Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

6 occurrences of འབངས་མི་
[Clear Hits]


collapse section
 
  
  
  
  
  
  
  
collapse section
ལེའུ་དགུ་པ་མ་འོངས་པའི་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པ།
  
  


6 occurrences of འབངས་མི་
[Clear Hits]

 
previousལེའུ་དགུ་པ་མ་འོངས་པའི་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པ།next

ལེའུ་དགུ་པ་མ་འོངས་པའི་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པ།

ལེའུ་དགུ་པ། མ་འོངས་པའི་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པ། ཡང་བསོད་

ནམས་རྒྱན་གྱིས་ཞུས་པ། མ་ཅིག་ལགས། སྙིགས་མ་ལྔ་བྱ་བ་དེ་ད་ལྟར་གྱི་དུས་འདི་ཡིན་

ནམ། ད་རུང་དེ་བས་བདོ་བ་ཞིག་འོང་ལགས་སམ། ད་རུང་དེ་བས་སྙིགས་མ་ལྔ་བདོ་བ་

ཞིག་འོང་རྒྱུ་ཡོད་ན། དེའི་དུས་ཀྱི་མི་རྣམས་སྤྱོད་ལམ་ཇི་འདྲ་བ་བྱེད། སངས་རྒྱས་ཀྱི་

བསྟན་པའི་འདུལ་ཁྲིམས་ལ་ད་ལྟ་བས་འཕེལ་འགྲིབ་འོང་ངམ། རང་རེའི་མ་ཅིག་གི་ཆོས་

229

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ལུགས་འདི་ད་ལྟ་བཞིན་ཡོང་ངམ། རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ལ་དར་ནུབ་གང་

ལ་འོང་། མ་ཅིག་གིས་མཁྱེན་པས་བཤད་དུ་གསོལ་ཅེས་ཞུས་པས། མ་ཅིག་གི་ཞལ་ནས།

ངས་མ་འོངས་པ་རྣམས་ཇི་ལྟ་བ་བཞིན་ཤེས་པས་བཤད་ཀྱིས། ཁྱོད་བློ་གསལ་ཞིང་དྲན་པ་

ཤེས་རབ་དང་ལྡན་པས་ལེགས་པར་ཉོན་དང་། སྙིགས་མ་ལྔ་ནི་ཇེ་བདོ་ཇེ་བདོ་ལ་འགྲོ་

བས། སང་ནམ་ཞིག་དུས་སུ་སྙིགས་མ་ལྔ་དང་རྩོད་པ་རྣམས་ཤིན་ཏུ་རྒྱས་པ་ཞིག་འོང་བའི་

དུས་གཅིག་འབྱུང་ངོ་། །དེའི་དུས་ཀྱི་མི་རྣམས་ཀྱང་ཤིན་ཏུ་རྩུབ་ཅིང་ཁྱད་པར་སྤྱོད་པ་ངན་

པར་འགྱུར་རོ། །

དེ་ལྟ་བུའི་དུས་སུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་གཉིས་ཀ་ཉམས་པ་ཞིག་འོང་། རང་

རེའི་ཆོས་ལུགས་འདི་ཡང་བྱེད་པ་ནི་མང་སྟེ། ཚུལ་དང་མཐུན་པ་ད་ལྟ་བཞིན་བྱེད་པ་ནི་མི་

འོང་། ཆ་ལུགས་ངན་པ་ནི་མི་འདྲ་བ་སྣ་ཚོགས་པའི་ཆས་ལ་ཞུགས་ནས། དམ་ཆོས་འདི་

སྨན་དུག་ཏུ་འགྱུར་བ་ལྟ་བུ་ལོག་པར་རྟོག་ཅིང་ལོག་པར་སྤྱོད་པ་མང་པོ་བྱུང་བས། ལས་མི་

དགེ་བ་སྣ་ཚོགས་པ་ཞིག་གསོག་པར་བྱེད་དོ། །དུས་དེ་དང་མཚུངས་པའི་དུས་ལ། སངས་

རྒྱས་ཀྱི་བསྟན་པའི་འདུལ་ཁྲིམས་ད་ལྟ་བས་ཅུང་ཟད་གསལ་བར་བྱེད་པའི་དགེ་སློང་

ཞིག་སྨག་ཏུ་གློག་འགྱུ་བ་ཙམ་ཞིག་འོང་སྟེ། འོན་ཀྱང་འབྱུང་པོའ་ིཁ་རླངས་ཤིན་ཏུ་འཕྱུར་

བའི་དུས་ཡིན་པས། མཐར་རྩོད་པ་རྒྱས་ནས་འདུལ་ཁྲིམས་བདེ་བར་མི་འོང་བ་ཡིན་ནོ་

གསུངས་སོ། །ཡང་བསོད་ནམས་རྒྱན་གྱིས་ཞུས་པ། མ་ཅིག་ལགས་དེ་འདྲ་འབྱུང་བ་ལ་ད་

ལྟ་འདི་ནས་ལོ་ཅི་ཙམ་ཡོད། སྙིགས་མ་དེའི་དུས་སུ་རྒྱལ་ཁྲིམས་དང་ཆོས་ཁྲིམས་ཉམས་

པ་ལ། སངས་རྒྱས་ཀྱི་བསྟན་པ་སྨག་ཏུ་གློག་འགྱུ་བ་ཙམ་གསལ་བར་བྱེད་པ་དེ། མ་ཅིག་

རང་གི་ཐུགས་རྗེ་ཡིན་ནམ་ཅི་འདྲ་ཡིན། རྒྱུ་ཅི་ལས་འབྱུང་བ་ཡིན། དེའི་དུས་ཀྱི་སྙིགས་མ་

འབྱུང་བ་ལ་རྟགས་ཇི་འདྲ་བ་ཡོད་ལགས། ཞེས་ཞུས་པ་ལ། མ་ཅིག་གི་ཞལ་ནས་བུ་མོ་

བཞིས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་དང་ངས་བཤད་དོ། །སྙིགས་མ་ལྔའི་དུས་ནི་ད་

