Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གཅོད་དབང་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   


 
previousགཅོད་དབང་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ།next

གཅོད་དབང་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ།


CMR052_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

༼ཉ༽ གཅོད་དབང་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ་བཞུགས་སོ། །


CMR052_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དང་ཡུམ་ཆེན་མོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །གཏོར་མ་ལ་བརྟེན་ནས་དབང་བསྐུར་བ་ལ། གཏོར་མ་ཟུར་གསུམ་པ་གཅིག་ལ། འཁོར་གཏོར་མ་ཟུར་གསུམ་པ་བཞིས་བསྐོར། མ་གཅིག་རིགས་ལྔའི་ཙཀླི་བཙུགས། འབྲུའི་ཚོམ་བུའི་སྟེང་དུ་བཞག་ལ་མཆོད་པས་བསྐོར། རྒྱས་པར་གྲུབ་ན་གཅོད་ཚོགས་གཞུང་ལྟར་བྱ། བསྡུ་ན་ལུས་སྦྱིན་ཚར་གཅིག་བྱས་ཀྱང་ཆོག །ཤིན་ཏུ་བསྡུ་ན་གཏོར་མ། མ་ལབ་སྒྲོན་རིགས་ལྔར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། མཆོད་བསྟོད་བྱས་ལ་གཱ་ཏེའི་བསྙེན་པ་ཅི་རིགས་བྱས་ལ། དེ་ནས་སློབ་མ་ལ་ཁྲུས་དང་། མཎྜལ་ཕུལ་ཏེ། །འོ་ན་ད་ལམ་ཁྱེད་རང་རྣམས་ལ་ཟབ་ཅིང་ངོ་མཚར་ཆེ་བ་མཁའ་འགྲོའི་གསང་ཚིག་གཅོད་དབང་ཟབ་མོ་བསྐུར་བ་


CMR052_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཐོག་མར་ཡིད་ཆེས་པའི་ཕྱིར་ལོ་རྒྱུས་ཟུར་ཙམ་ཞིག་བཤད་ན། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། ཡུམ་ཆེན་ཀུན་ཏུ་བཟང་མོ་ཞེས་ཀྱང་བྱ། རྡོ་རྗེ་ཕག་མོ་ཞེས་ཀྱང་བྱ། རྡོ་རྗེ་བདག་མེད་མ་ཞེས་ཀྱང་བྱ། རྗེ་བཙུན་སྒྲོལ་མ་ཞེས་ཀྱང་བྱ། དེའི་ཐུགས་ཀ་ནས་འོད་ཟེར་གཅིག་འཕྲོས་པའི་སྣ་ལ་འོག་མིན་གྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་གཞལ་ཡས་ཁང་གདན་དང་བཅས་པ་གཅིག་སྤྲུལ་ལོ། །དེའི་དབུས་སུ་ཆོས་སྐུ་ཡུམ་ཆེན་མོ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སེམས་མའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་


CMR052_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་སྤྲུལ་ལོ། །ཡུམ་ཆེན་མོའི་ཐུགས་ཀ་ནས་བདུད་འདུལ་ཁྲོས་མ་ལྷ་ལྔར་སྤྲུལ་ནས། ཨོ་རྒྱན་མཁའ་འགྲོའི་ཡུལ་གྱི་དབུས་སྟེང་གི་ཕོ་བྲང་ན་བཞུགས་སོ། །བདུད་འདུལ་ཁྲོས་མའི་ཐུགས་ཀ་ནས་མཁའ་འགྲོ་གསེར་གླིང་མ་གཙོ་འཁོར་ལྔར་སྤྲུལ་ནས། ཨོ་རྒྱན་གནྡྷོ་ལ་ཡི་ཕོ་བྲང་དུ་བྱོན་ཏེ། མཁའ་འགྲོ་གསེར་གླིང་མ་འགྲོ་བ་སེམས་ཅན་གྱི་དོན་དུ་ལྷ་དང་མི་ཡི་ཡུལ་ན་སྐྱེ་བ་བརྒྱ་དང་བདུན་བཞེས་པའི་ཕྱི་མ་ནི་མ་གཅིག་ལབ་ཀྱི་སྒྲོན་མ་ཡིན་ཏེ། དེ་ཡང་བོད་དུ་སྐྱེ་བ་གཉིས་ལྡན་དུ་བཞེས་པ་རྒྱ་བཟའ་དང་བལ་བཟའ། དེ་གཉིས་གཅིག་ཏུ་བསྡོམས་པ་ཡེ་ཤེས་མཚོ་རྒྱལ་དང་། དེ་ནས་སྤྲུལ་པ་བཞིར་འགྱེད་པ་ལ། མ་གཅིག་ཞྭ་མ། ཤེལ་བཟའ་སྒྲོན་གཅིག་མ། ཞང་ལྕམ་གྲོ་ཆུང་མ། ལབ་ཀྱི་སྒྲོན་མ་དང་བཞི་ཡིན། མ་གཅིག་འདི་ཕྱི་ལྟར་ན་འཕགས་མ་སྒྲོལ་མ། ནང་ལྟར་ན་ཡུམ་ཆེན་མོ། གསང་བ་ལྟར་ན་རྡོ་རྗེ་ཕག་མོ། ཡང་གསང་ལྟར་ན་ཁྲོས་མ་ནག་མོ་དངོས་ཡིན། སངས་རྒྱས་ཀྱི་སྤྱན་སྔར་སྲིང་མོ་གངྒཱའི་ལྷ་མོར་སྤྲུལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་ཡང་བསྟན། འོ་ན་དེ་ལྟ་བུ་ཅིའི་ཕྱིར་ཞེ་ན། མདོ་སྡེ་དྭངས་སྙིགས་འབྱེད་པ་ལས། །


