གཏེར་སྟོན་ཆེན་པོ་དྲི་མེད་ཀུན་དགས་སྤྱན་དྲངས་པའི་གཏེར་ཆོས་ཁག་གི་སྐོར།
རང་གཏེར་ལས། རིག་འཛིན་པདྨའི་ཟེའུ་འབྲུ༔ འཚོ་རྒྱལ་ང་ཡི་སྙིང་གི་བུ༔ དྲི་མེད་ཀུན་དགའ་ཞེས་པ་གཅིག༔ པདྨ་མངལ་དུ་སྤྲུལ་ནས་འབྱུང་༔ ཞེས་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་པདྨའི་ཟེའུ་འབྲུ་ལས་སྤྲུལ་ནས་ཟབ་གཏེར་གྱི་བདག་པོར་ལུང་གིས་ཟིན་ཅིང་། གནུབས་སངས་རྒྱས་ཡེ་ཤེས་ཀྱི་སྐྱེ་མཐའ་སྤྲུལ་པའི་གཏེར་སྟོན་དྲི་མེད་ཀུན་དགའ་ནི། ཁ་བྱང་ལས། ཡེ་ཤེས་འོད་མཆོག་ཟབ་ཆོས་ཁྱད་འཕགས་འདི༔ སྐལ་ལྡན་ལས་ཅན་རྣམས་ལ་ཕན་ཕྱིར་གསུངས༔ སྣོད་
ལྡན་ཉུང་བས་སྤེལ་དུ་མ་བཏུབ་སྟེ༔ ཡེ་ཤེས་འཚོ་རྒྱལ་བསམ་ཡས་མཆིམས་ཕུ་ཡི༔ དགེ་གོང་ཕུག་སྦས་གཏེར་སྲུང་རྣམས་ལ་གཏད༔ པད་འབྱུང་སྤྲུལ་པ་དྲི་མེད་ཀུན་དགའ་ལ༔ གཏེར་ལུང་བསྟན་ནས་རྒྱ་ཡིས་བཏབ་ནས་བཞག༔ ཅེས་པ་ལྟར། བསམ་ཡས་མཆིམས་ཕུ་དགེའུ་གོང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་སྐོར་ལ། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་མཆོག་ཆེན་མོ་ནས། སྟ་གོན་དང་འཇུག་པ་སྔོན་དུ་འགྲོ་བའི་ཕྱི་བུམ་པའི་དབང་། ནང་ལྷ་དབང་ཡོངས་རྫོགས། བཀའ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་རིན་ཅེན་རྩ་དབང་དང་བཅས་པ། སྒྲུབ་ཐབས་རྩ་གསུམ་འདུས་པའི་སྟེང་ནས་རྟ་མགྲིན་གྱི་དབང་ལ་གསོལ་གདབ། སྐྱབས་སེམས། བྱིན་འབེབས་སྔོན་དུ་འགྲོ་བའི་བུམ་པས་དབང་བཞི། བདུད་རྩིས་སྐུ་གསུམ་དབྱེར་མེད་ཀྱི་དབང་། མེ་ལོང་གིས་ལྟ་སྒོམ་སྤྱོད་གསུམ་དབྱེར་མེད་ཀྱི་དབང་། གཏོར་མས་གཞི་ལམ་འབྲས་བུའི་དབང་། སྐུ་འབག་གི་ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན། པོ་ཏི་གླེགས་བམ་རིག་པ་རྩལ། བླ་མེད་མཆོག་གི་དབང་རྣམས་ལེགས་པར་ནོས་ནས། རྒྱབ་རྟེན་ལུང་ལ། འཇམ་ཡིག་ལས། གཞི་དྲུག་ལམ་དྲུག་འབྲས་བུ་དྲུག༔ ཡི་གེ་དྲུག་མ་ཆོས་མིན་ཡང་༔ ཡིན་པའི་ཆོས་ལ་ཡིད་མ་ཤོར༔ ཞེས་པ་ལྟར། གཞི་དྲུག །ལམ་དྲུག །འབྲས་བུ་དྲུག །བུ་དྲུག་དང་ནི་བཞི། དང་པོ་གཞི་དྲུག་ནི། སངས་རྒྱས་བཀའི་ལོ་རྒྱུས། བྱང་ཆུབ་སེམས་དཔའ་ཐུགས་རྗེའི་བརྒྱུད། གང་ཟག་སྙན་ཁུང་བརྒྱུད། དགོས་ཆེན་དོན་གྱི་བརྒྱུད། ལུང་བསྟན་གཏད་རྒྱ་བརྒྱུད་པ་དང་ལྔའི་སྒོ་ནས་སྟོན་པ་སྤྱི་ཁྱབ་སྟོང་ཐུན་ལོ་རྒྱུས། མ་འོངས་ལས་ལྡན་གྱི་དོན་དུ་བླ་མས་སློབ་མ་དང་སློབ་
མས་བླ་མ་བརྟག་པ་དབང་ཆོག་དངོས་ཏེ་གསུམ་གྱིས་བསྟན་པའི་ཡེ་ཤེས་འོད་མཆོག་གི་དབང་བསྐུར་སྨིན་བྱེད། ལམ་མཆོག་འབྲས་བུའི་རྒྱུད་དམ་ཐུགས་རྗེ་ཡེ་ཤེས་འོད་མཆོག་ཅེས་བྱ་བའི་རྒྱུད་ལེའུ་བཅུ་གསུམ་པ། ཐུགས་རྗེ་ཆེན་པོ་ཕྱི་སྒྲུབ་ཀྱི་མངོན་རྟོགས་མུན་སེལ་སྒྲོན་མེ་སྦྱོར་དངོས་རྗེས་གསུམ་གྱིས་ཉམས་སུ་ལེན་པ། ཐུགས་རྗེ་ཆེན་པོ་ནང་སྒྲུབ་སྦྱོར་དངོས་རྗེས་གསུམ་གྱིས་སྣང་རིག་སེམས་སུ་གཏན་ལ་འབེབས་པ། ཡེ་ཤེས་འོད་མཆོག་གསང་སྒྲུབ་མཆོག་ཐུན་དངོས་གྲུབ་གདན་ཐོགས་གཅིག་ལ་ཐོབ་པར་འགྱུར་བ་རྣམས། གཉིས་པ་ལམ་དྲུག་ནི། མདོ་བྱང་སྒོམ་རིམ་མདོར་བསྡུས་བཀྲ་ཤིས་བརྗོད་ཀྱི་མཐའ་ཅན། པདྨ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་འདོད་ཆགས་ལམ་འཁྱེར་བདེ་ཆེན་རྩལ་སྦྱོང་། བཛྲ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཞེ་སྡང་ལམ་འཁྱེར་རླུང་འཁྲིད་རྩལ་སྦྱོང་། བུདྡྷ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་གཏི་མུག་ལམ་འཁྱེར་སྐུ་གསུམ་རྩལ་སྦྱོང་། རཏྣ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ང་རྒྱལ་ལམ་འཁྱེར་བསོད་ནམས་རྩལ་སྦྱོང་། ཀརྨ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཕྲག་དོག་ལམ་འཁྱེར་འཕོ་བ་རྩལ་སྦྱོང་རྣམས། གསུམ་པ་འབྲས་བུ་དྲུག་ནི། རྟ་མགྲིན་ནག་པོ་རྩལ་གསུམ་འདུས་པའི་སྒྲུབ་ཐབས་དབང་ཆོག་ལས་སྦྱོར་དང་བཅས་པ། རྫོགས་རིམ་སྐུ་གསུམ་རྩལ་སྦྱོང་གནད་ཀྱི་ལམ་འཁྲིད་དཀར་པོ་དྲུག་སྦྱོར། ཡི་གེ་དྲུག་པའི་བཏགས་གྲོལ་ཞེས་པ་རྒྱུ། འདྲི་ཐབས། རབ་གནས། འདོགས་ཡུལ། དམ་ཚིག་མན་ངག །ཕན་ཡོན་བཅས་བསྟན་པ། ལམ་རིན་པོ་ཆེ་འོད་ཀྱི་ཕུང་པོ། རྗེ་འབངས་རྣམས་ཀྱིས་སློབ་དཔོན་ལ་ཞུས་པའི་ལན་དྲག་སྔགས་རྒྱ་གད་མ། འཛོམ་ཡིག་མཐོང་སྨོན་རྒྱ་མཚོ་རྣམས། བཞི་པ་བུ་
དྲུག་ནི། འདི་ལས་ལུང་བསྟན་ཕྱི་ནང་གསང་གསུམ་དཔེ་མ་འབྱོར་བས་མ་ཐོབ། ཆོས་སྐུ་ཞི་བའི་འཕྲིན་ལས་ཕྱི་ནང་གསུམ་ལ་ཕྱི་རུ་གདོན་ཞི་བ་ཞེས་པ། རྒྱལ་བསེན། རྦོད་གཏོང་། དུས་མིན་འཆི་བ། གཟའ་སྐར་ངན་པ། ལྟས་ངན། རྨི་ལམ་ངན་པ། ངག་མནན། རྒྱལ་པོའི་ཆད་པ། ཕ་རོལ་དམག་ཚོགས། ཆུ། རླུང་། ས་བདག་གི་གནོད་པ་རྣམས་ཞི་བ། ནང་དུ་ནད་ཞི་བ། མཁྲིས་པ། རླུང་། སྐྱ་རྦབ། ཁྲག །རིམས་ནད། ལྷོག་བསྐྲངས། གླང་ཐབས། འབྲུམ་ནད། ཆུ་འགགས། མིག་ནད། སྣ་ནད། སོ་སྲིན། སྙིང་རླུང་། ཆམ་ནད། ཆུ་ནད། སྲིན་ནད། གག་ནད། འདུས་ནད། ཕྱུགས། ར་ལུག །རྟ། བྱ་ཁྱིའི་ནད་ཞི་བ་དང་བཅས་པ། གསང་བ་རྣམ་རྟོག་ཞི་བ། ཐུགས་རྗེ་ཆེན་པོའི་འཕྲིན་ལས་གཞུང་སྲོང་སྐབས་དྲུག་གིས་བསྟན་པ། ལོངས་སྐུ་རྒྱས་པའི་འཕྲིན་ལས་ཕྱི་ནང་གསང་གསུམ་ཞེས་པ་ཕྱི་ལྟར་ལོངས་སྤྱོད། ནང་ལྟར་ཚེ། གསང་བ་ཡེ་ཤེས་ཀྱི་འཁོར་ལོ་རྒྱས་པ། སྤྱི་ཁྱབ་ཀུན་འགེབས་གཏོར་མ་ཆ་གསུམ་གཏོང་ཐབས། སྤྲུལ་སྐུ་དབང་གི་འཕྲིན་ལས་ཕྱི་ནང་གསང་གསུམ་ལས། ཕྱི་ཞིང་ལ་སྲིན་འབུ། རི་བོང་། བཙའི་གནོད་པ་བསྲུང་བ། དགྲ་ལ་ས་བདག་གི་དམག་དྲང་པ། ལྟས་ངན་དང་རིམས་གཏང་བ། ནང་དུ་འདོད་པ་དགུག་ཅིང་གསང་སྒོའི་སྦྱོར་བ་དང་སྐྱེ་སྒོ་གཅོད་པ། གསང་བ་འདོད་མས་བསྒྱུར་བ། འདིའི་རྗེས་སུ་རབ་གནས། བདུན་ཚིག །གཏམ་བསྔོ། སཱཙྪ། བཅུད་ལེན་ལྔ་དཔེ་མ་འབྱོར་བས་མ་ཐོབ། རྩ་གསུམ་བུ་རྫི་ཞེས་པ་ཐོད་འཕྲེང་རྩལ་དང་རྟ་མགྲིན་ནག་པོས་སྲིའུ་གསོ་ཐབས། གདོན་ཆེན་བཅོ་ལྔའི་ཆོ་ག་སྤྱན་རས་གཟིགས་ཀྱིས་སྲིའུ་གསོ་ཐབས། གནམ་གཏའ་བར་གཏའ་ས་གཏའ་བསྡམས་པ་དང་བཅས་པ། སྐུ་གསུམ་དབྱེར་མེད་དྲག་པོའི་འཕྲིན་ལས་རྟ་ནག་གི་ལས་མཐའི་གསད་པ་ཕྱི་ནང་གསང་
གསུམ་ནི། ཕྱི་རུ་བསྟན་དགྲ། ནང་དུ་དགྲ་བོའི་ཟས་ནོར། གསང་བ་འཇུ་ཤིག་གསད་པ། སྲེག་པ་ཕྱི་ནང་གསང་གསུམ་ལ་ཕྱི་རུ་རོ། ནང་དུ་དགྲ་བགེགས། གསང་བ་རང་རོ་རང་གིས་སྲེག་པ། འདི་གོང་གི་རཏྣ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་སུ་ཡོད། མནན་པ་ཕྱི་ནང་གསང་གསུམ་ནི། ཕྱི་རུ་དགྲ་སྲི་རྒྱལ་འགོང་། ནང་དུ་བདུད་སྲིན་འདྲེ་མོ། གསང་བ་དམ་སྲི་ཐེ་བྲང་མནན་པ། བཟློག་པ་ཕྱི་ནང་གསང་གསུམ་ནི། ཕྱི་རྦོད་གཏོང་། ནང་རྨི་ལམ་ངན་པ། གསང་བ་ལྟས་ངན་བཟློག་པ། བདུད་རྩི་སྒྲུབ་པ་ཕྱི་ནང་གསང་གསུམ་ནི། ཕྱི་ལག་མཆོད། ནང་སྨན། གསང་བ་ཐིག་ལེ་གྲུབ་པ། བམ་སྒྲུབ་ཕྱི་ནང་གསང་གསུམ་ལ་ཕྱི་བམ་དངོས། ནང་ལྟར་ཤ་སྣ། གསང་བ་སྐྱེ་བདུན་སྒྲུབ་པ། བསྲུང་བ་ཕྱི་ནང་གསང་གསུམ་ལ་ཕྱི་སེར་བ། ནང་ཤྭ་འོད། གསང་བ་རླུང་དམར་བསྲུང་བ། དབབ་པ་ཕྱི་ནང་གསང་གསུམ་ལ་ཕྱི་ཆར་པ། ནང་དུ་བུ་ཆུང་། གསང་བ་ལྷ་ཀ་དབབ་པ། བཀའ་བསྲུང་བལ་མོ་སྲོག་ལུང་དམར་ནག་གི་ལས་དམར་ནག་གི་ལས་སྦྱོར་དངོས་དང་ལས་མཇུག་གསུམ་ལ་སེམས་ཅན་འཆི་ཁ་མར་བརྟེན་ནས་ཕྱིའི་ལས་འཇུག །ཚག་པོའི་ཤ་ཤུན་ལ་བརྟེན་ནས་ནང་ལས་འཇུག །རྔ་ལྤགས་ལ་བརྟེན་ནས་གསང་བའི་ལས་མཇུག །འཛོམ་ཡིག་གིས་མ་ཟིན་པ་འཁྲིད་ཆེན་དཀར་པོ་དྲུག་སྦྱོར་གྱི་བུ་ཡིག་ཁྲེགས་ཆོད་ཟབ་མོ་སྙིང་ཚིལ་ལྟ་བུ། རྡོ་རྗེ་སེམས་དཔའི་གསང་ལམ་ངོ་སྤྲོད་དམ་སངས་རྒྱས་ངོ་སྤྲོད་གྱི་རྒྱུད་ཅེས་བྱ་བ། སྐྱབས་སེམས་ཕྱི་ནང་གསང་གསུམ་རྣམས་ཐོབ་པ་ལས། དབང་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཨོ་རྒྱན་དྲི་མེད་ཀུན་དགའ།
མཚན་ལྡན་གཞོན་ནུ་སངས་རྒྱས། འགྲོ་མགོན་ཆོས་ཉིད་རང་གྲོལ། དྲན་མཆོག་གཞོན་ནུ་བསམ་གྲུབ། མཚུངས་མེད་གཞོན་ནུ་དོན་གྲུབ། མཁས་གྲུབ་ཀློང་ཆེན་ཐུགས་སྲས། དཀར་ཆེན་སྣ་ཚོགས་རང་གྲོལ། རབ་འབྱམས་དགེ་བའི་བློ་གྲོས། སྤྲུལ་སྐུ་བསྟན་འཛིན་ནོར་བུ། རྒྱལ་སྲས་མཁའ་འགྲོའི་དབང་ཕྱུག་རྩལ། རིག་འཛིན་འཕྲིན་ལས་དབང་པོ། ཟབ་ལུང་མི་འགྱུར་དབང་རྒྱལ། ལྷ་བཙུན་ཀུན་བཟང་རྣམ་རྒྱལ། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། དེ་སྲས་སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་གི་བརྒྱུད་པ་ནི། སྤྲུལ་སྐུ་བསྟན་འཛིན་ནོར་བུ་ནས། གྲུབ་ཆེན་བསྟན་འཛིན་རྣམ་རྒྱལ། བླ་ཆེན་པདྨ་དཀོན་ཅོག །རིག་འཛིན་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་ན་དཀར་ཆག་སྣ་ཚོགས་རང་གྲོལ་ནས། དུར་ཁྲོད་རས་ཆེན་རྣམ་རྒྱལ་གྲགས་པ། བསྟན་འཛིན་རྣམ་རྒྱལ་མན་གོང་བཞིན་ནོ། །གཏེར་སྟོན་དྲི་མེད་ཀུན་དགའི་གཏེར་མའི་བསྲུང་བུ། གཟུགས་འགྲོས་སྣ་ཚོགས་པའི་ཟབ་ཁྱད་ཅན་ལ། དབང་ཐང་བསྐྱེད་པ། དཔལ་བསྐྱེད་པ། གཏད་བསྲུང་། གོད་ཁ་བསྲུང་བ། གཤིན་འདྲེའི་གནོད་པ་བསྲུང་བ། ཕུང་གྲིབ་བསྲུང་བ། བུའི་དངོས་གྲུབ་སྟེར་བ། ཕྱོགས་ངན་བསྲུང་བ། འགོ་ནད་བསྲུང་བ། ཐེའུ་བྲང་བསྲུང་བ། གོར་ཡམས་བསྲུང་བ། ཚེ་དང་བསོད་ནམས་བསྐྱེད་པ། ཟོར་ཁ་བསྲུང་བ། མཚོན་ཁ་བསྲུང་བ། མེའི་གནོད་པ་བསྲུང་བ། མི་ཤིས་པ་བསྲུང་བ། ཟ་ཐང་དབང་ཐང་བསྐྱེད་པ། གཤིན་འདྲེ་ཕོ་མོའི་གནོད་པ་བསྲུང་བ། ས་བདག་དང་ལྷའི་གནོད་པ་བསྲུང་བ། དམ་ཉམས་ཀྱི་གནོད་པ་བསྲུང་བ། བདུན་ཟུར་བསྲུང་བ། སྡེ་བརྒྱད་བསྲུང་བ། སྟེང་གདོན་བསྲུང་བ། རྒྱལ་པོ་བསྲུང་བ། རྒྱལ་བསེན་བསྲུང་བ།