230

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལྟ་ནས་བཟུང་སྟེ་ལོ་ཉིས་བརྒྱ་དང་ཕྲག་ལྔ་འདས་པ་ན་དཀྱིལ་དུ་ཕྱིན་ནོ། །སྙིགས་མ་དེའི་

དུས་སུ་བསྟན་པ་དེ་གསལ་བར་བྱེད་པ་དེ་ང་ནི་མ་ཡིན་ནོ། །

བསྟན་པ་དེ་གསལ་བར་བྱེད་པའི་སྐྱེས་བུ་དེ་ནི་ད་ལྟ་རྒྱ་གར་གྱི་པོ་ཏ་རིའི་ཤར་ལྷོའ་ི

མཚམས་སུ་བཞུགས་ཤིང་སེམས་ཅན་གྱི་དོན་ལ་དཀའ་བ་མཛད་པའི་བྱང་ཆུབ་སེམས་

དཔའ་དེ་ནི་ཆེར་དྲན་པ་དང་ལྡན་པ། ཁྱད་པར་ཤེས་རབ་དང་ལྡན་པ། ཁྱད་པར་སྟོབས་

དང་ལྡན་པ་ཞིག་ཡིན་པ་དེ། རེས་སྤྱན་རས་གཟིགས་དབང་ཕྱུག་ལ་ཆོས་ཞུ་བ། རེས་

མགོན་པོ་བྱམས་པ་ལ་ཆོས་ཞུ་བ། རེས་མགོན་པོ་ཚེ་དཔག་མེད་ལ་ཆོས་ཞུ་བ། རེས་

མགོན་པོ་འཇམ་དཔལ་དང་། ཀུ་ཀུ་རི་པ་རྣམས་ལ་ཆོས་ཞུ་བ་དང་། སེམས་ཅན་གྱི་དོན་ལ་

ཐུགས་བསྐྱེད་ཤིན་ཏུ་ཆེ་བ། སྤྱན་རས་གཟིགས་དབང་ཕྱུག་ཤིན་ཏུ་ཁྲོས་པའི་ནག་པོ་ཕྱག་

དྲུག་པའི་མགོན་ཆེན་དེ་བྲན་བཞིན་དུ་ཉན་ནས་བསྟན་པ་སྲུང་བར་བྱེད་པའི་བྱང་ཆུབ་

སེམས་དཔའ་སྙིགས་མ་དེའི་དུས་སུ་འདིར་བྱོན་ནས་དགེ་སློང་གི་ཆས་སུ་ཞུགས་ནས་

སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པ་ཡིན་ནོ། །དེ་འོང་བ་ཐུབ་པ་ཉིད་ཀྱི་ལུང་

བསྟན་ཐོབ་པ་དང་། མགོན་པོ་ཚེ་དཔག་མེད་དང་། བྱམས་པ་ལ་སོགས་ཀྱི་མངག་པ་ཡིན་

གྱི་རྒྱུ་རྐྱེན་ཡང་དེ་ལྟར་ཡིན་ནོ། །སྙིགས་མ་དེ་འབྱུང་བའི་རྟགས་འདི་འདྲ་འོང་། སྙིགས་མ་

དེའི་དུས་སུ་བདུད་སྡིག་ཏོ་འཇིགས་སུ་རུང་བ་རྣམས་རྒྱལ་པོར་སྤྲུལ་ཅིང་། རྒྱལ་པོར་སྐྱེས་

ནས་ཉོན་མོངས་པ་དུག་ལྔ་མེ་ལྟར་འབར་ཞིང་ཆུ་ལྟར་འཁྲུག་ཅིང་རླུང་ལྟར་གཡོ་བར་བྱས་

ནས། ཁྱད་པར་དུ་ནོར་དང་བུད་མེད་ལ་ཤིན་ཏུ་ཆགས་ཤིང་། མ་རབས་འབངས་ཀྱི་བུད་

མེད་དང་རྒྱལ་པོ་བསྡོངས་ནས། ལྷ་ཀླུ་བསྟན་པ་སྲུང་བ་རྣམས་རྒྱལ་པོ་ཁོ་ལ་མ་དགའ་ནས་

དམོད་པ་བོར་བས་རྒྱལ་པོའ་ིབསོད་ནམས་ཉམས་པ་དང་། བུད་མེད་འབངས་མོའ་ིདབང་

དུ་རྒྱལ་པོ་སོང་ནས་རྒྱལ་པོའ་ིརྒྱལ་ཚུགས་ཤོར་ནས་འབངས་ཀྱི་གྲོང་ཁྱེར་རྟག་ཏུ་འགྲིམ་པ་

འོངས་ནས་རྒྱལ་ཁྲིམས་འཆོལ་ལོ། །སྡིག་ལ་སྤྱོད་པ་དང་དམག་དང་འཁྲུག་རྩོད་ལ་དགའ་

231

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བ་དང་། བརྩོན་འགྲུས་ཆུང་ཞིང་ནོར་ལ་ཆགས་སེམས་ཆེ་ཞིང་མ་རབས་འབངས་ཀྱི་བུད་

མེད་ཀྱི་གཏོང་བ་བསྲུངས་ནས། རྒྱལ་ཁྲིམས་འཇིག་ནས། རྒྱལ་ཚུགས་གཏོང་བའི་རྒྱལ་པོ་

འབྱུང་། དེའི་ཚེ་དེའི་དུས་ན་ཆོ་རིགས་རྒྱུད་དང་ལྡན་པའི་བཙུན་མོ་རྣམས་ཀྱང་འཁོར་གྱི་previous hit མི

ཐོང་བོ་ཞེས་འབངས next hit་དང་བསྡོངས་པས་བཙུན་མོའ་ིབསོད་ནམས་དང་བཅུད་ཉམས་ནས་

བཙུན་མོའ་ིཁ་རྗེ་དང་དབང་ཐམས་ཅད་previous hit འབངས་ཀྱི་མི next hit་ཐོང་བོའ་ིལག་ཏུ་སོང་ནས། ནང་གི་

