བླ་མའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།
― JSD004_Page_0031 ―
[མ་དཔེ་གཟིགས་ན་འདིར་གནོན།]
བླ་མའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ།། མདོ་རྒྱུད་ཀུན་ནས་བླ་མ་སངས་རྒྱས་སུ། །རྒྱལ་བས་ཡོངས་བསྔགས་བསླུ་མེད་རྡོ་རྗེའི་གསུང་། །ངེས་དོན་སྙིང་པོའི་དོན་གཟིགས་སྦས་ཚུལ་འཆང་། །ལྔ་བརྒྱའི་འགྲོ་ལ་བརྩེ་ཆེན་ཕན་བདེའི་གཏེར། །བཀའ་དྲིན་མཉམ་མེད་རྗེ་བཙུན་འཁོར་ལོའི་མགོན། །སངས་རྒྱས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །ཆོས་ལྡན་བསམ་པ་གེགས་མེད་མྱུར་འགྲུབ་ཅིང་། །དབང་བྱིན་དངོས་གྲུབ་པ་ཕོགས་བདག་རྒྱུད་ལ། །དགོངས་པའི་ཀློང་ནས་སྐད་ཅིག་ཉིད་ལ་སྩོལ། །ཚེ་གཅིག་ཉིད་ལ་གདོད་མའི་རྒྱལ་ས་རུ། །རྟོགས་པའི་གདེང་ཆེན་བརྙེས་པར་བྱིན་གྱིས་རློབས། །ཞེས་པའང་དད་པའི་ནོར་ལྡན་བཀྲས་
― JSD004_Page_0032 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྩེགས་ཕུན་དབང་གི་ངོར་བུདྡྷས་སོ།། །།