CMR052_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །རྒྱལ་བའི་ཡུམ་གྱུར་སྤྲུལ་པ་ནི། །བྱང་ཕྱོགས་ལབ་ཀྱི་གྲོང་ཁྱེར་དུ། །སྒྲོལ་མ་ཞེས་བྱའི་མིང་ཅན་འབྱུང་། །བསྐྱེད་རྫོགས་སྙིང་པོའི་དོན་ལ་མཁས། །གྲོང་དང་གྲོང་ཁྱེར་རི་སུལ་དང་། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡི་ཆོས་རྣམས་རྒྱས་པར་འགྱུར། །ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་བསྟན་པའི་སྙིགས་མ་ལ། །ཡུམ་ཆེན་ཕ་རོལ་ཕྱིན་མ་ཡི། །སྤྲུལ་པ་ལབ་སྒྲོན་ཞེས་བྱ་འབྱུང་། །ཕྲིན་ལས་ཆོས་ཀྱི་དབྱིངས་སུ་སྤྱོད། །དེ་དང་འབྲེལ་པ་གང་ཡོད་པ། །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་བསྟན་པ་སྤྱི་ལུང་ལས་ཀྱང་། མཚོ་རྒྱལ་སྤྲུལ་པ་རྟོགས་ཚོགས་གཏད་མེད་གཅོད། །ལབ་ཀྱི་སྒྲོན་མ་ཟངས་རི་ཞེས་བྱར་འབྱུང་། །ཞེས་གསུངས་པ་དང་། མདོ་རྒྱུད་མང་པོ་ལས་ལུང་བསྟན་ཅིང་། བཀའ་ཐོག་ནས་གྲོལ་བ་ཐོབ་ནས་སྟོང་ཉིད་ཀྱི་རྟོགས་པ་མངོན་དུ་གྱུར་ཏེ། མཆོག་གི་སློབ་མ་བཅུ་དྲུག་ལ་སོགས་པ་ལྷ་འདྲེ་མི་གསུམ་སྨིན་གྲོལ་ལ་བཀོད། རྒྱ་གར་རྡོ་རྗེ་གདན་ནས་རྐང་མགྱོགས་གསུམ་བཏང་བྱུང་བ་ན། སྐུ་ཚེ་སྔ་མའི་སྐྱེས་རབས་


CMR052_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ་ཡིད་ཆེས། དད་པ་སྐྱེས་ནས་མ་གཅིག་གི་ཆོས་འདི་རྒྱ་གར་ལ་ཕར་ལ་བསྒྱུར་ཏེ། ཡུམ་ཆེན་མོ་དངོས་ཡིན་པར་འཛམ་གླིང་ཐམས་ཅད་ལ་ཉི་ཟླ་ལྟར་གྲགས་སོ། དེ་ཡང་ཆོས་འདི་ལ་མདོ་ལུགས་སྔགས་ལུགས་མདོ་སྔགས་དབྱེར་མེད་ཟུང་འཇུག་ལུགས་དང་གསུམ་ཡོད་པ་ལས། མདོ་ལུགས་ཀྱི་བརྒྱུད་པ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། འཇམ་པའི་དབྱངས་དང་། ཀླུ་སྒྲུབ་སྙིང་པོ། མཁས་པ་ཨཱརྱ་དེ་ཝ། དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་གཅིག་ལའོ། །སྔགས་ལུགས་བརྒྱུད་པ་ནི། ཆོས་སྐུ་ཡུམ་ཆེན་མོ། ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ། སྤྲུལ་སྐུ་འཕགས་མ་སྒྲོལ་མ། དེས་མ་གཅིག་ལ་དངོས་སུ་གནང་བའོ། །མདོ་སྔགས་ཟུང་འཇུག་གི་བརྒྱུད་པ་ནི། འཇམ་དཔལ་སྨྲ་བའི་སེང་གེ །རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། དེས་མ་གཅིག་ལ་དངོས་སུ་གནང་བའོ། །མ་གཅིག་གིས་སྲས་རྒྱལ་བ་དོན་གྲུབ་ལ་མདོ་ལུགས་གཙོ་བོར་གསུངས། ཐོད་སྨྱོན་བསམ་འགྲུབ་ལ་སྔགས་ལུགས་གཙོ་བོར་


CMR052_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། ཁུ་སྒོམ་ཆོས་ཀྱི་སེང་གེ་ལ་མདོ་སྔགས་ཟུང་འཇུག་གི་ལུགས་གཙོ་བོར་གྱུར་པའི་གདམས་ངག་གནང་བའོ། །དེ་རྣམས་ཀྱི་བརྒྱུད་པ་ལ་མཁས་ཤིང་གྲུབ་པ་ཐོབ་པ་ནམ་མཁའི་སྐར་ཚོགས་ཙམ་བྱོན་ཏེ། གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཉི་མ་དང་ཟླ་བ་ལྟ་བུར་འཛམ་གླིང་ཡོངས་ལ་གྲགས་པ་ཡིན་ལ། ཁྱད་པར་གཏོར་མ་ལ་བརྟེན་ནས་ཏིང་ངེ་འཛིན་གྱི་དབང་བསྐུར་བ་འདི་ནི། ཁུ་སྒོམ་ཆོས་ཀྱི་སེང་གེ །རྟོགས་ལྡན་དོལ་པ་ཟངས་ཐལ། གྲུབ་ཐོབ་རྒྱ་ནག་གཅེར་བུ། སངས་རྒྱས་རབ་སྟོན། །སངས་རྒྱས་དབོན་སྟོན། རི་གོང་པ་ཆེན་པོ། རྗེ་རང་བྱུང་པ་སོགས་ནས་རིམ་པར་བརྒྱུད་པའོ། །དེ་ཡང་གཅོད་འདི་མ་གཅིག་གི་ཐུགས་ལས་འཁྲུངས་པའི་གདམས་ངག་མཁའ་འགྲོའི་དངོས་གྲུབ། མི་མཐུན་གྲོགས་སུ་ཁྱེར་བ། ལྟས་ངན་གཡང་དུ་ལེན་པའི་གདམས་ངག་ཟབ་མོ་ཡིན་ཏེ། མ་གཅིག་གི་ཞལ་ནས། ཨ་བྲ་མ་ཡི་བུ་ཁྱོད་ཉོན། །བར་ཆད་མི་ཡོང་ང་རང་ཤེས། །ནད་པ་འདྲེ་ལ་གཏད་པ་ནི། །ནད་མེད་བདེ་བ་ཐོབ་པ་ཡིན། །བཅོལ་མ་དགྲ་ལ་བྱས་པ་ན། །འཇིགས་མེད་བཙན་ས་ཟིན་པ་ཡིན། །གང་