རྒྱལ་ཁྲིམས་ཐམས་ཅད་འཆུག་ཅིང་། རྒྱལ་པོའ་ིམི་རིགས་འཆོལ་ནས་ཇེ་ངན་ལ་འགྲོ་བ་

ཡིན་ནོ། །

དེའི་དུས་སུ་ཁྲིམས་ཀྱི་བདག་པོ་བདག་མོའ་ིཁྲིམས་ཀྱི་གཉའ་ཤིང་ཞེས་པའམ།

དབང་པོ་ཞེས་པའི་བློ་དེ། འབངས་ཕོ་མོའ་ིལག་ཏུ་སོང་ནས་རྒྱལ་ཁྲིམས་འབངས་ཀྱི་ལག་

ཏུ་ཤོར་བ་ཡིན་པས། དེའི་དུས་སུ་བཀའ་ཡོ་དྲང་བསྲང་བར་བྱེད་པའི་དཔང་པོའ་ིཐིག་ཤིང་

དེ་ཧྲལ་གྱིས་ཆག་ནས། འབངས་སྡེ་འཁོར་ཐམས་ཅད་མགོ་མང་ཟིང་ངེ་སོང་བ་ནི། མུན་

ནག་ཙམ་ལ་བསེ་རག་འདྲེ་ཤིག་ལྡང་བ་ལྟར་ཟིང་ཤིག་སོང་བ་ནི། རྒྱལ་ཁྲིམས་འཆུག་པའི་

རྟགས་ཡིན་ནོ། །ཕྱི་ནང་གི་བློན་པོ་དང་བཀའ་གྲོས་པ་རྣམས་ཀྱི་ནང་གྲོས་རླུང་གིས་པར་བུ་

སྲུབས་སུ་རལ་ནས་ནང་ཚིག་ཕྱི་རོལ་གྱི་ཡུལ་མི་རྣམས་ལ་རླུང་ལྟར་གྲགས་འོངས་ནས་ནང་

ཚིག་དང་ཕྱི་ཚིག་འོ་མ་དང་ཁྲག་འདྲེས་པ་བཞིན་དུ་དྭངས་སྙིགས་འདྲེས་ནས་དབྱེ་བ་མེད་

པར་འཆོལ་བ་ཡིན་ནོ། །ཁྲིམས་ར་བ་རྣམས་ཀྱི་ཁྲིམས་ཀྱི་འཇོག་མཚམས་ར་བ་རལ་ཏེ་

ཞིག་ནས་མི་སྡེའི་རྩེ་རར་གྱུར་པ་ཡིན་ནོ། །ཡུལ་གཙོ་རྣམས་ཀྱི་གཙོ་བོའ་ིརྒྱ་ཐག་ཆད་ནས།

ཡུལ་མི་རྣམས་དང་སོ་སོར་བྲལ་བ་ཡིན་ནོ། །དེའི་དུས་སུ་རྒྱལ་པོས་བློན་པོའ་ིནོར་ལ་རློམ།

བློན་པོས་ཁྲིམས་ར་བའི་ནོར་ལ་རློམ། ཁྲིམས་ར་བ་ནི་གཙོ་བོའ་ིནོར་ལ་རློམ། གཙོ་བོས་

ཡུལ་མིའི་ནོར་ལ་རློམ་པ་བྱུང་ནས་ཁྲིམས་དང་ཁྲེལ་ཡོད་དང་ངོ་ཚ་ཤོར་བའི་དོན་གྱིས་ཡུལ་

གྱི་མི་སྡེས་གཙོ་བོའ་ིངག་ལ་མི་ཉན། གཙོ་བོས་ཁྲིམས་ར་བའི་ངག་ལ་མི་ཉན། ཁྲིམས་ར་

232

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བས་གཙོ་བོའ་ིངག་ལ་མི་ཉན། བློན་པོས་རྒྱལ་པོའ་ིངག་ལ་མི་ཉན། རྒྱལ་པོ་བློན་པོ་བཙུན་

མོའ་ིདབང་དུ་སོང་། བཙུན་མོའ་ིདབང་previous hit འབངས་ཀྱི་མི next hit་ཐོང་བོའ་ིལག་ཏུ་སོང་ནས། མཇུག་

