Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

22 occurrences of གསང་ཕུག་
[Clear Hits]


  
 
  
  
 
  
  
 
 
ཐུགས་ཀྱི་གནས་མཆོག་ཆེན་པོ་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་རྟོག་པ་བརྗོད་པ་ཡིད་ཀྱི་རྒྱ་མཚོའི་རོལ་མོ།
 
 
  
  
  
  
  
  
  
  
  


22 occurrences of གསང་ཕུག་
[Clear Hits]

 
previousཐུགས་ཀྱི་གནས་མཆོག་ཆེན་པོ་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་རྟོག་པ་བརྗོད་པ་ཡིད་ཀྱི་རྒྱ་མཚོའི་རོལ་མོ།next

ཐུགས་ཀྱི་གནས་མཆོག་ཆེན་པོ་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་རྟོག་པ་བརྗོད་པ་ཡིད་ཀྱི་རྒྱ་མཚོའི་རོལ་མོ།


LT38_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་གནས་མཆོག་ཆེན་པོ་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་རྟོག་པ་བརྗོད་པ་ཡིད་ཀྱི་རྒྱ་མཚོའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །


LT38_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨཱ་ཀ་རཱ་ཡ། བདེ་ཆེན་སྦྲང་རྩིས་སྒེག་པའི་ཐུགས་ཀྱི་པདྨོ་ནི། །བུམ་སྐུའི་རང་བཞིན་བརྟན་པའི་རྣམ་ཆར་འཕོས་པ་ལས། །གསང་བའི་ཙིཏྟར་འཁྲུལ་སྣང་དྲྭ་བ་སྡོམ་མཛད་པ། །བསམ་གྱིས་མི་ཁྱབ་གསང་བའི་གནས་ལ་བདག་དད་དོ། །སྲིད་མཐའ་ཐུགས་རྗེས་བཟུང་བའི་པད་དཀར་འཆང་། །འགྲོ་འདུལ་འཕྲུལ་དགུའི་གར་མཛད་ཐོད་ཕྲེང་རྩལ། །ཀརྨ་ཀ་དང་ཏཱ་ཡི་སི་ཏུ་ཞེས། །མཚུངས་བྲལ་བླ་མའི་སྐུ་རུ་ཤར་ལ་འདུད། །མ་བྱུང་མི་འབྱུང་འབྱུང་བར་མི་འགྱུར་བའི། །པདྨའི་གཅེས་མཛོད་རང་དབང་སྤྱོད་པ་ལ། །མཆོག་གྱུར་བདེ་ཆེན་གླིང་ཞེས་གྲུབ་པའི་གཙོ། །བཀའ་དྲིན་སྣང་བས་འཇིག་རྟེན་ཁྱབ་དེ་རྒྱལ། །གནས་དང་ཡུལ་གྱི་དཔའ་བོ་རྣལ་


LT38_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ། །ཀུན་བདག་དབྱིངས་ཀྱི་དབང་ཕྱུག་ཝཱ་ར་ཧཱི། །དམ་ཅན་གཏེར་བདག་གནས་སྲུང་ཚོགས་རྣམས་ཀྱིས། །དགྱེས་པས་དགོངས་ཏེ་གནང་བའི་སྐབས་སྩོལ་ཅིག །གཞན་མཆོག་ཧེ་རུ་ཀ་དཔལ་གྲོང་ཁྱེར་ཏེ། །ནང་དུ་རྩ་ཐིག་རླུང་གི་རང་མདངས་ལས། །ཕྱི་རོལ་ཉེ་བའི་གནས་སུ་ཤར་བ་ཡི། །ངོ་མཚར་རྟོག་པ་ཆ་ཙམ་བརྗོད་པར་སྤྲོ། །འདིར་གྲུབ་པའི་གནས་མཆོག་ཆེན་པོ་ཙཱ་འདྲ་རིན་ཆེན་བྲག་གི་རྟོག་པ་བརྗོད་པ་ལ་དོན་ཚན་བཀྲ་ཤིས་པའི་རྟགས་ཀྱི་གྲངས་དང་ལྡན་པ་སྟེ། གནས་ཀྱི་འབྱུང་ཁུང་སྤྱིར་སྨོས་པ། རྣམ་པར་དབྱེ་བ་ཐ་དད་དུ་བསྟན་པ། གནས་སུ་གྲུབ་པའི་འཐད་པ་བརྗོད་པ། བྱེ་བྲག་གནས་ཆེན་དམིགས་སུ་བཤད་པ། སླར་


LT38_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱིན་གྱིས་བརླབ་ཚུལ་དང་། གནས་ཀྱི་སྒོ་ཇི་ལྟར་ཕྱེས་པ། གནས་ཀྱི་བཞུགས་ཚུལ་དཀར་ཆག །གནས་ལ་བསྐོར་བ་བྱེད་ཚུལ། དེ་བྱུང་ཕན་ཡོན་གྱི་རྣམ་གྲངས་སྨོས་པའོ། །དང་པོ་གནས་ཀྱི་བྱུང་ཁུངས་ལ་གཉིས། སྐུ་གསུམ་ཞིང་སྣང་སྤྱིར་སྨོས་པ། །གནས་ཀྱི་བྱུང་ཁུངས་དངོས་འཆད་པའོ། །དང་པོ་ནི། སྤྱིར་དབྱིངས་དག་པ་ཆོས་སྐུའི་ཞིང་ནི་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་པའི་གནས་ལུགས་དེ་བཞིན་ཉིད་ཀྱི་དབྱིངས། རྒྱ་དང་ཚད་ཡོངས་སུ་མ་ཆད་པ་ཆོས་ཅན་སྣ་ཚོགས་སུ་སྣང་ཡང་ཆོས་ཉིད་འགྱུར་བ་མེད་པར་གདོད་ནས་ཡོངས་གྲུབ་ཐིག་ལེ་ཆེན་པོར་འོད་དུ་གསལ་བ་དང་། ནང་རང་སྣང་ལོངས་སྐུའི་ཞིང་རྡུལ་གཅིག་གི་སྟེང་དུ་རྡུལ་ཕྲན་སྙེད་ཀྱི་ཞིང་དང་སྐུ་རབ་འབྱམས་རྒྱ་མཚོར་སྣང་ཞིང་། གཞི་གཅིག་ལའང་ལྷ་སྔགས་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པ་ཐམས་ཅད་པར་འཆར་བ་དག་པ་རབ་འབྱམས་ལོངས་སྤྱོད་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པ་དང་། ཕྱི་ཡུལ་སྣང་སྤྲུལ་སྐུའི་ཞིང་ཁམས་སྐལ་པ་མཆོག་ལ་དག་པའི་ཞིང་། །སྐལ་པ་འབྲིང་ལ་དག་པའི་གནས། །སྐལ་པ་ཐ་མ་ལ་ས་རྡོ་རི་བྲག་བེམ་པོ་མ་དག་པའི་ཚུལ་ཅན་ཀུན་གྱི་སྤྱོད་ཡུལ་དུ་གྱུར་བས་ཀྱང་འགྲོ་ལ་ཕན་འདོགས་བྱེད་སངས་རྒྱས་ཀྱི་མཛད་པའི་རོལ་མོར་གཤིས་སམ་བབ་ཀྱིས་གྲུབ་པ་དག་ཆོས་ཉིད་བདེན་པའི་བྱིན་རླབས་


LT38_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ལས་རང་བྱུང་བ། ངོ་མཚར་རྨད་དུ་བྱུང་བ་ཉིད་དོ། །གཉིས་པ་ལ་གཉིས། གདད་ནས་གྲུབ་པ་དང་རྗེས་སུ་བྱུང་བའོ། །དང་པོ་ནི། སྔ་འགྱུར་དགོངས་པ་འདུས་པའི་མདོ་ཆེན་པོ་སོགས་ཀྱི་ལུང་དོན་ལྟར་ན། འདས་པའི་དུས་བླ་མ་དང་ལྟ་སྤྱོད་ལ་ལོག་པར་བཟུང་བའི་རུ་དྲ་ཐར་པ་ནག་པོའི་ཆུང་མ་སྡེ་དང་བཅས་པས་འཇིག་རྟེན་ཐམས་ཅད་བདག་ཏུ་བཟུང་ཞིང་ལོག་པར་སྤྱོད་པས་འགྲོ་བ་རྣམས་ཕུང་བར་གྱུར་པ་ན། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་ཁྲག་འཐུང་ཧེ་རུ་ཀས་དྲག་ཤུལ་འབར་བ་ཆེན་པོ་གར་གྱི་རོལ་པས་རུ་དྲ་ཕོ་བསྒྲལ་བའི་ལུས་ཀྱི་དུམ་བུ་ཛམ་བུའི་གླིང་དུ་གཏོར་བས་གདོད་ནས་རང་བཞིན་གྲུབ་པ་དག་གི་རྣམ་ཆ་འཕོས་པ་དུར་ཁྲོད་ཆེན་པོ་བརྒྱད། གནས་དང་ཡུལ་ལ་སོགས་པ་གསང་སྔགས་ཀྱི་ཕོ་བྲང་དུ་ཆགས། མོ་རྣམས་སྦྱོར་བའི་ཡུམ་དུ་མཛད་ཅིང་གནས་དང་དུར་ཁྲོད་རྣམས་ཀྱི་སྲུང་མ་ཆེན་མོར་བསྐོས། རུ་དྲའི་རྣམ་ཤེས་དཔལ་མ་ཧཱ་ཀཱ་ལར་གྱུར་པས་གནས་ཡུལ་དུར་ཁྲོད་དེ་དག་རྣམས་སུ་དངོས་དང་སྤྲུལ་པའི་ཚུལ་གྱིས་ཁྱབ་པར་བཞུགས་ཤིང་སངས་རྒྱས་ཀྱི་བསྟན་པ་སྲུང་། ཁུ་ཁྲག་སོགས་ལས་དཔག་བསམ་སྤྲུལ་གྱི་སྙིང་པོར་ས་ཡ་ན་རྩ་བ་བརྒྱད་ཀྱི་རང་བཞིན་ཏུ་འཁྲུངས་ཤིང་། ཟབ་པ་ཁ་འཐོར་བ་ལས་ཡན་


LT38_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལག་སྟོང་གི་རྩི་སྨན་བདུད་རྩིའི་རང་བཞིན་དམ་ཚིག་གི་རྫས་ཆེན་པོར་ལྷུན་གྱིས་གྲུབ་པར་བྱིན་གྱིས་བརླབས་པའོ། །ཕྱི་འགྱུར་གསང་མཐའི་རྩེ་མོ་མཁའ་འགྲོ་དྲྭ་བ་སྡོམ་པའི་ལུང་དོན་ལྟར་ན། སྒྲོན་མའི་བསྐལ་པ་འདི་ཐོག་མར་ཆགས་པའི་རྗེས་སུ་དྲག་པོ་འཇིགས་བྱེད་དུས་མཚན་དང་བཅས་པས་སྲིད་པ་གསུམ་ལ་དབང་བྱེད་ཅིང་ལོག་པའི་ལམ་ལ་ཞུགས། འཁོར་གྱི་དྲེགས་པ་ལྷ་དང་དྲི་ཟས་ནམ་མཁའ། གནོད་སྦྱིན་དང་སྲིན་པོས་ས་སྟེང་། ཀླུ་དང་ལྷ་མ་ཡིན་གྱིས་ས་འོག །མ་མོ་ཕྲ་མན་ལ་སོགས་པ་རྣམས་ཀྱིས་གནས་ཡུལ་དུར་ཁྲོད་ཀུན་བདག་གིར་བཟུང་སྟེ་འཇིག་རྟེན་གྱི་ཁམས་མ་རུངས་པར་གྱུར་པ་དེའི་ཚེ། གདུག་པ་ཅན་རྣམས་འདུལ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་ཧེ་རུ་ཀ་ཡི་སྐུར་བཞེངས་ནས་རི་རབ་ཀྱི་རྩེ་མོར་དཀྱིལ་འཁོར་ཆེན་པོ་རྣམ་པར་སྤྲུལ་ཏེ། འཇིགས་བྱེད་དྲག་པོ་སྡེ་དཔུང་དང་བཅས་པ་རྣམས་བདག་པོའི་ཚུལ་གྱིས་དབང་དུ་བྱེད་པ་དང་། ལོངས་སྤྱོད་པ་དང་། ཐིམ་པའི་ཚུལ་གྱིས་བཏུལ་ཅིང་བདེ་མཆོག་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་སྡེ་རབ་འབྱམས་གསུངས། དྲེགས་པ་དེ་དག་གིས་བཟུང་བའི་མཁའ་སྤྱོད། ས་སྤྱོད། ས་འོག་སྤྱོད་པའི་གནས་ཡུལ་དུར་ཁྲོད་མཐའ་དག་འཁོར་ལོ་གསུམ་གྱི་བདག་ཉིད་དུ་བྱིན་གྱིས་བརླབས་པར་མཛད་པ་ལས་དཔའ་བོ་དང་རྣལ་འབྱོར་


LT38_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྣམས་ཀྱིས་སྤྱོད་ཡུལ་དང་རང་བཞིན་ཏུ་གྱུར་པའི་གནས་དང་གནས་ཕྲན་བསམ་གྱིས་མི་ཁྱབ་པར་བྱུང་བར་གྱུར་ཏོ། །གདོད་ནས་གྲུབ་པ་དེ་དག་ནི་གནས་ཀྱིས་གང་ཟག་བྱིན་གྱིས་རློབས་ནུས་པས་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་དང་ལྡན་པ་ཤ་སྟགས་ཏེ་ཉི་ཤུ་རྩ་བཞིའི་གནས་ལ་སོགས་པ་བཞིན་ནོ། །གཉིས་པ་རྗེས་སུ་བྱུང་བ་ནི། གདོད་ནས་མཆོག་གི་གནས་སུ་གྲུབ་པ་མིན་ཀྱང་འཕགས་པ་དང་། རྣལ་འབྱོར་པ་གྲུབ་པ་ཐོབ་པས་སྒྲུབ་པའི་གནས་སུ་མཛད་ཅིང་བྱིན་གྱིས་བརླབས་པས། ཕྱི་རབས་ཀྱི་སྒྲུབ་པ་པོ་ལ་བར་ཆད་མེད་ཅིང་དངོས་གྲུབ་མྱུར་དུ་ཐོབ་པར་ནུས་པ་སོགས་ཡོན་ཏན་མང་དུ་ལྡན་པ་ནི་གང་ཟག་གིས་གནས་བྱིན་གྱིས་བརླབས་པ་སྟེ་འཕགས་བོད་ཀྱི་སྒྲུབ་གནས་ཕལ་མོ་ཆེ་རྣམས་སོ། །གཉིས་པ་རྣམ་པར་དབྱེ་བ་ཐ་དད་དུ་བསྟན་པ་ལ་གཉིས་སྤྱིར་གཙོ་ཕལ་དབྱེ་བ་དང་། དེའི་རྒྱུ་མཚན་ཕྱི་ནང་གི་དག་སྦྱོར་ལས་བྱུང་བའི་ཚུལ་ལོ། །དང་པོ་ནི། ཛཱ་ལནྡྷ་ར་ལ་སོགས་པའི་གནས་ཆེན་ཉི་ཤུ་རྩ་བཞི། ད་ལ་འཐུང་གཅོད་བརྒྱད་པོ་བསྣན་པའི་ཡུལ་ཆེན་སུམ་ཅུ་རྩ་གཉིས་སུ་གྲགས་པ་ནི་ས་དང་ནང་གི་དག་པ་སྦྱོར་བའི་དབང་གིས་གནས་ཐམས་ཅད་ཀྱི་གཙོ་བོའམ་འབྱུང་ཁུངས་སམ་དབྱེ་གཞིར་གྱུར་པ་ཡིན་ལ། དེ་དག་ལས་གྱེས་པའི་གནས་ཀྱི་བྱེ་བྲག་ནི་བསམ་གྱིས་མི་ཁྱབ་


LT38_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཛམ་བུའི་གླིང་ཁྱབ་པར་བཞུགས་པ་སྟེ། བི་མ་ལས་མཛད་པའི་ཙཱ་རིའི་ལམ་ཡིག་ལས། སྤྱིར་ཛམ་བུའི་གླིང་ན་མཁའ་འགྲོ་མ་ཐམས་ཅད་ངེས་པར་འདུ་བའི་གནས། དུར་ཁྲོད་ཆེན་པོ་བརྒྱ་དང་བཅུ་གསུམ་བཞུགས་པ་ལས། རྒྱ་གར་གྱི་ཡུལ་ན་སྤྱོད་པ་བྱེད་པའི་གནས་དྲུག །ཉམས་སྐྱོང་བའི་གནས་བཅུ་བཞི། དམ་ཚིག་སྐོང་བའི་གནས་བརྒྱད་འདོད་ཅིང་འདུན་པ་དྲག་པོ་སྐྱེ་བའི་གནས་བཞི་སྟེ་སུམ་ཅུ་རྩ་གཉིས་བཞུགས། དེ་དག་གི་ནང་ནས་རང་བཞིན་གྱི་མཁའ་འགྲོ་མ་གནས་པའི་དུར་ཁྲོད་ཆེན་པོ་བརྒྱད་བཞུགས་པའི་གནས་ནི་མཆོག་ཏུ་གྱུར་པ་ཡིན་ལ། ཨོ་རྒྱན་གྱི་ཡུལ་ན་མཁའ་འགྲོ་མ་ངེས་པར་འདུ་བའི་གནས་བརྒྱད། ཁ་ཆེའི་ཡུལ་ན་བཅུ། ལི་དང་ཧོར་གྱི་ཡུལ་ན་ལྔ། ཚ་བ་དམར་ཐག་དང་ཞང་ཞུང་ན་ལྔ། མེ་ཉག་དང་ཟ་ཧོར་གྱི་ཡུལ་ན་བཅུ། ཐོན་མི་དང་གར་ལོག་གི་ཡུལ་ན་བཅུ། རྒྱ་ནག་གི་ཡུལ་ན་སུམ་ཅུ། བོད་ན་ཕྱེད་དང་གཉིས་བཞུགས་པའི་ཕྱེད་ནི་གཞོ་སྟོད་ཏེ་སྒྲོ་བྲག་དཀར་མཁའ་འགྲོ་མ་རེས་འགར་འདུ་བ་དང་། གཅིག་ནི་ལྷོ་ཕྱོགས་དཔལ་གྱི་ཙཱ་རི་ཏྲ་རང་བྱུང་གི་མཆོད་རྟེན་ཆེན་པོ་ཉིད་ཡིན་པར་གསུངས་སོ། །དེ་དག་ནི་གདོད་ནས་རང་བཞིན་གྱིས་གྲུབ་པའི་མཁའ་སྤྱོད་ཀྱི་ཕོ་བྲང་ནང་སྤྲུལ་པའི་ལྷ་ཚོགས་མངོན་སུམ་དུ་བཞུགས་པའི་གནས་ཆེན་གཙོ་བོའི་དབང་དུ་


LT38_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་སྟེ། དེ་ལས་གྱེས་པའི་ཡན་ལག་ནི་བོད་ཀྱི་ཡུལ་ཁོ་ནར་ཡང་། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ལས། མཆོག་གི་སྒྲུབ་གནས་ལྔ། སྐུ་གསུང་ཐུགས་ཀྱི་གནས་མཆོག་ལྔ། ངོ་མཚར་བའི་གནས་ཆེན་ཉི་ཤུ་རྩ་ལྔ། ལུང་ལྔ་ལྗོང་གསུམ་གླིང་གཅིག །སྒྲུབ་གནས་ཆེན་པོ་བརྒྱད། གངས་ར་བཞི། སྦས་ཡུལ་ཉི་ཤུ་རྩ་གཅིག །གངས་ཆེན་ཉེར་གཅིག །གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་རྣམས་ཡོད་པར་གསུངས་སོ། །གཏེར་གསར་མདོ་བྱང་ལས། རྒྱ་གར་ཡུལ་དུ་གནས་ཆེན་ཉི་ཤུ། མངའ་རི་སྐོར་གསུམ་དུ་གནས་ཀྱི་གཙོ་བོ་གངས་བྲག་ཉི་ཤུ། དབུས་གཙང་རུ་བཞིར་སྒྲུབ་གནས་དྲུག་ཅུ་རྩ་ལྔ། མདོ་ཁམས་སྒང་དྲུག་ཏུ་གཙོ་བོ་ལྔ་དང་བཅས་པའི་གནས་ཆེན་ཉི་ཤུ་རྩ་ལྔ། ཁྱད་པར་ཅན་གྱི་གནས་བཞི། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་དེ་མཆོག་ཏུ་གྱུར་པའི་གནས་ཆེན་བཞི་བཅུ་རྩ་གཉིས་བཞུགས་པར་གསུངས་སོ། །གཉིས་པ་ནི་དེ་དག་ཀྱང་གཙོ་བོ་དང་ཡན་ལག་གི་དབྱེ་བ་ཡོད་པ་རྒྱུ་ཨ་ཚན་གང་གིས་ཡིན་སྙམ་ན། དེ་ཁོ་ན་ཉིད་སྦྱང་གཞིའི་ངེས་པ་དང་མཐུན་པའི་སྦྱངས་འབྲས་གཞན་མཆོག་དོན་དམ་སྙིང་པོའི་དཀྱིལ་འཁོར་གྱི་ལྷར་གནས་པ་དག །སྦྱང་བྱ་ནང་


LT38_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལུས་དྲི་བཅས་རྩ་རླུང་ཐིག་ལེ་རྟེན་དང་བརྟེན་པའི་ཚུལ་དུ་གྲུབ་པའི་གདངས། ཕྱི་འཇིག་རྟེན་གྱི་ཁམས་སུ་གནས་ཡུལ་མཁའ་འགྲོའི་རྣམ་པར་ཤར་བ་སྟེ། ཟླ་ཉི་སྒྲ་གཅན་གྱི་རླུང་འབབ་པའི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་རྩའི་སྡོང་པོ་བརྒྱད་གསུམ་ཉེར་བཞི་རོ་རྐྱང་དབུ་མའི་རིགས་སུ་གྱེས་པའི་སྤྱི་བོར་མི་ཕྱེད་མ་སོགས་རྩའི་གཙོ་མོ་ཉི་ཤུ་རྩ་བཞི་ནི་ཕྱི་རོལ་ཏུ་ཛཱ་ལནྡྷ་ར་ལ་སོགས་པའི་གནས་ཆེན་ཉི་ཤུ་རྩ་བཞི། དེ་དག་ལ་བརྟེན་པ་སྤྱི་བོའི་དཔྱིད་དང་ཐིག་ལེ་ལ་སོགས་པ་ནི་ཐོད་པའི་དུམ་བུ་དང་རབ་གཏུམ་མ་ལ་སོགས་པའི་དཔའ་བོ་དཔའ་མོ་ཉེར་བཞི། དེ་རེ་རེ་ལ་ཐིམ་པ་དང་ལོངས་སྤྱོད་པ་དང་བདག་པོའི་དབྱེ་བས་ཡན་ལག་གི་རྩ་འདབ་བདུན་ཅུ་རྩ་གཉིས་སུ་འགྱུར་བས་ཕྱི་རོལ་དུའང་གནས་ཆེན་ཉེར་བཞི་ལ་དངོས་དང་ཡན་ལག་དང་སྦས་པའི་ཚུལ་གྱིས་མིང་འདྲ་གསུམ་གསུམ། དེའི་སྟེང་ཡན་ལག་རླུང་ལྔའི་རྟེན་དང་རྩའི་གཙོ་མོ་གསུམ་བསྣན་པས་ཕྱི་རོལ་དུ་ཡུལ་ཆེན་སུམ་ཅུ་སོ་གཉིས་སུ་སྣང་བ་ཡིན་ཅིང་། དེ་བས་ཀྱང་གྱེས་པས་མཐའ་ཡས་པར་འགྱུར་ཏེ། གཞན་དག་ལ་མཁའ་སྤྱོད་ཀྱི་ཞིང་ཁམས་ན་དཔའ་བོ་དང་དཔའ་མོ་ཉེར་བཞི། དེ་རེ་རེ་ལ་འཁོར་གྱི་དཔའ་བོ་ཌཱ་ཀི་སྟོང་ཕྲག་བདུན་ཅུ་རྩ་གཉིས། ནང་རྡོ་རྗེའི་ལུས་ལ་རྩའི་གཙོ་མོ་ཉེར་བཞི་དེ་རེ་རེ་ལས་རྩ་ཕྲན་སྟོང་


LT38_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བདུན་ཅུ་རྩ་གཉིས། ཕྱི་རོལ་ཏུ་གནས་ཆེན་པོ་ཉི་ཤུ་རྩ་བཞི། དེ་རེ་རེ་ལ་གནས་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་དེ་ཐམས་ཅད་ཀྱང་དོན་དམ་བདེ་སྟོང་དབྱེར་མེད་གཉུག་མ་ལྷན་སྐྱེས་ཡབ་ཡུམ་གྱི་ངོ་བོར་རོ་མཉམ་དུ་བསྡམས་པས་གནས་ཐམས་ཅད་ཀྱང་ཐབས་ཤེས་དབྱེར་མེད་ཀྱི་མཚོན་བྱེད་ཅན་ཏུ་བཞུགས་པའོ། །གསུམ་པ་གནས་སུ་གྲུབ་པའི་འཐད་པ་བརྗོད་པ་ནི། སྤྱི་ཙམ་གྱི་དབང་དུ་བྱས་ན། དོན་དམ་པར་ཞིང་དང་སྐུའི་རོལ་པས་མ་ཁྱབ་པར་གང་ཡང་མེད་པས་རྣལ་འབྱོར་ཅན་དང་སྣང་བ་དག་པའི་བློ་ངོར་བེམ་པོ་ལས་ཀྱང་སངས་རྒྱས་ཀྱི་ཆོ་འཕྲུལ་མཐའ་ཡས་པ་མཐོང་བ་དང་། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་ཕ་བཞུགས། །ཞེས་འབྱུང་བ་ལྟར་དད་མོས་ཅན་ལ་སྣང་གྲགས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་པར་འཆར་བས་དོན་མཛད་པའི་ཕྱིར། འདི་ནི་གནས་ཡིན་ནོ། །འདི་ནི་གནས་མ་ཡིན་ནོ་སྙམ་པ་ནི་རང་བློ་མ་དག་པའི་ལོག་རྟོག་ཡིན་ལ། བྱེ་བྲག་འབྱེད་པ་ནའང་། གདོད་ནས་གྲུབ་པའི་གནས་དེ་དག་ནི་ཉེ་རྒྱུའི་སྤྱོད་པ་སྐྱོང་བའི་གནས་ཀྱི་མཆོག་ཏུ་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་གསུངས་པས་རྩོད་པ་མེད་ལ། གནས་ཕྲན་ལ་སོགས་པ་རྣམས་ཀྱང་ཕྱི་ནང་གི་དག་པ་སྦྱོར་བའི་རིགས་པས་འཐད་པ་དང་། ལུང་གིས་གྲུབ་སྟེ། དང་པོའི་སངས་


LT38_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལས་གནས་ལ་སོགས་ཆེ་འབྲིང་ཆུང་ངུའི་དབང་དུ་བྱས་པའི་ཆེན་པོ་ནི་གླིང་བཞི་སོགས་ལས་རླུང་གི་དཀྱིལ་འཁོར་གྱི་མཐར་ཐུག་པའི་བར་དང་། འབྲིང་པོ་ནི་འཛམ་གླིང་ཆུང་ངུའི་ཡུལ་སོ་སོར་ཡོད་པ་རྣམས་སུ་བཤད་པ་དང་། ཆུང་ངུ་ནི་དྲི་མེད་འོད་ལས། འདིར་ཐུན་མོང་གི་བྱིས་པ་རྣམས་ཡུལ་དུ་འཁྱམས་པའི་དོན་དུ་ཛཱ་ལནྡྷ་ར་ལ་སོགས་པ་རྣམས་གནས་ལ་སོགས་པར་གསུངས་སོ། །དེ་ཉིད་ནི་ཐམས་ཅད་དུ་ཁྱབ་བྱེད་དུ་མི་འགྱུར་ཏེ་རྣལ་འབྱོར་མ་རྣམས་ཀྱི་རིགས་སུམ་ཅུ་རྩ་དྲུག་ནི་གྲོང་ཁྱེར་གཅིག་ཏུའང་གནས་སོ། །གང་གིས་ན་འདིར་མཆོག་གི་དང་པོའི་སངས་རྒྱས་ཐམས་ཅད་ལ་ཁྱབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ན་བོད་ལ་སོགས་པ་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་ནའང་གནས་ལ་སོགས་པ་རྣམས་ཡོད་དོ། །ཞེས་འབྱུང་བ་དང་། འདུལ་ལུང་ལས། དགེ་སློང་དག་བྱང་ཕྱོགས་གངས་རིའི་ཁྲོད་ན་ས་རྡོ་བེམ་པོས་ཀྱང་སེམས་ཅན་གྱི་དོན་བྱེད་པ་ཡོད་དོ། །ཞེས་དང་། རད་གླིང་དང་འཇའ་ཚོན་གཏེར་བྱོན་ཚིག་མཐུན་པར། བསམ་ཡས་མཆིམས་ཕུ་ནས་བཟུང་སྟེ་བོད་ཡུལ་མ་ལུས་པར་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས། གངས་དཀར་ཏི་སེ་མན་ཆད་ནས། ཁམས་གཙང་ཁ། གན། འཇང་། ཧཱུ། མེ་ཉག །ཧོར། ལི་ཡུལ། གུ་གུ། ཀོང་རྒྱལ། མཆིམས།


LT38_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་ཁ། ལོང་བྲག །མོན་སྟག་སྒོ། བུམ་ཐང་། སྤ་གྲོ་ལ་སོགས་པ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས་ཤིང་། འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་དོ། །མཆོག་གི་སྒྲུབ་གནས་ལྔ་ལ་སོགས་པའི་གནས་དེ་རྣམས་སུ་མ་འོངས་པའི་དུས་སུ་མཐོང་ཐོས་དྲན་རེག་ཀུན་གྲུབ་པ་ཐོབ་ཅིང་དངོས་གྲུབ་བརྙེས་པའོ། །ཞེས་དང་། རྒྱལ་པོ་བཀའ་ཆེམས་ལས་བོད་ཡུལ་གནས་ཀྱི་བྱེ་བྲག་གསལ་བར་གསུངས་ཤིང་། ཛམ་གླིང་གི་རྒྱན་གཅིག་ཀུན་མཁྱེན་རང་བྱུང་རྡོ་རྗེའི་ཙཱ་རིའི་ལམ་ཡིག་ལས། སྨད་རོང་བཙན་ཁ་བ་དཀར་པོ་ལ་ཐུག་ཅིང་། སྟོད་བལ་པོའི་ཡུལ་གྲུབ་པའི་གནས་ཆེན་པོ་ལ་ཐུག་གི་བར་དང་། ལྷོ་ཕྱོགས་ཀཱ་མ་རཱུ་པའི་མཐར་ཐུག་གི་གནས་ཚུན་ཆད་ལ། གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་ཕྲན་སྟོང་ཕྲག་ཡོད་ཅེས་ཙཱ་རི་ཁོ་ནའི་གནས་ཀྱི་གྲངས་སུ་གསུངས་པས། གཞན་ལའང་རིགས་མཚོན་པ་ན། གནས་མཆོག་འདི་ཀུན་ཀྱང་ཤིན་ཏུ་ཚད་མར་གྲུབ་པ་ཡིན་ལ། ཁྱད་པར་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འདི་གའི་གནས་བདག་དགེ་བསྙེན་ཆེན་པོ་ཉིད་སྤྱན་སྔར་སྔོན་ཏུ་ཕྱིན་ནས། ངའི་ས་ཆར་སྒྲུབ་གནས་ཁྱད་པར་ཅན་ཞིག་ཡོད་པས་བླ་མ་རིན་པོ་ཆེ་དེར་ཕེབས་པར་ཞུ་ཞེས་སྤྱན་དྲངས་པས་ཉིད་ཀྱི་སྐུ་ཚབ་ཏུ་དཔལ་


LT38_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བྱང་ཆུབ་གླིང་པ་འདིར་ཕྱགས་ཕེབ་སྟེ་བསྟན་པ་སྤེལ་བས་མཚོན། གནས་མཆོག་འདིའང་གདོད་ནས་གྲགས་ཤིང་གྲུབ་པ་ཡིན་ནོ། །བཞི་པ་བྱེ་བྲག་གནས་ཆེན་འདི་ཉིད་དམིགས་སུ་བཤད་པ་ལ་ལྔ། ངོ་བོ། སྒྲ་དོན། ངོ་མཚར་བའི་ལུང་། ཡིད་ཆེས་པའི་རྟགས། དེའི་མཚན་ཉིད་དོ། །དང་པོ་གནས་འདིའི་ངོ་བོ་གང་ཡིན་སྙམ་ན། སྐུ་གསུམ་གྱི་ཞིང་ལས་སྤྲུལ་སྐུའི་ཞིང་གི་ཆ་ཤས། གནས་ཉེར་བཞི་ལས་མིག་གི་རྩའི་བདག་ཉིད་ཉེ་བའི་གནས། དེ་བཱི་ཀོ་ཊིའི་བྱེ་བྲག་བཛྲ་ཀོ་ཊཱི། ཡུལ་སོ་གཉིས་ལས་རྩ་ཨ་བ་དྷཱུ་ཏིའི་རང་བཞིན་ཙཱ་རི་ཏྲའི་ཡན་ལག་ཙཱ་འདྲ་རིན་ཆེན་བྲག །སྲིད་པ་གསུམ་དག་པའི་འཁོར་ལོ་གསུམ་ལས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་གཏོགས་པ་གནས་ཆེན་དང་གནས་ཕྲན་གཉིས་ལས། གློ་བུར་དྲི་མ་བྲལ་བའི་འབྲས་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ་ཕྲག་ལྔ་ཡི་རང་བཞིན་མདོ་ཁམས་ཀྱི་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་ཐུགས་ཀྱི་གནས་མཆོག །གནས་དང་ཡུལ་ཆེན་པོ་རྣམས་ཀྱི་བྱེ་བྲག་ཡིན་པས་ངོ་བོ་གདོད་ནས་གྲུབ་ཅིང་། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ་སོགས་ཀྱིས་བྱིན་གྱིས་བརླབས་པའི་གངས་ཅན་གྱི་གནས་ཆེན་ཡིན་པས་རྣམ་པ་རྗེས་སུ་བྱུང་བ། ཐར་པ་ཆེན་པོའི་ཕོ་བྲང་། སངས་


LT38_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐམས་ཅད་ཀྱི་གཞལ་མེད་ཁང་ཆེན་པོའི། །གཉིས་པ་མཚན་གྱི་སྒྲ་དན་གང་ཡིན་སྙམ་ན། ནང་དུ་མཆིན་པའི་ཁམས་འབབ་པའི་རྩ་སྒོམ་པ་མོ་ལ་དཀར་ཆ་རེས་འགའ་གནས་པས་ཕྱི་རོལ་དུའང་མཁའ་འགྲོ་མ་རེས་འགའ་གནས་པས་ཉེ་བའི་གནས་སམ། རྩ་ཨ་བ་དྷཱུ་ཏིར་དཀར་དམར་འདྲེས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་འཐུང་ཞིང་སྒྲིབ་པ་མ་ལུས་པ་གཅོད་པས་ཕྱི་རོལ་དུའང་དེ་ལྟ་བུའི་བྱེད་ལས་ཡོད་པ་ལས་འཐུང་གཅོད་ཅེས་བྱ་ཞིང་། དེ་བཱི་ཀོ་ཊཱི་ནི་ལྷ་མོའི་མཁར་ཏེ་བྲག་རི་རྣམས་སུ་སྙིང་འདྲ་བའི་མཁར་དང་སྐྱེ་གནས་ཀྱི་གཟུགས་ཐལ་སྦྱར་འདྲ་བ་མང་བས། མ་དག་པའི་ཚེ་སྲིད་པ་མོ་རྒྱུད་ཀྱི་ལྷ་འདྲེས་ཆོ་འཕྲུལ་སྟོན་ཅིང་ཟག་བཅས་ཀྱི་ཆགས་པ་སྤེལ་བ་དང་། ལམ་དུས་སུ་ཕྱག་རྒྱ་བཞིའི་རྣམ་པར་བསླངས་ནས་བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད་ལ། འབྲས་དུས་སུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་བརྟེན་གཞིར་གྱུར་པ་ཉིད་འཐོབ་པར་བྱེད་པ་མཚོན་པའོ། །གནས་ཡིག་གཏེར་བྱོན་རྩ་བ་ལས། བཛྲ་ཙིཏྟ་ཀོ་ཊཱི་ཞེས་གསུངས་པ་ནི་དེ་བཱི་ཀོ་ཊཱིའི་བྱེ་བྲག་རྡོ་རྗེ་ཐུགས་ཀྱི་མཁར་ཏེ་ཐུགས་རྡོ་རྗེའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཞི་བ་དང་ཁྲོ་བོ། དཔལ་འཁོར་ལོ་སྡོམ་ས་སོགས་རྡོ་རྗེའི་རིགས་ཀྱི་ཧེ་རུ་ཀ་ཕྱག་བརྙན་དང་བཅས་པ་ཁྱད་པར་དུ་བརྟེན་པའི་ཕོ་བྲང་དུ་གྱུར་བའོ་


LT38_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཙཱ་འདྲ་རིན་ཆེན་བྲག་ཅེས་པ་ནི། ཙཱ་རི་ཏྲ་ཐམས་ཅད་འདུས་པ་ལ་འཇུག་པས་ནང་དུ་རྩ་དབུ་མ་དང་ཕྱི་རོལ་ཏུ་ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲའི་ཡན་ལག་ཡིན་པས་དེ་དང་ཆ་འདྲ་བའི་བཀོད་པ་ཡོད་པ་དང་། རིན་པོ་ཆེ་ནི་ཡོན་ཏན་གྱི་རིགས་ཡིན་པས་འདིར་ཡོན་ཏན་གྱི་རིགས་ལས་བྱུང་བའི་གནས་སུ་མཚོན་པའི་ཕྱིར་བྲག་རིའི་ཕྱི་དབྱིབས་ཕལ་ཆེར་རིན་པོ་ཆེ་འབར་བའི་དབྱིབས་སུ་ཡོད་པའོ། །དེ་བཱི་ཀོ་ཊཱི་དང་ཙཱ་འདྲ་གཉིས་ཀ་ཡིན་པ་ནི་མི་འགལ་ཏེ། རྩ་དབུ་མ་རྩ་ཉེར་བཞི་པོའི་ཁྱབ་བྱེད་དུ་འགྱུར་བའི་ཕྱིར་ཙཱ་རི་ཏྲའང་གནས་ཐམས་ཅད་ཀྱི་ཁྱབ་བྱེད་དུ་འགྱུར་བ་དང་། དེ་གཉིས་མིག་དང་སྙིང་གི་དབུས་ཀྱི་རྩ་ཡི་དག་པ་ཡིན་པས་སྙིང་དང་མིག་དག་ཀྱང་འབྲེལ་བ་ཅན་ཏུ་ཡོད་པའི་ཕྱིར། ལྷོ་བྲག་མཁར་ཆུར་བཞུགས་པའི་དེ་བཱི་ཀོ་ཊཱིའང་ཙཱ་རི་ཏྲའི་ཡན་ལག་ཡིན་པ་ཡེ་ཤེས་གཟིགས་པ་དག་གི་སྔར་ནས་བཤད་པ་ལྟར་རོ། །འཇམ་མགོན་བླ་མ་མཁྱེན་བརྩེའི་དབང་པོས་གནས་འདི་ཡེ་ཤེས་ཀྱི་སྤྱན་དབུས་མའི་རང་བཞིན་ཡིན་གསུངས་པའང་ཡེ་ཤེས་ཀྱི་གཟིགས་པ་འཁྲུངས་པ་ལས་ཏེ་སྤྱན་དབུས་མ་དབུ་མའི་ཡར་སྣའི་སྟོང་པའི་ཡེ་ཤེས་ཀྱི་དག་པ་ཡིན་ཅིང་དེ་ཉིད་སྙིང་གའི་དབུས་ནས་ཡེ་ཤེས་འཆར་བའི་སྒོར་གྱུར་པའི་ཕྱིར། དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག༔ཅེས་པའི་ལུང་དོན་དང་ཤིན་ཏུ་འབྱོར་པ་


LT38_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །གསུམ་པ་ཡིན་པར་ངེས་པའི་ལུང་ཡང་། མངའ་བདག་མར་པ་ལོ་ཙཱས་རྗེ་བཙུན་མི་ལ་རས་པ་གཙང་ལ་ཡར་འབྱོན་གྱི་སྐབས་སུ་ཚོགས་འཁོར་བཟང་པོ་མཛད་ཅིང་ཞལ་གདམས་ཕྱི་ཕྲིན་གྱི་བསླབ་བྱ་རྒྱས་པར་གནང་བའི་སྐབས་སུ། ཤར་ཕྱོགས་ན་གནས་ཆེན་དེ་བཱི་ཀོ་ཊ་དང་ཙཱ་རི་འབྲེལ་ནས་ཡོད་དེ། དེ་ད་ལྟ་ཞལ་འབྱེད་མ་རན། མ་འོངས་པ་ན་ཁྱོད་ཀྱི་བུ་བརྒྱུད་ཀྱིས་འཛིན་པ་ཞིག་འོང་བ་ཡིན། ཅེས་གསུངས་པ་ནི་ཕྱོགས་དང་། མཚན་དང་། གནས་ལུགས། སྒྲུབ་བརྒྱུད་རྣམས་ཀྱི་སྒོ་ནས་གནས་འདི་ཉིད་ལུང་བསྟན་པ་ཤིན་ཏུ་གསལ་བ་ཡིན་ནོ། །བཞི་པ་དེ་ལ་ཡིད་ཆེས་པའི་རྟགས་ཀྱང་འདི་ལྟར་དུ་ཡོད་དེ། སྔོན་གྱི་དུས་སུ་དྲག་པོ་དང་དུས་མཚན་གྱིས་བདག་ཏུ་བཟུང་བ་ཧེ་རུ་ཀས་བཏུལ་ཏེ་མཆོག་གི་གནས་སུ་བྱིན་གྱིས་བརླབས་པའི་ཐབས་ཤེས་ཀྱི་རྟགས་གང་ལ་ཡོད་པ་ནི་ཁྱད་པར་ཅན་གྱི་གནས་ཆེན་ཡིན་པའི་རྟགས་སུ་ཡོངས་ལ་གྲགས་པ་ལྟར། འདིར་ཡང་རང་བྱུང་གི་ལིངྒ་དང་སྐྱེ་གནས་ཀྱི་མཚན་མ་དག་དང་། སྟོད་ན་ཅུ་གང་དང་སྨད་ན་སིནྡྷཱཱུརའི་རྒྱུན་ཁྱད་པར་ཅན་མཆིས་པ་དང་། ཕྱོགས་བཞིར་མི་འགྱུར་བ་ཤིང་གི་གཟེར་དང་། རྒྱུད་ལས། ཡུལ་དེར་གནས་པའི་ལྷ་མོ་ནི། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །ཞེས་གསུངས་ལ་བོད་


LT38_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ལྷན་ཅིག་སྐྱེས་མ་བརྟེན་པའི་རང་བྱུང་རྡོའི་མཁར་སྙིང་གི་གཟུགས་འདྲ་བ་previous hit གསང་བའི་ཕུག next hit་པ་དང་བཅས་པ་ཡོད་པ་ནི་དེ་བཱི་ཀོ་ཊཱིའི་གནས་སུ་གྲུབ་པའི་མཚན་མ་དང་། ཙཱ་རི་ཏྲ་དང་མཁར་ཆུ་རོང་བཙན་རྣམས་སུ་སྐྱེས་པ་དང་མདོག་དབྱིབས་ཤིན་ཏུ་མཚུངས་པའི་ཤིང་བྷ་ཊའི་སྡོང་པོ་གནས་ཀྱི་དབུས་སུ་སྐྱེས་པ་ནི་ཙཱ་རི་ཏྲ་ཡིན་པའི་རྟགས་སུ་གསལ་བ་དང་། སྐུ་གསུང་ཐུགས་ཀྱི་བཀའ་རྟགས་ཕྱག་ཞབས་ཀྱི་རྗེས་ལ་སོགས་པ་དབང་པོའི་སྤྱོད་ཡུལ་དུ་སྣང་བ་ནི་མངོན་སུམ་དུ་གྲུབ་པའི་ཚད་མའོ། །བཞི་པ་གནས་ཀྱི་མཚན་ཉིད་འཆད་པ་ལ་གསུམ། ཐུན་མོང་སོ་སྐྱེ་རྣམས་ཀྱི་མཐུན་སྣང་དུ་ཇི་ལྟར་གྲུབ་པ་དང་། ཐུན་མིན་རྣལ་འབྱོར་པ་རྣམས་ཀྱི་བློ་ངོར་ཇི་ལྟར་ཡོད་པ་དང་། ཤིན་ཏུ་ཐུན་མིན་འཕགས་པ་ཆེན་པོ་རྣམས་ཀྱི་གཟིགས་ངོར་ཇི་ལྟར་ཤར་བའོ། །དང་པོ་ནི། མཆོག་དམན་ཀུན་གྱི་མཐུན་སྣང་དུ་གྲུབ་པར་འཕགས་ཡུལ་དང་རྒྱ་ནག་གི་གཞུང་ལས་ཇི་སྐད་བཤད་པའི་སའི་དཔྱད་ལེགས་རྙེད་པར་དཀའ་བ་ཐམས་ཅད་མ་ཚང་བ་མེད་པ་ས་གཞི་ཐམས་ཅད་འཇམ་ཞིང་ངམ་གྲོག་དང་གཡང་ས་མེད་ཅིང་རྡོ་དང་ཚེར་མ་ཉུང་བ། མི་མ་ཡིན་གདུག་པ་ཅན་དང་གཅན་གཟན་གཏུམ་པོའི་འཚེ་བ་དབེན་ཅིང་ཁྱད་པར་སྦྲུལ་སོགས་མི་སྲུན་པའི་སྲོག་ཆགས་ཉེ་བའི་ཕྱོགས་སུའང་མི་གནས་པ་


LT38_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཐོ་དམན་ཁད་མཉམ་པ་ཧ་ཅང་ཚ་བ་དང་གྲང་བའི་གནོད་པ་མེད་པ། དབྱར་དགུན་རྟག་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་བ། ཤིན་ཏུ་མཛེས་པའི་བྲག་རི་དཀར་དམར་སྔོན་པོའི་ཕྲེང་བ་དང་། བཟང་ཤིང་སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསིང་སྤང་ལྗོང་ཡིད་དུ་འོང་བས་བརྒྱན་པ། རོ་ནུས་ཁྱད་པར་འཕགས་པའི་སྨན་གྱི་རིགས་དུ་མ་འཁྲུངས་པ། ཕུ་མ་ཤོར་ཞིང་མདའ་མ་རལ་བ། དྭངས་ཤིང་བསིལ་བའི་འབབ་ཆུ་སྒྲ་སྙན་པ་དག་གཡས་གཡོན་ནས་རྒྱུ་ཞིང་མདུན་ཏུ་འདུས་པ། རི་རྒྱུད་གངས་དང་འབྲེལ་ཞིང་ཆུ་རྒྱུད་གཙང་པོ་ལ་ཟུག་པ། སྐད་རིགས་མི་གཅིག་པའི་སྐྱེ་བོ་དུ་མ་འདུས་ཤིང་སྡེ་བཞིའི་དཔལ་ཡོན་ཕུན་སུམ་ཚོགས་པ། ཇི་སྐད་དུ། ཁང་ས་ཞིང་ས་ས་ཡི་དགེ། ཁང་ཤིང་འབུད་ཤིང་ཤིང་གི་དགེ། ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ། །གམ་འབྲོག་རྒྱང་འབྲོག་རྩ་ཡི་དགེ། ཞེས་བཤད་པའི་ཡུལ་གྱི་དགེ་བཅུ་མཐའ་དག་ཀྱང་ཐད་ཀར་ཐད་ཀར་འབྱོར་པ་སོགས་ཕྱི་ལྟར་བསྔགས་པར་འོས་པའི་ཡོན་ཏན་དུ་མའི་དཔལ་གྱིས་ཀུན་ནས་སྤུངས་པའོ། །གཉིས་པ་ནི། ནང་རྣལ་འབྱོར་ལ་དགའ་བ་རྣམས་ཀྱི་སྤྱོད་ཡུལ་དུ། གཞན་གྱིས་བདག་ཏུ་མ་བཟུང་བའི་ནགས་ཚལ་དང་། བྲག་རིའི་བྱ་སྐྱིབས་བསམ་གཏན་སྒོམ་པའི་གནས་སུ་འོས་པས་ཕྱོགས་ཀུན་ཏུ་གཏམས་