CMR052_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དགར་ཁྱེར་ཡང་འདོད་མི་སྲེད། །མི་མཐུན་གྲོགས་སུ་ཁྱེར་བ་དེ། །ཨ་མ་ཇོ་མོའི་བཞེད་པ་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་བྱས་པས། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ལུས་སྲོག་གཟན་དུ་བོར་བ་ན། །སྲུང་འཁོར་བདག་ཏུ་མེད་པ་ཡིན། །ཅེས་གསུངས་པ་དང་། ཀུ་སཱ་ལུ་ཡི་ཚོགས་གསོག་དེ། །ཚོགས་བསགས་བརྒྱ་ཡིས་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །སྟོན་མོ་བརྒྱ་ཡིས་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་དེ། །རིམ་གྲོ་བརྒྱ་ཡིས་དོ་ཟླ་མིན། །འདུག་གནས་གཉན་ས་རི་ཁྲོད་དེ། །དགོན་པ་བརྒྱ་ཡིས་དོ་ཟླ་མིན། །ཡོན་བདག་སྣང་སྲིད་ལྷ་འདྲེ་དེ། །ཡོན་བདག་བརྒྱ་ཡིས་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་དེ། །དམ་ཆོས་བརྒྱ་ཡིས་དོ་ཙཟླ་མིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མན་ངག་བརྒྱ་ཡིས་དོ་ཟླ་མིན། །ཞེས་གསུངས་པ་དང་། ནང་རིག་པ་འཕྲུལ་གྱི་གདམས་ངག་ནི། །ཤེས་སམ་ཐོས་པ་ཙམ་གྱིས་ཀྱང་། །རིགས་ལྡན་རྒྱལ་བའི་ཞིང་དུ་སྐྱེ། །གོ་ཞིང་རྟོགས་པར་གྱུར་པ་ན། །རྐང་གཉིས་གཙོ་བོར་དངོས་སུ་འགྱུར། །ཅེས་གསུངས་པ་དང་། ཨཱརྱ་དེ་ཝས་མཛད་


CMR052_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཅོད་ཀྱི་རྒྱ་གཞུང་ལས། སྟེང་གི་ལྷ་རྣམས་དམ་ལ་ཐོག །འོག་གི་ཀླུ་རྣམས་ཟིལ་གྱིས་ནོན། །ཀླུ་ལ་ལས་ནི་གང་བཅོལ་འགྲུབ། །ལྷ་རྣམས་རང་སར་རོགས་དན་མཛད། །ཀླུ་རྣམས་མ་ལུས་བྲན་དུ་བཀོལ། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་དགོངས། །ཐོགས་བཅས་བདུད་ལ་ཆོད་པ་ཡིན། །སྣང་བ་དགྲར་ནི་ལྡང་མི་འགྱུར། །ཐོགས་མེད་བདུད་ལ་ཆོད་པ་ཡིས། །གནོད་སྦྱིན་ཕོ་མོ་དམ་ལ་བཏགས། །དེ་ལ་སོགས་པའི་ཕན་ཡོན་ནི། །དཔག་ཏུ་མེད་པར་འབྱུང་བར་འགྱུར། །ཅེས་གསུངས་སོ། །ཟབ་དོན་ཐུགས་ཀྱི་སྙིང་པོ་ལས། རྒྱལ་བའི་དགོངས་པ་གཅོད་ཡུལ་མཆོག་འདི་སུས་འཛིན་པ། །ཐར་པའི་ལམ་སྟོན་ཡོན་ཏན་དཔག་མེད་འབྱུང་། །ཞེས་གསུངས་སོ། །དེ་ལྟ་བུའི་ཆོས་ཟབ་མོ་ཚེ་འདིའི་ནད་གདོན་བར་ཆད་སེལ་བ་ལ་གཞན་ལས་ཟབ་ཅིང་རྣོ་བ། ཕྱི་མ་བྱང་ཆུབ་ཐོབ་པ་ལ་གཞན་ལས་མྱུར་བའི་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བའི་དབང་ཟབ་མོ་འདི་ཞུ་བ་ལ། སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་སྔོན་འགྲོ་ནི། ཐོག་མར་སྐྱབས་སུ་འགྲོ་བ་


CMR052_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སེམས་བསྐྱེད་པ་དང་། ཡན་ལག་བདུན་པ་ཕུལ་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མ་ཨ་ལས་ཟླ་བའི་སྟེང་དུ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་སྐུ་ཡུམ་ཆེན་མོ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་བཞི་མ། གཡས་རྡོ་རྗེ་དང་སྐྱབས་སྦྱིན། གཡོན་པུ་ཏི་དང་མཉམ་བཞག་གི་ཕྱག་རྒྱ་མཛད་པ། སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། །བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ། དེའི་མདུན་དུ་ཁྱེད་རང་རྣམས་ཀྱིས་དུས་ད་ནས་བཟུང་སྟེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སྤངས་པ་


CMR052_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་ཡི། །སངས་རྒྱས་རྣམ་ལ་སྐྱབས་སུ་མཆི། །ཞི་གྱུར་འདོད་ཆགས་བྲལ་བ་ཡི། །དམ་ཆོས་རྣམས་ལ་སྐྱབས་སུ་མཆི། །གང་ལ་ཕུལ་བ་དོན་ཡོད་པའི། །དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །བླ་མ་ཡི་དམ་མཁའ་འགྲོ་ལ། །བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ལ། །བདག་སོགས་འགྲོ་རྣམས་སྐྱབས་སུ་མཆི། །ཞེས་ལན་གསུམ། དེས་སྐྱབས་འགྲོ་སོང་ནས་སེམས་བསྐྱེད་འདི་ཡི་རྗེས་བཟློས་མཛོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སློབ་དཔོན་བདག་ལ་དགོངས་སུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་བཞིན་དུ་ནི་བསླབ་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་