མ་བཅད་ནས་མགོ་བོའ་ིརྒྱན་དུ་བྱས་པས། ཐམས་ཅད་ལམ་ལོག་ཅིང་འཆོལ་བར་སོང་

ནས་ཆོས་ཐམས་ཅད་ཀྱི་རྟེན་འབྲེལ་འཆུགས་ནས་འགྲོ་བ་ལ་མི་དགེ་བ་སྣ་ཚོགས་པ་འབྱུང་

བ་ནི་སྙིགས་མ་འབྱུང་བའི་རྟགས་ཡིན་ནོ། །

དེའི་དུས་སུ་ནག་པོའ་ིཕྱོགས་ལ་དགའ་བའི་བདུད་ཐམས་ཅད་ཁ་འཕྱུར་བས། སྐྱེས་

པ་དང་བུད་མེད་རྣམས་ཀྱི་ཤེས་རྒྱུད་གཡོས་ནས་ཐམས་ཅད་ལ་ཉོན་མོངས་པའི་མེ་དཔུང་

གིས་ཤིན་ཏུ་གདུང་བས་བག་ཡོད་པའི་ཚུལ་དང་བྲལ་ཞིང་ཁྲེལ་ཤོར་ནས་ངོ་ཚ་མེད་པར།

ཐམས་ཅད་འཆོལ་དུ་སོང་བ་ཡིན་པ་ནི། དགྲ་གཉེན་འཆོལ་བར་སོང་བ་དང་། བཟང་ངན་

འཆོལ་བར་སོང་བ་དང་། དགེ་སྡིག་འཆོལ་བར་སོང་བ་དང་། རྗེ་འབངས་དང་དཔོན་

གཡོག་འཆོལ་བ་དང་། ལས་དང་སྤྱོད་པའི་སྲོལ་འཆོལ་བ་དང་། བྱ་བ་བྱེད་པ་ཐམས་ཅད་

འཆོལ་བ་དང་། གཏམ་དང་རྣ་གཞུང་ཐམས་ཅད་འཆོལ་བ་དང་། རྒྱན་དང་གོས་དང་

བཟའ་བ་འཆོལ་བ་དང་། ཟས་ནོར་གསོག་འཇོག་འཆོལ་བར་སོང་བའི་དོན་གྱིས་རྒྱལ་

པོའ་ིཁྲིམས་ཀྱི་ལས་ཀའི་ཆས་རྟགས་ནོར་ལ་བསྒྱུར་ནས་གསོག་འཇོག་བྱེད་པ་དང་། རྒྱལ་

སྲིད་འདབ་སྒོ་ཟས་དང་བརྗེས་ནས་འབངས་ཀྱི་ལག་ཏུ་གཏོང་། ཆེ་ཐབས་སྤངས་ནས་མ་

རབས་འབངས་ཀྱི་ལས་ལ་འཇུག །ཉམ་ཆུང་གནོད་སེམས་མེད་ལ་ལྷག་པར་ཡང་སྡང་

བར་བྱེད། ཁེ་གྲགས་གནོད་སེམས་ཅན་ལ་ངོ་དགའ་བྱེད། དྲིན་ཅན་མཐོང་ན་ཟུར་འགྲོས་

བྱེད། ཕ་མེས་རྒས་པོ་མཐོང་ན་རྒྱབ་ཀྱིས་ཕྱོགས། དཀོན་མཆོག་གསུམ་ལ་ཐབས་ཀྱིས་

བྱོལ། མི་དགེ་ལས་ལ་དྲིན་དུ་གཟོ། རྫུན་མ་ཁ་གསག་ཅན་ལ་གཏམ་གྱིས་བསུ། ནོར་ཡོད་

དགྲ་བོ་ཡིན་ཀྱང་འཛུམ་མདངས་སྟོན། ནོར་མེད་གཉེན་དུ་གྱུར་ཀྱང་ངོ་ཕུག་ནག་ཅིང་ཧུར།

ཡོན་ཏན་ཅན་ལ་སྐུར་བ་བཏབ། ངན་འབྲེལ་ཅན་ལ་ཚིག་གིས་བཀུར། རྣ་གཞུང་སྔོན་གྱི་

233

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

འབྲེལ་རྒྱུན་གཅད། སྔར་མེད་གསར་དུ་འགྲོག་ལ་དགའ། སྔར་སྲོལ་ལས་དང་ཁྲིམས་ཀྱི་

གཏམ་སྤངས་ནས། ཁྱི་དང་བུད་མེད་གཉིས་ཀྱི་གཏམ་ལ་བརྩོན། སྐྱེས་བུ་ཤེས་རབ་བློ་དང་

ལྡན་པ་མི་བརྟེན་ནས། སྐྱེས་པ་བུད་མེད་ལྕེའི་འགྱུར་འདོད་གཏམ་ཅན་ལ་ཉན། གཙུག་

ལག་རྟེན་དང་བྲིས་གློག་ཡ་རབས་ལས་སྤངས་ནས། ཁྱི་རྟ་རྒྱན་དང་དུད་འགྲོ་སྐྱོང་ལ་

བརྩོན། མཆོད་གནས་བརྟེན་སྐྱབས་སྤངས་ནས་ནི། རྐུན་པོ་རྫུན་མ་བརྟེན་སྐྱབས་བྱེད།

མཚུངས་མེད་བླ་མ་བརྟེན་སྐྱབས་མི་བྱེད་པར། སྡིག་ཅན་དཔའ་བོ་གཏུམ་པོ་བསྟོད་བཀུར་

བྱེད། ཐུབ་པའི་བསྟན་སྐྱོང་བཤེས་གཉེན་རྒྱ་མཚོ་མི་མཆོད་ནས། ཕྱི་རོལ་བོན་དང་ལོག་

ལྟའི་སྐྱེ་བོ་རྣམས་ལ་མཆོད་འབུལ་བྱེད། དཀོན་མཆོག་མཆོད་དང་དགེ་བའི་རྒྱུན་བཅད་

ནས། དུད་འགྲོའ་ིསྲོག་རྣམས་གཅོད་ཅིང་སྟོན་ཞིག་བྱེད་དོ་སྐད། ཁྲིམས་ཀྱི་སྲོལ་དང་སྡེ་

འཁོར་མི་སྐྱོང་ཞིང་། ལྷག་པར་རང་གི་འཁོར་previous hit འབངས་འཕོངས་པ་ཟས་དང་ནོར་གྱིས་མི next hit

བསྐྱང་ནས། ཕུང་ཤིག་རྐུན་པོ་དང་ཇག་པ་ཁྲམ་པའི་འདུས་གཞི་བཟུང་ནས། ཡུལ་གྱི་previous hit མི་སྡེ་

འཁོར་གྱི་གཏོར་ཤིང་བྱེད་ཅིང་། ལྷག་པར་འཁོར་འབངས ་ཉམ་ཆུང་བ་རྣམས་ལ་སྡང་བར་

བྱེད་པའི་ཁྲིམས་བདག་ཡིན་ཟེར་བའི་བདུད་ཀྱི་སྤྲུལ་པ་འབྱུང་ངོ་། །དེའི་དུས་སུ་ཕ་མགོ་

བུས་གཡོག་བུ་མགོ་ཕས་གཡོག །བུའི་ནོར་ཕས་འཕྲོག །ཕའི་ནོར་བུས་འཕྲོག་ཕ་བུ་ཕན་

ཚུན་དགྲ་རུ་ལང་། ཕ་བུ་མིང་སྲིང་གིས་ནོར་རྩོད་པས་ཕན་ཚུན་དགྲ་རུ་ལྡང་བ་འོང་། སྡུག་

བསྔལ་དུ་མས་བསྐྱངས་ཤིང་ཤ་ལས་ཆད་པའི་བུ་དང་བུ་མོ་ཡང་ཕྱི་རོལ་འབྲེལ་མེད་གཞན་

དང་འགྲོགས་ནས་དྲིན་ཆེན་གྱི་ཕ་མ་ལ་འཕྲོག་བཅོམ་འབར་ཤ་བྱེད། ཚིག་རྩུབ་རྡུང་རྡེག་

བྱེད་ཅིང་དགྲར་མཐོང་བ་འོང་། ལས་ཀྱི་དབང་གིས་བསྡུས་པའི་བཟའ་ཚང་ཡང་སོ་སོར་

ཁྱོ་ཕོ་ཁྱོ་མོ་བསྙེག་ཅིང་ཕན་ཚུན་རྩོད་པ་འོང་། རྗེ་མོས་ཁོལ་བོ་ཁྱོ་བོར་བསྙེག་རྗེ་བོས་ཁོལ་

མོ་ཆུང་མར་བླངས་པ་དང་། ངོ་ཚ་བྲལ་བས་མིང་སྲིང་བཟའ་ཚང་སྡེབ་པ་འོང་། དེ་ལྟར་

ཐམས་ཅད་འཆུག་པས་མི་རྒྱུད་ཐམས་ཅད་འཆོལ་བར་སོང་ནས། མི་རིགས་ཐམས་ཅད་

234

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ངན་པར་གྱུར་ནས། སྤྱོད་པ་ངན་པ་སྣ་ཚོགས་པ་དུ་མ་ཞིག་འབྱུང་བ་ཡིན་པ་ནི། བཟང་ལན་

ངན་གྱིས་འཇལ། དྲིན་ཆེན་བདུད་དུ་མཐོང་། སྡིག་སྤྱོད་ཅན་མི་དགེ་བ་བྱེད་པའི་མི་གཏུམ་

པོ་ཡུལ་ཁམས་འཕུང་བར་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་སྨོན་ལམ་

འདེབས། ཞེ་སྡང་འཁྲུག་རྩོད་ཀྱི་ལས་ལ་འཇུག་ཅིང་། གོ་ཁྲབ་དང་མཚོན་ཆའི་ལས་ལ་

བརྩོན། དཔུང་ཆེན་པོས་དཔུང་ཆུང་འཕྲོག་པར་བྱེད་པ། ནོར་ལ་རྟ་མགོ་མཐོ་བར་འོང་།

དབང་ཐམས་ཅད་བུད་མེད་ཀྱིས་འཛིན་པར་འོང་། ཁྲིམས་བདག་དཔུང་ཆེན་གྱིས་བྱེད་

པར་འོང་། གཙོ་བློན་ཐམས་ཅད་ཟོག་པོ་ཅན་གྱིས་བྱེད་པར་འོང་། གྲོས་ཕུག་ཐམས་ཅད་

ཁྲམ་པས་བྱེད་པར་འོང་། ཀུན་དང་འབྲེལ་བ་རྫུན་མ་ཆེ་བར་འོང་། མི་དགེ་བསྒྲུབ་ལ་སྨོན་

པར་འོང་། དགེ་བ་བསྒྲུབ་པ་ལ་འཕྱ་བཞད་བྱེད་པར་འོང་། ཤེས་རབ་ལྡན་པ་རྫུན་མར་

འོང་། བླུན་པོ་རྣམས་ནི་བདེན་པར་འོང་། ཡོན་ཏན་ཅན་ནི་སྐྱོན་དུ་འོང་། མི་མགོ་བསྐོར་ལ་

རྩིས་སུ་བྱེད། བཤེས་གཉེན་དམ་པ་ཐན་དུ་མཐོང་། ལོག་ཆོས་ཅན་ལ་ལྷ་རུ་ལྟ། དཀོན་

མཆོག་གསུམ་ལ་རྒྱབ་གཞུང་བསྟན། སྡིག་པའི་གྲོགས་པོ་པང་དུ་བླངས། གཞན་ཕན་

སེམས་དང་ཚིག་འཇམ་གཏན་ནས་སྤངས། གནོད་པའི་སེམས་དང་ཚིག་རྩུབ་སྨྲ་ལ་བརྩོན་

པར་བྱེད། ཆེ་སེམས་འཛིན་དང་བློ་ཡང་བརྟན་པ་ནི་ཤིན་ཏུ་ཉུང་། ངན་དྲན་ཅན་དང་བློ་མེད་

པ་ནི་ས་སྟེང་ཁྱབ། གཉེན་འབྲེལ་ཤིན་ཏུ་མཐུན་ཀྱང་དགྲ་རུ་ལངས་པ་ནི་མང་བར་འོང་།

དགྲ་སྡང་རྩོད་པ་ཇི་ལྟར་ཆེ་གྱུར་ཀྱང་། །ཕྱི་ནང་གཉེན་དུ་བསྟན་པ་ཁོ་ན་འོང་། །ཟས་ནོར་

མཐོང་ན་ཕ་མ་ཡིན་ཀྱང་འཚོང་། །བུད་མེད་མཐོང་ན་རང་སྲོག་ཕངས་མེད་གཏོང་། །ཟ་མ་

མཐོང་ན་བཙན་དུག་ནག་པོ་ཡིན་ཀྱང་བཟའ། །འཕྲོག་རྒྱུ་མཐོང་ན་མཛེ་བོའ་ིནོར་ཀྱང་

འཕྲོག །གསོད་རྒྱུ་མཐོང་ན་ཕྱི་རོལ་ཁྱི་འཁྱམས་གསོད། །གཞོམ་རྒྱུ་མཐོང་ན་དཀོན་མཆོག་

གི་དཀོར་ཡང་གཞོམ། །ལས་ཀྱི་དབང་གིས་ཕའི་བུ་ནི་ཉུང་། །ལས་ཀྱིས་མ་བསྐོས་ཕ་མེད་

བུ་ཡིས་ས་སྟེང་གང་བ་འོང་། མི་གྲངས་ཅན་གྱིས་ཡུལ་བཟུང་ཞིང་། མི་གྲངས་ཉུང་རྣམས་

235

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ས་མཐར་སྤྱུག་པ་འོང་། ཁྲམ་སྡེས་ཡུལ་གྱི་ཁ་ལོ་སྒྱུར་བྱེད་ཅིང་། ཁྲིམས་བདག་རང་གི་