ཆུའི་གནོད་པ་བསྲུང་བ། མནའི་ཉེས་པ་བསྲུང་བ། བསེན་མོ་བསྲུང་བ། འོག་གདོན་བསྲུང་བ། མི་མཐུན་པ་ཐམས་ཅད་བསྲུང་བ། གཤིན་དུར་དང་སྐེག་བསྲུང་བ། ཆགས་ཆེ་བ་སྲུང་བ། གདོན་དང་གོད་ཁ་བསྲུང་བ། ཁྱིམ་བསྲུང་བ་རྣམས་གྱི་ལུང་ཕྱག་ལེན་དང་བཅས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། འཕགས་པ་འཇམ་དཔལ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་དྲི་མེད་ཀུན་དགའ་ནས་རིམ་པར། ཕ་ཇོ་གཞོན་ནུ་དོན་གྲུབ། དེ་སྲས་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །དྲི་མེད་ལྷུན་པོ་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མགྲིན་གཅིག་ཏུ་སྟེང་ཕྱོགས་ལྷུན་གྲུབ་ཡོན་ཏན་དཔག་ཏུ་མེད་པའི་ཞིང་ཁམས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་ལྷུན་གྲུབ་དཔལ་བརྩེགས་རྒྱལ་པོ་ཞེས་བྱ་བའི་མ་འོངས་པའི་སངས་རྒྱས་སུ་འགྱུར་བར་དབུགས་དབྱུང་ཞིང་། རང་གཏེར་བྱིན་རླབས་བརྒྱུད་པའི་ལོ་རྒྱུས་ལུང་བསྟན་ལས། དེ་འདྲའི་དུས་སུ་ཆོས་བྱེད་མི་རྣམས་ནི༔ ལྷོ་རོང་ཡུལ་མཐའ་ཟད་པའི་ནགས་སུ་བྲོས༔ ཟབ་ཆོས་དོན་ཏིག་ལོང་ལ་རྩེ་གཅིག་སྒྲུབས༔ ཚེ་ལ་ལོང་མེད་རྐྱེན་དང་གློ་བུར་མང་༔ ལོངས་སྤྱོད་དབུལ་ཞིང་སྒྲུབ་པ་མི་ནུས་ཚེ༔ མྱུར་མགྱོགས་གསེགས་ལམ་དོན་ཏིག་འདི་ཉིད་དགོས༔ སྤེལ་བའི་གནས་མཆོག་ཤར་ཕྱོགས་ཀོང་པོ་རོང་༔ ཙ་རི་ཡབ་ཡུམ་གཉིས་ཀྱི་ཤར་སྒོ་ལ༔ པདྨས་བྱིན་བརླབས་སྐལ་ལྡན་འདུ་བའི་གནས༔ དོན་གྱི་ཏི་ཀ་སྤེལ་ཞིག་སྙིང་གི་བུ༔ འདི་ཉིད་སྟོན་པ་པདྨ་ང་ཡི་སྤྲུལ༔ སྦས་པའི་ཚུལ་འཛིན་དད་པ་དམ་ཚིག་ཅན༔ སྤྱོད་ལམ་
དལ་ཡང་དོན་གྱི་བརྩོན་འགྲུས་ཅན༔ ཤེས་རབ་སྙིང་རྗེ་ལྡན་པའི་སྐྱེས་བུ་དེ༔ པདྨ་ང་ཉིད་དངོས་ལས་གཞན་མ་ཡིན༔ དྲི་མེད་དཀྱིལ་འཁོར་གཙོ་བོ་མིང་དང་ལྡན༔ ཆེ་འབྲེལ་ཆུང་འབྲེལ་ཐར་པའི་ལམ་མཆོག་སྟོན༔ ཞེས་སློབ་དཔོན་ཆེན་པོའི་དངོས་སློབ་ཨཱ་ཙཪྻ་ས་ལའི་སྐྱེ་བ་སྤྲུལ་པའི་གཏེར་སྟོན་ཆོས་རྒྱལ་དྲི་མེད་ལྷུན་པོ་ཐུགས་རྗེ་རང་བྱུང་རྩལ་གྱིས་བོད་ཡུལ་གྱི་རྡོ་རྗེ་གདན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཀ་བ་པདྨ་ཅན་ནས་ཚད་གཞལ་ཏེ་གཙང་ཁང་བྱང་གི་དཔལ་རྟ་མགྲིན་གྱི་ཕྱག་གཡོན་གྱི་འོག་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་དོན་ཏིག་འགྲོ་བ་ཀུན་གྲོལ་གྱི་སྐོར་ཐོག་མར་ལུང་བསྟན་བཞིན་ཤར་ཕྱོགས་ཀོང་རོང་ཙ་རི་སྤྲུལ་འཁོར་གྱི་ཤར་སྒོ་རྡོ་རྗེ་སྒོམ་ཕུག་ཏུ་ཞལ་ཕྱེ་ནས་སྤེལ་བར་གསུངས་པ་ལྟར་བཀའ་བབས་ཆོས་བདག་ཉི་ཤུ་རྩ་ལྔ་སྤེལ་ནས་རིམ་གྱི་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་པས། པདྨའི་སྤྲུལ་པ་ཟླ་བ་ཤར་བ་འདྲ༔ སྐལ་ལྡན་ཉེར་བརྒྱད་རྒྱུ་སྐར་བཀྲམ་པ་འདྲ༔ ལས་ཅན་ཕོ་མོ་སྐར་ཕྲན་བཀྲམ་པ་འདྲ༔ ཟབ་ཆོས་བསྟན་པ་དགུ་ཚིགས་བརྐྱངས་པ་འདྲ༔ འགྲོ་དོན་འཕེལ་འགྲིབ་ཟླ་སྟོད་ཟླ་སྨད་འདྲ༔ བར་གཅོད་བདུད་ནི་སྒྲ་གཅན་འཛིན་དང་འདྲ༔ ལོག་ལྟ་ཅན་ནི་ལྷོ་སྤྲིན་འཐིབས་པ་འདྲ༔ ཨོ་རྒྱན་བསྟན་པའི་འཚོ་སྐྱོང་ཤེས་པ་ན༔ འགྲོ་བ་མང་པོ་ཐར་པའི་ཞིང་དུ་འགྲོ༔ ཕྱི་རབས་སྐྱེས་བུ་ཕོ་མོ་ཆོས་འདིས་འཚེངས༔ ཞེས་པ་ལྟར་གཞན་ཕན་རྒྱ་ཆེར་བྱུང་བ་ཟབ་ཆོས་འདི་ཉིད་ཀྱི་སྐོར་ལ། གླེགས་བམ། ཡི་གེ་དྲུག་པའི་འཁོར་ལོ། སྐུ་གཟུགས། ཐུགས་རྟེན་བུམ་པ་དང་བཅས་པའི་དཀྱིལ་འཁོར་དུ་འདུལ་བའི་བསྟན་པར་འཇུག་པ་ཉན་ཐོས་ཀྱི་དབང་། མདོ་སྡེའི་བསྟན་པར་འཇུག་པ་རང་རྒྱལ་གྱི་དབང་།