CMR052_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་མོ། །དེས་སེམས་བསྐྱེད་པ་སོང་ནས། ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ལན་གསུམ། དེ་ལྟར་སྔོན་འགྲོ་སོང་ནས་དངོས་གཞི་ལ་གཉིས་ལས། དང་པོ་ཆོས་དབང་སེམས་ལ་བསྐུར་བ་འཕོ་བ་ནམ་མཁའ་སྒོ་འབྱེད་བྱེད་པ་ནི། མ་གཅིག་གིས་ཞོལ་ནས། བསྒྲིམས་ཀྱིས་བསྒྲིམས་ལ་རྒྱངས་ཀྱིས་འཕོངས། །རྒྱངས་ཀྱིས་འཕོངས་ལ་ཕྱལ་གྱིས་ཞོག །རེ་དོགས་མེད་པའི་ངང་ལ་སྐྱུར། །མཐའ་བྲལ་ལྟ་བ་ཟིལ་གྱིས་ནོན། །མཐར་ཐུག་གི་ལྟ་བ་དེ་ན་ཡོད། །གཅོད་ཀྱི་ནམ་མཁའ་སྒོ་འབྱེད་དེ། །འཕོ་བ་བརྒྱ་ཡིས་དོ་ཟླ་མིན། །ཞེས་གསུངས་པའི་དོན་ནི། ཁྱེད་རང་རྣམས་རྐང་པ་གཤིབས་ཏེ་བཞེངས། ལག་པ་གཉིས་སྤྱི་བོར་ཐལ་མོ་སྦྱར་ཏེ་


CMR052_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་ལུས་ཀྱི་ནང་ཐམས་ཅད་སྟོང་པ་ཕུ་མ་ཕུས་བཏབ་པ་ལྟ་བུའི་རྐང་མཐིལ་གཉིས་སུ་ཐིག་ལེ་དཀར་དམར་གཉིས་གསལ་ཐོབ་ལ། གཅོད་ཡུལ་བརྒྱུད་པའི་བླ་མ་དང་མ་གཅིག་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཉམ་དུ་བྱས་པའི་མོས་པ་མཛོད། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་བྱ་རྒོད་ཕུང་པོའི་རི་བོ་ན། །རྗེ་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་སེང་ཆེན་བསྣོལ་བའི་ཁྲི་སྟེང་ན། །འཇམ་དཔལ་སྨྲ་བའི་སེང་གེ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །


CMR052_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །དཔལ་གཡུ་ལོ་བཀོད་པའི་ཞིང་ཁམས་ན། །མཚན་ལྡན་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་མཁའ་སྤྱོད་མཁའ་འགྲོའི་བཞུགས་གནས་ན། །མཁའ་འགྲོ་སུ་ཁ་སིདྡྷི་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་རྒྱ་གར་འཇག་མའི་སྤྱིལ་པོ་ན། །མཁས་པ་ཨཱརྱ་དེ་ཝ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་ལ་སྟོད་དིང་རིའི་གླང་འཁོར་ན། །སྤྲུལ་སྐུ་དམ་པ་སངས་རྒྱས་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །


CMR052_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་རྒྱ་བོད་གཉིས་ཀྱི་སོ་མཚམས་ནས། །སྐྱོ་སྟོན་བསོད་ནམས་བླ་མ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་ཟངས་རི་མཁར་དམར་གྱི་དགོན་པ་ན། །མ་གཅིག་ལབ་ཀྱི་སྒྲོན་མ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་བཀྲ་ཤིས་གླང་ལུང་གི་དགོན་པ་ན། །སྲས་མཆོག་རྒྱལ་བ་དོན་གྲུབ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་གཉན་ས་རི་ཁྲོད་ཀྱི་དགོན་པ་ན། །གྲུབ་ཆེན་ཡེ་ཤེས་འབར་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་


CMR052_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་གནམ་མཚོ་སྔགས་ཀྱི་སྒྲུབ་གནས་ན། །གྲུབ་ཐོབ་གནམ་མཚོ་དོལ་པ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་བདུད་བཞི་ཟིལ་གནོན་གྱི་ཕོ་བྲང་ན། །རྗེ་རང་བྱུང་རྡོ་རྗེ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་སྒར་ཆེན་ཆོས་ཀྱི་ཕོ་བྲང་ན། །ཟླ་བྲལ་རྒྱལ་བ་ཡབ་སྲས་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །སྤྱི་གཙུག་པད་ཟླའི་གདན་སྟེང་ན། །གཅོད་ཡུལ་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །


CMR052_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ན། །ཡི་དམ་གསང་བའི་ལྷ་ཚོགས་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །གནས་བསྟན་པ་སྲུང་མཛད་ཀྱི་ཕོ་བྲང་ན། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །བདག་གསོལ་འདེབས་ཀྱི་བུ་ལ་བྱིན་གྱིས་རློབས། །རྐྱེན་ཕྱི་ནང་གི་བར་ཆད་ཞི་བ་དང་། །མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ། །བུ་སྐྱེ་བ་མེད་པར་ལམ་སྣ་དྲོངས། །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །ནད་རླུང་དང་མཁྲིས་པ་བད་ཀན་གསུམ། །ནད་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། །གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས། །བདུད་ཐོགས་


CMR052_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས། །གཉན་ས་རི་ཁྲོད་འགྲིམ་པར་བྱིན་གྱིས་རློབས་། །ཕུང་པོ་གཟན་དུ་བསྐྱུར་བ་བྱིན་གྱིས་རློབས། །ཉག་གཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །གཟན་བསྐྱུར་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལུས་མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབས། །འོ་དེ་ལྟར་གསོལ་བ་བཏབ་པས་རྐང་མཐིལ་གྱི་ཐིག་ལེ་དཀར་དམར་གཉིས་ཡར་འཕར་ནས་གསང་གནས་སུ་འདྲེས་པས། བྱ་མ་སར་གྱི་སྒོ་ང་ཙམ་གཅིག་ཏུ་གྱུར། དེ་རིམ་པ་ལྟར་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོར་ཡར་ཐོན། འོ་ད་ཁྱེད་ཀྱི་ལུས་མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ལས་གྲུབ་པ་རྩ་རྒྱུས་ཀྱི་དྲྭ་བ་རྣག་ཁྲག་གི་རྐྱལ་པ་འདི་ལ་མ་ཆགས་མ་ཞེན་པར་རིག་པ་གཏད་མེད་ནམ་མཁར་འཕོས་ཤིག །ཕཊ་ཕཊ་ཕཊ། ལན་གསུམ། ཐིག་ལེ་དེ་སྤྱི་བོ་ནས་རྒྱངས་སེ་ཐོན་ནས་ནམ་མཁའ་དང་དབྱེར་མེད་ཁྲུགས་སེ་འདྲེས། ནམ་མཁས་གར་ཁྱབ་རིག་པས་ཁྱབ། རིག་པས་གར་ཁྱབ་ཆོས་སྐུས་ཁྱབ། ཁྱབ་གདལ་ཆེན་པོའི་ངང་ལ་མཉམ་པར་ཞོག་ཅིག །འབུམ་


CMR052_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལས། སྤྱི་གཙུག་རྣམ་པར་ལྟ་བའི་ཏིང་འཛིན་དང་། ནམ་མཁའ་རྣམ་པར་ཁྱབ་པར་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཞེས་གསུངས་པའི་དོན་ཡིན། འོ་དེ་ལྟ་བུ་ལ་རྒྱུན་དུ་གནས་ན་ལྟ་བའི་མཆོག་ཡིན་ནོ། །འོན་ཀྱང་ལས་དང་པོའི་བློར་མི་ཤོང་དོགས་པས་ཁྱེད་རང་གི་རིགས་པ་དེ་ཚུར་འདུས། དངོས་འཛིན་གྱི་སྒྲིབ་པ་དག་ནས་ཁྱེད་རང་གི་ལུས་སེམས་གཉིས་ཀ་དབྱེར་མེད་པར་ཡུམ་ཆེན་མོའི་སྐུར་གྱུར་པར་བསྒོམ། དེ་ནས་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སེམས་དུས་གསུམ་གྱི་སྤྲོས་པ་ཆོད་ལ། ཡིད་ལ་ཅི་ཡང་མི་བསམ་པར་རང་ལུགས་སུ་ཀློད་ལ་ཞོག་ཅིག །ཕཊ་ཕཊ་ཕཊ། ལན་གསུམ། དེ་ནི་འབུམ་ལས། ལྷགང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པའོ། །ཆོས་རྗེས་སུ་དྲན་པའོ། །དགེ་འདུན་རྗེས་སུ་དྲན་པའོ། །ཞེས་གསུངས་སོ། །མ་གཅིག་གི་ཞལ་ནས། བསྒྲིམས་ཀྱིས་བསྒྲིམས་ལ་ལྷོད་ཀྱིས་ཀློད། །རིག་པའི་བཞག་ས་གཅིག་དེ་ན་གདའ། །མཐར་ཐུག་གི་ལྟ་བ་གཅིག་དེ་ན་གདའ། །མཐར་ཐུག་གི་སངས་རྒྱས་


CMR052_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དེ་ན་གདའ། །ཞེས་གསུངས་པའི་དོན་ཡིན་ནོ། །དེས་ཆོས་དབང་སེམས་ལ་བསྐུར་བ་དེ་སོང་ནས། ད་ལྷ་དབང་ལུས་ལ་བསྐུར་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་ཀྱི་སྤྱི་བོའི་གཙུག་ཏུ་གཏོར་མ་འདི་དང་ཐ་དད་མེད་པར། ངོ་བོ་རྩ་བའི་བླ་མ་དང་ཡུམ་ཆེན་མོ་དབྱེར་མེད་པ་ལ་རྣམ་པ་མ་གཅིག་ལབ་ཀྱི་སྒྲོན་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་གཡས་ཌཱ་མ་རུ་ནམ་མཁའ་ལ་དཀྲོལ་བ། གཡོན་དངུལ་དཀར་གྱི་དྲིལ་བུ་དཀུ་ལ་བརྟེན་པ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་གྱེན་དུ་བཅིངས་ཤིང་ཐུར་དུ་གྲོལ་བ། དེ་ལ་མ་གཅིག་རིགས་བཞིའི་མཁའ་འགྲོས་བསྐོར་ཞིང་བྲོ་ཁྲིག་ཁྲིག་གར་ཁྱུག་ཁྱུག་མཛད་པ། དེའི་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་ཏུ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གྱི་ཕུང་པོ་ལྟར་བཞུགས་པའི་དྲུང་དུ། ལུས་ངག་ཡིད་གསུམ་དད་ཅིང་གུས་པས་གདུང་བ་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། མ་ཡུམ་ཆེན་ཐུགས་ལས་སྤྲུལ་བའི་སྲས། །མ་གཅིག་ཇོ་མོ་རྣལ་འབྱོར་མ། །མ་ཕ་རོལ་ཕྱིན་པའི་གྲུབ་ཐོབ་མ། །


CMR052_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ལྡན་ཀུན་གྱི་རྒྱུད་གྲོལ་མ། །བདག་དང་མོས་པའི་བུ་སློབ་ལ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཅེས་ལན་གསུམ། འོ་དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་སྐུ་ཡི་ངོ་བོ་ཨོ་དཀར་པོ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །སྐུ་ཡི་བྱིན་རླབས་ཞུགས་པའི་མོས་པ་མཛོད། །གསོལ་བ་འདེབས་པ་འདི་ཡང་ཁྱེད་རང་རྣམས་ཀྱིས་མཉམ་དུ་གསོལ་བ་བཏབ་པའི་མོས་པ་མཛོད། གཏོར་མ་ལག་ཏུ་ཐོགས་ལ་དབྱངས་དང་བཅས་པས། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ཤར་ནས་གོམ་གསུམ་བྱོན་ཙམ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་དཀར། །རྡོ་རྗེ་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་འདིར་བཞུགས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་


CMR052_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ་གཅིག་མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མེ་ཏོག་གཏོར་ཞིང་། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མའི་སྐུ་ཡི་བཀྲ་ཤིས་ཤོག །འོ་དེས་སྐུ་ཡི་རྗེས་གནང་ཐོབ་པ་ཡིན། ད་ཡང་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་གི་ངོ་བོ་ཡི་གེ་དམར་པོ་ལས་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱུང་ནས་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛོད་ལ་གསོལ་བ་མགྲིན་གཅིག་ཏུ་ཐོབ། ཅེས་གཏོར་མ་དབྱངས་དང་བཅས་པས། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ནུབ་ནས་གོམ་གསུམ་བྱོན་ཙ་ན། །མ་སྐུ་ཤ་ཆུང་ལ་སྐུ་མདོག་དམར། །པདྨ་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་


CMR052_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་འདིར་བཞུགས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མའི་གསུང་གི་བཀྲ་ཤིས་ཤོག །འོ་དེས་གསུང་གི་རྗེས་གནང་ཐོབ་པ་ཡིན། ད་ཡང་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་རྣམས་ཀྱི་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་ནག་ལས་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག །ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད་ལ་གསོལ་བ་མགྲིན་གཅིག་ཏུ་ཐོབ།


CMR052_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གཏོར་མ་དབྱངས་དང་བཅས་པས། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་དབུས་ནས་གོམ་གསུམ་བྱོན་ཙ་ན། །མ་སྐུ་ཤ་ཆུང་ལ་སྐུ་མདོག་ནག །ཡེ་ཤེས་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་འདིར་བཞུགས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །མ་ཁྱེད་རང་ལྟ་བུ་བྱིན་གྱིས་རློབས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མའི་ཐུགས་ཀྱི་བཀྲ་ཤིས་ཤོག །འོ་དེས་ཐུགས་ཀྱི་རྗེས་གནང་ཐོབ་པ་ཡིན། ད་ཡང་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་རྣམས་ཀྱི་ལྟེ་བ་ནས་ཡོན་ཏན་གྱི་ངོ་བོ་ཡི་གེ་


CMR052_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿཡིག་ལས་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ། སྒོ་གསུམ་ཐ་དད་དུ་འཛིན་པའི་སྒྲིབ་པ་དག །ཡོན་ཏན་གྱི་བྱིན་རླབས་ཞུགས་སྙམ་པའི་མོས་པ་མཛོད་ལ་གསོལ་བ་མགྲིན་ཅིག་ཏུ་ཐོབ། དབྱངས་དང་བཅས་པས། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་ལྷོ་ནས་གོམ་གསུམ་བྱོན་ཙ་ན། །མ་སྐུ་ཤ་ཆུང་ལ་སྐུ་མདོག་སེར། །རིན་ཆེན་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་འདིར་བཞུགས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །མ་ཁྱེད་རང་ལྟ་བུ་བྱིན་གྱིས་རློབས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་


CMR052_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དྷི་སྭཱ་ཧཱ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོན་མའི་ཡོན་ཏན་བཀྲ་ཤིས་ཤོག །འོ་དེས་ཡོན་ཏན་གྱི་རྗེས་གནང་ཐོབ་པ་ཡིན། ད་ཡང་དམིགས་པ་འདི་བཞིན་དུ་མཛོད། ལྷ་ཚོགས་རྣམས་ཀྱི་གསང་གནས་སུ་ཕྲིན་ལས་ཀྱི་ངོ་བོ་ཡི་གེ་ཕཊ་ལྗང་གུ་དེ་ལས་འོད་ཟེར་ལྗང་གུའི་ཚོགས་དཔག་ཏུ་མེད་པ་འཕྲོས་ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་ལུས་པ་དག་ནས་ཕྲིན་ལས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད་ལ་གསོལ་བ་མགྲིན་གཅིག་ཏུ་ཐོབ། དབྱངས་དང་བཅས་གཏོར་མ་ལག་ཏུ་ཐོགས་ལ། ཀྱཻ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །མ་བྱུང་ནས་གོམ་གསུམ་བྱོན་ཙ་ན། །སྐུ་ཤ་ཆུང་ལ་སྐུ་མདོག་ལྗང་། །ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཆོས་ཉིད་ནམ་མཁའི་ཀློང་ཡངས་ནས། །ཐུགས་རྗེའི་སྤྲིན་ཕུང་ཐིབས་སེ་ཐིབ། །བྱིན་རླབས་ཆར་རྒྱུན་སི་ལི་ལི། །མ་སྤྱི་གཙུག་རྒྱན་འདིར་བཞུགས་སུ་གསོལ། །མ་སྤྱི་གཙུག་རྒྱན་འདིར་བཞུགས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །བྱིན་གྱིས་རློབས་ཤིག་མ་གཅིག་མ། །བར་ཆད་སོལ་ཅིག་མ་གཅིག་


CMR052_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མ། །རྟོགས་པ་སྐྱེད་ཅིག་མ་གཅིག་མ། །དབང་མཆོག་བསྐུར་ཅིག་མ་གཅིག་མ། །དངོས་གྲུབ་སྩོལ་ཅིག་མ་གཅིག་མ། །ཐུགས་རྗེས་ཟུངས་ཤིག་མ་གཅིག་མ། །ལམ་སྣ་དྲོངས་ཤིག་མ་གཅིག་མ། །མ་ཁྱེད་རང་ལྟ་བུ་བྱིན་གྱིས་རློབས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མའི་ཕྲིན་ལས་བཀྲ་ཤིས་ཤོག །འོ་དེས་ཕྲིན་ལས་ཀྱི་རྗེས་གནང་ལེགས་པར་ཐོབ་པ་ཡིན། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་རྗེས་གནང་ཡོངས་སུ་རྫོགས་པར་ཐོབ་ནས། ད་བྱིན་རླབས་བཀའ་བསྒོའི་རིམ་པ་ནི། གཏོར་མ་འདི་དང་དབྱེར་མེད་པར་མ་གཅིག་ལབ་ཀྱི་སྒྲོན་མ་རིགས་བཞིའི་མཁའ་འགྲོའི་ཚོགས་དང་བཅས་པ་སྟེང་གི་ཆ་ལ་གཅོད་ཡུལ་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་ཁྲོས་མའི་ལྷ་ཚོགས། འོག་གི་ཆ་ལ་གཅོད་ཡུལ་བརྒྱུད་པའི་སྲུང་མ་ཐམས་ཅད་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུར་ཁྱེད་རང་གི་སྤྱི་བོར་བྱོན་ཏེ་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་གནང་ནས་ལྷ་ཚོགས་ཐམས་ཅད་འོད་དུ་ལྟེམས་སེ་ཞུ་ནས།།


CMR052_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་མ་གཅིག་ལབ་ཀྱི་སྒྲོན་མའི་སྐུ་གསུང་ཐུགས་དབྱེར་མེད་པར་གྱུར་པའི་ངང་ལ་སེམས་མ་བཅོས་པར་ཀློད་ལ་ཞོག །དེ་ནས་གཏོར་མ་ལག་ཏུ་ཐོགས་ལ། ཡུམ་ཆེན་ཕ་རོལ་ཕྱིན་མ། རྒྱལ་བ་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ །རྗེ་བཙུན་འཕགས་མ་སྒྲོལ་མ། མཁའ་འགྲོ་སུ་ཁ་སིདྡྷི། བྲམ་ཟེ་ཨཱརྱ་དེ་ཝ། ཕ་གཅིག་དམ་པ་སངས་རྒྱས། སྐྱོ་སྟོན་བསོད་ནམས་བླ་མ། མ་གཅིག་ལབ་ཀྱི་སྒྲོན་མ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ། ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ། སྤྲུལ་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ། སྐུ་སྤྲུལ་བདེ་ཆེན་དཀར་མོ། གསུང་སྤྲུལ་དམར་མོ་སྒྲ་སྒྲོགས། ཐུགས་སྤྲུལ་ཁྲོས་མ་ནག་མོ། ཡོན་ཏན་གྱི་སྤྲུལ་པ་སེར་མོ་དོན་གྲུབ། ཕྲིན་ལས་ཀྱི་སྤྲུལ་པ་སྣ་ཚོགས་མཐའ་ཕྱིན། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། སྲས་རྒྱུད་ཉམས་ལེན་གྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། །སྐལ་ལྡན་ཉམས་ཀྱི་བརྒྱུད་པ། གྲུབ་ཐོབ་གཅོད་ཀྱི་བརྒྱུད་པ། སྟོབས་ལྡན་ཆོས་སྐྱོང་གི་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་


