Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
བར་ཆད་ལམ་སེལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousབར་ཆད་ལམ་སེལ། next

བར་ཆད་ལམ་སེལ།

ཟབ་གསང་ནམ་མཁའི་བརྡ་མཛོད་ལསཿ ཨེ་མ་ཧོཿ མཆོག་གསུམ་རྩ་གསུམ་སྐྱབས་གནས་རྒྱ་མཚོ་ལཿ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ནཿ འདི་ཕྱིའི་འཇིགས་བརྒྱད་བར་ཆད་གཡུལ་ངོ་བཟློགཿ བསམ་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛོདཿ མ་རུང་ནད་མཚོན་མུ་གེའི་ཉེར་འཚེ་བཟློགཿ ཨོཾ་ཨཱཿཧཱུྂ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ཕྱོགས་བཞི་མཚམས་བརྒྱད་ཀྱི་བསམ་སྦྱོར་ངན་པའི་རྒྱུད་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་ཞིག་རྒྱུད་ལ་སྐྱེས་ནས་མཐར་ཐུག་རྒྱལ་དབང་པདྨའི་ཞབས་དྲུང་དུ་བརྫུས་ཏེ་སྐྱེ་བར་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ


previousབར་ཆད་ལམ་སེལ། next