Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
བདུན་པ། དཀྱིལ་འཁོར་འདུས་པ་དང་གསང་སྔགས་ཀྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousབདུན་པ། དཀྱིལ་འཁོར་འདུས་པ་དང་གསང་སྔགས་ཀྱི་ལེའུ།next

བདུན་པ། དཀྱིལ་འཁོར་འདུས་པ་དང་གསང་སྔགས་ཀྱི་ལེའུ།

༈ དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ་། །བྷྲུྃ་བི་ཤྭ་བི་ཤྭདྡྷེ། ཧཱུྃ་བཛྲ་དྷྲ྇ཀ །ཨ་ཛི་ན་ཛིཀ །སྭཱཾ་རཏྣ་དྷྲ྇ཀ །ཨཱཾ་ཨ་རོ་ལིཀ །ཧཱཾ་པྲཛྙཱ་དྷྲ྇ཀ །མཱུཾ་དྷཱ་ཏྭཱི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པཱྃ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵཱིཾ་ཧི་རཱ་ཛ་ཡ། ཏྲཾ་ཨཱ་གརྦྷ་ཡ། ཧྲི་ཧ་ཧཱུྃ། པདྨ་པ་ད་མ། ཛིཾ་ཀུ་རུ་པཱ་ཎ་ཧྲཱི། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཱཾ་མཱ་ལྱེ་ས་མ་ཡ་ཧོཿ ཧྲཱི་གཱི་ཏི་རཱ་གོ྅ཧཾ། ཨ་ནྲ྇་ཏྱ་རཱ་ག་ཡཱ་མི། མཻ་དྷཱ་ར་ཎེ་སྭཱ་ཧཱ། ཐླྷིཾ་ནིསྶ་རཾ་བྷ་ཡ་སྭཱ་ཧཱ། ཧཱུྃ་སྭ་རཱ་ཛ་ཡ་སྭཱ་ཧཱ། མུཾ་ཤྲཱི་ཨཾ་རཱ་གཱ་ཡ་སྭཱ་ཧཱ། ཛཿདྷཱུ་པེ་པྲ་བེ་ས། ཧཱུྃ་པུཥྤེ་ཨ་བེ་ས། བཾ་དཱི་པ་སུ་ཁི་ནཱི། ཧོཿགནྡྷེ་ཙིཏྟ། ཧཱུྃ་ཡ་མཱནྟ་ཀྲ྇ཏ་ཕཊ། ཧཱུྃ་པདྨཱནྟ་ཀྲ྇ཏ་ཕཊ། ཧཱུྃ་པྲཛྙཱནྟ་ཀྲ྇ཏ་ཕཊ། ཧཱུཾ་བིགྷྣཱནྟ་ཀྲ྇ཏ་ཕཊ། ༀ་མཧཱ་བཛྲ་དྷ་རོ་མཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ༀ་མཧཱ་རཏྣ་དྷ་རྃ་མཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ༀ་མཧཱ་པདྨ་དྷ་རྃ་མཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ཨ་མཧཱ་ཀརྨ་དྷ་རྃ་མཧཱ་ཀྲོ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཙིཏྟ་ༀ་ཨ་ཨ་ཨ་བཛྲཱ་བྷ་དྲ་ས་མནྟ་ཨཿ ༀ་མུ་ནེ་ཧྲཱིཾ་སྭཱ་ཧཱ། ༀ་མུ་ནེ་ཧཱུྃ་སྭཱ་ཧཱ། ༀ་མུ་ནེ་སྲུཾ་སྭཱ་ཧཱ། ཨ་མུ་ནེ་གྲཾ་སྭཱ་ཧཱ། ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ༀ་མུ་ན་ཡེ་སྭཱ་ཧཱ། ༀ་ཨེ་ཧྱེ་ཧི་བྷ་ག་བཱན་མཧཱ་ཀཱ་རུ་ཎི་ཀཱ་དྲ྇་ཤྱ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུཾ་བཾ་ཧོཿ ༀ་ཨྃཿཧཱུྃ་སྭཱ་ཧཱ། བ་བ་བ་བ་བ། ཛ་ཛ་ཛ་ཛ་ཛ། པ་པ་པ་པ་པ། ས་ས་ས་ས་ས། པ་པ་པ་པ་པ། མ་མ་མ་མ་མ། པ་པ་པ་པ་པ། ཡ་ཡ་ཡ་ཡ་ཡ། པ་པ་པ་པ་པ། ༀ་ཨཱཾ་ཧཱུྃ་སྭཱ་ཧཱ། ༀ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོཿཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་སོ། །རབ་ཏུ་གྲགས་སོ། །ཀུན་ཏུ་གྲགས་སོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པས་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོས་བདག་ཉིད་ཆེན་པོའི་ཡེ་ཤེས་དང་བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲྭ་བ་ལས་ཕྱུང་ངོ་། །ༀ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་མཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་མཧཱ་པྲཏྱ་བེ་ཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་མཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་མཧཱ་ཀྲ྇ཏྱཱ་ནུཥྛཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ༀ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཐིམ་པར་གྱུར། གསལ་བར་གྱུར། འབར་བར་གྱུར་ཏོ། །

ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང་། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང་། །གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག །རྒྱུད་མཆོག་སྒྱུ་འཕྲུལ་དྲྭ་བ་ལས། །བདེ་ལྡན་གསུང་གི་དོན་འབྱུང་བའང་། །ཐམས་ཅད་པདྨའི་ངང་གྱུར་ན། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་སྟེ། །ཐེག་པ་མཐོ་དམན་ཐམས་ཅད་དང་། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །བྱང་(༡༡༨)ཆུབ་རྡོ་རྗེའི་གསུང་དུ་བསྡུས། །བསྡུས་ཉིད་ཕྱོགས་བཅུར་རྣམ་པར་གྲགས། །གྲགས་ཉིད་མ་ཆགས་ངང་དུ་གསུངས། །གསུངས་པ་ཉིད་ན་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། །ཀུན་ལ་གྲགས་ཤིང་སོ་སོར་མཇལ། །དཔེར་ན་དེ་བཞིན་སྦྲིད་སངས་བཞིན། །གསུང་གཅིག་སྒྲ་ཡིས་སོ་སོར་གོ། །དེ་ནི་གསུང་མཆོག་རྒྱལ་པོ་ཡིན། །ཐེག་པ་མཐོ་དམན་བསམ་ཡས་ཀྱང་། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་། །དེ་བཞིན་ཉིད་ཀྱིས་གསུངས་པ་མེད། །ཡི་གེ་མེད་དང་རིག་པའི་གསུང་། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང་། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས། །འགྲོ་དོན་སྣ་ཚོགས་སོ་སོར་གསལ། །གསལ་ཉིད་གསུང་གི་རྡོ་རྗེའི་མཆོག །དེ་བཞིན་གསུང་གི་འགྲོ་དོན་རྣམས། །དེ་བཞིན་ངང་ལས་མ་གཡོས་ཀྱང་། །དཔེར་ན་བྲག་ཅའི་སྒྲ་བཞིན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་དཀྱིལ་འཁོར་འདུས་པ་དང་གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།


previousབདུན་པ། དཀྱིལ་འཁོར་འདུས་པ་དང་གསང་སྔགས་ཀྱི་ལེའུ།next