མངོན་པའི་བསྟན་པར་འཇུག་པ་བྱང་ཆུབ་སེམས་དཔའི་དབང་། ཀྲྀ་ཡའི་རིག་པ་གཏད་པ་ཐུན་མོང་རིག་པའི་དབང་ལྔས་ལུས་བྱིན་གྱིས་བརླབས་པ། ཨུ་པའི་རིག་པ་གཏད་པ་འཛབ་ཀྱིས་ངག་བྱིན་གྱིས་བརླབ་པ། ཡོ་གའི་རིག་པ་གཏད་པ་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་གྱིས་ཡིད་བྱིན་གྱིས་བརླབ་པ། ཉིན་མོ་དཀྱིལ་འཁོར་གྱི་ཤར་དུ་གསང་སྔགས་བླ་མེད་ཀྱི་སྤྲོས་བཅས་ཆོས་སྒོ་བུམ་དབང་། སྲོད་ལ་ལྷོར་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སྤྲོས་མེད་ཆོས་སྒོ་གསང་དབང་། ནམ་བྱེད་ལ་ནུབ་ཏུ་ཕྱག་རྒྱ་མཚན་ལྡན་ལ་བརྟེན་ནས་ཤིན་ཏུ་སྤྲོས་མེད་ཀྱི་ཆོས་སྒོ་ཤེར་དབང་། ཐོ་རེངས་བྱང་དུ་བརྡ་དང་ཚིག་གི་ངོ་སྤྲོད་ཀྱིས་རབ་ཏུ་སྤྲོས་མེད་ཀྱི་ཆོས་སྒོ་རིག་པའི་རྩལ་དབང་རྣམས་སྨིན་རྒྱས་སུ་མནོས་ནས། རྒྱབ་རྟེན་ལུང་ལ། ལོ་རྒྱུས་ཀྱི་ནང་དུ་ཐེམས་བྱང་ཚིག་ལྷུག་ཏུ་འདུག་པའི་གོ་རིམ་བཞིན་བཀོད་པར། སྨིན་ལམ་དབང་གི་ཆོས་དྲུག །ཆོས་ཀྱི་ཕྱག་རྒྱ་བསྐྱེད་རིམ་གྱི་ཆོས་དྲུག །དམ་ཚིག་ཕྱག་རྒྱ་སྟེང་སྒོ་རྣམ་གྲོལ་གྱི་ཆོས་དྲུག །ལས་ཀྱི་ཕྱག་རྒྱ་འོག་སྒོ་བདེ་ཆེན་གྱི་ཆོས་དྲུག །ཡེ་ཤེས་ཕྱག་རྒྱ་རྫོགས་རིམ་གྱི་ཆོས་དྲུག །ཀུན་གྱི་སྙིང་པོ་རྒྱུད་ཀྱི་སྐོར་དྲུག །མ་བསྒོམ་འཚང་རྒྱ་བའི་གནད་དྲུག །ཡོངས་སུ་གཏད་པའི་རྒྱ་དྲུག་དང་བརྒྱད། དང་པོ་ནི། བྱིན་རླབས་ཆོས་སྒོ་བརྒྱུད་པའི་ལོ་རྒྱུས་ཡིད་ཆེས་གསལ་བའི་ལྡེ་མིག་ཞར་བྱུང་ལུང་བསྟན་དང་བཅས་པ་སྤྲོས་བཅས་ཆོས་སྒོ་ཐེག་པའི་བུམ་དབང་། སྤྲོས་མེད་ཆོས་སྒོ་ཐབས་ཀྱི་གསང་དབང་། ཤིན་ཏུ་སྤྲོས་མེད་ཀྱི་ཆོས་སྒོ་ཤེས་རབ་ཡེ་ཤེས་ཀྱི་དབང་། རབ་ཏུ་སྤྲོས་མེད་ཀྱི་ཆོས་སྒོ་གཉིས་མེད་ཀྱི་རྩལ་དབང་། དབང་བཞིའི་རྒྱབ་ཆོས་ཐེག་པའི་བང་མཛོད་
རྣམས། གཉིས་པ་ཆོས་ཀྱི་ཕྱག་རྒྱ་བསྐྱེད་རིམ་གྱི་ཆོས་དྲུག་ལ། སྔོན་འགྲོའི་ཆོས་དྲུག །དངོས་གཞིའི་ཆོས་དྲུག །རྗེས་ཀྱི་ཆོས་དྲུག་དང་གསུམ། དང་པོ་ལ། བྱིན་རླབས་ཀྱི་རྩ་བ་བླ་མ་ལ་མོས་གུས་ཀྱི་གཞི་འཁྲིད། སྒྲིབ་སྦྱོང་ཚོགས་གསོག་ཡི་གེ་བརྒྱ་པ་མཎྜལ་གྱི་འཁྲིད། རང་གཞན་དོན་མཆོག་སྐྱབས་འགྲོ་སེམས་བསྐྱེད་ཀྱི་འཁྲིད། ཀུན་གྱི་སྔོན་འགྲོ་ཆོས་སྤྱོད་ཐར་པའི་ཐེམ་སྐས། ཀུན་གྱི་ལས་བྱང་ཡིད་བཞིན་བང་མཛོད། ཀུན་གྱི་ཁ་སྐོང་ཚོགས་མཆོད་འདོད་ཡོན་ལོངས་སྤྱོད་རྣམས། གཉིས་པ་དངོས་གཞིའི་ཆོས་དྲུག་ལ། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་ཉམས་སུ་ལེན་པའི་སྒྲུབ་ཁོག་སྣང་སྲིད་རྣམ་དག །ལུང་ཨ་ནུ་ཡོ་ག་ལྟར་ཉམས་སུ་ལེན་པའི་རྩ་རླུང་རྣམ་དག །རྫོགས་པ་ཨ་ཏི་ཡོ་ག་ལྟར་ཉམས་སུ་བླང་བའི་རང་སེམས་རྣམ་དག་གཏོར་འབུལ་བར་གཅོད་ཀུན་སེལ། ཆོས་དབྱིངས་དོན་གྱི་བསྟོད་པ་ཆོས་ཀྱི་སྒྲ་དབྱངས་མ། འགྲོ་བའི་དོན་དུ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་བསྐུལ་བ་རྣམས། གསུམ་པ་རྗེས་ཀྱི་ཆོས་དྲུག་ལ། སྤྱོད་ལམ་རྣམ་བཞིའི་དགེ་སྦྱོར་གཡེང་མེད་ཀྱི་རྣལ་འབྱོར། འཆི་བ་བརྟག་པ་བར་གཅོད་ངོས་འཛིན། འཆི་བ་བསླུ་བ་བར་གཅོད་ཀུན་སེལ། ཐུན་འཚམས་ཆོས་སྤྱོད་ཀྱི་རྣལ་འབྱོར། གཞན་དོན་ལས་ཚོགས་ཡིད་བཞིན་ནོར་བུ་ལ་ནང་གསེས་ཀྱི་ཡི་གེ་བཅུ་པའི་བཟླས་བརྗོད་ལ་བརྟེན་ནས་མཆོག་སྒྲུབ་པ་སྔོན་འགྲོའི་ལས། འཁོར་ལོ་ནམ་མཁའི་ལས་སྦྱོར། བུམ་ཆུ་ཆུའི་ལས་སྦྱོར། སཱཙྪ་སའི་ལས་སྦྱོར། སྦྱིན་སྲེག་མེའི་ལས་སྦྱོར། རླུང་འཁོར་རླུང་གི་ལས་སྦྱོར་ལྔས་ལས་དངོས་གཞི་ཐུན་མོང་འབྱུང་བ་ལྔའི་ལས་ཚོགས། མཚོན་དང་ཕ་རོལ་གྱི་དམག་བཟློག་པ། ཚངས་པའི་འཇིག་རྟེན་མན་ཆད་མཐོང་བ།