LT38_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པས་མདོ་འདུལ་ནས་བཤད་པའི་ཡོན་ཏན་ལྡན་པ། གྲོང་ལས་རྒྱང་གྲགས་ལྷག་པར་འཕགས་ལ་དབེན་ཅིང་ཉམས་སུ་དགའ་བས་མངོན་པ་ནས་བཤད་པའི་དོན་དང་མཐུན་པ། ཤར་གཞོལ་ལ་ལྷོ་སྤུངས་པ། ནུབ་བསྐྱོར་ལ་བྱང་འདེན་པ། ཆུ་བོ་དབང་གི་ཕྱོགས་ནས་འབབས་ཤིང་མདུན་ན་མེ་ཏོག་གི་གླིང་ཆགས་པ། དཔའ་བོ་དང་མཁའ་འགྲོ་འདུ་ཞིང་གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ་སྟེ་གསར་རྙིང་སྔགས་གཞུང་རྣམས་ནས་གསུངས་པའི་སྒྲུབ་གནས་ཀྱི་མཚན་ཉིད་ཐམས་ཅད་ཚང་བ། ཞི་གནས་སྐྱེ་བའི་གནས་ནག་འཚལ་འཐུག་པོ། ལྷག་མཐོང་སྐྱེ་བའི་གནས་ས་ཁད་མཐོ་ཞིང་རིག་པ་དྭངས་པ། རྟོགས་པ་འཆར་བའི་གནས་རིག་འཛིན་གོང་མའི་སྒྲུབ་གནས། རྒྱབ་རི་སྒོམ་ཆེན་དང་སྤང་མཐིལ་སྐྱིལ་ཀྲུང་བཅས་འདྲ། བདེ་སྟོང་གཏུམ་མོ་སྒོམ་པའི་གནས་གཅོང་རོང་རི་སུལ། འོག་འདོན་སྤྱོད་པ་བསྐྱང་བའི་གནས་འཇིགས་པའི་དུར་ཁྲོད་སོགས་མདོར་ན་ཕྱི་ནང་གི་རྟེན་འབྲེལ་མཐའ་དག་བསྒྲིག་པར་ནུས་པ་ནང་ལྟར་ཡོན་ཏན་རིན་པོ་ཆེའི་བྲག་གི་མཛོད་དུ་ལྷུན་གྱིས་གྲུབ་པའོ། །གསུམ་པ་ནི། འཕགས་ཆེན་གྲུབ་ཐོབ་རྣམས་ཀྱི་གཟིགས་ངོར། གནས་མཆོག་འདི་ཡིས་རྡོ་རི་བྲག །ཐ་ན་ཤིང་བུ་རྡེའུ་ཚུན་ཆད་རྟེན་གཞལ་ཡས་ཁང་ལ་བརྟེན་པ་རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ། ཆོས་


LT38_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་སྲུང་མའི་ཚོགས་རྣམས་དངོས་སུ་བཞུགས་པའི་རྟགས་སུ་སྐུ་གསུང་ཐུགས་ཀྱི་རྟེན་རང་བྱོན་མཐའ་ཡས་པས་ཕྱོགས་ཀུན་ཏུ་གཏམས་པ། ཆུ་བོའི་རྒྱུན་རྣམས་ཀྱིས་ཀྱང་སྔགས་ཀྱི་རང་སྒྲ་རྟག་ཏུ་སྒྲོགས་པ། བྲག་རིའི་བྱ་སྐྱིབས་རྣམས་སུ་གྲུབ་པའི་རིག་འཛིན་དུ་མ་བསམ་གཏན་ལ་བཞུགས་པ། དུར་ཁྲོད་རྣམས་སུ་རྫུ་འཕྲུལ་དང་ལྡན་པའི་ཞིང་སྐྱོང་མང་པོ་རོལ་པ། དུས་དང་དུས་སུ་གྲུབ་པ་དང་དཔའ་བོ་རྣལ་འབྱོར་མ་མཐའ་ཡས་པས་ཚོགས་ཀྱི་འདུ་བ་ལ་ལོངས་སྤྱོད་ཅིང་སྐལ་པ་དང་ལྡན་པ་ལ་དངོས་གྲུབ་སྟེར་བ། ཁྱད་པར་སྐྱབས་གཅིག་མ་ཧཱ་གུ་རུ་པདྨཱ་ཀ་ར་དང་། རྡོ་རྗེའི་སྐུ་བརྙེས་བི་མ་ལ་མི་ཏྲ་སྟེ་འཆི་མེད་གྲུབ་པའི་རྒྱལ་པོ་རྣམ་པ་གཉིས་དུས་བཟང་པོ་ལ་ཡེ་ཤེས་རྡོ་རྗེའི་གར་གྱིས་ཕེབ་ཅིང་སྒྲུབ་པོ་རྗེས་སུ་འཛིན། དད་པ་ཅན་གྱི་རྒྱུད་བྱིན་གྱིས་བརླབ། ཚོགས་འཁོར་སོགས་མཆོད་པའི་དམ་རྫས་བཞེས་ཏེ་བསོད་ནམས་ཀྱི་ཚོགས་རྫོགས་པར་མཛད་པས་གསང་བ་ལྟར་ན་བཛྲ་ཀོ་ཊཱི་ཙཱ་རི་ཏྲ་དང་འདྲ་ཞིང་མཚུངས་པ་ཡིན་ནོ། །ལྔ་པ་བྱིན་གྱིས་བརླབས་ཤིང་གནས་སྒོ་ཕྱེས་པའི་ཚུལ་ལ་གཉིས། དང་པོ་ཇི་ལྟར་བྱིན་གྱིས་བརླབས་པའི་ཚུལ་ནི། ཐོག་མར་བཅོམ་ལྡན་འདས་ཧེ་རུ་ཀ་རྡོ་རྗེ་བཙུན་མོའི་ཚོགས་དང་བཅས་པས་རང་བྱུང་གི་དུར་ཁྲོད་ཆེན་པོའི་རྣམ་ཆར་ལྷུན་གྱིས་གྲུབ་པར་མཛད། བར་དུ་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་མཚན་མཐའ་ཡས་པའི་འོད་ཟེར་ཆེན་པོས་


LT38_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་པར་མཛད། སྤྱན་རས་གཟིགས་དང་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཡེ་ཤེས་ཀྱི་སྐུས་རྟེན་ལ་བརྟེན་པ་གཞུག་པའི་ཚུལ་གྱིས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བར་རབ་ཏུ་གནས། གྲུབ་པའི་སློབ་དཔོན་ཧཱུྃ་ཀ་ར་དང་བི་མ་ལ་མི་ཏྲ། ཁྱད་པར་རིག་འཛིན་གྲུབ་ཐོབ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ། ལས་ཅན་གྱི་རྗེ་འབངས་བདུན་ལ་སོགས་པས་ཞབས་ཀྱིས་གཅགས་ཤིང་སྒྲུབ་པའི་གནས་སུ་མཛད། མདུངས་པའི་འབྱུང་པོ་ཐམས་ཅད་དམ་ལ་བཞག །ངེས་དོན་ཟབ་མོའི་རྒྱུད་ལུང་གསུངས་ཤིང་གསང་སྔགས་ཆོས་ཀྱི་བགྲོ་བ་མཛད། ཡང་དག་ངེས་པའི་བཀའ་བསྡུ་མཛད་ཅིང་ས་རྡོ་རི་བྲག་བྱིན་གྱིས་བརླབས། ཟབ་གཏེར་ཆེ་ཕྲ་དུ་མ་སྦས་ཤིང་མཁའ་འགྲོ་ཆོས་སྐྱོང་གཉེར་དུ་བཞག །མ་འོངས་ཕྱི་མའི་དུས་སུ་འགྲོ་དོན་མཐའ་ཡས་པ་འབྱུང་བའི་དགོངས་པས་མཚམས་སྦྱར། འོན་ཀྱང་དུས་ལ་མ་བབས་པས་སྦས་པའི་ཚུལ་གྱིས་ཕྱོགས་འདིར་ཤིན་ཏུ་གཉན་ཆབ་ཚུབས་འགྱུར་ཆེ་བས་སྐྱེ་བོའི་རྒྱུ་འགྲུལ་ཙམ་ཡང་མི་ནུས་ཤིང་འདྲེ་ལུང་དུ་གྲགས་པ་ཞིག་ཡོད་པ་ལ། ཕྱིས་དུས་སྙིགས་མའི་སྐབས་སུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་པར་རོལ་བ་སྐྱོབ་བ་འཇིག་རྟེན་གསུམ་གྱི་མགོན་པོའི་ཐུགས་སྲས་དཔལ་ལྡན་བྱང་ཆུབ་གླིང་པ་ཉིད་ཕྱགས་ཕེབས་ཏེ། རེས་མཚོར་གནས་པའི་ནག་ཕྱོགས་ཀྱི་ཀླུ་མ་རུངས་


LT38_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཕྱག་མཁར་གྱིས་བསྣུན་ནས་བསྒྲལ་ཏེ་མཚོ་ཕལ་ཆེར་བསྐམ་ཡར་མཛད། རིའི་རྩེ་མོར་བཙན་རྨ་གཅོད་ག་པའི་བྲག་རི་ཡོད་པ་རྫུ་འཕྲུལ་གྱི་ཞགས་པས་རྐེ་ནས་བཟུང་སྟེ་མཐུར་དུ་ཁྲིད་པ་ན། བླ་གཡུ་ཕུལ་ཏེ་སྐྱབས་སུ་ཞུས་པས་དགེ་བསྙེན་གྱི་གཏན་ཁྲིམས་ཕོག་ཅིང་དམ་ལ་བཞག །མིང་རྡོ་རྗེ་རྫོད་དམར་དུ་བཏགས། ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབས་ཤིང་རྫུ་འཕྲུལ་གྱི་ཞབས་རྗེས་སྟོད་སྨད་པར་གསུམ་བཞག་པ་ད་ལྟའང་མཇལ་རྒྱུ་ཡོད་པ་འདི་ཡིན། གདན་སའི་མཐིལ་དཔལ་སྤུངས་སྒང་དུ་མཛད་ཅིང་། དེ་ལས་གྱིས་ས་པའི་བྲག་ནག་དགོན་བཅས་ཀློག་པ་གཙོ་ཆེ་བའི་གྲྭ་སྡེ་དང་། དབུ་ཆེའི་རི་མགུལ་དུ་སྤོང་བ་པའི་སྡེ་བཙུགས་ཤིང་དེ་རྣམས་སུ་དགེ་འདུན་ཁྲི་ཚོ་དུ་མ་འདུས། གདན་ས་དེ་དག་དང་ཉེ་བར་ཆོས་ཀྱི་ཁྲི་བརྩིགས་ནས་རྒྱུ་འབྲས་ཀྱི་ཆོས་དུ་མ་གསུངས། སྐྱེ་བོ་མང་པོ་སྨིན་གྲོལ་ལ་བཀོད་པས་དེང་སང་ཡང་ཆོས་ཁྲི་ཐང་དུ་གྲགས་པ་དེ་བྱུང་། གཞན་ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུའི་ཕྱག་རིས་མཛད་པ་ཡིན་ཏེ། རྗེ་དེ་ཉིད་ཀྱི་ཞལ་ནས། སྤྱིར་མདོ་ཁམས་སྒང་། རི་མཐོལ་ས་གཙང་བ། དེ་བཞིན་གཤེགས་པའི་བསྟན་པ་དར་ཞིང་རྒྱས་པ། ས་གཞི་ཕུན་སུམ་ཚོགས་པ། བསོད་ནམས་བསགས་པ་ཅན་རྣམས་ཀྱི་འབྱུང་ཁུངས། ཁྱད་པར་


LT38_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་ཀླུང་དམ་པ་ཆོས་ཕྱུག་གི་ཤར་ཕྱོགས། ཏྲེ་ག་བྲག་དཀོན་མཆོག་འབྱུང་གནས་ཀྱི་ནུབ་ཕྱོགས། ལྡན་གླང་ཐང་ཆོས་ཀྱི་སྒྲོན་མའི་ཤར་ཕྱོགས། བྱང་ཕུ་ཚུར་རྒྭ་ལོའི་གནས་ཀྱི་ལྷོ་ཕྱོགས། འོར་རྡུའི་བྱམས་སྐྱོང་གི་བཀའ་བསྒོའི་བྱང་ཕྱོགས། བླ་མ་རིན་པོ་ཆེས་རྗེས་སུ་གནང་བའི་དགོན་པ། རྗེ་བཙུན་མ་པརྞ་ཤ་བ་རིས་བྱིན་གྱིས་བརླབས་པའི་མིང་ཡིག་དང་པོ་མཐུན་སྣང་དུ་ཤར་བ་པ་པང་དགོན། དོན་གྱི་ཉོན་མོངས་པ་ཐམས་ཅད་འཇོམས་པའི་ཚོགས་སུ་གྱུར་པའི་ཕྱིར་དཔའ་དཔུང་སྒང་། མོས་གུས་རིན་པོ་ཆེ་མེ་ཏོག་གི་ཆར་འབེབས་པའི་ཡུལ། སྤོས་དྲི་ཞིམ་པ་སྣ་ཚོགས་ཀྱི་ངད་ལྡངས་བ། རོལ་མོ་སྣ་ཚོགས་པའི་སྒྲ་འབྱུང་བ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་བླ་མ་དམ་པ། དཔལ་ཆེན་པོ་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བས་བྱིན་གྱིས་བརླབས་པ། སྔོན་གྱི་ཆོས་རྒྱལ་རིགས་གསུམ་མགོན་པོའི་ཐུགས་ཀྱིས་དགོངས་པ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དགེ་བསྙེན། རང་རྟགས་སྲོག་གི་སྙིང་པོ་ཕུལ་བ། སློབ་དཔོན་ཆེན་པོ་པདྨས་དབང་བསྐུར། ལག་ཏུ་རྡོ་རྗེ་བྱིན། གསང་བའི་མཚན་བཏགས། བསྟན་པ་སྲུང་བའི་གཉེར་གཏད་པའི་དགེ་བསྙེན་ཆེན་པོ་ང་འདྲ་དང་། སྤོ་པོ་རྡོ་རྗེ་ཕུར་བུ་དང་། གཉན་ལྡང་རྡོ་རྗེ་བློ་གྲོས་དང་། འཁྲོ་ཟིལ་ཁྲོ་མ་རྡོ་རྗེ་གཞོན་ནུ་ལ་སོགས་


LT38_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གངས་རིའི་ཕྲེང་བས་བསྐོར་བ། འབྲི་གུང་བྱང་ཆུབ་གླིང་ལས་བྱུང་བས་བདག་གི་མིང་ཡང་དཔལ་བྱང་ཆུབ་གླིང་པར་བརྗོད་པ་དེའི་ཕྱིར་བདག་གི་དགོན་པའི་མིང་ཡང་དཔལ་བྱང་ཆུབ་གླིང་། དངོས་གྲུབ་བརྟན་པར་གཟིགས་པ། རྡོ་རྗེ་སེམས་དཔའི་གནས་ཆལ། བཀྲ་ཤིས་པའི་མཛོད། ཅེས་བྱ་བ་ཡིན་ནོ་ཞེས་གནས་ཀྱི་མཚན་ཉིད་གསལ་བར་གསུངས་པ་སྟེ། ཧེ་རུ་ཀ་དང་སྤྲུལ་པའི་ཆོས་རྒྱལ་སོགས་ཀྱིས་བྱིན་གྱིས་བརླབས་པའི་ཚུལ་དངོས་སུ་བསྟན་པའི་ཤུགས་ལས་གདོད་ནས་གྲུབ་པའི་གནས་ཆེན་པོར་མཚོན་ནུས་པ་དང་། པརྞ་ཤ་བ་རིས་བྱིན་གྱིས་བརླབས་པའི་རྟགས་ཀྱང་། མཚན་ཡིག་གི་ཐོག་མ་དབུ་ཅན་གྱི་པ་ཡི་གཟུགས་མདུན་རིའི་སྤོང་ལེབས་ངོས་སུ་གསལ་བར་ཡོད་དོ། །དེ་ནས་དུས་རིང་ཞིག་འདས་པ་ན་དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་ཆེན་པོ་མངའ་རིས་རབ་འབྱམས་པ་ཚུལ་ཁྲིམས་འོད་ཟེར་གྱིས་གདན་ས་བཟུང་། གསང་སྔགས་ལམ་འབྲས་བུ་དང་བཅས་པའི་ཆོས་ཀྱི་འཁོར་ལོ་ཟབ་རྒྱས་སུ་བསྐོར། འཆད་རྩོད་རྩོམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་རྒྱས་པར་མཛད་དེ་དུས་ཕྱིས་མཁན་པོ་དཔལ་ལྡན་ལྷུན་གྲུབ་ཀྱི་བར་དུ་དར་རྒྱས་སུ་བཞུགས། དེ་ནས་རྐྱེན་འགའ་ཞིག་གིས་གདན་ས་རྣམས་སྟོངས་སུ་གྱུར་པ་ན། ཨོ་རྒྱན་ཆེན་པོའི་གཏེར་ལུང་འཁྲུལ་མེད་དུ་མ་ནས་ཟིན་ཅིང་། རྒྱལ་ཚབ་བྱམས་པ་མགོན་པོའི་རྣམ་པར་


LT38_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་པ། མངའ་བདག་མར་པ་ལོ་ཙཱ་བ་ཆེན་པོ་བསམས་བཞིན་མིའི་སྲིད་པ་བཟུང་བ། རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞབས་ཀྱིས་གཅགས་ཤིང་། ཡོན་ཏན་རིན་པོ་ཆེ་མ་ཚང་བ་མེད་པའི་དཔལ་གྱིས་ཀུན་ནས་སྤུངས་པའི་གདན་ས་ཆེན་པོ་ཉིད་བཏབ། འཆད་ཉན་སྒོམ་སྒྲུབ་ཀྱི་མཛད་པ་རྒྱ་ཆེན་པོས་སྒྲུབ་རྒྱུད་བསྟན་པའི་མེ་རོ་གཞི་བཞེངས་སུ་བསླངས། གནས་འདིའི་སྟོད་སྨད་ཀྱི་བྲག་ཕུག་དབེན་གནས་རྣམས་སུའང་ཐུགས་དམ་ཅི་རིགས་པར་མཛད་ཅིང་། རྩ་གསུམ་རབ་འབྱམས་སྤྱི་དང་ཁྱད་པར་མ་མགོན་ལྕམ་དྲལ། དཔལ་ལྡན་ཞིང་སྐྱོང་དབང་པོ་སོགས་ཀྱིས་ཞལ་བསྟན་ཅིང་ཞིང་སྐྱོང་གནས་པའི་བྲག་རི་དག་ཀྱང་ངོས་འཛིན་གནང་བ་ད་ལྟ་ཡོངས་ལ་གྲགས་པ་ལྟར་དང་། ཁྱད་པར་རྒྱུད་བླ་མ་གསུངས་པའི་སྐབས་ཤིག་འཕགས་པ་ཐོགས་མེད་ལྷའི་རྒྱལ་པོའི་ཆ་བྱད་ཅན། སྐུ་ཚད་ཤིན་ཏུ་ཆེ་བ་ཞིག་ད་ལྟ་ཙཱ་འདྲ་རིན་ཆེན་བྲག་གི་གནས་མཐིལ་དུ་ངོས་འཛིན་མཛད་པའི་ཕྱོགས་འདི་ནས་གཟིགས་པ་སོགས་རྒྱུ་མཚན་མང་པོས་གསུང་སྒྲོས་སུ། ཧེ་རུ་ཀ་གནས་དཔལ་སྤུངས་སུ། །ཨོ་རྒྱན་མཁན་པོའི་འབངས་དེས་བྲིས། །ཞེས་འབྱུང་བའང་མི་བསླུ་བའི་ཚད་མ་ཆེན་པོ་ཡིན་ནོ། །རྗེ་དེ་ཉིད་ཀྱི་ཞལ་སློབ་གྲུབ་པའི་ཁྱུ་མཆོག་བམ་སྟེང་སྤྲུལ་པའི་སྐུ་ཚོགས་གཉིས་ལེགས་གྲུབ་ཀྱིས་ཀྱང་གནས་འདི་དག་གི་ཕན་


LT38_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཚུན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་ལ་གཞོལ་བ་ན། རང་ཉིད་ཀྱི་སྐྱེ་བ་སྔ་མ་གྲུབ་ཐོབ་ཁྱི་ཐུལ་ཅན་དུ་གྱུར་པས་གནས་འདི་དང་ཉེ་བར་སྒྲུབ་པ་ཡུན་རིང་མཛད་པའི་ཚུལ་གསལ་བར་དྲན་ཏེ་སྒྲུབ་ཕུག་དང་གྲུབ་པའི་རྟགས་སོགས་ཀྱང་གསལ་བར་མཛད་པར་གྲགས་སོ། །དེ་བཞིན་དུ་རིག་འཛིན་རོལ་པའི་རྡོ་རྗེའི་སྒྱུ་འཕྲུལ་ཀརྨ་བདུད་འདུལ་རྒྱལ་པོ་དང་། མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་རྣམ་རོལ་རིག་འཛིན་རྡོ་རྗེ་དྲག་པོ་དག་གིས་ཀྱང་དབུ་ཆེ་བྲག་དཀར་འདི་ཉིད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་གནས་ཡིན་པར་ཞལ་གྱིས་བཞེས་པར་གྲགས་པ་དང་། དུས་ཕྱིས་གཉགས་ཛྙཱ་ནའི་ཡེ་ཤེས་ཀྱི་རོལ་པ་མཁན་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་ཀརྨ་བསྟན་པ་རབ་རྒྱས་ཀྱི་གཟིགས་སྣང་ལའང་ཚུལ་དེ་དང་མཐུན་པར་བྱུང་ཞིང་། རྗེ་ཉིད་གནས་འདིའི་དབུ་རྩེར་ཕེབ་ནས་ཡུལ་ཕྱོགས་ཀྱི་ས་བཅུད་ཉམས་པ་གསོ་བའི་གཏེར་ཆེན་ཆེད་དུ་སྦ་པར་མཛད་པའི་སྐབས། ཉི་མ་རྩེ་ཤར་ལ་ངོ་མཚར་བའི་འཇའ་ཚོན་ནམ་མཁའི་དཀྱིལ་ནས་གཏར་གནས་དེ་ཉིད་དུ་ཟུག་པ་ཀུན་གྱིས་མཐོང་བ་ཡིན་ནོ། །སྙིགས་དུས་ཀྱི་རྡོ་རྗེ་འཆང་འགྲོ་བའི་མགོན་པོ་པདྨའི་རྒྱལ་ཚབ་པདྨ་ཉིན་བྱེད་དབང་པོས་སྒྲུབ་པའི་ས་སྡེ་བཙུགས། འཁོར་འདས་མཉམ་ཉིད་ཀྱི་དགོངས་པས་སྣོད་བཅུད་དཀྱིལ་འཁོར་གསུམ་དུ་བྱིན་གྱིས་བརླབས་པའི་མཚན་མར་གཡས་


