དེའང་ཞི་གནས་བསྒོམ་བྱུང་དུ་སོང་བ་ཡིན་གྱི། ལྷག་མཐོང་བསྒོམ་བྱུང་དུ་སོང་བ་མིན་པས། ད་དུང་ལྷག་མཐོང་བསྒོམས་བྱུང་བསྐྱེད་དགོས་སོ། །དེའི་ཕྱིར་ཞི་གནས་དེ་སྔོན་དུ་བཏང་ནས་དཔྱད་སྒོམ་གྱི་ལྷག་


JLD014_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བསྒོམས་བྱུང་སྐྱེད་དགོས་པས། སྔོན་དུ་ཞི་གནས་བསྒྲུབས་ནས། དེའི་འོག་ཏུ་ལྷག་མཐོང་སྒྲུབ་བ་ལས་མི་འདའོ། །དེ་ཁོ་ན་ཉིད་ལ་དམིགས་པའི་འཇིག་རྟེན་པའི་བསྒོམས་བྱུང་སྐྱེད་ནུས་ན། དེ་ཙམ་ཞིག་བསྒོམས་པས་འཇིག་རྟེན་ལས་འདས་པའི་བསྒོམས་བྱུང་སྐྱེད་ནུས་སོ་ཞེས་ཀྱང་སྨྲ་མི་ནུས་ཏེ། འཇིག་རྟེན་པའི་བསྒོམས་བྱུང་གི་ཡོན་ཏན་ཐམས་ཅན་ལ་དེ་བཞིན་དུ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་མདོ་previous hit དགོངས་འགྲེལ་ལས། ཞི་གནས་སྔོན་དུ་གྲུབ་ next hit་ལ་བརྟེན་ནས་དཔྱད་སྒོམས་གྱིས་ཤིན་སྦྱངས་འདྲེན་ནུས་ནུས་སུ་ལྷག་མཐོང་བསྒོམ་པར་གསུངས་པ་སོགས་ཀྱི་གོ་རིམ་ངེས་པ་ཅན་དུ་བཤད་པའི་གཞུང་དུ་མ་དང་འགལ་བའི་ཕྱིར་དེ་ལྟར་འདོད་དུ་མི་རུང་ངོ༌། །དེ་ལྟར་ན་ཐེག་པ་གཞན་གྱི་ལུགས་ལྟར་ཡུལ་ཅན་ཁྱད་པར་ཅན་གྱིས་དེ་ཁོ་ན་ཉིས་སྒོམ་པའི་སྐབས་ཀྱི་དམིགས་བསལ་མ་གཏོགས་པ་ལྷག་མཐོང་བསྒོམས་བྱུང་སྔར་མ་བསྐྱེད་པ་གསར་དུ་བསྐྱེད་པའི་གནས་སྐབས་ཐམས་ཅད་དུ་ཞི་གནས་སྔོན་དུ་བསྒྲུབས་པ་ལ་བརྟེན་ནས། དཔྱད་སྒོམ་གྱིས་ལྷག་མཐོང་བསྒོམ་པར་ངེས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཞི་གནས་འཇོག་སྒོམ་གྱིས་སྒྲུབ་པ་དང༌། ལྷག་མཐོང་དཔྱད་སྒོམ་གྱིས་སྒྲུབ་པ་ཡིན་དུ་ཆུག་ཀྱང༌། སྔོན་དུ་ཞི་གནས་བསྒྲུབས་པ་ལ་བརྟེན་ནས། ཕྱིས་ལྷག་མཐོང་བསྒོམ་པའི་གོ་རིམ་ངེས་པར་དགོས་པའི་རྒྱུ་མཚན་གང་ཡིན་སྙམ་ན། འདི་ནི་རྟོགས་དཀའ་བས་བཤད་པར་བྱ་སྟེ། དཔེར་ན་ལག་པས་སྟ་རེ་བཟུངས་ནས་ཤིང་སྡོང་གཅོད་པ་