རྐང་མགྱོགས། མི་སྣང་བ། མངོན་ཤེས། རྒས་པ་དང་འཆི་བ་མེད་པའི་མེད་པའི་བཅུད་ལེན། མཁའ་སྤྱོད་ཐོབ་སྟེ་འཕུར་བ། ས་འོག་ཏུ་ཅི་ཡོད་པ་མཐོང་བ། ཅི་འདོད་འགྲུབ་པ་སྟེ་རྗེས་ཀྱི་ལས་ཕྲན་དང་བཅས་པ། བསྐྱེད་རིམ་གྱི་རྒྱབ་ཆོས་དཀྱིལ་འཁོར་གསལ་བའི་སྒྲོན་མེ་རྣམས། གསུམ་པ་དམ་ཚིག་ཕྱག་རྒྱ་སྟེང་སྒོ་རྣམ་གྲོལ་གྱི་ཆོས་དྲུག །སྲོག་རྩོལ་གཏུམ་མོའི་མེ་འཁྲིད། སྣང་སྲིད་སྒྱུ་མའི་ལྷ་འཁྲིད། རྨི་ལམ་རང་གྲོལ་ལམ་འཁྲིད། འོད་གསལ་མ་རིག་མུན་སེལ་གྱི་ཉམས་འཁྲིད། སྐུ་གསུམ་འཕོ་བའི་དོན་འཁྲིད། རྣམ་ཤེས་གྲོང་འཇུག་གི་ལུས་འཁྲིད་རྣམས། བཞི་པ་ལས་ཀྱི་ཕྱག་རྒྱ་འོག་སྒོ་བདེ་ཆེན་གྱི་ཆོས་དྲུག་ལ། ཕྱག་རྒྱ་བརྟག་པ་མཁའ་འགྲོའི་མཚན་འབུམ་གསལ་པའི་མེ་ལོང་། ཕྱག་རྒྱ་འགུགས་པ་དབང་གི་ལྕགས་ཀྱུ། མི་སྣང་སྒྲིབ་ཤིང་མུན་པའི་ལྕགས་རི། ཐིག་ལེ་སྦྱང་བ་བདེ་ཆེན་ལམ་འཁྱེར། བཅུད་ལེན་རྡོ་རྗེ་ཆུ་འཐུང་། གཞན་དོན་དུ་རིགས་བརྒྱུད་སྤྲུལ་སྐུ་འཇོག་ཐབས་རྣམས། ལྔ་པ་ཡེ་ཤེས་ཕྱག་རྒྱ་རྫོགས་རིམ་གྱི་ཆོས་དྲུག །ལྟ་བའི་ཆོས་དྲུག །སྒོམ་པའི་ཆོས་དྲུག །སྤྱོད་པའི་ཆོས་དྲུག །གེགས་སེལ་གྱི་ཆོས་དྲུག །བོགས་འདོན་འོད་གསལ་གྱི་ཆོས་དྲུག །འབྲས་བུའི་ཆོས་དྲུག །དང་པོ་ལ། ལྟ་བའི་སྙིང་པོ་རྟག་ཆད་འདྲེས་པའི་དབུ་མ། འཁྲུལ་གཞི་རྩད་གཅོད་ལྟ་བ་ཡོད་མེད་འདྲེས་པའི་དབུ་མ། ལྟ་བ་བླང་དོར་འདྲེས་པའི་དབུ་མ། སྒོམ་པའི་ལྟ་བ་བཤད་གྲོལ་འདྲེས་པའི་དབུ་མ། སྤྱོད་པའི་ལྟ་བ་འཁོར་འདས་འདྲེས་པའི་དབུ་མ། འབྲས་བུའི་ལྟ་བ་རེ་དོགས་མེད་པའི་དབུ་མ་རྣམས། གཉིས་པ་སྒོམ་པའི་ཆོས་དྲུག་ལ། སྒོམ་པ་ཕྱག་རྒྱ་ཆེན་པོ་དོ་ཧ་རྡོ་རྗེའི་གླུ། ཕྱག་རྒྱ་ཆེན་པོ་གཉུག་མ་གཅེར་མཐོང་གི་འཁྲིད། ཕྱག་རྒྱ་ཆེན་པོ་ལྷན་
ཅིག་སྐྱེ་པའི་ཡེ་ཤེས་ངོས་འཛིན། ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ། ཕྱག་རྒྱ་ཆེན་པོ་ཉམས་མྱོང་ཟག་མེད། ཕྱག་རྒྱ་ཆེན་པོ་རང་གྲོལ་ཆེན་མོ་རྣམས། གསུམ་པ་སྤྱོད་པའི་ཆོས་དྲུག་ལ། སྤྱོད་ཡུལ་རྣམ་རྟོག་ཐོག་བརྫིས། སྤྱོད་ཡུལ་ལྷ་བདུད་ཐོག་བརྫིས། སྤྱོད་ཡུལ་ཕུང་བདུད་ཐོག་བརྫིས། སྤྱོད་ཡུལ་ཉོན་མོངས་ཐོག་བརྫིས། སྤྱོད་ཡུལ་འཆི་བདུད་ཐོག་བརྫིས། སྤྱོད་ཡུལ་བདུད་དཔུང་ཐོག་བརྫིས་རྣམས། བཞི་པ་གེགས་སེལ་གྱི་ཆོས་དྲུག་ལ། གེགས་སེལ་འཁྲུལ་སྣང་ཆོས་ཉིད་དུ་ཞུ་བྱེད། གེགས་སེལ་གདོན་བགེགས་ཆོས་ཉིད་དུ་ཞི་བྱེད། གེགས་སེལ་འབྱུང་ནད་ཆོས་ཉིད་དུ་ཞི་བྱེད། གེགས་སེལ་ཉོན་མོངས་ཆོས་ཉིད་དུ་ཞི་བྱེད། གེགས་སེལ་བག་ཆགས་ཆོས་ཉིད་དུ་ཞི་བྱེད་རྣམས། ལྔ་པ་བོགས་འདོན་འོད་གསལ་གྱི་ཆོས་དྲུག་ལ། ནག་འཁྲིད་སྦྱོར་བ་ཡན་ལག་དྲུག་པ་འོད་གསལ་དག་པ་དབྱིངས་ཀྱི་སྒྲོན་མེ། དཀར་འཁྲིད་ཉིན་མོའི་རྣལ་འབྱོར་གསེར་གྱི་སྙིང་པོ་ཅན་འོད་གསལ་མངོན་སུམ་རིག་པའི་སྒྲོན་མེ། ཁྲ་འཁྲིད་མིག་གི་རྣལ་འབྱོར་ཡེ་ཤེས་གསང་ལམ་འོད་གསལ་སྟོང་པ་ཐིག་ལེའི་སྒྲོན་མེ། དམར་འཁྲིད་ཉི་མའི་རྣལ་འབྱོར་ཡེ་ཤེས་གསལ་བའི་མེ་ལོང་འོད་གསལ་ལྷུན་གྲུབ་ཡེ་ཤེས་ཀྱི་སྒྲོན་མེ། སེར་འཁྲིད་ཟླ་བའི་རྣལ་འབྱོར་འཁྲུལ་སྣང་ཀུན་སྦྱོང་འོད་གསལ་ཞིང་ཁམས་དག་སྣང་གི་སྒྲོན་མེ། མེ་འཁྲིད་མར་མེའི་རྣལ་འབྱོར་རང་ཤར་རང་གྲོལ་འོད་གསལ་ཤུགས་འབྱུང་ཐུགས་རྗེའི་སྒྲོན་མེ་རྣམས། དྲུག་པ་འབྲས་བུའི་ཆོས་དྲུག་ལ། རང་བཞིན་བར་དོའི་ཆོས་རྣམས་སྐྱེ་མེད་དུ་ཤེས་པ་མདང་གསུམ་གྱི་རྨི་ལམ་སད་པ་ལྟ་བུའི་གདམས་པ། སྐྱེ་གནས་ཀྱི་བར་དོར་སྨིན་གྲོལ་ཉམས་སུ་བླངས་