LT38_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་རི་མགུལ་དུ་ཞབས་ཀྱི་རྗེས་སྦས་པའི་ཚུལ་གྱིས་བཞུགས་ཤིང་། གངས་ཅན་མགོན་པོ་རྒྱལ་དབང་ཀརྨ་པ་ཞྭ་དམར་ནག །དཔལ་ལྡན་དཔའ་བོའི་དབང་ཕྱུག་སོགས་ཡོངས་གྲགས་འཕགས་ཆེན་དུ་མས་ཞབས་ཀྱིས་གཅགས་ཤིང་གསང་སྔགས་ཀྱི་སྒྲུབ་ཆེན་མཛད། ལྷ་སྲིན་དམ་ལ་བཞག །ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ནན་ཏར་བྱིན་གྱིས་བརླབས་པས་ཀྱང་ནོར་བུའི་རྒྱལ་པོ་བྱི་དོར་བྱས་པ་ལྟར་གནས་མཆོག་འདི་ལྷག་པར་འབྲེལ་ཚད་དོན་ལྡན་ཏུ་གྱུར་པ་སྟེ། བན་སྒར་ཀུན་མཁྱེན་གྱིས། ཕུན་ཚོགས་བཀྲ་ཤིས་རྟགས་ཀྱི་མཚན་མ་ཅན། །ཞབས་སེན་རྩེ་མོས་རེག་པའི་རྡུལ་ཕྲན་ཡང་། །འགྲོ་བའི་མཆོད་རྟེན་མཆོག་ཏུ་གྱུར་པ་ཡི། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །ཞེས་རྗེ་བདུན་པ་ལ་བསྔགས་པ་བརྗོད་པས་མཚོན་ནོ། །གཉིས་པ་གནས་སྒོ་དངོས་ཇི་ལྟར་ཕྱེས་པའི་ཚུལ་ནི། གཏེར་ཆེན་རཏྣ་གླིང་པའི་བསྟན་པ་སྤྱི་ལུང་རྒྱལ་ཚབ་ཀྱི་ཆོས་བདག་རྣམས་གསལ་བར་བསྟན་པའི་སྐབས་སུ། ནོར་བུའི་མིང་ཅན་ཁམས་ཀྱི་ལྷོ་ཕྱོགས་འབྱུང་༔ ཞེས་དང་དྲི་མེད་ཀུན་དགའ་སོགས་གཏེར་རྙིང་འགའ་ཞིག་ནས་ཀྱང་ལུང་གིས་ཟིན་པའི་རྩོད་བྲལ་དུས་བབས་ཀྱི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་ཉིད་སྐུ་ན་གཞོན་པའི་སྐབས་སུ་འདིར་ཡུན་རིང་བཞུགས་པ་ན་ཧེ་རུ་ཀའི་གནས་མཆོག་ཡིན་པའི་ངེས་


LT38_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསལ་བར་གཟིགས་པ་དང་། ཁྲི་སྲོང་ཡང་སྲིད་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གདན་ས་ཆེན་པོར་བླ་མ་དགོངས་འདུས་ཀྱི་དབར་སྒྲུབ་ཆེན་པོའི་སྐབས་སུ་གནས་འདི་དེ་བཱི་ཀོ་ཊཱི་གསུམ་པ་ཡིན་ཅེས་ཡེ་ཤེས་ཌཱ་ཀིའི་གསུང་ལས་གསན་པ་དང་། ཁོ་བོས་ཀྱང་ཉིང་འཁྲུལ་སྔ་རྗེས་སུ་གནས་ཆེན་ཞིག་ཡིན་ནམ་སྙམ་དུ་རྣམ་པར་རྟོག་པའི་རྒྱུ་ལས། མེ་འབྲུག་གི་ལོ་མཇུག་ཏུ་གཏེར་ཆེན་རིན་པོ་ཆེ་འདིར་ཕེབ་པའི་སྐབས། ལང་གྲོ་ལོ་ཙཱ་བ་ཆེན་པོའི་རྣམ་འཕྲུལ་དུ་གདོད་ནས་གྲུབ་པ་དབོན་སྤྲུལ་རིན་པོ་ཆེ་དང་ཁོ་བོས་ཀྱང་བཀྲ་ཤིས་པའི་མཎྜལ་དང་བཅས་བསྟན་འགྲོའི་དོན་དུ་ཆེད་བསྐུལ་ཞུས་པའི་རྟེན་འབྱུང་ལས། དཔའ་བོ་དབང་ཆེན་བྲག་ནས་གནས་ཆེན་ཉེར་ལྔའི་མདོ་བྱང་བཞེས། མེ་སྦྲུལ་གནམ་ལོ་གསར་དུ་ཚེས་པའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་གནས་ཀྱི་མཐིལ་དུ་ཚོགས་འཁོར་དང་། གནས་རྩེར་བསངས་བརྔན་གསེར་སྐྱེམས་ཀྱིས་ཐོག་དྲངས་ལྷ་སྲིན་དམ་ལ་འདོགས་པའི་ཆོ་ག་རྒྱས་པར་མཛད་པའི་མཐར། གནས་ཀྱི་སྙིང་པོའི་བཞུགས་ཚུལ་ངོ་སྤྲོད་ལ་ཕེབ་པ་ན་གནས་བདག་སྔགས་ཀྱི་སྲུང་མ་མངོན་སུམ་དུ་གཟིགས་ཏེ་གཞན་ངོར་རེ་ཞིག་ཐུགས་དྲན་མེད་པ་ལྟ་བུར་གྱུར་པ་དང་། ཕྱིར་ཉིན་ཀྱང་ཚོགས་གཏོར་མཛད་པས་གནམ་ས་སྤྲེལ་བའི་རླུང་ནག་སོགས་གཉན་


LT38_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཤིན་ཏུ་ཆེ་བའི་རྩུབས་འགྱུར་བྱུང་ཞིང་གཟིགས་སྣང་རྒྱས་པ་གཏན་ལ་མ་ཕབ་པར་རེ་ཞིག་འཇོག་པར་མཛད་པ་ནི། གྲུབ་ཐོབ་གཉོས་འགར་ཆོས་གསུམ་གྱིས་ཙཱ་རིའི་གནས་སྒོ་འབྱེད་དུ་བྱོན་པའི་ལོ་རྒྱུས་དང་མཚུངས་པར་གནས་ཤིན་ཏུ་གཉན་པས་བྱ་སླའི་ཚུལ་གྱིས་མི་འབྱུང་བར་སྟོན་པ་ཡིན་ནོ། །དེ་ནས་དོན་གྲུབ་ས་མོ་ལུག་གི་གནམ་ལོ་ཤར་བའི་ཚེ་སླར་ཡང་གཏེར་ཆེན་ཉིད་འདིར་ཕེབ་ཅིང་། རྒྱལ་བ་ཡབ་སྲས་ཞལ་རྒྱས་པའི་སྐབས་སུ་རྩ་གསུམ་མཁའ་འགྲོའི་ལུང་ལས། ཐུགས་ཀྱི་གནས་མཆོག་ཙཱ་འདྲ་འདི༔ སྙིང་རྩ་འདབ་བརྒྱད་ཚུལ་དུ་ཡོད༔ ཤར་སྒོར་དཔལ་ཆེན་ཧེ་རུ་ཀའི༔ ལྷ་ཁང་བཞེངས་ཤིང་གནས་སྲུང་ལ༔ རྟེན་བཅའ་རྟེན་གཟུག་བྱས་ནས་སུ༔ གནས་སྒོ་འབྱེད་པ་ཤིན་ཏུ་གཅེས༔ ཞེས་སོགས་གནས་ཞལ་གསལ་བར་འབྱེད་པའི་དུས་ལ་བབ་པ་དང་། འབྱེད་པའི་ཐབས་ཀྱི་སྤར་བླང་ལུང་བསྟན་བྱུང་བ་བཞིན། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དབོན་སྤྲུལ་རིན་པོ་ཆེས་དགོངས་ཁྱབ་ཆེན་པོས་འགོ་ལུང་གནང་སྟེ་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་དུ་དཔལ་ཆེན་ཧེ་རུ་ཀའི་ལྷ་ཁང་བཞེངས་པ་ལ་ཞུགས། དཔལ་ཡེ་ཤེས་ཀྱི་མགོན་པོ་རྡོ་རྗེ་ཕྱག་དྲུག་པ་དང་། སྔགས་སྲུང་ཨེ་ཀ་ཛཱ་ཊཱིའི་ཕྱི་ནང་གསང་བའི་རྟེན་ཁྱད་པར་ཅན་བཙུགས། སྔགས་བདག་མཁར་ནག་སོགས་ཀླུ་


LT38_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་སྤྱི་དང་བྱེ་བྲག་པའི་རྟེན་བཅའ་བ་སོགས་འཕྲལ་དུ་བསྒྲུབས་ནས། རྙིང་མ་ཡོངས་གྲགས་ལུགས་ཀྱི་ཧོར་ཟླ་ལྔ་པ་སྤྲེལ་ཟླ་བའི་ཚེས་བརྒྱད་ལ་གནས་བདག་ཆེན་པོ་རྡོ་རྗེ་དཔལ་འབར་གྱི་མགུལ་དུ་ཕེབ་ནས་རྩ་གསུམ་རྒྱ་མཚོར་ཚོགས་མཆོད། གཞི་བདག་བརྟེན་ལ་བཀོལ་བ། བསངས་བརྔན་གསེར་སྐྱེམས་ཀྱི་ཆོ་ག་རྒྱས་པར་མཛད་ཅིང་དཔོན་སློབ་ཉུང་ངུས་ཧེ་རུ་ཀའི་ལམ་ནས་ཕེབ་སྟེ་ཕྱི་ནང་གི་བསྐོར་ལམ་ཕྱོགས་མཚོན་པར་མཛད་ཅིང་། སླར་དཔལ་གྱི་ཙཱ་རི་ཏྲའི་འབྱེད་ཚུལ་དང་མཚུངས་པར་རྟེན་འབྲེལ་གྱི་བྱེ་བྲག་འགའ་ཞིག་བཅས་ལམ་ཤུལ་ལེགས་པར་གཏོད་དགོས་པར་བཀས་གནང་། ཕེབ་ལམ་དུ་བཞུགས་པའི་རང་བྱོན་ཕལ་ཆེར་ངོ་སྤྲོད་མཛད། ཁྱད་པར་འབུར་མོ་བྲག་ནས་བྱུང་བའི་ཁ་བྱང་གི་དོན་བཞིན། སྤྲེལ་ཟླའི་ཚེས་བཅུར་དཔལ་ཆེན་པོ་རང་བྱུང་གི་གཡས་ཕྱོགས་གུ་རུའི་previous hit གསངཕུག next hit་གི་སྦུག་ནས་དུར་ཁྲོད་ཆེན་པོ་བརྒྱད་དང་ཡུལ་ཆེན་དྲུག་ཅུ་རྩ་བཞིའི་ས་སྣ་ལས་གྲུབ་པའི་བར་བུའི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་འདུས་པའི་དམ་རྫས་རིན་པོ་ཆེའི་ཏོག་བདུན་ཕྲག་གཉིས། ཟབ་མོའི་གདམས་སྐོར་ཚན་བཞི། གནས་ཀྱི་དཀར་ཆག་བཅས་བཞུགས་པ་སྤྱན་དྲངས་ཤིང་རི་ཁྲོད་འདི་རང་དུ་མངའ་དབུལ་ཞིང་གཏེར་ཞལ་ཕྱེས་ཏེ་ཤོག་སེར་འབེབས་པར་མཛད་པ་


LT38_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐབས་སུའང་། ནམ་མཁར་འཇའ་སྤྲིན་ཤར་བ་དང་། གཏེར་གནས་སུ་བྱ་རོག་ཟུང་གིས་འཁྲེན་ཅིང་བདག་ཏུ་འཛིན་པའི་རྣམ་འགྱུར་བྱེད་པ་སོགས་དེར་ཡོད་རྣམས་ཀྱིས་མཐོང་བར་བྱུང་ངོ། །དྲུག་པ་གནས་ཀྱི་བཞུགས་བྱང་དཀར་ཆག་དངོས་ལ་གཉིས། ལུང་གི་ཁུང་སྨོས་པ། དེ་ཉིད་བཞུགས་ཚུལ་དངོས་དང་སྦྱོར་བའོ། །དང་པོ་ནི། གནས་ཆེན་ཉེར་ལྔའི་མདོ་བྱང་ལས། ཡོན་ཏན་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཞེས་བྱ་བ་རུ༔ དཔལ་གྱི་རི་ནི་གླང་ཆེན་འགྱིང་བ་འདྲ༔ དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག༔ ཧེ་རུ་ཀ་དཔལ་དགུ་ཡི་ཚུལ་དུ་གནས༔ པདྨའི་སྒྲུབ་ཕུག་མེ་ཏོག་ཁ་བྱེ་འདྲ༔ བྲག་གི་ལོགས་སུ་ཞི་ཁྲོ་རང་བྱོན་དང་༔ ཐུགས་ཀྱི་རིག་འཛིན་ནམ་མཁའི་སྙིང་པོ་ཡི༔ སྒྲུབ་པའི་གནས་མཆོག་ཟླ་གམ་དབྱིབས་ཅན་ཡོད༔ མཆོག་སྒྲུབ་འདོད་པས་འདི་རུ་རྩེ་གཅིག་སྒྲུབས༔ ཁྱད་པར་བདག་གི་གཙུག་རྒྱན་བི་མ་ལས༔ བྱིན་གྱིས་བརླབས་པའི་གནས་མཆོག་གུད་དུ་སྦས༔ སྔགས་སྲུང་གནས་པའི་ཤིང་ནི་བྷ་ཊ་ཡི༔ ཉེ་བའི་ཕུག་པར་ཨོ་རྒྱན་བདག་ཉིད་གནས༔ དེ་ཚེ་ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར༔ བྱོན་ཏེ་ཞག་གསུམ་བཀའ་ཡི་བསྡུ་བ་མཛད༔ སློབ་དཔོན་གཉིས་ཀྱི་སྐུ་བརྙན་རང་བྱོན་དང་༔ ཡེ་ཤེས་སྐུ་ཡི་ཞབས་ཀྱི་མཚན་མ་གསལ༔ ཁྱད་པར་


LT38_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ངོ་མཚར་དེ་འདྲ་བདོག༔ ཅེས་དང་། སེང་བྲག་ཡང་བྱང་དཔའ་བོ་བྲག་ནས་བྱུང་བ་ལས། ཡང་བྱང་སྦས་པའི་བྲག་འདིའི་ཆུ་འབབ་པའི་མདར༔ རི་གླང་ཆེན་འགྱིང་བ་འདྲ་བའི་ཟེ་བ་ན་ཐུགས་རྗེ་ཆེན་པོའི་ཕོ་བྲང་བྲག་དཀར་ཁྲོ་ལེ་བ་ཡོད༔ དེར་གནས་སྲུང་རྡོ་རྗེ་དཔལ་འབར་མཆོད་ཅིག༔ རི་དེའི་གདོང་པ་ཤར་ཕྱོགས་སུ་རྒྱུག་པ་བྲག་རི་ཐལ་མོ་སྦྱར་བ་འདྲ་བའི་དབེན་རྩ་རུ༔ ཤིང་བྷ་ཊ་ལོ་མ་དར་སྐུད་འདྲ་བ་ཡོད༔ དེ་ནས་འདོམ་དགུ་གཞལ་བའི་སར་ཧཱུྃ་ཀ་རས་རྫུ་འཕྲུལ་གྱིས་བྱོན་པའི་སྒྲུབ་ཕུག་ཡོད༔ དེ་ནས་མདའ་རུ་མདའ་རྒྱངས་གང་ཙམ་ན་དཔལ་ཆེན་པོ་འགྱིང་བ་འདྲ་བའི་བྲག་ལོགས་རྣམས་སུ་འགྲོ་འདུལ་ཐུགས་ཀྱི་གཏེར་ལྔ་སྦས་པའི་ལག་སོར་འདྲ་བའི་མཐིལ་དུ་གཏད་རྒྱ་ཡོད༔ ཅེས་འབྱུང་ཞིང་། ཁྱད་པར་འདི་ཉིད་ཀྱི་དཀར་ཆག་གཏེར་བྱོན་ལས་ཞིབ་པར་འབྱུང་བ་འོག་ཏུ་སྨོས་པ་ལྟར། གཟིགས་སྣང་དང་བློ་ཡིས་སྒྲོ་བཏགས་པ་གུང་བསྒྲིགས་པ་ཙམ་མ་ཡིན་པར་རྡོ་རྗེའི་གསུང་ལས་གསལ་ཞིང་ཞིབ་པར་འབྱུང་བ་ཡིན་ནོ། །གཉིས་པ་ནི། དེའང་འཕགས་པ་རྣམས་ཀྱི་གཟིགས་པའི་དབང་དུ་བྱས་པ་ནི་གོང་དུ་ཇི་སྐད་སྨོས་པ་ལྟར་རང་ཅག་སོ་སྐྱེའི་སྤྱོད་ཡུལ་མ་ཡིན་ལ། སོ་སྐྱེ་ཐ་མལ་པ་དག་གི་མཐོང་ཚུལ་ཡང་མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་བ་ལྟར་དངོས་སྣང་ཉིད་ལའང་


LT38_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འཁྲུལ་འབའ་ཞིག་ཏུ་རྟོག་པས་འཆད་པར་བྱ་བ་མ་ཡིན་ལ། འདིར་རྣལ་འབྱོར་ཅན་ལ་ཇི་ལྟར་སྣང་ཞིང་འཕགས་པའི་གཟིགས་པས་གཏན་ལ་ཕབ་པ་དེ་ཉིད་ཀྱི་རྗེས་སུ་འབྲང་བས་བརྟག་པར་བྱ་བ་ཡིན་པས། དེའི་དབང་དུ་བྱས་ཏེ་འཆད་ན། སྤྱིར་ཆོས་སྐྱོང་བའི་རྒྱལ་པོ་སྡེ་དགེའི་མངའ་རིས་འདིར་ཡོན་ཏན་གྱི་གནས་ལྔ་དང་ཕྲིན་ལས་ཀྱི་གནས་ཕལ་མོ་ཆེ་བཞུགས་པའི་སྟོད་ཀྱི་ཆར་ཟིལ་ཁྲོམ། མུ་ནམ། ང་འདྲ། གཙང་དཀར་སོགས་སྲིད་པའི་གངས་རི་རྟག་ཆགས་དཀར་ཞིང་བསིལ་བ་རྣམས་ནི་ཐབས་བདེ་བ་ཆེན་པོ་ཝཾ་ཡིག་གི་ཚུལ་དཔལ་ཆེན་ཧེ་རུ་ཀ་གཙོ་བོར་གྱུར་པའི་གནས། སྨད་ཀྱི་ཨ་ཏ་རོང་། སྤེ་རོང་། རྨེ་རོང་། གཏེར་རོང་སོགས་རོང་ཆེན་ཤིན་ཏུ་འཐུག་ལ་དྲོད་ཆེ་བ། དམ་གནག་ཅིང་རྩུབ་པ་རྣམས་ནི་ཤེས་རབ་སྟོང་པ་ཉིད་ཨེ་ཡིག་གི་ཚུལ་ཀྲོ་དྷཱི་ཤྭ་རི་མ་རྣམས་གཙོ་བོར་གྱུར་པའི་གནས། བར་དུ་ཁྲོ་གཞུང་། ཟིལ་བརྒྱུད། ཨ་ལོ། དཔལ་སྤུངས། རྨེ་ཤོད། རོང་མེ། གཏེར་ལྷུང་། འཛིང་ཁྲོ་རྣམས་ནི་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་ཚུལ་དཔའ་བོ་དང་མཁའ་འགྲོ་རྒྱ་མཚོ་འདུ་བའི་གནས་སུ་གྱུར་པའི་ནང་ཚན། ཐུགས་ཀྱི་འཁོར་ལོ་ཙཱ་འདྲའི་གནས་མཆོག་འདི་ཉིད་དམིགས་བསལ་ཆགས་ཚུལ་གྱི་དབྱིབས་ནི་དཀར་ཆག་རྩ་བ་ལས། ཙཱ་འདྲ་རིན་ཆེན་བྲག་འདི་ནི༔བདེ་ཆེན་འཁོར་ལོའི་རྩ་འདབ་ཚུལ༔༔


LT38_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཏེ། རྡོ་རྗེ་ཐུགས་ཀྱི་ཕོ་བྲང་དུ་མཚོན་པའི་ཕྱིར་ཙིཏྟ་སྙིང་གི་དབྱིབས་སུ་ཆགས་ཤིང་། ཐུན་ཆེན་པོ་བརྒྱད་དག་ཅིང་འོད་གསལ་ཆོས་སྐུའི་དགོངས་པ་འཆར་བར་བྱེད་པ་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་དུ་མཚོན་པའི་སྒང་རྒྱུད་རྣམས་ལས། ཤར་ཕྱོགས་རྡོ་རྗེ་ཆེན་པོའི་རྩ་འདབ་ནི་ཡང་ཁྲོད་ཆགས་པའི་རི་རྒྱུད་འདི་ཡིན་པ་སོགས་གོང་སྨོས་ལུང་གིས་གྲུབ་པས། །དེ་ལྟ་ན་ཤར་ཕྱོགས་ཡེ་ཤེས་ཀྱི་རྩ་འདབས་སུའང་བཞེད་པར་སྣང་བས་འདིར་སྒོམ་ན་མཆོག་གི་རྟོགས་པ་སྐྱེ་ཞིང་མཁའ་སྤྱོད་ཆེ་འབྲིང་ཆུང་ངུ་། གྲོལ་ལུགས་རྣམ་པ་བཞི་ལ་སོགས་པས་གདོད་མའི་གྲུབ་མཐའ་སྙོགས་ནུས་པ་དང་། དཔལ་ཆེན་ཐུགས་ཀྱི་ལྷ་ཚོགས་བཞེངས་དགོས་པའང་དེའི་རྟེན་འབྱུང་ལས་བྱུང་བ་ཡིན། དེའི་ཤུགས་ལས་ལྷོ་ཕྱོགས་རིན་ཆེན་ཅོད་པན་གྱི་རྩ་འདབ་ནི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཆགས་པའི་རི་རྒྱུད་པ་པང་སྒང་ཟེར་བ་འདི་ཡིན་པས་སྙན་གྲགས་རྒྱ་ཆེར་འབྱུང་བ་དང་གདན་ས་འདིར་བཞུགས་པ་རྣམས་ལ་ཡོན་ཏན་གྱི་ཚོགས་རྒྱུད་ཚོད་དང་མཐུན་པར་འཕེལ་ཞིང་རྒྱས་པ་ཡིན། ནུབ་ཕྱོགས་པདྨ་ཆེན་པོའི་རྩ་འདབ་ནི་ར་ཆེན་སྒང་རྒྱུད་འདི་ཡིན་ཅིང་དེར་བཀྲ་ཤིས་དཔལ་གྱི་དེའུ་དང་ཚེ་དཔག་མེད་རང་བྱོན་ཀྱང་གསལ་བས། དེར་ཆོས་དང་མཐུན་པར་གནས་བཅས་ན་


LT38_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་རིང་ཞིང་སྒྲུབ་པ་བྱས་ན་ཚེ་དབང་མཆོག་གི་དངོས་གྲུབ་འབྱུང་། བྱང་ཕྱོགས་སྟོབས་པོ་ཆེའི་རྩ་འདབ་དཔའ་འོག་ཕྱོགས་སུ་ཟུག་པའི་གདོང་རྒྱུད་འདི་ཡིན་པས་རི་རྒྱུད་འདིར་བློ་ནུས་སྟོབས་རྩལ་ཅན་གྱི་སྐྱེ་བོ་འབྱུང་བ་དང་། སྒྲུབ་པ་བྱས་ན་དྲག་པོའི་ཕྲིན་ལས་འགྲུབ། མཚམས་བཞིའི་རྩ་འདབ་རྣམས་ཀྱང་དེ་དག་གི་བར་བར་ནས་གྱེས་པའི་ཚུལ་གྱིས་ཤིན་ཏུ་གསལ་བར་ཡོད་དེ་རང་རང་གི་བྱེད་ལས་དང་མཚུངས་པའི་དངོས་གྲུབ་འགྲུབ་པའི་གནས་ཡིན་ནོ། །བྱེ་བྲག་གནས་ཀྱི་བཀོད་པ་ནི་ཐོག་མར་གནས་ཀྱི་དབུས་ནས་འཆད་པར་མཛད་པ་སྟེ། དཀར་ཆག་ལས། བཛྲ་ཙིཏྟ་ཀོ་ཊཱི་ཞེས༔ དབུས་ཀྱི་བྲག་ནི་ཧེ་རུ་ཀ༔ གཽ་རཱི་ལྷ་མོ་བརྒྱད་ཀྱིས་བསྐོར༔ ཞེས་གསུངས་པའི་ལེགས་སྦྱར་དེ་ཉིད་བོད་སྐད་དུ་རྡོ་རྗེ་ཐུགས་ཀྱི་ཕོ་བྲང་ཞེས་པ་ནི་ཤར་ཕྱོགས་རྡོ་རྗེའི་འདབ་མ་ཡིན་པའི་ཕྱིར་ཡང་ཁྲོད་ཀྱི་ས་ཆ་འདིའི་སྒེར་མིང་ཡིན་ལ། འདིའི་གཡས་གཡོན་གྱི་བྲག་རི་དཔལ་ཆེན་པོའི་ཕྱག་དྲུག །རྩེ་མོའི་བྲག་ནི་དབུ་གསུམ། རི་ཁྲོད་འདིར་ཐུགས་ཀ །འདི་འོག་གི་གདོང་རྒྱུད་གཉིས་གཉིས་སུ་གྱེས་པ་ནི་ཞབས་བཞི་བགྲད་པའི་ཚུལ་ལོ། །གཽ་རཱི་ལ་སོགས་མདུན་གྱི་བཀོད་པ་ནི་འོག་ཏུ་འཆད་དོ། །དེས་ན་དཔལ་གྱི་ཙཱ་རི་ཅིག་ཆར་དུ་ས་འོག་ས་སྟེང་མཁའ་སྤྱོད་ཀྱི་ཕག་མོ་གསུམ་འཛོམས་པས་འཇིག་རྟེན་


LT38_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་ལུང་གིས་བསྔགས་པ་བཞིན། འདིར་ཡང་སྟེང་དུ་མཁའ་སྤྱོད་དང་འོག་ཏུ་ས་འོག་སྤྱོད་ཀྱི་དཔལ་ཆེན་པོའི་ཕོ་བྲང་བཞུགས་པ་དག་པའི་གཟིགས་པོར་གསལ་ཞིང་། བར་དུས་སྤྱོད་ཀྱི་དཔལ་ཆེན་པོའི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་བྱུང་བ་ལས་འཇིག་རྟེན་ན་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུར་གྲུབ་པ་ཡིན་ནོ། །གཞན་ཡང་དཔལ་གྱི་ཙཱ་རི་ཏྲ་དང་ཚུལ་མཚུངས་པར། རི་ཁྲོད་གཡས་ཀྱི་རི་རྒྱུད་འདི་ཐབས་རྡོ་རྗེ་རི། གཡོན་ཤེས་རབ་དྲིལ་བུ་རི། དབུས་ཟུང་འཇུག་དབུ་མ་ནི། རྩེ་མོ་དག་པ་མཁའ་སྤྱོད་ཀྱི་རི་ཞེས་བྱ་ལ། དེ་དག་གི་ཐོག་མ་གཡས་ཕྱོགས་ཐབས་རྡོ་རྗེ་རིའི་བྲག་ལག་སོར་བཀྲམ་པ་ལྟ་བུའི་མདུན་ངོས་སུ། གུ་རུ་པདྨའི་སྒྲུབ་ཕུག་མེ་ཏོག་ཁ་བྱེ་བ་འདྲ་བའི་ཕུག་ཏུ་གུ་རུའི་ཞབས་རྗེས་ཁྲུ་གང་ལྷག་པ། ཕྱག་མཁར་གྱི་རྗེས། གཏེར་སྒོ་ལ་ཕྱག་རྟགས་ཀྱི་རྒྱས་གདབ་པ། སྒོ་གདོང་དུ་བརྡ་ཡིག་གི་འབྲུ་གསུམ་དང་། གཡོན་ལོགས་སུ་རིགས་གསུམ་མགོན་པོ། མདུན་འོག་སྒྲོལ་མ་དཀར་མོ། བྲག་ལོགས་རྣམས་སུ་ཞི་ཁྲོ་དམ་པ་རིགས་བརྒྱ་རང་བྱོན་གྱི་ཚུལ་དུ་བཞུགས། དེའི་གཡས་ཕྱོགས་ནས་ཡར་འཛེགས་པའི་ནགས་རོང་དོགས་པོར་གུ་རུའི་ཞབས་རྗེས་ཁྲུ་གང་ལྷག་པ། དེའི་ཡར་ཐད་དུ་ལྷ་སྲིན་དམ་ལ་བཞག་ཅིང་ཆོས་འཁོར་བསྐོར་བའི་


LT38_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཁྲི་རང་བྱུང་གི་ཟུར་དུ། ཨོ་རྒྱན། མཚོ་རྒྱལ། བཻ་རོ་རྣམས་རང་བྱོན། གུ་རུའི་ཕྱག་མཁར་ལས་སྐྱེས་པའི་ཤུག་སྡོང་རྒན་པོ། དེ་ནས་བཟུང་སྒང་རྒྱུད་གྱེན་དེང་དུ་ཕྱིན་པའི་ལམ་དུ་ཧ་ཡིག་དཀར་པོ་གཉིས། ཨ་ཡིག་དཀར་པོ་གཅིག །མཚོ་རྒྱལ་བཞུགས་པའི་གནས་སུ་བདུད་རྩི་ཕྱག་མཆོད་མཛད་པའི་ཕྱག་རྗེས་དང་ཞབས་རྗེས། ཐོད་རྒལ་གཟིགས་པའི་བྲག་ལྟེམས་སོགས་ཡོད། བདུད་རྩིས་བརླན་པའི་ཕྱག་གིས་རེག་པ་ལས་རྡོ་འབུར་ཞིག་གི་ངོས་སུ་ཕག་མོ་ལྷ་ལྔ་དམར་སྨུག་ཏུ་བྱོན་པ་ནི་ཕྱིས་སུ་གནས་མཇལ་དག་གིས་བཀོག་པ་ད་ལྟ་དཔལ་ཆེན་པོའི་ལྷ་ཁང་གི་བདེ་མཆོག་ནང་གཞུག་ཏུ་བཞུགས། པདྨའི་སྒྲུབ་ཕུག་ནས་གཡས་བསྐོར་དུ་ཕྱིན་པའི་ལམ་ཁ་བྲག་ཟེ་བ་ལྟ་བུའི་ངོས་སུ་ཛཾ་བྷ་ལ་དམར་པོ། བཻ་རོའི་སྒྲུབ་ཕུག་འོག་མ་ཤར་དུ་ལྟ་བའི་ཀླད་ཀྱི་གཡོན་ཕྱོགས་སུ་སྒྲུབ་ཕུག་གོང་མ་འདི་དག་ཏུ་བཻ་རོའི་ཕྱག་ཞབས་ཀྱི་རྗེས་སོགས་བཞུགས། དེའི་གཡོན་ཕྱོགས་སུ་གུ་རུའི་previous hit གསངཕུག next hit་མདོ་གཉིས་མའི་གཡས་སུ་ཏཱྃ་ཡིག་འབུར་མ། ཨོ་རྒྱན་རིན་པོ་ཆེས་ཕྱག་མཚན་རྡོ་རྗེ་དང་ཀ་པཱ་ལ་བཞག་པའི་རྗེས། གཡོན་གྱི་ཕུག་ནས་གནས་ཡིག་སོགས་ཟབ་གཏེར་སྤྱན་དྲངས་པའི་ཤུལ། འོག་གཡས་ཅུང་དམའ་བར་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་སྒྲུབ་ཕུག །དེའི་མདུན་


LT38_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་གྲུབ་ཆེན་ནམ་མཁའི་སྙིང་པོའི་སྒྲུབ་ཕུག་ཟླ་གམ་དབྱིབས་ཅན་གྱི་ཕུག་ཏུ་ཡང་དག་ལྷ་དགུ་དང་། གཡོན་ངོས་དམའ་བར་ཐུགས་རྟགས་རྡོ་རྗེ་རང་བྱོན། དེ་ཐོག་བྲག་ངོས་སུ་མཚལ་གྱི་གཏེར་རྟགས་མང་པོ། དེ་འོག་བྲག་གདོང་གི་ཕུག་ན་ནམ་མཁའི་སྙིང་པོའི་ཚེ་ཆུ་རྒྱུན་འབབས། འདི་ནི་ཙཱ་རིའི་ཐབས་རྡོ་རྗེ་རིལ་རིན་པོ་ཆེའི་རྡོ་ཆུ་ཞེས་པ་ཤིན་ཏུ་དངས་ཤིང་བདུད་རྩིའི་ཡོན་ཏན་ཅན། གདམས་ངག་དང་ལྡན་པས་ནུབ་གཅིག་འཐུང་བ་ཙམ་གྱིས་རྡོ་རྗེའི་ལུས་དང་གཡུང་དྲུང་གི་ཚེ་ཐོབ་པར་གསུངས་པས་དེའི་དོད་ཡིན་པས། འདིར་ཚེའི་བདུད་རྩི་བསྒྲུབ་པའམ། སྒྲུབ་པའི་ཆུ་རྒྱུན་ལ་བསྲེས་ན་ཕན་ཡོན་གོང་དང་ཆ་མཚུངས་འབྱུང་བ་ཡིན་ནོ། །ནམ་སྙིང་སྒྲུབ་ཕུག་གི་མདུན་ངོས་དམ་ཅན་གནས་པའི་བྲག་ལེབ་ངོས་མགར་བ་དམར་ནག་སྐུ་གཟུགས། དེ་མདུན་བྲག་ངོས་སྒྲོལ་ལྗང་དང་འབྲུ་གསུམ་སོགས། དེ་མདུན་གྱི་ཆུ་མིག་ནི་དམ་ཅན་མགར་ཆུར་གྲགས་པ། དེ་དག་གི་གཡས་གཡོན་རྣམས་སུ་རའི་རྗེས་མང་བ། ཆུ་མིག་མགོ་ཐང་ཤུག་གསེབས་བྲག་སྐྱིབས་ནི་མཚོ་རྒྱལ་གྱི་བཞུགས་གནས་ཏེ་ཕྱོགས་འདིར་ནི་ཐབས་བསྐྱེད་རིམ་གཙོར་སྒྲུབ་པའི་གནས་སོ། །གཉིས་པ་གཡོན་ཕྱོགས་ཤེས་རབ་དྲིལ་བུའི་རིའི་ཆུ་མིག་གོང་མའི་ཕུག་པའི་གཡོན་ཏུ་བྷྱོ་ཡིག་དཀར་པོ། དེ་ནས་ཕར་ཕྱིན་པའི་བྲག་ལོགས་སུ་རུ་ལུ་འབྲུ་བརྒྱད་ཆུ་མིག་འོག་མའི་ལམ་ལྟག་ཏུ་འབྲུ་གསུམ། ལམ་འོག་ཏུ་ཡི་གེ་འབྲུ་དྲུག །དེ་ནས་ཕར་ཕྱིན་པའི་སྟོད་དུ་གནས་སྒོར་གྲགས་པའི་ཕུག་ཆེན་ལ་གཏེར་ཆེན་ཉིད་


LT38_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བླ་མ་ཆོས་སྐུའི་སྒྲུབ་པ་མཛད་ཅིང་དག་པའི་གཟིགས་སྣང་མཐའ་ཡས་པ་ལ་ལོངས་སྤྱད། དེའི་བར་ཐད་ཙམ་པ་ཆེན་སྨྲྀ་ཏི་ཛྙཱ་ནའི་སྒྲུབ་ཕུག །སྨད་དུ་བདུད་འདུལ་གྲོ་ལོད་ཕུག་པར་རྡོ་རྗེ་གྲོ་ལོད་ཕྱག་མཚན་རྡོ་རྗེ་དང་ཕུར་བུ་འཛིན་ཅིང་སྟག་ལ་ཆིབས་པ། དེ་ནས་ཕར་ཕྱིན་པའི་བྲག་ངོས་སུ་དུང་དཀར་འབུར་མ། བྲག་གི་ག་དོང་ཉག་ཐོག་བྃ་ཡིག་དམར་པོ། འཇའ་ཚོན་གྱི་ཧཱུྃ་ཡིག་བཤུར་མའི་ཁུངས་སུ་ཧཱུྃ་ཆེན་ཀ་རའི་ཞབས་རྗེས་ཀྱིས་མཚན་པ། དེ་ཉིད་ཀྱི་བཞུགས་ཁྲི་རང་བྱུང་། འདི་ནི་ཙཱ་རིར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་བཞུགས་ཁྲི་དང་ཚུལ་མཚུངས་པ་ཡིན། དེའི་ཕར་ནང་ཕུག་ཆུང་སྒོར་མཁའ་སྤྱོད་དཀར་མོ། དེ་ནས་ཕར་ཕྱིན་པ་ན་བྲག་རི་ཕག་མོའི་དབྱིབས་ཀྱི་བྷ་ག་ནས་རཀྟའི་ཚུལ་དུ་སིནྡྷུ་ར་འབབ། དེའི་ཕར་ནང་གི་རོང་ནས་སིནྡྷུ་རའི་ཆུ་བོ་འབབས་པ་ནི་དམར་ནག་རཀྟའི་མཚོ་དང་ཚུལ་མཚུངས་པར་དམར་མོ་གསུང་གི་མཁའ་འགྲོ་དང་། ཨེ་ཀ་ཛཱ་ཊིའི་གནས་ཡིན་པས་ཤིན་ཏུ་གཉན་པས་སྤྱོད་ལམ་གཟབ། འདི་རྣམས་ནི་ཙཱ་རི་དང་མཚུངས་པར་ཆུའི་བཅུད། སའི་ཞག །བདུད་རྩིའི་སྨན། རྟེན་འབྲེལ་རྫས་ཀྱི་ནུས་པ་ཀུན་ལྡན་ཡིན་ཅིང་། འདི་དག་ཏུ་མཁའ་འགྲོ་མ་ཚོགས་པའི་གླུ་སྒྲ་རོལ་མོ་སོགས་སྐབས་སུ་འབྱུང་། འདིའི་སྟོད་


LT38_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་དཔལ་ཆེན་རྒ་ལོ་ཙཱ་དངོས་སུ་བྱོན་པའི་སྒྲུབ་ཕུག་དང་ཞབས་རྗེས། དེའི་གཡོན་སྟོད་ཀྱི་ཕུག་པ་ཞིག་གི་གཡོན་ངོས་སུ་གཡུང་དྲུང་གཡས་བསྐོར་རང་བྱོན། གཞན་ཡང་སྒྲུབ་ཕུག་རང་བྱོན་ཤིན་ཏུ་མང་བ་བཞུགས་ལ་ཕྱོགས་འདིར་ནི་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གཙོར་སྒྲུབ་པའི་གནས་སོ། །གསུམ་པ་ཟུང་འཇུག་དབུ་མ་རིའི་དབུས་ཀྱི་སྙིང་པོར་དཔལ་ཆེན་པོའི་ལྷ་ཁང་ཆགས་པའི་སྟོད་དུ་བྷ་ཊའི་ཤིང་དང་ཉེ་བར་བྲག་སྐྱིབས་ལྷོར་ལྟ་བར་ཧཱུྃ་ཡིག་རང་བྱོན་མང་དུ་བཞུགས་པ་ནི་སློབ་དཔོན་རྣམ་གཉིས་ཞག་གསུམ་བཀའ་བསྡུ་མཛད་པའི་གནས། དེའི་མར་ནང་བྲག་ཕུག་ཏུ་སློབ་དཔོན་རྣམ་གཉིས་ཀྱི་ཞབས་རྗེས་གཉིས་དང་ཧཱུྃ་ཡིག་དཀར་པོ། དེའི་གཡོན་ཕྱོགས་ཀྱི་བྲག་སྐྱིབས་སྦས་པ་ལྟ་བུ་ནི་གུད་དུ་སྦས་པའི་བི་མ་ལའི་གནས་མཆོག་སྟེ། ཕུག་ཏུ་ཏཱྃ་དང་ཧ་ཡིག། སྒོ་ཀླད་ཉི་ཟླ་རང་བྱོན། དུས་བཟང་བྱུང་ངོ་ཅོག་ལ་རྡོ་རྗེའི་སྐུ་ཅན་བི་མ་ལ་མི་ཏྲ་ཡེ་ཤེས་ཀྱི་རོལ་པས་ཕེབ་ནས་བཞུགས་ཤིང་བྱིན་གྱིས་རློབ་པའི་གནས། དེ་དང་ཉེ་བའི་འགྲམ་དུ་བི་མ་མི་ཏྲ་དང་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་ཞབས་རྗེས་ཆེ་ཆུང་གཉིས། དེ་འོག་བྲག་རིའི་སྙིང་གཟུགས་ལྟ་བུའི་ངོས་སུ་གྲུབ་པའི་སློབ་དཔོན་ཆེན་པོ་ཧཱུྃ་ཀ་རའི་སྐུ་བརྙན་ཐོག་ཚད་ཙམ་པ་རང་བྱོན། འདིའི་གཡོན་


LT38_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཕུག་པ་བྱང་ཆུབ་གླིང་པས་ཆེ་སྒྲུབ་མཛད་པའི་གནས། །སྙིང་པོའི་འོག་གི་བྲག་རི་སྙིང་གཟུགས་ཆེ་ཆུང་ཟུང་སྦྲེལ་བརྟེན་པའི་ལྗོན་ཤིང་དང་བཅས་པ་ནི་ཕྱི་ལྟར་བདུད་མགོན་སེང་གེའི་གདོང་པ་ཅན་ཡབ་ཡུམ། ནང་ལྟར་ཞིང་སྐྱོང་འཇིགས་བྱེད་ཆེན་པོ། གསང་བར་དཔའ་བོ་རྡོ་རྗེའི་འོད་ལྡན་དང་དཔའ་མོ་ལང་ཀའི་དབང་ཕྱུག་མ་བཞུགས་པའི་གནས་ཏེ། དེའི་བྲག་གི་ངོས་སུ་ཨོ་རྒྱན་ཟ་ཧོར་མ་སྐུ་ཚད་ཆེ་བའི་འོག་ནས་བཛྲ་གུ་རུ་འབྲུ་བཅུ་གཉིས་ཚང་བ། དེ་མདུན་རྡོ་རྗེ་དང་འབྲུ་གསུམ། དེ་འོག་བྲག་ལེབ་ངོས་གཡུང་དྲུང་གཡས་བསྐོར་གཉིས་གསུམ་དང་ཧ་རི་ནི་སའི་ཡིག་འབྲུ་གསལ་བར་བཞུགས། འདིའི་རྟེན་འབྲེལ་ལས་སྒྲུབ་གནས་འདིར་རྩེ་གཅིག་ཏུ་སྒྲུབ་ན་སྡོད་ཚུགས་པ་དང་ཚེ་མཐར་ཕྱིན་པར་འགྱུར། གཡས་ཕྱོགས་ཀྱི་ཆུ་བོ་ནི་ཁྲུས་ཀྱི་ཆབ་སྟེ་བཀྲུ་བ་དང་འཐུང་བ་སོགས་བྱས་པས་ནད་གདོན་སྡིག་སྒྲིབ་ཞི་བའི་རྟེན་འབྲེལ་ཡོད། བུམ་པ་སྒྲུབ་པའི་ཁྲུས་ཆབ་ཀྱི་རྒྱུན་ལ་བསྲེས་ན་ནུས་པ་ཆེ། འདིའི་གཡོན་ངོས་གདོང་རྒྱུད་ཕྱིའི་སྐོར་ལམ་གྱི་གོང་ཙམ་དུ་བྲག་རི་ཚོགས་གཏོར་འདྲ་བ་ལ་ལྗོན་ཤིང་གདུགས་ཕུབ་པ་ལྟ་བུའི་ངོས་སུ་མཁའ་འགྲོ་མ་བརྒྱ་རྩ་བརྒྱད་ཀྱི་ཞབས་རྗེས་ཡོད་པ་ནི་གནས་ཀྱི་མདུན་མི་འགྱུར་བའི་གཟེར། ཞིང་སྐྱོང་ལྷན་ཅིག་སྐྱེས་མ་བསྟི་བའི་གནས་


LT38_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ལྷན་ཅིག་སྐྱེས་མའི་ཕོ་བྲང་གཞན་ཡང་ཡོད་དོ། །དབུས་རི་འདི་ནི་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་ཕྱག་ཆེན་དང་རྫོགས་ཆེན་སོགས་བསྒོམ་པའི་གནས་སུ་བསྔགས་སོ། །བཞི་པ་དག་པ་མཁའ་སྤྱོད་རི་ནི་ཐུགས་རྗེ་ཆེན་པོའི་ཕོ་བྲང་དུ་ལུང་གིས་ཟིན་པ་གནས་བདག་དགེ་བསྙེན་ཆེན་པོ་རྡོ་རྗེ་དཔལ་འབར་གྱི་བྲག་རི་ཉིད་ཡིན་ཅིང་འདིར་བཞུགས་པའི་རང་བྱོན་གྱི་ཚོགས་ནི་གཉན་ཆ་ཆེ་ཞིང་དུས་ལ་མ་བབས་པས་ངོ་སྤྲོད་མ་མཛད་པས་སྨྲ་རྒྱུ་མེད་ལ། འདིའི་རྒྱབ་ཕྱོགས་ཀྱི་བྲག་དཀར་རྟ་སོ་གཤིབས་པ་ལྟ་བུ་ནི་རིགས་གསུམ་མགོན་པོའི་གནས་ཡིན་པས་བྲག་ངོས་སུ་རིགས་གསུམ་མགོན་པོ་རང་བྱོན་བཞུགས་པ་ལུང་པའི་ནང་ནས་གྱེན་ཏུ་མཇལ་བས་མཐོང་བར་གསུངས། རི་འདིར་སྔོན་དཔལ་ལྡན་བྱང་ཆུབ་གླིང་པའི་སྐབས་སུ་མཁའ་ལ་སྤྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་དུ་མ་བྱོན་པར་མངོན་ནོ། །གཏེར་གཞུང་ལས་ཧཱུྃ་ཀ་ར་དང་བི་མ་ལ༔ གྲུབ་པའི་སློབ་དཔོན་ཐམས་ཅད་ཀྱིས༔ ཡེ་ཤེས་སྐུ་ཡི་བྱིན་གྱིས་བརླབས༔ བྱ་སྐྱིབས་ཀེའུ་ཚང་ཉམས་དགའ་བར༔ རིག་འཛིན་གསུམ་གྱིས་སྒྲུབ་པའི་གནས༔ ཁྲུས་ཆབ་ཚེ་ཆུ་སིནྡྷུ་ར༔ སྨན་ཆུ་ལ་སོགས་ངོ་མཚར་ཅན༔ གྲུབ་པའི་གནས་མཆོག་ཉམས་དགའ་བ༔ ཞེས་བསྔགས་པ་ནི་ཐབས་ཤེས་ཟུང་འཇུག་གི་རི་གསུམ་ལ་ཚང་ཞིང་། སྨན་གྱི་ཆུ་ནི་རི་མོ་མདའ་དང་ཉེ་བར་ཕོ་ནད་སེལ་