ཁྱིམ་དུ་རྨོ་བརྐོ་བྱེད་པ་འོང་། གཙོ་བློན་རྣམས་ཀྱང་སྐྱབས་མེད་ཉམ་ཆུང་བློ་གྲོས་བརྩོན་

པར་བྱེད་པ་འོང་། ཡུལ་མི་རྣམས་ཀྱིས་ཁྱི་རྟ་དང་གོ་མཚོན་གྱི་ལས་ལ་བརྩོན་པར་འོང་།

བུད་མེད་རྣམས་ཀྱིས་ཁྲིམས་གཏམ་ཟུར་ཚིག་ལ་བརྩོན་པར་འོང་། བུ་ཚ་རྣམས་ཀྱི་ཤོ་དང་

མདའ་བསླབ་པ་དང་། དོམ་ལ་བརྩོན་པར་བྱེད། བུ་མོ་རྣམས་ཀྱང་རྐང་རྐྱང་ཁྱོ་བོའ་ིལས་

ལ་བརྩོན་པར་བྱེད། མི་རིགས་བཟང་པོ་ནི་སྤེལ་ཡང་ཤིན་ཏུ་ཉུང་བའོ། །མི་རིགས་ངན་པ་

ནི་མ་སྤེལ་ཀྱང་འཕེལ་ནས་ངན་སྣ་ཚོགས་པའི་ལས་སྤྱོད་ཀྱི་ཡུལ་ཐམས་ཅད་རྒྱས་པར་

ཁྱབ་ནས། སངས་རྒྱས་ཀྱི་དགོངས་པས་ཀྱང་ཕྱེ་བསལ་དཀའ་བའི་དུས་འོང་། ཁྱད་པར་མི་

དགེ་བ་ལ་བརྟེན་པའི་ལས་གང་དང་གང་ཡིན་འདི་དང་འདི་མིན་བྱ་བ་འབྱེད་དཀའི་ལས་

སྣ་ཚོགས་པ་འཇིག་རྟེན་ན་ད་ལྟ་ཡན་ཆད་དུ་སྔར་སྡིག་པ་ལ་ཡོད་པ་དང་གྲགས་མ་མྱོང་བ་

དུ་མ་ཞིག་བརྗོད་དུ་མི་རུང་བ་མང་པོ་ཞིག་འདྲེས་ནས་འོང་བ་ནི། དཔེར་ན་ནད་པ་ཐུ་མོ་ལ་

སྔར་ནད་མ་ཕོག་པའི་དུས་སུ་ཡོད་མ་མྱོང་ཡང་ནད་ཀྱིས་ཐེབས་པ་ན་འབྱུང་བ་གོ་ལོག་

ནས། བུ་རམ་ཟོས་ཀྱང་རོ་ཤིན་ཏུ་ཁ་ལ། བལ་གྱི་ནང་དུ་ཉལ་ཡང་ཤིན་ཏུ་རྩུབ་ཅིང་། ཤིན་

ཏུ་བདེ་བའི་གནས་ཀྱང་མི་བདེ་ཁྲོབས་སེ་ཡོད་ལ། ཤིན་ཏུ་བྱམས་པའི་གཉེན་དང་སྨན་པ་

ལ་ཡང་ནད་ཚིག་ཟ་ཞིང་ཡིད་འཁྲུག་པ་ཞིག་འོང་ཞིང་། ལུས་ལ་ཡང་ནད་ཀྱི་དྲི་མ་ངན་པ་

འབྱུང་བ་དེ་ནི་ནད་འཁྲུག་པའི་རྟགས་ཡིན།

དེ་དང་དོན་འདྲ་བར་སངས་རྒྱས་ཀྱི་བསྟན་པའི་ཐ་མ་ལ་དེ་ལྟར་བཤད་པ་རྣམས་

འབྱུང་བ་དེ་ནི། རྣ་བས་ཐོས་སམ་ཡིད་ལ་དྲན་པས་ཀྱང་ཡ་ང་བའི་ལས་སྤྱོད་པ་ངན་པ་ཁྲག་

དང་འོ་མ་འདྲེས་པའམ་བ་སྤུ་དང་། རྟ་སྤུ་འདྲེས་པའམ། ཁྱི་ར་ཕག་གསུམ་འདྲེས་པའམ།

ཁྱི་ནག་པས་སྐྱུག་པའི་སྐྱུག་པ་ཤིན་ཏུ་ངན་པ་འབྱུང་བ་ལྟ་བུ་ཕྱེ་བསལ་མེད་པར་ཐམས་ཅད་

འཆོལ་བར་སོང་ནས། ལས་དང་བྱ་བ་བྱེད་པ་གང་དང་གང་བྱས་ཀྱང་རྩ་བ་བུད་མེད་ཁྲམ་

236

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

པ་ལ་ཐུག་ནས་བུད་མེད་ཁྲམ་པ་གཉིས་ཀྱི་དབང་དུ་ཐམས་ཅད་སོང་ཞིང་། བུད་མེད་དང་

ཁྲམ་པས་འཇིག་རྟེན་ན་དབང་བསྒྱུར་བ་འོང་། དེའི་དུས་སུ་ཆོས་པ་ཚུལ་དང་མཐུན་པས་

ཆོས་སྙིང་ནས་བྱེད་པ་ནི་ཤིན་ཏུ་དཀོན་པས་ཉིན་མོའ་ིསྐར་མ་དང་འདྲ་སྟེ། འོན་ཀྱང་ཆོས་

སྙིང་ནས་བྱེད་པའི་བཤེས་གཉེན་དམ་པ་གཅིག་ཙམ་བྱོན་ཀྱང་། ནོར་བུ་རིན་པོ་ཆེ་ལ་བག་

རྡུལ་གྱིས་མི་གོས་པ་དེ་བཞིན་དུ་སེམས་ཅན་བསོད་ནམས་ཟད་པ་རྣམས་ཀྱིས་དམ་པ་དེ་

ལ་མཆོད་པར་མི་བྱེད་ནས། ངན་ཚིག་སྨྲ་ཞིང་སྨད་པར་བྱེད་པ་འོང་། ཆོས་མིན་སྤྱོད་པའི་

ལོག་ལྟ་ཅན་ཞིག་མཐོང་ན་སེམས་ཅན་བསོད་ནམས་ཟད་པ་རྣམས་ནི་སྦྲང་ནག་གཅིན་དྲི་

ལ་འཚོགས་པ་བཞིན་འདུས་ནས། མཆོད་ཅིང་སྙན་པ་སྒྲོག་པ་འོང་། སྐྱེ་བོ་ཕོ་མོ་ཆོས་སྐད་

ཆེན་པོ་སྨྲ་བར་བྱེད་པ་འོང་སྟེ། དེ་ནི་སྙིགས་མ་དེའི་དུས་སུ་དཀར་ཕྱོགས་སྐྱོང་བའི་སྲུང་མ་

