Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

27 occurrences of བརྒྱུད་གསུམ་
[Clear Hits]


 
 
 
 
 
  
  
  
ཆོས་སྤྱོད་ཀྱི་རིམ་པ་ཁྲིགས་སུ་བསྡེབས་པ།
  
  
  
  
 
 
  
  
 
 
  
  
  
  
 
  
 
 
  
  
 
 
  
  
 
 
  
  
  
 
  


27 occurrences of བརྒྱུད་གསུམ་
[Clear Hits]

 
previousཆོས་སྤྱོད་ཀྱི་རིམ་པ་ཁྲིགས་སུ་བསྡེབས་པ།next

ཆོས་སྤྱོད་ཀྱི་རིམ་པ་ཁྲིགས་སུ་བསྡེབས་པ།


JSD002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྒྲུབ་གནས་ཡང་ལེ་ཤོད་ཀྱི་ལོ་གསུམ་དམ་བཅས་མཚམས་གྲྭ་པ་རྣམས་ནས་ཐུན་མཚམས་ལ་བབ་པ་ན་ཇི་ལྟར་བྱ་བའི་ཆོས་སྤྱོད་ཀྱི་རིམ་པ་ཁྲིགས་སུ་བསྡེབས་པ་ནི། ཐོག་མར་ཐོར་ཐུན་གྲོལ་རྗེས། ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་མཐར་སྤུངས་གཏོར་བསྡུས་པ་ལ་ཏིང་ཤགས་བརྡུང། ཡི་དྭགས་ཆུ་སྦྱིན་མགོར་ཐུགས་སྒྲུབ་ཆ་ལག་འཕགས་པ་རྡོ་རྗེ་སྙིང་པོའི་ཆུ་སྦྱིན་སྦྱར། དེ་ནས་རི་བོ་བསང་མཆོད་ལཌཱ་དྲིལ་བཀྲོལ་ཞིང་མཚམས་སུ་འབྲུ་གསུམ་བརྒྱ་རྩ་བགྲང་། མཐར། བདག་སོགས་རྣམས་ཀྱིས་སོགས་དང་། འཇིག་རྟེན་བདེ་ཞིང་སོགས་དང་། ཉིན་མོ་བདེ་ལེགས་བཅས་བརྗོད་ལ་ཞོགས་ཇ་བཞེས། སྔ་ཐུན་གྲོལ་རྗེས། སྐུ་གསུམ་ཞིང་ཁམས་སྦྱོང་བའི་གསོལ་འདེབས་སྨོན་ལམ་དང་མཚམས་འདིར་ཕྱག་བརྒྱ་འཚལ་བ་དང་སྦྲགས། བྱང་ཆུབ་ལྟུང་བཤགས། བརྗོད་མེད་དོན་བཤགས། བདེ་གཤེགས་སྤྱི་བཤགས། རྩ་


JSD002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་དང་སྦོམ་པོའི་ལྟུང་བཤགས། གཞི་ཐོག་དང་པོའི་སོགས། ཡིག་བརྒྱ་བཅས་གྲུབ་ནས། གུང་ཚིགས་བཞེས་ལ་ཡོན་ཡོངས་སུ་སྦྱོང་བའི་གཟུངས་དང་། གང་གིས་བདག་ལ་སོགས་མདོ་ལས་བྱུང་བའི་སྨོན་ལམ་དང་། མཚོ་དབུས་གེ་སར་སོགས། འཁོར་ལོ་བར་བའི་སོགས་འདོན་པར་བྱ། ཆག་ཏུ་མི་རུང་བའི་ཁ་འདོན་རིགས་དང། དཔེ་མཇལ་ཡི་གེ་འབྲི་རྒྱུ་སོགས་ཡོད་ཚེ་སྐབས་འདིར་བྱ་བ་ཡིན། དགོང་ཐུན་གྲོལ་རྗེས་མཁྱེན་བརྩེའི་གསུངས། སེམས་ཀྱི་རྡོ་རྗེ་སོགས་དང་། རྩ་གསུམ་དམ་ཅན་དང་བཅས་པའི་གཏོར་བསྔོ་ཌ་་ཚེ དྲིལ་བཅས་བཏང་མཐར་ཡིག་བརྒྱ་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །སོགས་དང་། སྔོན་ཚེ་ཨོ་རྒྱན་སོགས་ཤིས་པ་བརྗོད། དེ་ནས་སྨྲ་བསམ་བརྗོད་མེད་སོགས་སྔོན་དུ་འགྲོ་བས། ཤེས་རབ་སྙིང་པོའི་མཐར་ག་ཏེའི་སྔགས་ལན་དགུ་དང་། ན་མོ་བླ་མ་ལ་ཕྱག་འཚལ་ལོ་སོགས། མདོ་སྒྲུབ་