JLD014_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ན། ལག་པ་ཤིན་ཏུ་འདར་ན། སྟར་རེ་ཤིང་སྡོང་ལ་ཇི་ཙམ་བརྒྱབ་ཀྱང༌། ཤིང་སྡོང་གཅོད་མི་ནུས་པ་བཞིན་དུ། ཞི་གནས་སྔོན་དུ་མ་གྲུབ་ན། དཔྱོད་པའི་སེམས་ལ་གནས་པའི་རྩི་འབྱར་རྒྱུ་མེད་པས་ཇི་ཙམ་དཔྱད་ཀྱང་མི་མཐུན་ཕྱོགས་འཇོམས་པའི་སྟོབས་མི་འབྱུང་ངོ༌། །སྟོབས་ལྡན་གྱི་ལག་པ་ཤིན་ཏུ་བརྟན་པས་རྣོ་བའི་སྟ་རེ་བཟུངས་ནས་བཅད་ན་ཤིང་སྡོང་མྱུར་དུ་གཅོད་ནུས་པ་བཞིན་དུ། ཞི་གནས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་ལག་པས་བཟུང་བའི་སེམས་ཀྱི་ཤེས་རབ་ཀྱི་མཚོན་རྣོན་པོ་ཐོགས་ཏེ། དེ་ཁོ་ན་ཉིད་ལ་དཔྱད་པ་གོམས་ན། མི་མཐུན་ཕྱོགས་འཇོམས་པའི་སྟོབས་དང་ལྡན་པར་འགྱུར་རོ། །དེ་ལྟར་ཡང་སྒོམ་རིམ་དང་པོ་ལས། དེ་ལྟ་བས་ན་ཏིང་ངེ་འཛིནགྱི་ལག་གིས་སེམས་བཟུངས་ཏེ་ཤིན་ཏུ་ཆ་ཕྲ་བའི་ཤེས་རབ་ཀྱི་མཚོན་གྱིས། གཟུགས་ལ་སོགས་པ་ལ་ལོག་པར་རྣམ་པར་རྟོག་པའི་ས་བོན་གྱི་ཟུག་རྔུ་སེམས་དེ་ལ་ཡོད་པ་བསལ་བར་བྱའོ། །དེ་ལྟར་བྱས་ན་རྩ་བ་ནས་ཕྱུང་བའི་ཤིང་དག་པ་ལ་མི་སྐྱེ་བ་བཞིན་དུ་རྩ་བ་མེད་པས་ན་ལོག་པར་རྣམ་པར་རྟོག་པའི་སེམས་ཀྱང་སྐྱེ་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་ཡང་ལན་ཉུང་ཤས་ཤིག་བརྒྱབ་པས་ཤིང་མི་འཆད་པ་བཞིན་དུ། ལན་དུ་མར་ཤེས་རབ་ཀྱིས་མ་དཔྱད་ན་ལྷག་མཐོང་ནུས་པ་ཅན་མི་འགྲུབ་པས། ཡང་དང་ཡང་དུ་དཔྱད་པར་བྱའོ། །ཡུལ་ལ་རྣམ་པ་དུ་མར་དཔྱོད་པའི་ཚེ། མི་དཔྱོད་པར་རྩེ་གཅིག་ཏུ་འཇོག་པའི་ཏིང་ངེ་འཛིན་མེད་མོད་ཀྱང༌། ཏིང་ངེ་འཛིན་གྱི་རྩི་བརྟན་པོ་ཡོད་པས་རྣམ་པར་


JLD014_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྟོག་པའི་ངང་ནས་དཔྱོད་པ་སྙམ་བྱེད་པ་ཞིག་འོང་བ་ཤེས་པར་བྱའོ། །གནས་ཆ་ཤིན་ཏུ་བརྟན་པའི་སེམས་རྒྱུད་ལ། གནས་པའི་རྩི་ན་རེ་འཇུག་པས། དེའི་ངང་ནས་ཞེ་སྡང་དང་ཆགས་པ་སོགས་སྐྱེ་བ་ན། སྔར་ཞི་གནས་མ་གྲུབ་པའི་དུས་བཞིན་དུ། ཤུགས་དྲག་པ་དང་བར་མ་ཆད་པ་སོགས་མི་སྐྱེ་བར། ཤུགས་ཞན་པ་དང་རྒྱུན་ཅུང་ཐུང་བ་སོགས་སུ་སྐྱེ་བ་མཐོང་ནས། འདི་ནི་རྣམ་རྟོག་འཕྲོ་བ་མིན་གྱི་ཡེ་ཤེས་འཕྲོ་བ་ཡིན་ཟེར་བ་དང༌། ཉོན་མོངས་ཡིན་ཡང་ལས་གསོག་མི་ནུས་ཟེར་བ་དང༌། མཚམས་དེ་ནས་ཉོན་མོངས་སྐྱེ་བའི་རྐྱེན་ལ་ཞུགས་ཀྱང་འཆིང་མི་ནུས་པས་ཉོན་མོངས་ལམ་དུ་བྱེད་པའི་དུས་ཡིན་ཟེར་བ་སོགས། ཏིང་ངེ་འཛིན་གྱི་གོ་བ་ཤིན་ཏུ་ཆུང་བ་རྣམས་ལ་འབྱུང་མོད་ཀྱང༌། འདི་ནི་ཕྱི་ནང་དང་ཐེག་པ་ཆེ་ཆུང་གཉིས་ཀའི་ཐུན་མོང་བ་ཡིན་པར་ཤེས་པར་བྱའོ། །ཞི་གནས་ཆ་སྙོམས་པའི་སྐབས་སུ་ཞི་གནས་ཤས་ཆེ་ན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་དེ་ཁོ་ན་ཉིད་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཤེས་རབ་བསྒོམ་པར་བྱའོ། ཞེས་གསུངས་པ་ལ་ཞི་གནས་ཧ་ཅང་བསྟེན་དྲགས་པས་དཔྱོད་སྙིང་མི་འདོད་པ་དང༌། དཔྱད་ཀྱང་འགྲོ་མི་ཉན་པར་སེམས་གནས་ཆ་ལ་ཧྲིལ་ཧྲིལ་འགྲོ་ན། དཔྱད་ནས་སྐྱོང་བ་རྣམ་རྟོག་སྒོམ་ཡིན་པས། དེ་ལས་མི་རྟོག་པ་ཐུན་རེ་སྒོམ་པ་ཁྱད་པར་དུ་འཕགས་སོ་སྙམ་ནས་དཔྱད་སྒོམ་དོར་བར་མི་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱིས་གཟུགས་ན་དཔྱོད་པའི་ཐོས་པ་ལས་བྱུང་བ་རྣམས་ནི། ཐོས་པ་ལས་བྱུང་བ་དང་


JLD014_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པ་ལས་བྱུང་བ་རྣམས་ཀྱི་ཡིན་ཏེ། བསམས་པ་ལས་བྱུང་བ་ནི་མེད་པའི་ཕྱིར་རོ། ཞེས་གསུངས་ལ། དེའི་འགྲེལ་བཤད་ལས་བསམས་པ་ལས་བྱུང་བ་མེད་པའི་གཏན་ཚིགས་ནི། གང་གི་ཚེ་དེ་དག་སེམས་པར་རྩོལ་བ་དེ་ཁོ་ནའི་ཚེ། དེ་དག་གི་ཏིང་ངེ་འཛིན་ཉིད་དུ་ཉེ་བར་གནས་པར་འགྱུར་ཞེས་བྱ་བ་ཡིན་ནོ། ཞེས་གཟུགས་ཁམས་སུ་སྐྱེས་པའི་ཐ་མལ་པ་རྣམས་ཀྱང༌། བསམས་བྱུང་གི་སེམས་པ་ལ་རྩོལ་བ་བྱས་པ་ན་བསམས་བྱུང་ལ་བར་ལ་མཆེད་མི་ཉན་པར་ཏིང་ངེ་འཛིན་ཉིད་དུ་འགྲོ་བར་གསུངས་པའི་ཕྱིར་རོ། །ཞི་ལྷག་གཉིས་པོ་རེ་རེ་ལའང་ཇི་ལྟ་བ་དང་ཇི་སྙད་པ་ལ་དམིགས་པ་གཉིས་གཉིས་ཡོད་པར་ནི། ཤེར་ཕྱིན་མན་དང༌ལས་ཀྱང༌། དེ་ལ་ཇི་སྙེད་པ་ཡོད་པར