Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
གསོལ་འདེབས་བར་ཆད་ལམ་སེལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསོལ་འདེབས་བར་ཆད་ལམ་སེལ།next

གསོལ་འདེབས་བར་ཆད་ལམ་སེལ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ གསོལ་འདེབས་བར་ཆད་ལམ་སེལ་བཞུགསཿ ཀྱེ་མ་ཀྱེ་ཧུད་གུ་རུ་རིན་པོ་ཆེཿ དེང་སང་རྩོད་ལྡན་སྙིགས་མ་ལྔ་བདོའི་དུསཿ གདུལ་དཀའ་དམུ་རྒོད་སེམས་ཅན་ཁ་དར་ཚེཿ བཟོད་མེད་སྡུག་བསྔལ་སྨོན་ལོག་དམ་ཉམས་ཀྱིསཿ སྐྱེ་འགྲོ་ཕོ་མོའི་ཤེས་རྒྱུད་མདངས་འཕྲོག་དུསཿ བསླུ་མེད་གཏན་གྱི་སྐྱབས་གཅིག་ཨོ་རྒྱན་རྗེཿ ཀྱཻ་མཿ མ་བཅོས་སྟོང་གསལ་ལྷོ་ནུབ་དཔལ་གྱི་རིཿ ལྷུན་གྲུབ་རང་བྱུང་དཀྱིལ་འཁོར་ཞིང་ཁམས་དབུསཿ སྣ་ཚོགས་པདྨ་འབུམ་བརྡལ་འོད་ཀློང་དབྱིངསཿ རིག་འདུས་ཡེ་ཤེས་མ་ཧཱ་གུ་རུ་ལཿ བརྒྱུད་པའི་བླ་མ་ཡི་དམ་མཁའ་འགྲོའི་ཚོགསཿ ཆོས་སྐྱོང་སྲུང་མ་མ་ལུས་གཅིག་རྫོགས་གྱུརཿ གསོལ་འདེབས་བུ་ལ་བརྩེ་བས་ད་གཟིགས་ཤིགཿ དགོངས་པའི་ཀློང་ནས་ཡེ་ཤེས་རྡོ་རྗེ་འདིསཿ སྐལ་ལྡན་བདག་གི་སྙིང་ལ་བྱིན་ཕོབ་ཅིགཿ རྩ་རླུང་ཐིག་ལེ་ཡེ་ཤེས་ལས་རུང་ཚེཿ ཁ་སྦྱོར་རྡོ་རྗེ་ལོངས་སྐུའི་སྐུར་འགྱུར་ཤོགཿ ཚེ་འདིའི་རྐྱེན་སྣང་བར་ཆད་དུག་གསུམ་དགྲཿ ནད་གདོན་སྡིག་སྒྲིབ་ཉམས་ཞེན་གེགས་ཚོགས་ཀུནཿ དབྱིངས་སུ་ཞི་ནས་གཉིས་མེད་རོ་གཅིག་གྱུརཿ ནམ་ཞིག་ཚེ་འདིའི་སྣང་བ་འཕོ་བའི་ཚེཿ ཆོས་ཉིད་བར་དོ་འོད་གསལ་གསང་ལམ་སྦུབསཿ སྐད་ཅིག་ཉིད་དུ་རང་སར་གྲོལ་བར་ཤོགཿ གལ་ཏེ་དང་པོའི་བར་དོར་མ་གྲོལ་ནཿ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་སྟོབས་དངཿ མ་ཧཱ་གུ་རུའི་ཐུགས་རྗེའི་ལྕགས་ཀྱུ་ཡིསཿ དཔའ་བོ་དཔའ་མོས་མདུན་བསུས་རྒྱབ་བསྐྱོར་ནསཿ སྲིད་པ་བར་དོའི་གནས་ལས་གྲོལ་ནས་སུཿ དག་པའི་ཞིང་ཁམས་ཟངས་མདོག་དཔལ་རི་སོགསཿ རང་དང་བཅས་པའི་དགྲ་འདྲེ་ཕ་མ་སོགསཿ མྱུར་དུ་སྐྱེས་ནས་གུ་རུའི་ཞབས་དྲུང་དུཿ མི་འབྲལ་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོགཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ས་མ་ཡཱཿ ཕྱི་རབས་རྗེས་འཇུག་རིགས་ཀྱི་བུཿ གསོལ་འདེབས་སྨོན་ལམ་ཟབ་མོ་འདིཿ སྙིགས་མའི་སེམས་ཅན་སྐྱོབས་ཕྱིར་དུཿ པདྨ་ང་ཡིས་བཀའ་བསྩལ་པཿ མཚོ་རྒྱལ་ཁྱོད་ཀྱི་ཐུགས་དམ་ཟུངསཿ དེ་ཕྱིར་ལས་ཅན་སུ་འཕྲད་ནཿ འདི་དང་ཕྱི་མ་བར་དོ་རུཿ གྲོལ་བར་འགྱུར་རོ་གདོན་མི་ཟཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱཿ ཨེ་ཝཾ་རིན་ཆེན་ཟངས་སྨུག་ལསཿ བཙོན་གྲོགས་ཐུབ་བསྟན་རྡོ་རྗེ་ཡིཿ ཐུགས་དགོངས་རྫོགས་ཕྱིར་བྲིས་པ་འདིཿ རིག་འཛིན་རོལ་པའི་རྡོ་རྗེ་ངསཿ དག་སྣང་མཁའ་འགྲོའི་གསང་མཛོད་ལསཿ དག་པར་ཕབ་ཏེ་ཞལ་ཕྱེས་སོཿ བཀའ་འདི་དམ་ཅན་རྒྱ་མཚོར་གཏདཿ བཀྲ་ཤིས་བདེ་ལེགས་དཔལ་ལ་སྤྱོདཿ བསམ་དོན་ཆོས་སྲིད་རྒྱས་གྱུར་ཅིགཿ དགེའོཿ བཀྲ་ཤིས་པར་གྱུར་ཅིགཿ


previousགསོལ་འདེབས་བར་ཆད་ལམ་སེལ།next