LT38_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྲགས་པའི་ཆུ་འདི་ཉིད་ཡིན་ནོ། །གདན་ས་ཆེན་པོའི་འོག་གི་བྲག་རི་འདི་རྣམས་བར་ཆད་སྲུང་བའི་ཁྲོ་བོ་བཅུ་རང་བྱུང་གི་ཚུལ་དུ་བཞུགས་ཤིང་། ཆོས་ཁྲི་བྲག་སྣ་ནས་གཡས་བསྐོར་གྱིས་ཆུ་རྒྱུད་གྱེན་དེད་དུ་ཕྱིན་པའི་ར་ཆེན་གཡོན་ལོགས་ཀྱི་སྤང་ཐང་སྟེ་ཕ་ཝྃ་གཉིས་བསྒྲིགས་ལྟ་བུའི་གཡས་སུ་ཚེ་དཔག་མེད། གཡོན་ཏུ་སྒྲོལ་མ་དམར་མོ། ར་ཆེན་ཆུ་རྒྱུད་སྐོར་དུ་སྤྱིར་རང་བྱོན་ཤིན་ཏུ་མང་། ཁྱད་པར་ཨོ་རུབ་ལྟེམས་སུ་གྲགས་པའི་བྲག་གདོང་ཀ་བ་ལྟ་བུའི་ངོས་སུ་སྣང་བ་མཐའ་ཡས་དམར་པོ་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སྐུ་ཚད་ཤིན་ཏུ་ཆེ་བ་བཞུགས། སྡོང་པོ་སྒང་གི་གནས་དིལ་དུ་གྲགས་པ་དེ་དཔལ་ལྡན་ཞིང་སྐྱོང་དབང་པོ་རེས་འགར་རྒྱུ་བའི་ཕོ་བྲང་། དེ་འོག་བྲག་ཡར་ལྟ་བའི་ངོས་སུ་རྡོ་རྗེ་ཕག་མོ་རང་བྱོན་བཞུགས། སླས་རིང་མའི་ཆུ་རྒྱུད་གྱེན་དེད་དུ་ཕྱིན་པའི་ཐོག་མར་ལམ་སྣེ་མཚེར་དུ་གྲགས་པ་འདི་ནི་མཁའ་འགྲོའི་བྲོ་ར་ཡིན་པས་འདིར་ཐབ་ཀ་བཅའ་བ། རྟ་དྲེལ་འདེགས་པ་སོགས་གཏན་ནས་མི་རུང་། འདིའི་ལྟག་གི་གནས་དིལ་འདི་དཔལ་གྱི་ཙཱ་རི་ཏྲ་རང་བྱུང་གི་བཀོད་པ་ཡིན། འདིའི་མདུན་ངོས་སུ་པདྨ་སམ་བྷ་བ་བཞེངས་སྟབས་ཤིན་ཏུ་གསལ་བ། སྒྲོལ་དཀར་ཡིད་བཞིན་འཁོར་ལོ། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་རྗེས། གཉག་ཆེན་ཛྙཱ་ནའི་ཞབས་རྗེས། སོག་པོ་ལྷ་དཔལ་གྱི་དབུ་རྗེས། ཨ་དཀར་


LT38_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པོ། རྡོ་རྗེ། གླང་ཆེན། གསེར་ཉ། དུང་དཀར། ཙཱ་རིའི་ལྷ་གཡག་རྗེས་ལ་ཧ་རི་ནི་སས་མཚན་པ། དེ་དག་གི་སྟེང་ངོས་སུ་མཚོ་རྒྱལ་ཞབས་རྗེས་འཇའ་ཚོན་མ། ཧཱུྃ་ཡིག་དམ་ཅན་རྫུ་འཕྲུལ་ར་རྗེས་སོགས་དང་། དེ་ནས་ཆུ་རྒྱུད་གྱེན་དེད་དུ་ཕྱིན་པའི་ཐོག་མར་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཐོག་ཚད་ཙམ་པའི་གཡས་སུ་གུ་རུའི་ཞབས་རྗེས། དེ་ནས་ཧཱུྃ་ཡིག །མཁའ་འགྲོའི་ཚོགས་གཞོང་དང་ཆུ་བོའི་གཡས་གཡོན་ཏུ་ཐོད་སྒྱེད་ཀྱི་རྣམ་པ་ཕ་ཝཾ་ཆེན་པོ་གསུམ། དེ་ལྟག་དུང་ཆོས་རང་བྱུང་ལས་ཆུའི་ཟེགས་མ་འཐོར་བ་ནི་བྱིན་གྱིས་རླབ་པའི་ཁྲུས་ཆབ་ཡིན་པས་འདི་འཐུང་ཞིང་མགོ་ལུས་བཀྲུ་བ་སོགས་བྱས་ན་ནད་གདོན་སྡིག་སྒྲིབ་ཞི། དེ་ནས་ཡར་ཕྱིན་པ་ན་རྣམ་པར་རྒྱལ་མའམ་དཀར་མོ་སྐུའི་དྷཱ་ཀི་བཞུགས་པའི་གནས། ཀ་ལ་དུང་མཚོའི་གཡས་སུ་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། གཡོན་ཏུ་མཁའ་འགྲོ་མ་འགྲོ་བ་བཟང་མོའི་ཞབས་རྗེས། དེ་ཕྱོགས་ཆུ་འགྲམ་དུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་སྐུ། དེ་ལྟག་མཁའ་འགྲོའི་ཞབས་རྗེས་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྣང་བརྙན་དཀར་པོ་འབུར་མ་བཅས་རིམ་པར་བཞུགས། བྲག་ནག་མར་གྲགས་པའི་བྲག་རི་འདི་རྣམས་ལ་རྩ་བ་གསུམ་གྱི་སྐུ་བརྙན་དང་། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་


LT38_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་རྟེན་ཏེ་ངོ་མཚར་བའི་བཀའ་རྟགས་བརྒྱ་དང་རྩ་བརྒྱད་བཞུགས་པར་གསུངས་ཤིང་འདི་སྐོར་གྱི་བྲག་རྣམས་རྗེ་བཙུན་སྒྲོལ་མའི་གནས་ཡིན་པས་སྒྲོལ་མ་བྲག་ཟེར་བ་ཡིན། འདིར་གུ་རུ་རིན་པོ་ཆེའི་དབང་ཕུག །བཀའ་བརྒྱད་ཀྱི་སྒྲུབ་ཆེན་མཛད་པའི་ཕུག་པའི་སྟེང་འོག་རྣམས་དཔལ་དགུ་རང་བྱོན། ཤུག་ཕུང་ཞིག་གིས་སྦས་པ་ལྟ་བུའི་ཕུག་པ་ནི་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྲུབ་ཕུག་བྲག་སུམ་བསྒྲིགས་ལྟ་བུར་ཡོད་པའི་སྣེར་ཕུག་པ་ནི་ལྷ་ལྕམ་མནྡཱ་ར་བ་སྐབས་སུ་རྫུ་འཕྲུལ་གྱིས་ཕེབ་པའི་བཞུགས་གནས། བྲག་འཇའ་ཚོན་གྱི་རི་མོ་དར་ཟབ་སྣ་ཚོགས་བཤམ་པ་འདྲ་བའི་འོག་ཏུ་ཡོད་པའི་ཕུག་པ་ནི་དཔལ་ལྡན་དུས་གསུམ་མཁྱེན་པ་ཀཾ་པོ་གངས་ར་ནས་དབུས་སུ་ཕེབ་སྐབས་ཞག་གསུམ་བཞུགས། དགོངས་པས་བྱིན་གྱིས་བརླབས་པ་ཡིན་པས་བྲག་ལེགས་རྣམས་སུ་མར་མི་དྭགས་གསུམ་དང་ཀརྨ་པ་རང་བྱོན་བཞུགས། བྲག་དམར་ཁ་ཤར་ལ་བསྟན་པའི་ཕུག་པ་ནི་བྱང་ཆུབ་གླིང་པའི་བཞུགས་གནས་ཏེ་རྫུ་འཕྲུལ་གྱི་ཞབས་རྗེས་ཀྱང་ཡོད། བྲག་ཚེ་བུམ་འདྲ་བའི་གསེང་དུ་ཐང་སྟོང་རྒྱལ་པོའི་སྒྲུབ་ཕུག །གཞན་ཡང་ཕྱག་ཞབས་ཀྱི་རྗེས་སོགས་མང་དུ་བཞུགས། སླས་རིང་མའི་འོག་གི་ལུང་པའི་ནང་ནས་གྱེན་དུ་ཕྱིན་པའི་ལམ་ཁར་ཕ་ཝཾ་དོས་སྒྲོལ་མ་དམར་མོ་རང་


LT38_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། རྡོ་རྗེ་མཚེར་ཆེན་གྱི་ཐད་དུ་རྫོགས་ཆེན་སེམས་སྡེའི་གྲུབ་ཐོབ་ཞིག་སྐབས་རེར་འབྱོན་ནས་མཉམ་པར་བཞག་པའི་ཕུག་པ། ས་དམར་ལའི་རི་དབང་གི་མདོག་ཅན་ཟླ་གམ་དབང་གི་ཕོ་བྲང་། དེའི་ངོས་སུ་ཚེ་བུམ་དང་ལྕགས་ཀྱུའི་གཟུགས་རང་བྱོན་གསལ། ར་ཆེན་ཁའི་གཡས་ཕྱོགས་ཀྱི་བྲག་ངོས་སུ་ཚེ་དཔག་མེད་དཀར་པོ། དམར་པོ། ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པ་གསུམ་དང་ལུང་པའི་ཕུའི་ན་ཐང་ཧཱུྃ་ཡིག་གི་རང་གཟུགས། དེ་ནས་ལ་བརྒལ་བའི་ལམ་གྱི་གཡོན་དབུ་ཆེའི་གཡས་ཟུར་ཕ་ཝཾ་ངོས་མཁའ་འགྲོའི་ཞབས་རྗེས། སྤྱིར་གནས་འདི་ལ་མཁའ་འགྲོའི་ཞབས་རྗེས་བརྒྱ་རྩ་བརྒྱད་ཡོད་པར་གསུངས་ཤིང་ཙཱ་འདྲ་རིན་ཆེན་བྲག་གི་སྒང་རྒྱུད་དབལ་ཆེན་དབུའི་ཀླད་དུའང་ཕ་ཝཾ་ཞིག་ལ་ཞབས་རྗེས་ཤིན་ཏུ་གསལ་བ་ཆེ་ཆུང་གཉིས། ལྷ་མོའི་རྫུ་འཕྲུལ་གྱི་དྲེལ་རྗེས་གཅིག་བཞུགས་པས་མཚོན་ཏེ་འདི་རིགས་མང་ངོ་། །ལ་རྒྱབ་སྨར་ཡུ་ནང་ནས་བྱང་ངོས་སུ་ལྟ་བའི་བྲག་དཀར་ནི་གནོད་སྦྱིན་རྨུགས་འཛིན་དབང་པོའི་གནས་ཡིན། འདིའི་བྲག་ངོས་སུ་མཆོད་རྟེན་རང་གྲུབ་མདུན་ངོས་བྲག་ལེབ་ཟུར་པ་ཤར་ལྟ་བ་ཞིག་གི་ངོས་སུ་རི་རབ་མཚོ་གླིང་དང་བཅས་པའི་བཀོད་པ། དེ་འོག་བྲག་ངོས་རིན་ཆེན་ཟུར་བརྒྱད་མེ་འབར་གྱི་དབྱིབས་སུ་གྲུབ་པ་ལ་བརྡ་ཡིག་ཧྲཱིཿདང་བོད་ཡིག་ཊྃ་


LT38_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚན་པ། དེའི་གཡས་སྟོད་ཀྱི་ཕ་ཝཾ་ངོས་སུ་གཏེར་རྟགས་དགའ་བ་འཁྱིལ་པ་དང་རྡོ་རྗེ་མེ་འབར་ཕྱག་བྲིས་མའི་སྟེང་དུ་གུ་རུའི་ཞབས་ཀྱི་རྗེས་བཞུགས། ཛུ་རུ་ལུང་པའི་བར་བྲག་དིལ་དཀར་ཆུང་ངོས་ཧཱུྃ་མཐིང་ག་སོགས་ཡིག་འབྲུ་སྣ་ཚོགས་གསལ་བ་སྟེ་འདི་རྣམས་ནི། དཀར་ཆག་ལས། སྐུ་གསུང་ཐུགས་རྟགས་བརྒྱ་རྩ་བརྒྱད༔ ཆུ་བཞིའི་སྔགས་ཀྱི་རང་སྒྲ་སྒྲོག༔ ཀ་ལ་དུང་མཆོ་ཁྲུས་ཀྱི་ཆབ༔ སྐུ་གསུམ་ཐོད་སྒྱེད་ཚོགས་ཀྱི་གཞོང་༔ འདོད་ཡོན་རྣམ་ལྔའི་མཆོད་སྤྲིན་འཕྲོ༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ ཚེ་དཔག་མེད་པ་འཆི་མེད་གནས༔ ཞེས་གསུངས་པའི་དོན་ཡིན་ལ། སྔགས་སྒྲ་སྒྲོག་པའི་ཆུ་བཞི་ནི། དཔའ་འོག་ཆུས་རྡོ་རྗེ་སེམས་དཔའི་སྔགས། རི་ཁྲོད་ཆུས་རུ་ལུའི་སྔགས། ཆུ་མིག་མགོ་མང་དང་ར་ཆེན་ཆུས་ཡི་གེ་དྲུག་པའི་སྔགས། མཚེར་མིང་མའི་ཆུས་ཚེ་ལྷ་རྣམ་གསུམ་གྱི་སྔགས་ཀྱི་རང་སྒྲ་སྒྲོག་པ་ཡིན་ནོ། །དེ་ནས་ཧེ་རུ་ཀའི་མདུན་ངོས་སུ་ཇི་ལྟར་བཞུགས་པའི་ཚུལ་ནི། ཐོག་མར་གཡོན་ཕྱོགས་རྒྭ་ལོའི་སྒྲུབ་ཕུག་དང་འབྲེལ་བའི་བྲག་ནི་དཔལ་མ་ཧཱ་ཀ་ལ་ཕྱག་བཞི་པ། བཀའ་སྡོད་བརྒྱད་དང་བཅས་པའི་ཕོ་བྲང་། མགོན་པོའི་བླ་ཤིང་འཇིགས་སུ་རུང་བ། མི་ནག་ཁྱི་ནག་བྱ་ནག་འབུམ་འབུམ་གནས་པའི་བྲག་རི་ལྗོན་ཤིང་འཐིབས་པ་ནི་མགོན་པོ་རོང་། དེ་ནས་


LT38_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་སྔོན་མོ་བྱ་འདྲེད་བྱིས་འདྲེད་བྲག་རི་བྱ་རོག་གདོང་རང་བྱོན། ལ་དགུ་ལུང་དགུའི་ཕར་ནང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་རང་བྱོན། འཁྲུལ་སྣང་རྩད་གཅོད་འཕྲང་གི་ཕ་རོལ་ཏུ་ཡིག་དྲུག་སོགས་རང་བྱོན་དང་། དོམ་ཚང་རོང་གི་previous hit ཕུག་པར་གསང next hit་བའི་མགོན་པོ་གནས་པས་དེ་ཉིད་སྒྲུབ་ན་འགྲུབ་ཐག་ཉེ། འདི་དང་སྟག་ཚང་རོང་གཉིས་ལ་ཨོ་རྒྱན་བཞུགས་པའི་སྒྲུབ་ཕུག་རེ་རེ། ལེགས་ཉེས་སྟངས་འཛིན་འཕྲང་གི་ཕ་རོལ་ཏུ་མཁའ་འགྲོ་མ་བདེ་བའི་དབང་ཕྱུག་གི་སྐུ་རང་བྱོན། སྤྱར་མདུན་འདིར་རོང་བཞི་ཡོད་པའི་སྒང་བརྒྱད་ལ་གཽ་རཱི་སོགས་གནས་ཀྱི་མ་མོ་བརྒྱད། སི༚་ཧ་མ་སོགས་ཡུལ་གྱི་ཕྲ་མན་བརྒྱད། རྟ་གདོང་སྒོ་མ་བཞི་དང་བཅས་པ་སྤེལ་ནས་བཞུགས་པའི་ཕོ་བྲང་བྲག་རི་ཟང་ཡག་རྣམས་ཀྱི་ངོས་སུ་འཕགས་ཡུལ་གྱི་རིག་འཛིན་བརྒྱད་བོད་ཀྱི་བཀའ་བབས་དགུ་རྣམས་ཀྱི་སྐུ་བརྙན་ཕྱག་ཞབས་ཀྱི་རྗེས། སྒྲུབ་པའི་ཕུག་པ་དང་གྲུབ་ཆུ། མ་མོ་རྣམས་ཀྱི་སྐུ་དང་ཕྱག་མཚན། གཾ་ལ་སོགས་པའི་མིང་ཡིག་དང་པོ་རང་བྱོན། བསྟེན་པའི་ཤིང་སོགས་བཞུགས་པར་གསུངས་སོ། །མཐའ་སྐོར་དུར་ཁྲོད་རྣམས་ནི་དཀྱིལ་འཁོར་ཆེན་པོའི་དུར་ཁྲོད་རྣམས་ཀྱི་རང་གཟུགས་སུ་ལྷུན་གྱིས་གྲུབ་ལ། ཆུ་མིག་མགོ་མང་གི་གཡས་ཕྱོགས་སྤང་གཤུར་དུ་ཁ་ཊྭཱྃ་གའི་རྣམ་པ་


LT38_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཞིང་། བྲག་ལེབ་ནུབ་ཏུ་བལྟ་བའི་ངོས་སུ་ལྷན་སྐྱེས་ཡེ་ཤེས་ཀྱི་མཁའ་འགྲོ་བཀྲ་ཤིས་ཚེའི་དབང་ཕྱུག་མ་སེང་གེ་ལ་ཆིབས་པའི་གཟུགས་གསལ་པོ་ཡོད་པ་ནི་དེ་ཉིད་ཀྱི་བརྟེན་པའི་གནས་ཏེ། འདིར་སྨོས་པ་རྣམས་ནི་སྤྲུལ་པའི་གཏེར་ཆེན་དངོས་ཀྱི་ཞལ་སྔ་ནས་དངོས་སུ་ཞབས་བཀོད་པ་དང་། ལྐོག་གྱུར་ཡེ་ཤེས་གཟིགས་པ་ལས་འཁྲུངས་པ་རྣམས་ཆད་ལྷག་མེད་པར་བཀོད་པ་ཡིན་ལ། སྤྱིར་གནས་མཆོག་འདིའི་བཞུགས་ཚུལ་དང་གང་ཟག་སོ་སོའི་དག་སྣང་དུ་འཆར་ཚུལ་ནི་བསམ་གྱིས་མི་ཁྱབ་པས་སླད་ནས་ཇེ་གསལ་ཇེ་མང་དུ་འགྱུར་བ་ཡིན་ནོ། །གཞན་ཡང་དཀར་ཆག་ལས། དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱིས༔ བསྔགས་པ་བརྗོད་པའི་གནས་འདི་ནི༔ འོད་གསལ་ཐུགས་ཀྱི་གནས་ཡིན་ཕྱིར༔ ས་རྡོ་རི་བྲག་ཐམས་ཅད་ཀུན༔ འཇའ་ཟེར་ཐིག་ལེའི་རྣམ་པར་གནས༔ ཞེས་གསུངས་པ་ལྟར་གནས་འདིའི་ས་རྡོ་རི་བྲག་ཐམས་ཅད་ཀྱང་ཁ་དོག་དང་དབྱིབས་ཀྱི་རྣམ་པ་མ་ངེས་པ་འཇའ་འོད་ཟེར་དང་ཐིག་ལེའི་རྣམ་པ་ཤ་སྟག་ཏུ་ཡོད་ཅིང་། དཔའ་བོ་མཁའ་འགྲོ་དང་གིས་འདུ༔ བཀའ་སྲུང་ཕོ་ཉ་ལས་ལ་མྱུར༔ ལེགས་ཉེས་སྟངས་འཛིན་གནས་འདིས་བྱེད༔ ཅེས་འབྱུང་བའི་དོན་རྣམས་ཀྱང་ཚད་མས་གྲུབ་པ་ཡིན་ནོ། །དཀར་ཆག་ལས། དབུས་སུ་བྷ་ཊ་ཞེས་བྱའི་ཤིང་༔


LT38_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་དུ་ལྗོན་པ་ལྷོར་གསལ་ཤིང་༔ ནུབ་ཏུ་ལྕགས་ཀྱུ་བྱང་འབྲས་ལྡན༔ མི་འགྱུར་ཤིང་གི་མཛེར་མ་གདབ༔ ཅེས་དེ་བཱི་ཀོ་ཊཱིའི་གནས་མཆོག་ལ་མི་འགྱུར་བའི་གཟེར་ལྔ་རུ་གསུངས་པའི་དབུས་ཀྱི་བྷ་ཊ་ནི། ཟུང་འཇུག་དབུ་མ་རིའི་སྙིང་པོར་སྐྱེས་པའི་ཤིང་སྡོང་ལོ་མ་དར་སྐུད་འདྲ་བ་སྔགས་སྲུང་གནས་པའི་རྟེན་དང་། ཤར་གྱི་ལྗོན་པ་བཟང་པོ་ནི་མགོན་པོ་དང་ཞིང་སྐྱོང་རོང་གི་བར་ན་དམར་ནག་གི་མདངས་དང་ལྡན་པའི་ཤིང་སྡོང་གཞན་དང་མི་མཚུངས་པ་མགོན་པོའི་བླ་རྟེན་དང་། ལྷོ་ཡི་གསལ་ཤིང་ནི་དགོན་པའི་འོག་ལོགས་ཀྱི་ཤིང་སྡོང་རྩེ་མོ་དགུ་པ་གཤིན་རྗེའི་རྟེན་དང་། ནུབ་ཕྱོགས་ཨུཏྤལ་ལའི་ལྕགས་ཀྱུ་ལྟ་བུ་ནི་སྒྲོལ་མ་བྲག་ཁྲོད་ཀྱི་ཤིང་སྡོང་སྒྲོལ་མས་བྱིན་གྱིས་བརླབས་པ་སྟེ་དེ་གསུམ་ནི་སཱ་ལའི་སྡོང་པོ་ཡིན་ལ། བྱང་གི་འབྲས་བུ་ལྡན་པའི་ཤིང་གི་ཛུ་རུ་ལུང་པའི་ཕྱོགས་སུ་ཤུག་པའི་སྡོང་པོ་གཞན་དང་མི་མཚུངས་པ་ཞིག་ཡོད་པ་གནོད་སྦྱིན་གྱི་བླ་རྟེན་ཡིན་ནོ། །གཞན་ཡང་མཁའ་འགྲོ་རྒྱ་མཚོའི་ཕྱི་སྐོར་གྱི་བྲག་རྣམས་ལ་རྡོ་རྗེ་དང་ཕུར་བུ་རལ་གྲི་འཁོར་ལོ་སོགས་མཚོན་ཆའི་རབ་གསལ་བར་སྣང་ཞིང་། མགོན་པོ་རོང་། བྱ་རོག་རོང་ངམ་ཞིང་སྐྱོང་རོང་། སྟག་ཚང་རོང་། དོམ་ཚང་སྟེ་རོང་བཞི། དགེ་སྡིག་ཤན་འབྱེད་འཕྲང་། འཁྲུལ་སྣང་རྩད་གཅོད་འཕྲང་།