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ། རྣམ་པར་མི་རྟོག་པའི་གཟུགས་བརྙན་དུ་གྱུར་པ་ནི་ཞི་གནས་ཀྱི་དམིགས་པའོ། །ཇི་སྙད་པ་ཡོད་བར་གྱུར་པ་དང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ་ཞེས་གསུངས་སོ། །སོ་སྐྱེའི་སར་ཡང་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་བསྐྱེད་པ་ལ་ནི། ཞི་རགས་ཀྱི་རྣམ་པ་ཅན་དུ་སྒོམ་པར་མ་ངེས་ཏེ། ཁམས་བཅོ་བརྒྱད་ཀྱི་མཚན་ཉིད་སོ་སོར་ཡང་དང་ཡང་དུ་དཔྱོད་པ་ལས་ལྷག་མཐོང་སྐྱེ་བར་གསུངས་པའི་ཕྱིར་ཏེ། ཤེར་ཕྱིན་མན་ངག་ལས་དེ་ནས་ཞི་གནས་དེ་ཉིད་ལ་བརྟེན་ཏེ། སྣ་ཚོགས་ཀྱི་གཟུགས་བརྙན་འདི་དག་ཉིད་ནི་འདི་ལྟ་སྟེ། གཟུགས་ཀྱི་ཁམས་ནས་ཡིད་ཀྱི་ཁམས་ཀྱི་བར་འདི་དག་ནི་ཆོས་ཐམས་


JLD014_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཅེས་བྱ་སྟེ། དེ་ལྟར་ལན་མང་དུ་རྣམ་པར་ཕྱེ་ནས་ཡོངས་སུ་བརྟག་པར་བྱས། ཡོངས་སུ་དཔྱད་པར་བྱས་པས་ལྷག་མཐོང་རྫོགས་པར་བྱའོ། ཞེས་གསུངས་ཏེ། འདི་ནི་དགོངས་འགྲེལ་གྱི་མདོའི་དོན་དུའང་སྣང་ངོ༌། །ལྷག་མཐོང་འདིས་ནི་ཉོན་མོངས་མངོན་གྱུར་གྱི་གཉེན་པོ་མི་བྱེད་ཀྱང༌། ཏིང་ངེ་འཛིན་གྱི་རྩལ་སྦྱོང་བའི་ཕྱིར་དུ་བྱེད་དོ། །འདི་ལ་བརྟེན་ནས་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་གཞན་མང་པོ་ཡང་རྟོགས་པར་ནུས་སོ། ཞེས་ཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་previous hit དགོངས next hit་ཕྱིན་ཅི་མ་ལོག་པར་བཤད་པ་འདི་ནི། ཞི་ལྷག་གཉིས་ཀྱི་རྣལ་འབྱོར་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །འདི་ལ་བརྟེན་ནས་ཡང་དག་པའི་ལམ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་དྲི་མ་ཞི་བར་གྱུར་ཅིག །མངྒ་ལཾ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousཞི་ལྷག་གཉིས་ཀྱི་དཀའ་བའི་གནས་ལ་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཤད་པ། next