Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
འབྲས་གཤོངས་སྒྲུབ་སྡེ་ངེས་གསང་གི་ཆོས་སྤྱོད་ཁྲིགས་རིམ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousའབྲས་གཤོངས་སྒྲུབ་སྡེ་ངེས་གསང་གི་ཆོས་སྤྱོད་ཁྲིགས་རིམ།next

འབྲས་གཤོངས་སྒྲུབ་སྡེ་ངེས་གསང་གི་ཆོས་སྤྱོད་ཁྲིགས་རིམ།


JSD002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ན་མོ་གུ་རུ་ཝེ། འབྲས་གཤོངས་སྒྲུབ་སྡེ་ངེས་གསང་རྟག་བརྟན་གླིང་གི་ལོ་གསུམ་བཅད་རྒྱ་ལ་གནས་པ་རྣམས་ནས། ཉིན་ཞག་ཕྲུག་གཅིག་གི་ཆོས་སྤྱོད་ཁྲིགས་རིམ་ནི། ཐོ་རངས་མལ་ནས་ལངས་ལ་ཐུན་དུང་བཏང་། དེ་ནས་ལུས་གནད་དང་རླུང་རོ་བསལ་ཏེ། བླ་མ་དགོངས་འདུས་བཟླས་བརྗོད་ནུས་པ་སྟོབས་འབྱིན་ལྟར་ངག་བྱིན་རླབས་ཀྱི་རིམ་པ་རྣམས་དང་རྣམ་འཇོམས་བར་བཏང་། དེ་ནས་ཀུན་སློང་ལེགས་པར་བཅོས། བླ་མ་སྤྱི་བོར་བསྒོམས་ལ་རིག་འཛིན་སྲོག་སྒྲབ་ཀྱི་སྔོན་འགྲོའི་ངག་འདོན་ལྟར་གསོལ་འདེབས་འོད་ཞུ་བྱ། དེ་ནས། དལ་འབྱོར་རྙེད་དཀའ་ནས་བཟུང་སྟེ་ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོ་བློ་སྦྱོང་། བསགས་སྦྱོང་ལ་འབད། ནམ་སེང་ལ་ཐུན་དུང་འབུད། རི་བོ་བསང་མཆོད་རྗེས།


JSD002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཞོགས་ཇ་བཞེས། དེ་ནས་སྔ་ཐུན་འགོར་ཐུན་དུང་སྔར་ལྟར་བཏང་། ངག་བྱིན་རླབས་སྐོར་མི་དགོས་གཞན་ཐུན་དང་པོ་ལྟར་ཡིན། ཐུན་གྲོལ་ཚེ་དུང་བརྡ་འབུད། རྡོ་རྗེ་སྙིང་པོ་ལྟར་གཏོར་མ་བརྒྱ་རྩ་དང་། ལྟུང་བཤགས་དང་ཡེ་ཤེས་སྐུ་མཆོག་འདོན་བཞིན་བརྐྱང་ཕྱག་བརྒྱ་རེ་བཙལ་རྗེས། ཉིན་གུང གསོལ་བ་བཞེས་ཟིན་མ་ཐག་ཡོན་ཡོངས་སུ་སྦྱོར་བའི་གཟུངས་དང་སྨོན་ལམ་ནན་ཏན་བྱ། དེ་ནས་ཆུ་ཚོད་དང་པོ་ཙམ་ལ་དུང་བརྡ་དང་བཅས་དགོང་ཐུན་ཚུགས། གྲོལ་ཚེ་ཡང་དུང་བརྡ་འབུད་རྗེས་གསེར་སྐྱེམས་བཤམས་ལ་རང་ལུགས་བཀའ་སྲུང་དྲག་པོ་སྡེ་བཞིའི་གསོལ་ཀ་རྒྱས་བསྡུས་གང་རུང་འཕྲིན་བཅོལ་བཅས་བཏང་ནས། མཚམས་འདིར་ཟབ་མདོ། སེང་གདོང་མ། གདུགས་དཀར་རྣམས་ཀྱི་སྔགས་དམིགས་ཐལ་རྡེབ་བཅས་བྱ་བ་དང་། རྡོ་


JSD002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་སྙིང་པོ་ལྟར་མེ་གསུར་རེ་ཡང་ཆག་མེད་བྱ་དགོས། དེ་ནས་བཟང་སྤྱོད་དང་ཀུན་བཟང་སྨོན་ལམ་སོགས་འདོན་པར་བྱ། དེ་ནས་ནམ་ས་སྲོས་དང་བསྟུན་སྲོད་ཐུན་འགོར་དུང་བརྡ་བཏང་། གྲོལ་ཚེ་ཡང་ཐུན་དུང་སྔར་བཞིན་འབུད་རྗེས། གྲོལ་ཚེ་ཡང་ཐུན་དུང་སྔར་བཞིན་འབུད་རྗེས། གཅོད་ཡུལ་དཔའ་བོའི་ཐོལ་གླུ་ཌཱ་རྒྱགས་ཞལ་ཤེས་ལྟར་བྱས་ལ་བཏང་རྗེས། ཕ་དམ་པའི་སྨོནལམ་སུམ་ཅུ་པ་སོགས་དང་། བསམ་ལྷུན་བཅས་བཏང་སྟེ་ཉལ་བའི་རྣལ་འབྱོར་ལ་འཇུག །ལར་ནས་ཐུན་བཞི་ཀ་འདྲ་མཉམ་ཡུན་ཆུན་ཚོད་གསུམ་རེ་ཙམ་བགྱིས་ན་དེང་སང་གི་མཚམས་པ་ལ་རན་སྙམ་བགྱིད། ཅེས་ས་སྦྲུལ་ལོ་ཟླ་བ་གསུམ་པའི་ཚེས་༣དགེ་བ་ལ་འབྲས་གཤོངས་སྟག་རྩེ་ཕོ་བྲང་དུ་རྣལ་འབྱོར་རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས་ཤར་མར་བྲིས་པ་དགེ་བར་གྱུར་ཅིག།། །།


JSD002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའབྲས་གཤོངས་སྒྲུབ་སྡེ་ངེས་གསང་གི་ཆོས་སྤྱོད་ཁྲིགས་རིམ།next