LT38_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཉེས་སྟངས་འཛིན་འཕྲང་། འཁོར་འདས་ལ་ཆེན་འཕྲང་སྟེ་འཕྲང་བཞི། བཀོད་ལེགས་མཎྜལ་ཐང་། མཁའ་འགྲོའི་བྲོ་ར་ཐང་། བདེ་སྐྱིད་ཕུན་ཚོགས་ཐང་། ཡེ་ཤེས་ཡངས་པའི་ཐང་སྟེ་ཐང་བཞི། སྒྲོལ་མ་ལ། ཞིང་སྐྱོང་ལ། སྒྲིབ་སྦྱོང་ལ། ཆོས་འཕེལ་ལ་སྟེ་ལ་བཞི། ཐར་ལམ་སྒང་། ཕྱག་འཚལ་སྒང་། ལྷ་མཇལ་སྒང་། མཐར་ཕྱིན་སྒང་སྟེ་སྒང་བཞི། བར་ཆད་བདུད་ཀྱིས་དབེན་པའི་རི། །ཆགས་སྡང་འདུ་འཛིས་དབེན་པའི་རི། ཉོན་མོངས་ཆོས་བརྒྱད་དབེན་པའི་རི། སྡུག་བསྔལ་དབེན་ཅིང་བདེ་བ་འཕེལ་བ་གསང་བའི་རི་སྟེ་དབེན་རི་བཞི། ཡེ་ཤེས་གསལ་བའི་གོང་བུ། ཆོས་ཉིད་རང་བྱུང་གོང་བུ། ལྟ་བ་ཀློང་ཡངས་གོང་བུ། ཐིག་ལེ་ཉག་གཅིག་གོང་བུ། འགྱུར་མེད་གཡུང་དྲུང་གོང་བུ་སྟེ་གོང་བུ་ལྔ་རྣམས་ཡོད་པ་ལས། ལ་གསུམ་གཡས་ཕྱོགས་སུ་ཡོད་ཅིང་། རོང་བཞི་འཕྲང་བཞི་གཡོན་ཕྱོགས་སུ་ཡོད། གཞན་རྣམས་བསྐོར་ནས་ཡོད་པ་སྟེ་མདོར་ན་རྒྱ་ཆེ་ཆུང་ཙམ་ལས་མཚན་དང་རྣམ་པ་ཐམས་ཅད་དཔལ་གྱི་ཙཱ་རི་ཏྲ་དང་ཀླ་ཚུལ་མཚུངས་པར་ཁོ་ནར་བཞུགས་པ་ཡིན་པས་ཐེ་ཚོམ་མེད་པའི་ཡིད་དང་བ་ཆེན་པོས་གུས་པ་ལྷུར་ལེན་པར་རིགས་སོ། །


LT38_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་རྟེན་དུ་གྱུར་པ་གནས་རིའི་དཀར་ཆག་ཞིབ་པར་བཤད་གྲུབ་ནས། དེ་ལ་བརྟེན་པའི་གདན་ས་ཆེན་པོ་འདི་ཉིད་ཀྱང་། ཇི་སྐད་དུ། མ་འོངས་གནས་མཆོག་འདི་དག་ཏུ༔ གྲུབ་པའི་སྐྱེས་བུ་དུ་མ་འདུ༔ གཙུག་ལག་ཁང་དང་མཆོད་རྟེན་འབྱུང་༔ ཞེས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་རྟེན་དང་བརྟེན་པ། དེ་འཛིན་སྐྱེས་བུའི་ཚོགས་དང་བཅས་པ་རྣམས་དང་། དཀར་ཆགས་སྟེང་བྱུང་བ་ན༔ ཧེ་རུ་ཀ་ཡི་སྐུ་གསུང་ཐུགས༔ འོག་མིན་གནས་ནས་འདི་རུ་འཕོ༔ ཞེས་ཡང་ཁྲོད་ཀུན་བཟང་བདེ་ཆེན་འོད་གསལ་གླིང་རྟེན་དང་བརྟེན་པར་བཅས་པའང་རྡོ་རྗེའི་གསུང་གིས་གསལ་བར་བསྟན་པ་ཡིན་པས་དང་བ་དང་ཡིད་ཆེས་པའི་དད་པས་ཚོགས་སྤེལ་བ་ལ་བརྩོན་པར་བྱའོ། །དེ་ལྟར་རང་བྱོན་ལ་སོགས་པ་འདི་རྣམས་ཡང་དག་པ་ཡིན་པའི་ལུང་ཡང་། བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི༔ ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱུང་འབྱོན༔ དེ་མཐོང་ཐོས་དང་གང་འབྲེལ་ངན་སོང་མེད༔ ཕྱོགས་ནི་མ་ངེས་ཕྱོགས་མཚམས་དབུས་ལ་སོགས༔ ཉེ་རིང་མེད་ཕྱིར་ཀུན་ཏུ་འབྱོན་པར་འགྱུར༔ དེ་བཞིན་དུས་ལ་ངེས་མེད་ནམ་ཡང་འབྱོན༔ ཡུན་ལ་ཚད་བཟུང་མེད་དེ་འཁོར་


LT38_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མཐའི་བར༔ ཞེས་དང་། ཡིག་དྲུག་ལ་སོགས་རང་བྱོན་བསམ་མི་ཁྱབ༔ དེ་སོགས་རྣམ་པ་དུ་མར་སྤྲུལ་ནས་ཀྱང་༔ འགྲོ་བའི་དོན་མཛད་བསྟན་པ་རྒྱས་པར་འགྱུར༔ ཞེས་གསུངས་པས་གནས་མཆོག་འདི་ལྟ་བུར་མ་ཟད། མཐོ་དམན་ངེས་པ་མེད་པའི་ཕྱོགས་རྣམས་སུ་རང་བྱོན་ཅི་རིགས་པར་བཞུགས་པ་རྣམས་ཀྱང་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་རང་འོད་ལས་བྱུང་བ་ཡིན་པས་དད་མོས་དག་སྣང་རྩེ་གཅིག་བྱས་ན་དེ་དག་དངོས་སུ་མཇལ་བ་དང་ཁྱད་པར་མ་མཆིས་སོ། །བདུན་པ་བསྐོར་བ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། བསྐོར་བའི་ལམ། དུས་ཚོད། བསྐོར་བ་བྱེད་ཚུལ་ལོ། །དང་པོ་བསྐོར་ལམ་ཕྱི་ནང་གསང་བ་རྩེ་བསྐོར་སྟེང་བསྐོར་བཅས་བཞི་ལས། ཐོག་མར་མཁའ་འགྲོ་རྒྱ་མཚོའི་ཕྱི་བསྐོར་ནི། གནས་མཆོག་འདི་ཉིད་ཕྱི་ལྟར་ན་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་བཀོད་པའི་ཚུལ་དུ་བཞུགས་པའི་རྡོ་རྗེའི་རྭ་བའི་ནང་མཐའ་ནས་བསྐོར་བ་སྟེ། ཐོག་མར་སེམས་བསྐྱེད་དང་ལྡན་པས་དུང་དཀར་ཆུ་མདང་ནས་བཀོད་ལེགས་མཎྜལ་ཐང་དུ་བབ་སྟེ། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ་བཞིན་པས་དཔའ་འོག་ཆུ་བོས་ཁྲུས་བྱ་ཞིང་ཕྱི་ནང་གསང་བའི་མཎྜལ་ཕུལ། ཆོས་ཁྲི་བྲག་སྣར་ལྷོ་ཡི་སྒོ་སྲུང་ལ་བསངས་དང་གསེར་སྐྱེམས་ཀྱིས་མཆོད། ཡིག་དྲུག་བཟླ་བཞིན་


LT38_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཆེན་ནས་འབབས་པའི་ཆུ་བོས་ཁྲུས་བྱ། ཆུ་རྒྱུད་གྱེན་དེང་དུ་ཕྱིན། མཁའ་འགྲོའི་བྲོ་ར་ཐང་དུ་གླུ་གར་དང་འདྲེལ་པའི་ཚོགས་ཀྱི་འཁོར་ལོ་བྱ། ཨ་མནའ་འདྲེ་ཕུག་ཡར་བཅད་དེ་ཙཱ་རི་རང་བྱུང་གི་ལྟག་ནས་ཆུ་བོའི་རྒྱུན་གྱེན་ལ་དེད། སྒྲོལ་མ་ལ་ནང་མཁའ་འགྲོའི་ཚོགས་གཞོང་དུ་ཕལ་པས་བཟའ་བཏུང་ཟས་སྣའི་རིགས་མཆོད་ཅིང་། རྣལ་འབྱོར་པས་ལུས་སྦྱིན་གྱིས་མཚོན་ཕྱི་ནང་གསང་བའི་ཚོགས་འཁོར་བྱ། རང་བྱུང་ཁྲུས་ཆབ་ལས་ཚེ་ལྷ་རྣམ་གསུམ་གཟུངས་བཟླ་ཞིང་བཀྲུ་བ་དང་འཐུང་བ་སོགས་བྱ། དེའང་ཆུའི་ནང་དུ་ལུས་ཀྱི་དྲི་མ་འགྲོ་མི་རུང་བས་ཟུར་དུ་ལེན་པ་ལེགས། ཀ་ལ་དུང་མཚོར་གཙང་ཞིང་དག་པའི་མཚོ་འཕྲུལ་ཅི་འབྱོར་ཕུལ། སྒྲོལ་མ་ལ་ཐོག་ཚེ་བསོད་རྒྱས་པའི་རྟེན་འབྲེལ་མཎྜལ་དང་སྨོན་ལམ་སོགས་བྱ། བདེ་སྐྱིད་ཕུན་ཚོགས་ཐང་དུ་བདེ་སྐྱིད་འབྱུང་བའི་རྟེན་འབྲེལ་དཀར་སྤྲོའི་ཁ་ཟས། དགའ་སྐྱིད་ཀྱི་གླུ་གར་སོགས་བྱ་ཞིང་རྒྱལ་ཁམས་བདེ་སྐྱིད་འབྱུང་བའི་སྨོན་ལམ་གདབ། ཐར་ལམ་སྒང་དུ་སེམས་ཅན་ཐམས་ཅད་ཐར་པའི་ལམ་ཕྱིན་ཅི་མ་ལོག་པ་ལ་འཇུག་པའི་སྨོན་ལམ་གདབ། སྒྲིབ་སྦྱོང་ལ་ཐོག་ཏུ་ནུབ་སྒོ་སྲུང་བ་ལ་བསངས་དང་གསེར་སྐྱེམས་འབུལ། རླུང་སེམས་དབང་དུ་འདུས་པའི་རྟེན་འབྲེལ་


LT38_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས། ཕྱག་འཚལ་སྒང་དུ་གནས་མཆོག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གསལ་གདབ་ཅིང་ཕྱག་ཅི་ནུས་སུ་འཚལ། ཆོས་འཕེལ་ལ་ཐོག་ཏུ་སེམས་ཅན་ཐམས་ཅད་ཀྱི་སེམས་རྒྱུད་ཆོས་ལ་འབྱོར་པའི་སྨོན་ལམ་གདབ། གནས་སྲུང་ཆེན་པོ་རྡོ་རྗེ་དཔལ་འབར་བསངས་དང་གསེར་སྐྱེམས་སོགས་ཀྱིས་མཆོད། ལྷ་རྒྱལ་བཏང་། རྨུགས་འཛིན་དབང་པོའི་གནས་རིས་མདུན་ནམ་འབྲས་ལྡན་གྱི་ལྗོན་ཤིང་ཡོད་པའི་ཕྱོགས་ནས་བྱང་སྒོ་སྲུང་བ་ལ་བསངས་དང་གསེར་སྐྱེམས་ཀྱིས་བརྔན། ཕྱ་གཡང་འགུགས་པའི་འདོད་དོན་བཅོལ། རི་གདོང་རལ་གྲི་འདྲ་བ་ནས་དགྲ་བགེགས་ཚར་གཙང་གི་རྟེན་འབྲེལ་བསྒྲིགས། དེ་ནས་རིམ་པར་གཡས་བསྐོར་གྱིས་ཕྱིན་ཏེ་དཔལ་ཆེན་པོ་རང་བྱུང་གི་གཡོན་འདབ་བྲག་དམར་ལྷུན་ཆགས་ནས་གངས་རི་རྩེ་མཐོང་བའི་བར་དུ་བརྒལ། ལྷ་མཇལ་སྒང་ནས་རང་བྱུང་དཔལ་ཆེན་པའི་བཀོད་པ་མཇལ་ཞིང་མཎྜལ་ཚོགས་གཏོར་ཡན་ལག་བརྒྱད་པའི་རྒྱུན་བཤགས་སོགས་བྱ་ཞིང་ཐུན་མོང་མ་ཡིན་པའི་སྨོན་ལམ་གདབ། འདི་དག་ནས་འགོ་བརྩམས་མཐར་ཕྱིན་སྒང་དུ་མ་སླེབ་བར་ཀུ་ཅོ་བཤུགས་པ་སོགས་སྐད་ཆེར་མི་འདོན། གཅིན་སྟུག་སྣབ་ལུད་དོར་བ་སོགས་མི་བྱ་བར་དང་མོས་རྩེ་གཅིག་པས་རིག་པ་བསྒྲིམས་ནས་འགྲོ་དགོས། སྔོན་མོ་


LT38_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་འདྲེད་བྱིས་འདྲེད་བརྒྱུད་པས་སྐབས་སྐབས་སུ་ཀཾ་ཀ་དང་བྱ་རོག་གི་སྐད་ཐོས། ཞིང་སྐྱོང་ལ་བརྒལ། བྱ་རོག་གདོང་རང་བྱོན་གྱི་མདུན་ཏུ་གཏོར་ཚོགས་འབུལ་ཞིང་ཕྲིན་ལས་བཅོལ། མཁའ་འགྲོའི་ཚོགས་གཏོར་ཡོད་པའི་མདུན་ཐད་ནས་ཡན་ལག་བརྒྱད་པ་ཕྱི་ནང་གསང་བའི་མཎྜལ་དང་ཚོགས་གཏོར་འབུལ། མཆོག་གི་དངོས་གྲུབ་ཐོབ་པའི་གསོལ་བ་གདབ། ཤར་གྱི་ལྗོན་པ་ཡོད་པར་སྒོ་སྲུང་ལ་བསངས་དང་གསེར་སྐྱེམས་ཀྱིས་བརྔན། ལ་དགུ་ལུང་དགུ་བརྒལ། ཕྱག་དྲུག་པ་རང་བྱོན་ལ་མཆོད་པ་འབུལ་ཞིང་འདོད་དོན་ཞུ། བྱ་རོག་རོང་ངམ་ཞིང་སྐྱོང་རོང་དུ་བབ། རུ་ལུའི་སྔགས་བཟླ་ཞིང་བདུད་རྩིའི་ཆུ་བོས་ཁྲུས་བྱ། དགེ་སྡིག་ཤན་འབྱེད་ཀྱི་འཕྲང་ནས་བརྒྱུད་སྟག་ཚང་རོང་དུ་ཕྱིན། འདི་ནས་མཁའ་འགྲོ་མ་སྟག་གཟིག་གི་གཟུགས་སུ་སྤྲུལ་ནས་མི་སྡིག་ཅན་ཟ་བར་བྱེད། གནས་བསྐོར་བ་གཞན་ལའང་ངར་སྐད་སྒྲོགས་པ་དང་འཇིགས་གཟུགས་བསྟན་པའི་སྡངས་སྐྲག་གིས་ལས་ཀྱི་སྒྲིབ་པ་སྦྱོང་། འདིའི་གཡས་ཕྱོགས་ཕུག་པ་ཞིག་ལ་རྡོ་བཅོལ་བས་བཟང་ངན་གྱིས་པྲ་བརྟག །འཁྲུལ་སྣང་རྩད་གཅོད་ཀྱི་འཕྲང་ལས་སྒྲོལ་ཏེ་སྤྱན་རས་གཟིགས་དངོས་སུ་མཇལ་བར་འདུ་ཤེས་པས་ཡིག་དྲུག་རང་བྱོན་མཇལ། དོམ་ཚང་རོང་དུ་སླེབ། འདིའི་previous hit གསང


LT38_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཕུག next hit་པར་ཕལ་གྱིས་བགྲོད་དུ་མི་རུང་ཞིང་ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོའི་རྣལ་འབྱོར་པ་ཡིན་ན་གཟབ་ནས་སོང་སྟེ་མཆོད་བསྟོད་བགྱིས་པས་འདོད་དོན་འགྲུབ། རོང་འདི་རྣམས་ཙཱ་རིའི་གནས་ལག་དངོས་ཡིན། ལེགས་ཉེས་སྟངས་འཛིན་གྱི་འཕྲང་ལས་བརྒལ་ཏེ་མཁའ་འགྲོ་མ་བདེ་བའི་དབང་ཕྱུག་གི་སྐུ་མཇལ། མཁའ་སྤྱོད་ཀྱི་སྨོན་ལམ་གདབ། འཁོར་འདས་ཤན་འབྱེད་ཀྱི་འཕྲང་ལས་བརྒལ་ནས་འཁོར་འདས་ལ་བཟླའི་ལྟེམས་ཡེ་ཤེས་ཡངས་པའི་ཐང་དུ་ཅུང་ཟད་ངལ་གསོ། རྣལ་འབྱོར་པ་རྣམས་ཀྱིས་ཉམས་སྐྱོང་ཞིང་རྡོ་རྗེའི་ཉམས་མགུར་བླང་། ཚོགས་ཀྱི་འཁོར་ལོ་བྱ། མཎྜལ་རྒྱས་པར་འཕུལ། སྐྱེ་བོ་ཕོ་མོས་ཀྱང་ཡི་གེ་བདུན་པ་དང་བཛྲ་གུ་རུའི་དབྱངས་གླུར་ལེན། མཐར་ཕྱིན་སྒང་དུ་སླེབ་པ་ན་བཀྲ་ཤིས་བརྗོད་ཅིང་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་པར་བྱའོ། །གཉིས་པ་ཧེ་རུ་ཀའི་ནང་སྐོར་ནི། གདན་ས་ཆེན་པོ་ནས་ཕྱིན་ཏེ་སྒྲོལ་མ་ལ་བརྒལ། རྡོ་རྗེ་མཚེར་ཆེན་མའི་འོག་གི་ལུང་ཕ་བརྒྱུད་ར་ཆེན་ཁ་ནས་སྨར་ཡུ་ནང་དུ་བབ་སྟེ་ལྷ་མཇལ་སྒང་དུ་འགྲོ། དེ་ནས་ཐད་ཀའི་གསང་ལམ་བརྒྱུད། །རི་ཁྲོད་ཞིང་སྐྱོང་བྲག་འོག་ནས་དུང་དཀར་སྒང་དུ་བསྐོར་མདུད་ཕོག་པའོ། །གསུམ་པ་ཡེ་ཤེས་འབར་བའི་གསང་བསྐོར་ནི་གྲུབ་པ་ཐོབ་པ་དང་སུམ་ལྡན་རྡོ་རྗེ་འཛིན་པ། དགེ་སློང་


LT38_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་གཙང་། སྔགས་པ་དམ་གཙང་། རིགས་བཟང་མཁའ་འགྲོའི་མཚན་རྟགས་ཚང་བའི་བུད་མེད་མ་གཏོགས་ཕལ་པས་བགྲོད་པའི་གནས་མ་ཡིན་ནོ། །བཞི་པ་རིག་འཛིན་བླ་མའི་རྩེ་སྐོར་ནི། ཆུ་མིག་མགོ་མང་ནས་ཧེ་རུ་ཀའི་དབུ་རྩའི་བར་དུ་ཕྱིན་ཏེ་ངོས་ལེབ་ནས་མཐུར་དུ་བབ། ཞིང་སྐྱོང་ཕྲག་འོག་ནས་དུང་སྒང་དུ་ཕྱིན་པའོ། །ལྔ་པ་ཀུན་ཏུ་བཟང་པོའི་སྟེང་བསྐོར་ནི། དཀྱིལ་འཁོར་གྱི་སྟེང་ཕྱོགས་བགྲོད་པའི་ཚུལ་ཏེ་ཉམས་བསྒྱང་བའི་གནས་ལས་ཕལ་པའི་སྤྱོད་ཡུལ་མ་ཡིན་ནོ། །གཞན་ཡང་ཅི་བདེའི་ཞོལ་ནས་བསྐོར་ན་ཆོས་ཁྲི་བྲག་སྣ་ནས་ས་དམར་ལ་བརྒྱུད། ཛི་ན་ནས་ངོས་ཆེན་ཏུ་བབ་སྟེ་དཔའ་ཆུ་རིམ་འདེད་ཀྱིས་ཆོས་ཁྲི་མཎྜལ་ཐང་དུ་ཕྱིན་པ་དང་། ནང་གི་ཧེ་རུ་ཀ་གསུམ་ཚང་བའི་དཀྱིལ་འཁོར་རྫོགས་པའི་མཐའ་བསྐོར་བྱེད་ན། ཤ་བཞེ་ལ་བརྒལ་ཚེ་ཚ་ནས་རྩེ་ཟུལ་མདོར་ཕྱིན། ཨ་ལོ་ཁ་སྟེང་ལ་བརྒལ། ཀ་རོང་ཁ་ནས་ལྷ་མདོའི་འཇོ་ངད་ལ་བརྒྱུད། དཔའ་བོ་དབང་ཆེན་བྲག་ནང་དུ་བཙུད། གཡུ་འབྲུག་ལ་སྨད་ནས་གསང་ལམ་བསྙགས་ཏེ་རྡོ་ཕུར་བབ། ཆུ་ཐུར་དེད་ཀྱིས་ཕྱིན། སི་དུ་ལ་བརྒལ། རོང་མེ་ནས་གཞུང་ལམ་བརྒྱུད་དེ་འདི་གར་ཕྱིན་དགོས་པར་གསུངས་སོ། །གཉིས་པ་དུས་ཚོད་ལ་གཉིས། ཐུན་མོང་དང་ཁྱད་པར་རོ། །དང་པོ་ནི་གནས་


LT38_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་འདི་དག་འཁོར་བ་མ་སྟོངས་ཀྱི་བར་དུ་འབྲེལ་ཚད་དོན་ལྡན་གྱི་འགྲོ་དོན་འབྱུང་བ་བྱིན་གྱིས་བརླབས་པ་ཡིན་པས། རང་རང་གི་འཁོས་ལྕོགས་དང་བསྟུན་པའི་ཕྱག་བསྐོར་མཆོད་འབུལ་སོགས་དུས་ནམ་བྱས། ཆེ་ཆུང་ཇི་ཙམ་ནུས་ཀྱང་དེ་དང་མཐུན་པའི་ཕན་ཡོན་འབྱུང་བར་ཡིན་པས་དེས་གཟུང་མེད་དོ། །གཉིས་པ་ཁྱད་པར་གྱི་དུས་ནི། རྩ་བ་ལས། ཁྱད་པར་ལུག་ལོ་སྤྲེལ་ཟླ་བར༔ རིག་འཛིན་ཡི་དམ་མཁའ་འགྲོའི་ཚོགས༔ ཕྱོགས་བཅུའི་གནས་ནས་འདི་རུ་འབྱོན༔ ཞེས་གསུངས་པས་ལུག་ལོ་ནམ་ཤར་དུ་ཕྱོགས་བཅུའི་རྩ་བ་གསུམ་པོའི་དཀྱིལ་འཁོར་གནས་མཆོག་འདིར་འདུ་བ་ཡིན་ཅིང་། དེ་ལས་ཀྱང་ཁྱད་པར་སྤྲེལ་གྱི་ཟླ་བར་ངེས་པ་ཅན་གྱི་དུས་ཚིགས་སུ་གསུངས་པས། ལུག་ལོ་སྤྲེལ་གྱི་ཟླ་བ་དང་། ལོ་བསྟར་དུའང་སྤྲེལ་ཟླ་ནམ་བྱང་ལ་བསྐོར་ན་བྱིན་རླབས་ལྷག་པར་ཆེ་བ་ཡིན། སྤྲེལ་ཟླ་ཟླ་བ་ལྔ་པ་དང་། དྲུག་པ་དང་། བདུན་པ་ལ་བཞེད་པའི་ལུགས་སྲོལ་གསུམ་སྣང་བ་གསུམ་ཀའང་ཆོས་སྤྱན་ལྡན་པ་དག་གི་དགོངས་པ་ཡིན་པས་འཁྲུལ་པ་མེད་ཅིང་། སངས་རྒྱས་རྣམས་གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་མངའ་བས་སེམས་ཅན་གྱི་དད་པའི་ཉེར་ལེན་དང་མཐུན་པར་བྱིན་རླབས་འཇུག་པའི་ཕྱིར་ཟླ་བ་འདི་གསུམ་ཁྱད་པར་མེད་