CMR052_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རློབས་ཤིག །ཐུགས་རྗེ་དང་བྱིན་རླབས་ནུས་མཐུ་སྐྱེད་ཅིག༔ རྒྱུ་ལས་ངན་དང་སྡིག་སྒྲིབ། རྐྱེན་གདོན་བགེགས་དང་འབྱུང་པོ། འབྲས་བུ་ན་ཚ་དང་སྡུག་བསྔལ་ཐམས་ཅད་དུས་ད་ལྟ་ཉིད་དུ་ཐབས་འདི་ལ་བརྟེན་ནས་ཞི་བར་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ། དུག་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །ནད་རླུང་དང་མཁྲིས་བད་ཀན་གསུམ། ནད་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །གདོན་ཕོ་གདོན་མོ་གདོན་ཀླུ་གདོན་གསུམ། གདོན་གསུམ་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །བདུད་ཐོགས་བཅས་བདུད་དང་ཐོགས་མེད་བདུད། དགའ་བྲོ་བདུད་དང་སྙེམས་བྱེད་བདུད། བདུད་བཞི་རང་སར་ཞི་བར་བྱིན་གྱིས་རློབས་ཤིག །ཕུང་པོ་གཟན་དུ་བསྒྱུར་བར་བྱིན་གྱིས་རློབས། །ཉག་ཅིག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །གཟན་བསྒྱུར་ལམ་དུ་འགྲོ་བར་བྱིན་གྱིས་རློབས། །ལུས་ཤ་ཁྲག་གི་མཆོད་སྦྱིན་གནད་དུ་འགྲོ་བར་བྱིན་གྱིས་རློབས་ཤིག །དངོས་མེད་ལྷ་འདྲེའི་འགྲོ་དོན་ནུས་པར་


CMR052_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་ཤིག །མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་པ་དེ་ཙམ་གྱིས་ཆོག་པ་སློབ་བུ་གཅོད་མཁན་ཡིན་ན་འདི་མན་དགོས་སོ། །ཁྱད་པར་དུ་ཡང་ཆོས་སྐྱོང་ཕྱག་དྲུག་མགོན་པོ། བཀའ་སྲུང་སྤྱང་ཞོན་མཆེད་གསུམ། ལས་བདག་མཚན་མོ་སྒྲ་སྒྲོགས། བཙན་རྒོད་ཟངས་རི་སྤུན་བདུན། ཤམ་པོ་གཟའ་བདུད་མགོ་དགུ། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་སོགས་པའི་གཅོད་ཡུལ་བརྒྱུད་པའི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས། མ་གཅིག་ལབ་ཀྱི་སྒྲོན་མའི་བཀའ་དང་དམ་ལས་མ་འདའ་བར་རིགས་ཀྱི་བུ་འདི་ཡི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་དང་། མཐུན་རྐྱེན་བསམ་པ་ཡིད་བཞིན་དུ་འགྲུབ་པའི་སྡོང་གྲོགས་མཛོད་ཅིག །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་བཾ་གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ། མེ་ཏོག་གཏོར་ཞིང་། སྐྱེ་བ་བདུན་ལ་འགྲོ་དོན་མཛད། །དམ་པ་རྒྱ་གར་གྱི་བཀྲ་ཤིས་ཤོག །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། །ལབ་ཀྱི་སྒྲོལ་མའི་བཀྲ་ཤིས་ཤོག །རང་རིག་ཡེ་ཤེས་སྟོན་མཛད་པའི། །བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །དངོས་གྲུབ་ངེས་པར་སྟེར་མཛད་པ། །ཡི་དམ་རྣམས་


CMR052_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བཀྲ་ཤིས་ཤོག །བར་ཆད་ཐམས་ཅད་སེལ་མཛད་པའི། །ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །འོ་དེས་ཆོས་དབང་སེམས་ལ་བསྐུར་བ། ལྷ་དབང་ལུས་ལ་བསྐུར་བ་གཉིས་པོ་དེ་སོང་ནས་རྗེས་ཀྱི་བྱ་བ་གཉིས་ལས། དང་པོ་ནི་མ་གཅིག་གི་ཞལ་ནས། གནས་གཉན་ས་རི་ཁྲོད་འགྲིམ་པ་གཅེས། །ལུས་གནད་རྩ་གཞི་ཀློད་པ་གཅེས། །ངག་གནད་ཉམས་དབྱངས་ལེན་པ་གཅེས། །སེམས་གནད་འདུ་ཤེས་བཤིག་པ་གཅེས། །ཞེས་གསུངས་པ་ལྟར། མ་གཅིག་ལབ་ཀྱི་སྒྲོན་མ་ལྷག་པའི་ལྷར་བཟུང་ནས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །དེ་ཡང་གཅོད་ཀྱི་བཀའ་བབས་ཉི་མ་སེང་གེའི་ཞལ་ནས། དམ་ཆོས་བདུད་ཀྱི་གཅོད་ཡུལ་འདི། །མ་རྒྱུད་མཁའ་འགྲོའི་སྲོག་སྙིང་ཡིན། །བླ་མ་དམ་པའི་ཞལ་གདམས་ཡིན། །རྟོགས་ལྡན་རྣམས་ཀྱི་ཉམས་ཁྲིད་ཡིན། །དགོས་འདོད་འབྱུང་བའི་ནོར་བུ་ཡིན། །ནད་བརྒྱ་སེལ་བའི་སྨན་གཅིག་ཡིན། །གདོན་བརྒྱ་འདུལ་བའི་གཉེན་པོ་ཡིན། །དུག་ལྔ་འདུལ་བའི་ཡེ་