JSD002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་ཐལ་བརྡེབ་བཅས་བྱ་ཞིང་འདི་ལ་ཐུན་དཔོན་པས་དུང་དཀར་འབུད་སྲོལ་མཆིས་དེ་ནས། དཔལ་ལྡན་རྡོ་རྗེ་ལྷ་མོ་ནི་སོགས་དང། ཨ་ཀའི་རིག་སྔགས་ལན་བདུན་ཙམ་བཟླས་ལ། མཁའ་འགྲོ་མ་སེང་གེ་གདོང་པ་ཅན་སོགས། ཐལ་རྡེབ་ལན་གསུམ་དང་། ཁྲོ་མོ་འབར་བའི་སོགས། ཁྱེད་ཀྱི་རིག་སྔགས་སོགས། དེ་ནས་བྷྱོཿ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །སོགས་བཟློག་བསྒྱུར་ལན་གསུམ་མམ་གཅིག་ཐལ་བརྡེབ་བཅས་བྱ། བགེགས་རིགས་སྟོང་ཕྲག༴ རྫོགས་པའི་བྱང་ཆུབ་སོགས། གཞན་ཡང་སྐྱེ་བ་སོགས། དེ་ནས་དཀར་གསུར་ཞིང།ཁམས་ཀུན་ཁྱབ་བཏང་མཐར། བཟང་སྤྱོད། དུས་མཐར་གདབ་པའི་སྨོན་ལམ་བཅས་ཀྱི་མཐར་དགོང་ཇའམ་ཐུག་པ་བཞེས། ༈ སྲོད་ཐུན་མཐར། གཅོད་ཡུལ་མཁའ་འགྲོའི་གད་རྒྱང་ཌཱ་ཆེན་བཀྲོལ་ལ་བཏང་ནས། བདེན་ཚིག་འགྲུབ་སྨོན། བསྐལ་མང་གོང་


JSD002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོགས། བྱང་ཆུབ་སེམས་མཆོག་སོགས། གཞི་ལམ་འབྲས་གསུམ་སྨོན་ལམ། རིན་ཆེན་དགེ་ཚོགས་སོགས། ཕན་བདེ་འབྱུང་བའི་སོགས་དང་། ཞབས་བརྟན་རིགས་བྱ། རྒྱལ་བ་ཀུན་གྱི༴ ཐུབ་བསྟན་མཛེས་པའི་སོགས་ཀྱིས་མཐའ་བརྒྱན་ཏེ་ཉལ་བའི་རྣལ་འབྱོར་ལ་འཇུག་པར་བྱའོ། །སྨྲས་པ། གནད་སྨིན་བྱས་ན་འདི་གས་འཐུས། །ཟབ་ཚད་འདོན་དགོས་ཚར་དུས་མེད། །ལྷོད་ཆགས་བག་ཕེབས་དགའ་སྤྲོ་བསྒོམ། །ཚེ་དང་སྒྲུབ་པ་མཉམ་པར་ཤོག །ཅེས་པའང་ཤེས་འདོད་དོན་གཉེར་ཅན་མ་ཏིའི་མིང་གིས་ ི ནན་བསྐུལ་མ་ལྡོག་པར་བྱ་བྲལ་བུདྡྷ་བཛྲ་གྱིས་སུག་བྲིས་སུ་བསྟར་བ་དགེ་ཞིང་བཀྲ་ཤིས་ཤོག །།


previousཆོས་སྤྱོད་ཀྱི་རིམ་པ་ཁྲིགས་སུ་བསྡེབས་པ།next