པས་རྒྱལ་བུ་རྒྱལ་ས་ཟིན་པ་ལྟ་བུའི་གདམས་པ། རྨི་ལམ་བར་དོར་བག་ཆགས་ཀྱི་ཚང་བཏིབ་ནས་སྒྱུ་མ་མིག་འཕྲུལ་ཞིག་པ་ལྟ་བུའི་གདམས་པ། འཆི་བའི་བར་དོར་གསལ་བཏབ་པས་རྒྱལ་པོའི་བཀའ་ཐེམས་བསྐུར་བ་ལྟ་བུའི་གདམས་པ། འོད་གསལ་བར་དོར་ཡེ་ཤེས་རང་སྣང་དུ་གྲོལ་བས་མའི་པང་དུ་བུ་རྒྱུག་ལྟ་བུའི་གདམས་པ། སྲིད་པ་བར་དོ་ཁམས་གསུམ་དུ་ལྡོག་པའི་འཇིགས་པ་ལས་སྐྱོབ་པའི་སྐྱེལ་མ་རྙེད་པ་ལྟ་བུའི་གདམས་པ་རྣམས། དྲུག་པ་ཀུན་གྱི་སྙིང་པོ་རྒྱུད་ཀྱི་སྐོར་དྲུག་ལ། བསྟན་པ་ཐམས་ཅད་ཀྱི་དགོངས་དོན་འགྲོ་བ་ཀུན་གྲོལ་གྱི་རྒྱུད་ཆེན་པོ་ལེའུ་བདུན་པ། རྒྱུད་ཀྱི་བསྡུས་དོན་རིན་ཅེན་འཕྲུལ་གྱི་སྒོ། རྒྱུད་ཀྱི་བཀའ་འགྲེལ་ནོར་བུའི་ཕུང་པོ། རྒྱུད་ཀྱི་འབྲུ་འགྲེལ་ཡིད་བཞིན་བང་མཛོད། རྒྱུད་ཀྱི་དོན་འགྲེལ་རྡོ་རྗེའི་ཐ་རམ། རྒྱུད་ཀྱི་གསང་འགྲེལ་གྲུབ་མཐའ་འཕྲུལ་གྱི་ལྡེ་མིག་རྣམས། བདུན་པ་མ་བསྒོམས་འཚང་རྒྱ་བའི་གནད་དྲུག་ལ། ཡེ་ཤེས་མཐོང་གྲོལ་གྱི་གདམས་པ། ཆོས་ཉིད་ཐོས་གྲོལ་གྱི་གདམས་པ། རིག་པ་བཏགས་གྲོལ་གྱི་གདམས་པ། འདོད་ཡོན་ཚོར་གྲོལ་གྱི་གདམས་པ། ཐུགས་རྗེ་མྱོང་གྲོལ་གྱི་གདམས་པ། དགོངས་པ་རེག་གྲོལ་གྱི་གདམས་པ་རྣམས། བརྒྱད་པ་ཡོངས་སུ་གཏད་པའི་རྒྱ་དྲུག་ལ། ཞལ་གདམས་གབ་པ་མངོན་ཕྱུང་། མ་ཚང་ཁ་སྐོང་བ་དགོས་པ་ཀུན་འབྱུང་། དམ་ཚིག་གསལ་བའི་མེ་ལོང་། དཔལ་མགོན་དམག་གི་རྒྱལ་པོ་ཕྱག་དྲུག་པའི་སྒྲུབ་ཐབས་བོད་རྦད་གསད་གསུམ། འཁུ་ལྡོག་སེལ་བ། བཀང་བ། མཁའ་འགྲོ་དབང་དུ་སྡུས་པ། ནུས་པ་བསྐྱེད་པ་དང་བཅས་པ་བསྟན་པ། ལྷ་མོ་ཙིཏྟ་དུག་འཐུར་ཞེས་པ་འབར་མའི་གདོང་པ་ཅན་གྱི་སྐོར་ལ་ནང་གསེས་ཀྱི་
རྟེན་བཅའ་བ། སྒྲུབ་པ། གཏོར་མ། ལས་བཅོལ། གནད་ཀྱི་མན་ངག །སྲོག་འཁོར། རྟགས། འཁུ་ལྡོག་སྤོང་བ། ནད་གདོན་ཞི་བ། ལོངས་སྤྱོད་རྒྱས་པ། དབང་སྡུད་དང་བཅས་པ། དམ་ཅན་འབར་བ་མེའི་སྤུ་གྲིའི་སྲོག་ལེན་དམར་ནག་ནང་གསེས་ཀྱི་བོད་པ་རྦད་པ་ལས་ཐོར་བུ་ལ་དགྲ་ཡུལ་དུ་ཐོག་སྒྱོགས། འུར་རྡོ་གཏོང་བ་དང་བཅས་པ་རྣམས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ། སྤྲུལ་སྐུ་ཨོ་རྒྱན་པདྨ་འབྱུང་གནས། མཁར་ཆེན་བཟའ་འཚོ་རྒྱལ། གྲུབ་ཐོབ་ཨཱ་ཙཪྻ་ས་ལེ། གཏེར་སྟོན་དྲི་མེད་ལྷུན་པོ་ཐུགས་རྗེ་རང་བྱུང་རྩལ། རྒྱལ་སྲས་ཨོ་རྒྱན་པ། རྗེ་སངས་རྒྱས་འོད་ཟེར། དྲན་མཆོག་སངས་རྒྱས་བརྩོན་འགྲུས། འཁྲུལ་ཞིག་པདྨ་སངས་རྒྱས། རིག་འཛིན་ཉི་ཟླ་སངས་རྒྱས། རྡོ་རྗེ་འཆང་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་པའི་སྐྱེས་མཆོག་ཐུགས་རྗེ་རང་བྱུང་རྩལ་གྱི་མཐའ་འདུལ་གྱི་གཙུག་ལག་ཁང་ཀོང་པོ་བུ་ཆུ་བསམ་གྲུབ་ཚལ་ལམ་གསེར་གྱི་ལྷ་ཁང་གི་བྱང་ཤར་གྱི་མཆོད་རྟེན་ནག་པོ་བཀྲ་ཤིས་འོད་མཛེས་ལྡན་ཞིག་གསོས་མཛད་ཚེ་སྲོག་ཤིང་གི་ལྟེ་བ་ནས་སྤྱན་དྲངས་པའི་ཁམས་གསུམ་འཁྲུག་བྱེད་ལས་ཀྱི་རླུང་དམར་ནི། རང་གཏེར་ལས། མཚོ་སྐྱེས་རྡོ་རྗེ་པདྨ་འབྱུང་གནས་ངས༔ རྒྱ་གར་ཡུལ་ནས་ངན་སྔགས་དུ་མ་བསྒྱུར༔ ངན་སེམས་གདུག་པའི་བསམ་པ་མ་ཡིན་ཏེ༔ སྙིགས་མའི་དུས་སུ་འགྲོ་བ་ཉོན་མོངས་ཧྲག༔ ཁ་བ་ཅན་འདིར་མུ་སྟེགས་སྒྲུབ་མཐུ་དར༔ སོ་སོ་སྐྱེ་བོས་ངན་སྔགས་སློབ་པའི་དུས༔ དཀོན་ཅོག་གསུམ་གྱི་སྐུ་དགྲ་དངོས་སུ་འབྱུང་༔ སྔགས་པ་དམ་མེད་སྐྱེ་བོའི་སྔགས་