CMR052_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡིན། །འཁྲུལ་གཅོད་ཤེས་རབ་རལ་གྲི་ཡིན། །ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་བཀའ་བར་པ་མཚན་ཉིད་མེད་པའི་སྐོར་ཨོ་རྒྱན་རིན་པོ་ཆེའི་འཕྲུལ་གཅོད། །ནཱ་རོ་པཎ་ཆེན་གྱི་རོ་སྙོམས། ཕ་དམ་པ་རྒྱ་གར་གྱི་ཞི་བྱེད་རྣམས་ཀྱི་དོན་དང་དགོངས་པ་ཐམས་ཅད་མ་གཅིག་གི་གཅོད་དབང་འདི་ལ་འདུས་པ་ཡིན་པས། དེ་ལྟ་བུ་ཟབ་ཅིང་རྒྱ་ཆེ་བའི་དབང་ཟབ་མོ་ཐོབ་པའི་གཏང་རག་གི་ཚུལ་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུག་ཅིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡི། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །བསོད་ནམས་འདི་སོགས་ནས། དེ་ནས་སློབ་མ་གྱེས། སློབ་མ་རྣམས་ཀྱིས་གོང་ན་གཅོད་ཚོགས་བྱས་པ་ཡིན་ན་ཚོགས་ལ་རོལ། ལྷག་མ་གཏོར་འབུལ་གཞུང་ལྟར་བྱ། གཅོད་ཚོགས་མ་བྱས་ན་རྗེས་ཆོག་མེད་ཀྱང་ཆོག་སྟེ། དབང་ལྷ་བསྟིམ་ཚར་བའི་ཕྱིར་རོ། །ཨེ་མ་ཧོ། གཅོད་ཀྱི་གཏོར་དབང་ཁྱེར་བདེ་འདི་ཉིད་ནི། །སྔོན་གྱི་དབང་དཔེ་རྒྱུན་ལྡན་ཡོད་པ་ཡང་། །ནམ་མཁའ་སྒོ་འབྱེད་ཁ་འཕང་གཞན་དུ་གབ། །བློ་ཆུང་རྣམས་ཀྱིས་འགྲེས་སོགས་བཤང་བར་བཀའ། །གཞན་ཡང་གབ་འཁྲུགས་ཅུང་ཟད་འདུག་པ་རྣམས། །བློ་དམན་རྣམ་ལ་ཕན་པའི་སེམས་བསྐྱེད་ནས། །ཕྱག་ལེན་མཐོང་བ་རྒྱུན་


CMR052_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁ་བསྐོངས་ནས། །ཤིན་ཏུ་གསལ་བ་བལྟས་ཆོག་ཉིད་དུ་བཀོད། །དངོས་གཞི་དབང་ཉིད་གཞུང་དོན་སོར་བཞག་ནས། །ལོ་རྒྱུས་ལག་ལེན་ཁོ་བོས་གསར་དུ་སྦྱར། །འདི་ལ་འགལ་འཁྲུལ་ཉེས་ཚོགས་ཅི་མཆིས་པ། །མ་གཅིག་ཆོས་བདག་བཀའ་སྲུང་ཚོགས་ལ་བཤགས། །འདི་བྲིས་དགེ་བས་འདི་ལ་འབྲེལ་ཐོགས་རྣམས། །ཚེ་རབས་ཀུན་ཏུ་མ་གཅིག་རྗེས་བཟུང་ནས། །རྒྱལ་བའི་ཡུམ་གྱི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཉིད་གཅོད་ཡུལ་མོས་པ་ཡི། རཱ་གའི་མིང་ཅན་རི་ཁྲོད་པ་དེས་སྦྱར། །ཕྱོགས་དུས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག། ༈ །གཏོར་དབང་རྫོགས་ནས་བཀའ་གཏད་མཚམས་སུ་འདི་སྦྱར་རོ། །སྟོང་ཉིད་མཚོན་པའི་ཌཱ་མ་རུ། །སྣང་བ་ཐབས་ཀྱི་རང་སྒྲ་སྒྲོགས། །ཟུང་འཇུག་གྲག་སྟོང་གཉིས་སུ་མེད། །སྐལ་ལྡན་ཁྱོད་ཀྱིས་རབ་ཏུ་འཁྲོལ། །སྣང་སྲིད་དབང་དུ་སྡུད་པ་ཡི། །མི་རྐང་གླིང་བུ་འདི་བུས་ལ། །རིག་པ་གཏད་མེད་ཟང་ཐལ་སྒོམས། །ཡུམ་གྱི་དོན་དྲན་འགྲོ་དོན་གྱིས། །གཟའ་གཏད་མེད་པའི་སྤྱོད་པ་ཡིས། །གང་ཤར་ཡེ་ཤེས་རྒྱན་གྱུར་པའི། །ཕྱག་རྒྱ་ལྔ་འདི་རབ་ཟུང་ལ། །སེམས་ཅན་དོན་ནི་འགྲུབ་པར་གྱིས། །ཞེས་པ་འདི་ནི་རིག་འཛིན་རྟ་མགྲིན་མགོན་པོས་མ་གཅིག་ཞལ་གཟིགས་སྐབས་སུ་གཅོད་དབང་གནས་མདོ་ལུགས་ཇི་བཞིན་ལ། གོང་གི་དབང་རྫས་གསུམ་


CMR052_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཁྱད་པར་ཅན་དུ་གནང་། དམ་པ་དེ་ཉིད་ཀྱིས་རིག་འཛིན་ཆེན་པོ་རྡོ་རྗེ་དྲག་པོ་ལ་གནང་བ་རྗེ་ཉིད་ཀྱི་དྲུང་ནས། ཕྲན་རྒྱུ་ཁམས་པ་གུ་རུ་མ་ཎི་ལ་བཀའ་དྲིན་དུ་བསྩལ་བ་བཅོས་བསླད་མེད་པར་ཇི་བཞིན་ཡི་གེར་བཀོད་པ་དར་རྒྱས་འཕེལ། །དགེའོ། །སརྦ་མངྒ་ལཾ།། ༧ །ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཅོད་དབང་མདོར་བསྡུས་རིན་པོ་ཆེའི་ཕྲེང་བ།next