Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
གསོལ་འདེབས་བར་ཆད་ལམ་སེལ་འདོད་དོན་ཀུན་འགྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསོལ་འདེབས་བར་ཆད་ལམ་སེལ་འདོད་དོན་ཀུན་འགྲུབ།next

གསོལ་འདེབས་བར་ཆད་ལམ་སེལ་འདོད་དོན་ཀུན་འགྲུབ།

དབྱིངས་སྣང་མཁའ་འགྲོའི་བརྡ་སྒྲོམ་ལསཿ གསོལ་འདེབས་བར་ཆད་ལམ་སེལ་འདོད་དོན་ཀུན་འགྲུབ་བཞུགསཿ ཨེ་མ་ཧོཿ སྐྱབས་གནས་ཀུན་འདུས་དབྱིངས་ནས་གུ་རུ་བཞེངསཿ ལྔ་བདོའི་སྡུག་བསྔལ་སྐྱོབས་མཁན་ཐུགས་རྗེ་ཅནཿ མྱུར་དུ་གཟིགས་ནས་དགྲ་གདོན་འཇིགས་རུང་སོགསཿ དབྱིངས་ཡེ་ཀློང་གྲོལ་རྔ་ཡབ་དཔལ་རིའི་དྲུངཿ ཅི་བསམ་དོན་གཉིས་འབད་མེད་ལྷུན་གྲུབ་ཤོགཿ འབྲེལ་ཚད་དོན་ལྡན་མཁའ་སྤྱོད་ད་སྐྱེས་ཤོགཿ བསྟན་པ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཅེས་རིག་འཛིན་བླ་མའི་གདུང་རྒྱུད་ལྷ་སྟོབས་ཀྱིས་བསྐུལ་ངོ་མི་ལྡོག་ཙམ་དུ་རྟ་ཁྱུང་རོལ་རྡོར་ནས་ཕབ་པའོ།།


previousགསོལ་འདེབས་བར་ཆད་ལམ་སེལ་འདོད་དོན་ཀུན་འགྲུབ།next