ཐམས་ཅད་དབང་ཆུང་ཁ་ཞན་ལ། ནག་པོའ་ིབདུད་ཐམས་ཅད་དབང་ཆེ་ཞིང་ཁ་འཕྱུར་

བའི་སྟོབས་ཀྱིས། ཆོས་ལོག་བྱེད་པ་རྣམས་ནི་ཟས་ནོར་དང་ལོངས་སྤྱོད་འདུས་ཤིང་མི་

ནག་གིས་བཀུར་ཞིང་སྙན་པ་སྒྲོག་པ་ཡིན། དམ་པ་རྣམས་ལ་བདུད་ཀྱིས་བར་ཆད་

བརྩམས་ནས་ཟས་གོས་མི་སྙེད་པ་དང་། ནད་འཚེ་ཤིན་ཏུ་མང་བ་དང་། ཉམ་ཆུང་བར་

འགྱུར་བ་ཡིན། གཞན་ཡང་སྐྱེ་བོ་དད་པ་དང་ལྡན་པ་རྣམས་ཀྱིས་དཀོན་མཆོག་མཆོད་པ་ལ།

བདུད་ཀྱི་བར་ཆད་དང་། ཉེས་པ་སྣ་ཚོགས་པ་འབྱུང་དུ་བཅུག་ནས་སྐྱེ་བོ་དེའི་བློ་ལྡོག་པར་

བྱས་ནས་དཀོན་མཆོག་ལ་བདེན་པ་མེད་ཅེས་སྨྲ་བ་འོང་། གཙུག་ལག་ཁང་དང་སྡེ་གནས་

རྣམས་ལ་འཐབ་ར་བསྐོར་ནས་དགོན་པར་དམག་ར་བཟུང་བ་འོང་། མ་ཉེས་པའི་སེམས་

ཅན་བསད་ནས་ཤ་ཁྲག་གིས་དཀོན་མཆོག་མཆོད་པ་འོང་། རྫུན་མ་དང་ཁྲམ་པ་ནི་དགྲའི་

ཡུལ་དུ་ཕྱིན་ཀྱང་ཟས་སྟེར་ཅིང་མགོ་ཐོན་ལ། བདེན་སྤྱོད་ཅན་དང་ཉམ་ཆུང་ནི་རང་ཁྱིམ་དུ་

འདུག་ཀྱང་གཉེན་གྱིས་ཀྱང་ཆོམ་པོ་བྱེད་པ་འོང་། ཆོས་སྙིང་ནས་བསྒྲུབ་པའི་དམ་པ་དང་།

བདེན་སྤྱོད་ཅན་དང་ཉམ་ཆུང་གི་མགོ་ནི་དམའ་བའི་དུས་ཡིན། ནོར་མཐོང་ན་གཅན་

237

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གཟན་གཏུམ་པོའ་ིཚང་དུའང་མཆོང་། ཟས་མཐོང་ན་གཤིན་རྗེའི་ཕོ་བྲང་ནི་ཡིན་ཀྱང་

འཇུག། །སྐོམ་མཐོང་ན་དུག་ཆུ་ཡང་འཐུང་། གོས་ལ་རེ་བ་ནག་པོ་གྱོན། མགོ་ལ་སྐྲ་འབོལ་

ནག་པོ་ཁུར། རྐང་ལ་བདུད་ཀྱི་གོས་ལྷམ་ནག་པོ་དཀྲིས། ལུས་ལ་མཚོན་ཆ་སྣ་ཚོགས་

ཐོགས། ལོངས་སྤྱོད་ཤ་དང་ཁྲག་ལ་བྱེད། ལས་སྤྱོད་མི་དགེའི་སྡིག་སྤྱོད་སྣ་ཚོགས་པ་ལ་

བྱེད། ཟས་དང་ནོར་ཡོད་ན་དགྲ་བོ་དང་དུག་གི་སྡོང་པོ་ཡིན་ཀྱང་འཛེག་འཕྲད་བྱེད། ཟས་

ནོར་མེད་ན་ཕ་མ་དང་སྨན་གྱི་སྡོང་པོ་ཡིན་ཀྱང་། རིང་དུ་འདོར་ཞིང་སྤོང་བར་བྱེད། ཇི་ལྟར་

མཛའ་ཞིང་མཐུན་པ་ཡང་ཟས་ནོར་མེད་ན་རྒྱང་དུ་འདོར་བར་བྱེད། ཇི་ལྟར་སྡང་བའི་དགྲ་

བོ་ཡང་འབྱོར་བ་དང་ལྡན་ན་གསར་དུ་འགྲོག་ལ་བརྩོན་པར་བྱེད། རི་དྭགས་ལ་ཁྱི་འགྱེད།

རི་ལ་མེ་འགྱེད། བྲག་བཤིག་ནས་ས་བདག་དང་འདྲེས་པར་བྱེད། རྐུན་སྡིག་རྫུན་གསུམ་

གྱི་ཁྲེས་ཁུར་བ་འགའ་ཞིག་གིས་དཀོན་མཆོག་གསུམ་དཔང་པོར་བཙུགས་ནས་མནའ་

ཟ་བར་བྱེད་པ་འོང་། དེའི་དུས་ཀྱི་མི་རྣམས་ནི་ཤེས་རབ་ཆུང་། བློ་རྣོ། དྲན་པ་རག། །

རྩེད་མོ་མང་། བློ་གསལ་ཞིང་རིག་བྱེད་ཕལ་ཆེར་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་