LT38_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཟུང་ངོ་། །གསུམ་པ་བསྐོར་བ་བྱེད་ཚུལ་ཁྱད་པར་བ་ནི་གོང་དུ་སྨོས་པས་ཁྱབ་ལ། སྤྱིར་ནི་རྒྱལ་བ་གཉིས་པ་རང་བྱུང་རྡོ་རྗེ་དང་། རྟོགས་ལྡན་མཁའ་སྤྱོད་དབང་པོ་སོགས་ཀྱི་གསུང་རབ་ལས་འབྱུང་བ་ལྟར། འདུལ་བ་དང་མཐུན་པར་སྒོ་གསུམ་སྡོམ་པ་དང་ལྡན་པ། ཕར་ཕྱིན་དང་མཐུན་པར་བྱང་ཆུབ་སེམས་བསྐྱེད་དང་ལྡན་པ། གསང་སྔགས་དང་མཐུན་པར་དམ་ཚིག་གཙང་ལ་ཁྱེར་སོ་གསུམ་དང་ལྡན་པ། ལུས་སྒྲིབ་དག་པར་བྱེད་པ་རྟ་ཁྱེར་ཞྭ་གྱོན་སོགས་སྤོང་བ། ངག་སྒྲིབ་དག་པར་བྱེད་པ་ཁ་ཏོན་བསྟོད་དབྱངས་དང་བཅས་པ། ཡིད་སྒྲིབ་དག་པར་བྱེད་པ་མོས་གུས་དག་སྣང་དང་ལྡན་པ། མདོར་ན་ཆོས་མིན་གྱི་སྤྱོད་པ་སྤོང་སྟེ་བག་ཡོད་དྲན་ཤེས་ཡིད་ཆེས་དང་ལྡན་པས་བསྐོར། རྩེད་མོ་ཀུ་རེ་བཞད་གད་ལུང་མ་བསྟན་གྱི་གཏམ་སྨྲ་བ་སོགས་སྤང་། བཟའ་བཏུང་འཕྱོར་ཆས་སོགས་འཇིག་རྟེན་བྱ་བ་རྒྱང་དུ་བསྲིང་། ཁྱད་པར་མི་དགེ་བའི་ལས་ལམ་བཅུ་དང་། ཆང་བཟི་འཐབས་རྩོད། ཀུ་ཅོ་ཆེར་སྒྲོག་པ་སོགས་ལ་ཤིན་ཏུ་འཛེམ། གནས་ནང་འདིར་གཏོགས་པའི་རི་དྭགས་གསོད་པ་བྱུང་ན་ཆེ་ཆུང་གང་གསོད་ཀྱང་རུང་བཀའ་ཆད་འཕྲལ་དུ་འབྱུང་བའི་བཀའ་བསྒོ་ལོ་བསྟར་ནན་ཏུ་བྱས་ཤིང་མདོ་སྒྲུབ་ཀྱང་ཡོད་


LT38_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཀའ་ཆད་ངེས་པར་འབྱུང་བའི་ཕྱིར་རང་སྲོག་དང་རང་ནོར་ལ་བསམ་མནོ་བཏང་བའི་དྲན་པ་བསྟེན་དགོས། ལམ་ཐུར་འཕྲང་རོང་གིས་ངལ་དུབ་བྱུང་ན་དོན་མེད་འཇིག་རྟེན་བྱ་བར་དཀའ་བ་དང་བླང་དང་མི་མཚུངས་པར་སྒྲིབ་པ་བྱང་བའི་དགའ་བ་བསྒོམ། དཔའ་བོ་མཁའ་འགྲོའི་རྣམ་འཕྲུལ་ཇི་ལྟར་སྟོན་པའི་ཚོད་མི་ཟིན་པས་མི་དུད་འགྲོ་བྱ་བྱིའུ་རི་དྭགས་གཅན་གཟན་བཟང་ངན་གང་མཐོང་ཡང་དད་པ་དང་དག་སྣང་བསྐྱེད། ལམ་འཕྲང་ཆར་རླུང་ནགས་རོང་གཅན་གཟན་ཐོག་སེར་སོགས་ཀྱི་འཇིགས་པ་བྱུང་ན་སེམས་མི་ཞུམ་པར་རྩ་བ་གསུམ་ལ་གསོལ་འདེབས་དང་གནས་བདག་ལ་གཏོར་མ་གསེར་སྐྱེམས་འབུལ་ཞིང་བཀའ་བསྒོ་བྱ། བར་དོའི་འཇིགས་སྐྲག་དང་མཚུངས་པར་བལྟས་ལ་བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་བྱ། རྟེན་དང་རང་བྱོན་རྣམས་ལ་རྡེག་པ་དང་བཅག་པ་དང་གཞན་ཏུ་སྤོ་བ་སོགས་བྱས་ན་དུས་མིན་འཆི་བ་སོགས་བར་ཆད་འབྱུང་བས་གཡས་ཆུང་གཏན་ནས་མི་བྱ་བར་རྩ་གསུམ་དངོས་སུ་འདུ་ཤེས་སྐྱེད། སྒྲུབ་པའི་ཕུག་པ་རྣམས་སུ་ཚུལ་མ་ཡིན་པའི་སྤྱོད་པ་བྱས་ན་བཀའ་ཆད་འབྱུང་བས་ཚོགས་འཁོར་དང་བསམ་གཏན་བསྒོམ་པ་སོགས་ཀྱི་བཟང་འབྲེལ་བཞག་པར་བྱ་སྟེ། རྩ་བ་ལས། དམ་མེད་ཚུལ་ཉེས་སྤྱོད་པ་རྣམས༔ གནས་


LT38_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་སྡོད་པའི་གནས་མ་ཡིན༔ སྐལ་བ་ལྡན་དང་དམ་ཚིག་ལྡན༔ ཚུལ་བཞིན་སྤྱོད་པའི་རྣལ་འབྱོར་ལ༔ སྐལ་པར་མཚམས་པའི་དངོས་གྲུབ་ནི༔ འཐོབ་འགྱུར་ཐེ་ཚོམ་མེད་པའོ༔ ཞེས་གསུངས་སོ། །མདོར་ན། མོས་གུས་གསོལ་འདེབས་དང་བཅས་ཏེ་བསྐོར་ན་རིག་འཛིན་བླ་མའི་བྱིན་རླབས་འཇུག །ཏིང་འཛིན་བཟླས་བརྗོད་དང་བཅས་ཏེ་བསྐོར་ན་ཡི་དམ་ལྷའི་དངོས་གྲུབ་སྟེར། དགའ་སྟོན་ཚོགས་འཁོར་དང་བཅས་ཏེ་བསྐོར་ན་མ་སྲིང་མཁའ་འགྲོས་སྡོང་གྲོགས་བྱེད། དམ་རྫས་གཏོར་མ་དང་བཅས་ཏེ་བསྐོར་ན་ཆོས་སྐྱོང་སྲུང་མས་ཕྲིན་ལས་སྒྲུབ། བསངས་བརྔན་གསེར་སྐྱེམས་དང་བཅས་ཏེ་བསྐོར་ན་གནས་བདག་ཡུལ་ལྷས་མཐུན་རྐྱེན་སྒྲུབ། དཀའ་སྤྱད་གདུང་ཤུགས་དང་བཅས་ཏེ་བསྐོར་ན་ལས་ངན་སྡིག་སྒྲིབ་དག །མཎྜལ་སྨོན་ལམ་དང་བཅས་ཏེ་བསྐོར་ན་གང་འདོད་འབྲས་བུ་འགྲུབ། གསང་ཆེན་རིག་སྤྱོད་དང་བཅས་ཏེ་བསྐོར་ན་འཕོ་མེད་བདེ་ཆེན་འགྲུབ། མི་རྟོག་ཏིང་འཛིན་དང་བཅས་ཏེ་བསྐོར་ན་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་བ་ཡིན་པས་རྡོ་རྗེའི་དཀྱིལ་འཁོར་བླ་ན་མེད་པ་འདི་དག་ལན་བརྒྱར་བསྐོར་ཡང་ཆོག་ཤེས་མེད་པ། ལོ་བརྒྱར་བསྡད་ཀྱང་སྐྱོ་ངལ་མེད་པ། ཡིད་ཆེས་ངེས་ཤེས་རྒྱུན་ཏུ་བྱ་བ། ཀུན་ཏུ་དགའ་བས་རྟག་ཏུ་བསྟེན་ཏེ་མི་


LT38_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དོན་དང་ལྡན་པར་བྱའོ། །བརྒྱད་པ་ངོ་མཚར་དེ་ལྡན་གྱི་གནས་ལ་བསོད་ནམས་བགྱིས་པའི་ཕན་ཡོན་བརྗོད་པ་ལ་གསུམ། སྤྱི་དང་བྱེ་བྲག །བསྐོར་ཚད་སྨོས་པའོ། །དང་པོ་ནི། སྤྱིར་རྡོ་རྗེའི་གནས་ཆེན་འདི་རྣམས་སུས་ཀྱང་མ་བྱས་རང་བྱུང་ལྷུན་གྱིས་གྲུབ་པའི་རྟེན་མཆོག །དག་པའི་སྣང་ངོར་ཐར་པ་ཆེན་པོའི་ཕོ་བྲང་། མ་དག་པའི་བློ་ལ་ས་རྡོ་རི་བྲག་བེམ་པོའི་གཟུགས་སུ་སྣང་བ་ཡིན་པས། བཟོ་བོ་མཁས་པས་འཇིམ་པ་སོགས་ལས་བཅོས་པའི་སྐུ་གསུང་ཐུགས་རྟེན་ལ་ཕྱག་མཆོད་བསྐོར་བ་བགྱིས་པའི་བསོད་ནམས་ཀྱང་ཚད་མེད་པ་མདོ་རྒྱུད་རྣམས་ལས་གསུངས་པས། དེ་ལས་ཀྱང་གནས་མཆོག་འདི་རྣམས་ལ་ཕྱག་མཆོད་བསྐོར་བ་སོགས་བགྱིས་པའི་ཕན་ཡོན་བྱེ་བ་བརྒྱ་འགྱུར་དུ་ཆེ་བ་ལུང་དང་རིགས་པས་གྲུབ་ལ། རྣལ་འབྱོར་པ་རྣམས་ཀྱིས་ནི་རྡོ་རྗེའི་བརྟུལ་ཞུགས་ཀྱི་རྟེན་འབྲེལ་དུ་མ་བསྒྲིགས་ནུས་པ་ཡིན། ལུང་བསྟན་བཀའ་རྒྱ་མ་ལས། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང་༔ ཡུལ་དང་ཡུལ་འདི་སྦས་པའི་ཡུལ་རྣམས་སུ༔ སྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས༔ དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༔ ཞེས་སོགས་གཏེར་ཁ་རྣམས་ལས་མགྲིན་གཅིག་དབྱངས་གཅིག་ཏུ་གནས་ཆེན་རྣམས་ཀྱི་ཡོན་ཏན་ཚད་མེད་


LT38_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྔགས་པར་མཛད་ཅིང་། མདོ་ཁམས་གནས་ཆེན་རྣམས་ཀྱི་མདོ་བྱང་དཀར་ཆག་གི་ཕན་ཡོན་སྤྱི་བསྡམས་ལས་ཀྱང་། ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་བྱང་༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩས་མཁའ་སྤྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་ལས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཞེས་གསུངས་སོ། །གཉིས་པ་བྱེ་བྲག་ཏུ་གནས་ཆེན་འདི་ཉིད་ལ་བསོད་ནམས་བསགས་པའི་ཕན་ཡོན་ནི། དཀར་ཆག་ལས། ཐུན་མོང་ཁྱད་པར་ཐམས་ཅད་དུ༔ དད་ཅིང་མོས་པ་བརྟན་པོ་ཡིས༔ གནས་འདིར་ཕྱིན་པ་ཙམ་གྱིས་ཀྱང་༔ ངན་སོང་དུཿཁ་ལས་སྐྱོབ་ཅིང་༔ ཕྱི་ནང་གསང་བའི་ཚོགས་འཁོར་གྱིས༔ བསོད་ནམས་ཡེ་ཤེས་ཚོགས་དུས་ཚོད། ཆེན་རྫོགས༔ ཕྱག་དང་བསྐོར་བ་སུས་བྱེད་པ༔ ལས་ངན་སྡིག་སྒྲིབ་ཐམས་ཅད་འདགས༔ གཞན་ཏུ་ལོ་གཅིག་སྒྲུབ་པ་བས༔ འདི་རུ་ཐུན་གཅིག་བསྒོམ་པས་ཟབ༔ རྩེ་གཅིག་སྒྲུབ་པ་སུས་བྱེད་པ༔ མཆོག་ཐུན་དངོས་གྲུབ་དེ་ཡིས་


LT38_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ༔ གནས་འདིར་མཆོད་པ་སུས་བྱེད་པ༔ ཚེ་དང་བསོད་ནམས་ཐམས་ཅད་རྒྱས༔ ཞེས་གསལ་ལ་འདུས་པར་བདེན་པའི་ཚིག་ཏུ་ལགས་པར་གསུངས་པ་ལྟར། ཕྱག་བསྐོར། མཆོད་བསྟོད། མཎྜལ་ཚོགས་འཁོར། སྤྲོས་བཅས་སྤྲོས་མེད་ཀྱི་སྒྲུབ་པ་བགྱིད་པར་ལྟ་ཅི་སྨོས། དད་ཅིང་མོས་པས་གནས་འདིར་ཕྱིན་པ་ཙམ་གྱིས་ཀྱང་ངན་འགྲོ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་། འདི་ཉིད་ཙཱ་རི་ཏྲའི་གནས་དང་མཚུངས་པའི་རྒྱུ་མཚན་གྱིས། དེའི་ཕན་ཡོན་ཁྱད་པར་བ་རྣམས་ཀྱང་འཐོབ་པར་འགྱུར་ཏེ། དེའང་རྒྱལ་བའི་དབང་པོ་རང་བྱུང་ཞབས་ཀྱིས། གནས་ཉེར་བཞིའི་གཙོ་བོ་ཙཱ་རི་ཏྲ། །བཅོམ་ལྡན་བདེ་མཆོག་གི་ཕོ་བྲང་ཡིན། །དད་མོས་པས་བསྐོར་བ་བྱེད་པ་རྣམས། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །འོད་དཔག་མེད་ཀྱི་སྤྱན་སྔར་སྐྱེ། །ཞེས་དང་། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས། འདི་ནི་དཀྱིལ་འཁོར་ཆེན་པོ་ཉིད། །སྐལ་ལྡན་རྣམས་ཀྱིས་དངོས་སུ་མཐོང་། །སྐལ་པ་འབྲིང་དང་ཐ་མ་ལ། །ལྷ་སྐུ་ཕྱག་མཚན་ཡིག་འབྲུ་དང་། །མཆོད་རྟེན་དུར་ཁྲོད་ལ་སོགས་པ། །གསལ་དང་མི་གསལ་ཚུལ་དུ་མཐོང་། །གནས་འདི་བསྐོར་བ་བསམ་ནས་ནི། །གོམས་པ་གཅིག་ཙམ་བོར་བས་ཀྱང་། །སྒྲིབ་དག་བར་ཆད་སེལ་བ་དང་། །དངོས་གྲུབ་འབྱུང་བར་ངེས་པ་ན། །དད་པ་དམ་ཚིག་དང་ལྡན་པས། །ལེག་ལྟ་


LT38_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྤང་ནས་ཚུལ་བཞིན་ཏུ། །གནས་ཀུན་བསྐོར་བ་བྱས་པ་ན། །ནད་གདོན་སྡིག་སྒྲིབ་བར་ཆད་སོགས། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །བསམ་དོན་འགྲུབ་ཅིང་ཚེ་དང་ནོར། །བསོད་ནམས་བདེ་ལགས་རྒྱས་པར་འགྱུར། །སྣོད་བཅུད་དབང་དུ་འདུ་བ་དང་། །དགྲ་བགེགས་ཐམས་ཅད་ཚར་ཆོད་ཅིང་། །ཐུན་མོང་དངོས་གྲུབ་ཕལ་ཆེར་འགྲུབ། །རིམ་གྱིས་མཆོག་གི་དངོས་གྲུབ་ཐོབ། །ཅེས་རྡོ་རྗེའི་ཚིག་ཏུ་མི་སླུ་བར་ཞལ་གྱིས་བཞེས་པའི་ཕན་ཡོན་དེ་དག་རང་རང་གི་དད་མོས་ཀྱི་ཉེར་ལེན། སྐལ་པའི་ཁྱད་པར་དང་མཚུངས་ལྡན་ཏུ་འཐོབ་པར་འགྱུར་བ་ཡིན་ལ། ཁྱད་པར་གནས་མཆོག་འདིའི་ཐང་བཞིར་ཚོགས་གཉིས་བསགས་པས་རྒྱུད་བཞི་དག །འཕྲང་བཞི་བརྒལ་བས་སྒྲིབ་བཞི་བྱང་། རོང་བཞིར་བགྲོད་པས་གནས་སྐབས་བཞིའི་བག་ཆགས་སེལ། ཆུ་བོ་བཞིས་ཁྲུས་བྱ་ཞིང་འཐུངས་པས་དབང་བཞིའི་ནུས་པ་འཇོག །ལ་བཞིར་དཀའ་བ་འཛེགས་པས་ལམ་བཞིར་བགྲོད། སྒང་བཞིར་ཕྱིན་པས་ཉམས་བཞི་འཆར། དབེན་རི་བཞིར་ཏིང་འཛིན་བསྐྱངས་པས་རྟོགས་པ་བཞི་འཐོབ། གོང་བུ་ལྔ་མཐོང་བས་ཡེ་ཤེས་ལྔ་འཆར་ཞིང་མཐར་ཐུག་སྐུ་ལྔ་འཐོབ་པ་སྟེ། དེ་ལྟ་བུའི་རྟེན་འབྲེལ་བསྒྲིག་ཅིང་བག་ཆགས་རྒྱུད་ལ་འཇོག་པ་ཡིན་པས་སོ་སོར་ངེས་ཤེས་ཀྱང་བསྐྱེད་དགོས་སོ། །དེ་ལྟར་ན་བསྐོར་བ་རྒྱས་པ་ཚད་


LT38_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གཅིག་གིས་ཁམས་དྲུག་ལྡན་གྱི་རྟེན་ཅན་ཞིག་སྨིན་གྲོལ་གཉིས་མཐར་ཕྱིན་ནས་ཚེ་ལུས་གཅིག་ལ་འཚང་རྒྱ་བའི་རྟེན་འབྲེལ་ལྷུན་གྲུབ་ཏུ་བསྒྲིག་ནུས་པ་ཡིན་ནོ། །གསུམ་པ་བསྐོར་ཚད་ཀྱི་ཕན་ཡོན་ཀྱང་། ལམ་ཞུགས་ཀྱི་གང་ཟག་རབ་འབྲིང་ཐ་མ། ཁྱིམ་པ་ཕོ་མོ་གང་ཡིན་ཀྱང་རང་རང་ལུགས་མཐུན་གྱི་བསམ་སྦྱོར་ཚད་ལྡན་གོང་སྨོས་ལྟ་བུའི་ངོས་ནས་མཁའ་འགྲོ་རྒྱ་མཚོའི་ཕྱི་བསྐོར་གཅིག་ལ་རང་རང་གི་འདོན་བཟླས་གང་བྱེད་པ་དུང་ཕྱུར་གཅིག་ཏུ་འགྱུར་ཞིང་གང་ཟག་རབ་ལ་ནི་ཚད་བཟུང་མེད། དེ་བཞིན་དུ་ཧེ་རུ་ཀའི་ནང་སྐོར་བདུན། རིག་འཛིན་བླ་མའི་རྩེ་བསྐོར་བརྒྱ། ཅི་བདེའི་ཞོལ་བསྐོར་ཉེར་གཅིག་ལ་དུང་ཕྱུར་རེ་བཟླས་པའི་ཕན་ཡོན་ཡོད། གཞན་ཡང་མཎྜལ་མར་མེ་ཚོགས་འཁོར་སོགས་ཀྱང་གཞན་ཏུ་སུམ་བརྒྱ་བྱས་པ་དང་གནས་འདིར་བརྒྱ་རྩ་གྲུབ་པའི་ཕན་ཡོན་མཉམ་ཞིང་། སྒྲུབ་པ་བགྱིས་པ་སོགས་ཀྱི་འགྱུར་ཁྱད་ཚད་མེད་པའང་གོང་སྨོས་ལུང་གིས་གསལ་བར་མཚོན་པ་ལྟར། མི་ལུས་སྙིང་པོར་ལེན་པར་འདོད་པའི་བློ་གྲོས་བཟང་པོ་ཅན་རྣམས་ཀྱིས་གནས་མཆོག་འདིར་ཚོགས་གཉིས་སྤེལ་བ་ལ་ཕྱི་བཤོལ་དུ་མ་སོང་བ་བརྩོན་འགྲུས་བརྟན་པོའི་གོ་ཆ་བགོ་བར་བྱའོ། །སངས་རྒྱས་ཡེ་ཤེས་ཡུལ་ནི་བསམ་མི་ཁྱབ། ཁམས་དང་མོས་པའི་མཐུར་ཡང་ཚད་བཟུང་མེད། །བདེ་ཆེན་ཆང་གིས་མྱོས་པའི་གར་མཁན་རྣམས། །རྡོ་


LT38_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་བཀོད་པ་མཐའ་ཡས་གླུ་ལེན་ཏོ། །རང་ལ་སྦས་པ་གཞན་ལ་སྟོན་པའི་མིག །འཕགས་མིན་སྐྱེ་ལ་མི་གསལ་རབ་རིབ་ཕྱིར། །ངལ་བ་འདི་འདྲས་བདག་ལ་ཅི་བྱ་ཡང་། །གྲུབ་པའི་དྲིན་གྱིས་གཞན་ལ་ཕན་པར་བརྩམས། །སུ་ཞིག་རྡུལ་དང་བྲལ་བའི་མིག་ཐོབ་པ། །དེ་ཡི་གན་ན་རྒྱལ་བའི་ཞིང་བཀོད་དེ། །སྤྱོད་པ་རྒྱ་མཚོ་སྤྱད་པའི་བློ་ཆེན་ནི། །མྱུར་དུ་ཐམས་ཅད་གཟིགས་པའི་ས་ལ་འགྲོ། །ལྐོག་གྱུར་གཟིགས་པའི་རྡོ་རྗེའི་སྤྱན་ལྡན་རྣམས། །ཕྲ་བའི་ཡུལ་ལ་ཡེ་ཤེས་འཇུག་པས་ན། །ཇི་ལྟར་གསུངས་ཀྱང་བདེན་པའི་ཚིག་ཡིན་ཕྱིར། །ཟ་འོག་རས་མ་ཆོས་ཀྱི་གོས་སུ་བསྡེབས། །འདི་འབྲེལ་སྐྱེ་དགུས་རྡོ་རྗེའི་ལམ་བགྲོད་དེ། །སྒྲིབ་པའི་དྲི་མ་སྙིང་པོར་གཙང་བྱས་ནས། །བདག་དང་གཞན་དོན་ཕུན་སུམ་ཚོགས་པའི་སྒོར། །གཏན་མེད་ཞི་བའི་སྦྱིན་པ་སྩལ་གྱུར་ཅིག །ཅེས་པ་འདིའང་རབ་ཡིད་ཆུ་སྟག་ལོར་ཁྱབ་བདག་རྡོ་རྗེ་འཆང་པདྨ་དབང་ཆེན་གྱི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཏེ་རྟེན་དང་བརྟེན་པར་བཅས་པའི་གནས་ཡིག་དཀར་ཆག་རྒྱས་པར་བྲིས་ཤིག་པའི་བཀའི་གནང་བ་ཡང་ཡང་སྩལ་རུང་ལག་ཏུ་མ་ལོན་པ། སླད་ནས་དོན་གྲུབ་ས་ལུག་ལོར་ཁམས་གསུམ་མགོན་པོ་རྒྱལ་བ་ཡབ་སྲས་ཞལ་རྒྱས་ཤིང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་ལས་གནས་ཀྱི་ངང་ཚུལ་གསལ་བར་གཏན་ལ་ཕེབ་པ་མ་ཟད། བཀའི་རྗེས་སུ་གནང་བ་ཐོབ་པར་ལྟར་རི་ངོགས་འདིར་ཡི་དམ་བརྟན་པ་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །།


previousཐུགས་ཀྱི་གནས་མཆོག་ཆེན་པོ་དེ་བཱི་ཀོ་ཊཱི་ཙཱ་འདྲ་རིན་ཆེན་བྲག་གི་རྟོག་པ་བརྗོད་པ་ཡིད་ཀྱི་རྒྱ་མཚོའི་རོལ་མོ།next