ཏེ་འོང་། ཚེ་ཐུང་། ལོངས་སྤྱོད་ཆུང་། ཉོན་མོངས་ཆེ། རྣམ་རྟོག་རག །འཛིན་པ་དམ། ཁ་

གསག་མཁས། རྣམ་འགྱུར་མང་། ལུས་རག །ཁ་མིག་ཤིན་ཏུ་སྒྲེ། བོངས་ཆུང་། ལས་སུ་

སྡིག་པ་ཁོ་ན་སྤྱོད། ཞག་གཅིག་འགྲོགས་ན་འདྲིས། ཟླ་གཅིག་འགྲོགས་ན་འདྲིས། ལོ་

གཅིག་འགྲོགས་ན་ཕན་ཚུན་དགྲ་རུ་ལང་། འཕྲད་སླ་བ་བཞིན་དུ་འདོར། གསར་དུ་འགྲོག་

པ་ལ་དགའ་ཞིང་མྱུར་དུ་འཁོན། མི་ཤེས་དགུ་ཤེས། མི་དྲན་དགུ་དྲན། མི་བསམ་དགུ་

བསམ། མི་བྱེད་དགུ་བྱེད། བཏང་སར་མི་འགྲོ། བཞག་སར་མི་སྡོད། མི་སྲིད་པའི་ལས་

དང་སྤྱོད་པ་སྣ་ཚོགས་པ་བྱེད། མི་ཤེས་པའི་གཏམ་ངན་གྱིས་ཡུལ་ཁམས་ཐམས་ཅད་ཁྱབ་

པར་བྱེད་ཅིང་། ཅི་ཉེ་བ་བཞིན་དུ་ཕན་ཚུན་དམེ་འཁྲུག་དང་སྡེ་འཁྲུག་རྣམས་བྱེད་ཅིང་།

མཚོན་གྱི་བསྐལ་པ་དར་བར་འོང་། རྟ་ལ་བསྟོད་བཀུར་བྱེད་ཅིང་། དམག་འཁྲུག་དང་ཇག་

238

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

རྒྱུག་དང་། མི་བདེ་ཞིང་མི་དགེ་བའི་ལས་ཐམས་ཅད་རྟ་རྨིག་གི་ཞབས་ནས་ལྡང་དགོས་

པས། རྟ་ལ་རྩིས་སུ་བྱས་ནས་ཐམས་ཅད་མི་བདེ་འུར་གྱིས་འོང་བ་ཡིན། དེའི་དུས་སུ་རྒྱལ་

པོ་བས་བློན་པོ་དབང་ཆེ། རྒན་པོ་བས་གཞོན་ནུ་དབང་ཆེ། ཕ་བས་བུ་དབང་ཆེ། སྐྱེས་པ་

བས་བུད་མེད་དབང་ཆེ། ཡུལ་ཐམས་ཅད་བུད་མེད་ཀྱི་གཡོ་ཆེ་ཞིང་བུད་མེད་མགོ་འཕང་

མཐོ་ནས། བན་དེ་དང་བུད་མེད་གཉིས་ཀྱིས་འཁྲུག་གཞི་བཟུང་ནས་ཐམས་ཅད་ཀྱི་གྱོད་རྩ་

དང་ཕུང་བའི་འདྲེ་ཆེན་པོ་བྱེད་པ་འབྱུང་ངོ་། །དེའི་དུས་སུ་རྒྱལ་ཁྲིམས་གསེར་གྱི་ཐག་པ་

ཆད་ནས། རྒྱལ་ཁྲིམས་རང་ཞིག་ཏུ་སོང་ཞིང་། འཇིག་རྟེན་ཀུན་ན་གྲོག་མའི་གྲོང་ཁྱེར་གྱི་

རྡོ་ལེབ་བཀྱགས་པ་བཞིན་དུ་འུར་ཟིང་སོང་བ་ཡིན་པ་རྣམས་ནི་རྒྱལ་ཁྲིམས་འཆུགས་པའི་

རྟགས་ཡིན་པ་དང་། ལོག་ལྟའི་བདུད་ཀྱི་ཁ་འཕྱུར་བ་དང་། སངས་རྒྱས་ཀྱི་བསྟན་པའི་ཐ་

མ་ལ་བབ་པ་དང་། སྙིགས་མ་བདོ་བ་དང་། དེ་རྣམས་ཀྱི་རྟགས་ནི་དེ་ལྟར་བཤད་པ་དེ་

རྣམས་ཡིན། རྒྱས་པར་བཤད་པའི་ཚོད་མ་མཆིས། །དེ་འདྲེའི་ལས་སྤྱོད་མཐོང་བས་ནི། །

སྤྲང་མོ་ང་ཡི་གློ་སྙིང་འདར། །ཡིད་སེམས་འཁྲུག་པའི་མཆི་མ་འབྱུང་། །སྣང་བ་གཡོ་ཞིང་

ཡ་རེ་ང་། །བ་སྤུ་གཟེངས་ཤིང་ལུས་ཀྱང་སྦྲིད། །དེ་བས་བཤད་པའི་ཡིད་སེམས་རྨོངས། །

ཅུང་ཟད་བཤད་པའི་ཚིག་ཐོ་རྣམས། །མ་བརྗེད་ཡིད་ལ་འཇགས་པར་གྱིས། །མ་བཤད་

སྙིང་གི་དཀྱིལ་དུ་སྦོས་ཤིག་ཨང་། །ཞེས་གསུངས་སོ། །བསོད་ནམས་རྒྱན་གྱིས་ཞུས་པ་

ལས། མ་འོངས་པའི་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པའི་ལེའུ་སྟེ་དགུ་པའོ།། །།


previousལེའུ་དགུ་པ་མ་འོངས་པའི་རྒྱལ་ཁྲིམས་འཆུག་པར་ལུང་བསྟན་པ།next