ཟློག་བྱེད༔ དེ་དུས་ཅིག་ཀྱང་བཟློག་པར་མི་ནུས་པའི༔ རྣོ་མྱུར་དྲག་རྩལ་ཐོག་དང་འདྲ་བ་ཉིད༔ ཁམས་གསུམ་འཁྲུག་བྱེད་ལས་ཀྱི་རླུང་དམར་འདི༔ ང་སྤྲུལ་བསྟན་པ་འཛིན་པའི་ཁྱད་འདོན་ཡིན༔ ཞེས་མངོན་སྤྱོད་དྲག་པོའི་ལས་སྦྱོར་ཤིན་ཏུ་རྣོ་མྱུར་ཅན་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྐོར་ལ། འཁོར་ལོ་ནག་པོ་འཁྲུག་བྱེད་ལས་ཀྱི་རླུང་དམར་གྱི་རྒྱུད་ལེའུ་གསུམ་པ། འཁོར་ལོ་ཆེན་པོ་རྒྱལ་ཁམས་ཕུང་བྱེད། འཁོར་ལོ་འབྲིང་པོ་གྲོང་ཁྱེར་དཀྲུག་བྱེད། འཁོར་ལོ་ཆུང་བ་བཟའ་ཚང་དཀྲུག་བྱེད། ཁམས་གསུམ་དཀྲུག་བྱེད་ལས་ཀྱི་རླུང་དམར་གྱི་སྤྲ་འཁྲིད། རླུང་གི་ཙཀྲའི་གབ་ཚིག་ཕུང་བྱེད་འདྲེའི་ཁང་བུ་ནག་པོ། རླུང་འཁོར་རང་གི་གནས་སུ་བསྐོར་བར་ཉེས་པ་མི་འབྱུང་བའི་ཐབས་གབ་ཚིག་གི་ཞལ་གདམས་བདུད་རྩིའི་ཐིགས་པ་ཞར་བྱུང་མི་རྡུགས་པ་དང་གང་གིས་ཕུང་བར་འདོད་པའི་ཁ་བསྒྱུར། ལྷ་དབྱེ། གཏོར་བསྔོ་བཅས་པ་མཚོན་ཆ་འདི་ལ་མཛོད་ཀྱི་མཐའ་ཅན། རྒྱལ་པོ་ཉེ་འབྱེད་ཉི་ཟླ་ཐལ་བརྡེབ། གྲོང་ཁྱེར་ཕུང་བའི་ཉེ་འབྱེད་གཟོང་མཆུ་མ། བཟང་ཚང་ཉེ་འབྱེད་ཉིན་གཅིག་མ། མཛའ་བ་ཉེ་འབྱེད་འཐབ་འཛིང་མ། མཐུན་གཉིས་གློ་བུར་འབྱེད་པ་ཡུལ་ཙམ་མ། ཕུང་ལས་འཁྲུག་བྱེད་མཛེ་རྐང་མ། ཡུལ་འབྱིན་པར་བྱེད་པ་བསྐྲད་པ་རྟ་རྒྱུགས་མ། བསྐྲད་པ་མཁའ་ལྡིང་ནག་པོ་རྒྱ་མཚོའི་མཐར་གྲོལ་མ། འབྱུང་དཀྲུག་ནང་འགྲས་བྱུང་ཚེ་ཕ་རོལ་ཟིལ་གནོན་གབ་ཡིག་སྦས་པའི་ཡང་ཞུན། ཤིན་ཏུ་འཁུ་ཆེན་རང་བསྲུང་རྡོ་རྗེའི་གོ་ཁབ་རླུང་ལྷའི་སྤྱན་འདྲེན་དང་བཅས་པ། རང་བསྲུང་འཁོར་ལོ་གསུམ་པ་ཆོ་ག་དགུ་སྐོར། མི་ཐེབས་མི་སྲིད་མ། མི་བཟློག་པ། འཇམ་པོ་རྩུབ་པོར་བསྒྱུར་བ། རྩུབ་པོ་འཇམ་པོར་བསྒྱུར་བ། སྣ་འདྲེན། ལྕག །རང་གཤེད་རེ་
གབ་ཡིག་ཞལ་གདམས་བདུན། ལྷ་འདྲེ་ཉེར་ལྔའི་སྔགས་བྱང་། རླུང་དམར་གྱི་སྔགས་བྱང་གུར་རུ་དབྱངས་དཔོན་པས་སྡེ་པ་ཡུག་པའི་དྲུང་དུ་ཞུས་དག་མཛད་པའི་ཁྱད་འདོན་མ། རླུང་ཁང་ལ་འདྲི་བའི་སྔགས་ཀྱི་ཞལ་ཤེས། དམོད་པ་དབྱངས་དཔོན་པའི་ཞལ་ཁྲིགས་མ། གནད་ཀྱི་གདམས་པ་སྒྲིབ་ཤིང་གཏེར་སྟོན་གྱི་ཞལ་ཤེས་མ། རླུང་ལྷ་ཕོ་མོའི་བསྐུལ་རི་རབ་ཆེན་པོ་མ། གནམ་ཐེ་དང་འགོང་པོའི་བསྐུལ་རྣམས་དང་། དཔེའུ་རིས་ལ་བསྐྲད་པ་གནམ་གྱི་འཁོར་ལོ། འབྱེད་པ་སའི་འཁོར་ལོ། འཛིང་བྱེད་ཆུའི་འཁོར་ལོ། རྒྱུར་བྱེད་མེའི་འཁོར་ལོ། འཁྲུག་བྱེད་རླུང་གི་འཁོར་ལོ། སྡེ་བརྒྱད་ཙིཏྟ་དཀྲུག་པའི་འཁོར་ལོ། ཕོ་རྒྱུད་ཙིཏྟ་དཀྲུག་འཁོར། མོ་བརྒྱུད་ཙིཏྟ་དཀྲུག་འཁོར། ལྷ་སྲིན་ནང་དཀྲུག་འཁོར་ལོ། འཁྲུག་བྱེད་བསྐྲད་པ་ནག་པོའི་འཁོར་ལོ། གསང་བ་ཡབ་ཀྱི་འཁོར་ལོ། འཐབ་འཛིང་ཡུམ་གྱི་འཁོར་ལོ། དབྱེ་བྱེད་བུའི་འཁོར་ལོ། ཕོ་ཉ་ལས་ཀྱི་འཁོར་ལོ། སྟེང་འོག་དྲེད་དོམ་འཁོར་ལོ། གབ་ཚིག་འདྲེའི་ཁང་བུ། འཁྲུག་བྱེད་མཛེ་རྐང་མ། བསྐྲད་པ་རྟ་རྒྱུགས་མ་དང་མཁའ་ལྡིང་མ། ཉི་ཟླ་ཐལ་རྡེབ། གྲོང་ཁྱེར། བཟའ་ཚང་། མཛའ་གཉིས། མཐུན་གཉིས་འབྱེད་པ་རྣམས་ཀྱི་ལིང་ག །རང་ལ་མི་ལྡོག་པའི་འཁོར་ལོ། བདག་འཁོར་ནོར་བསྲུང་བ་རིགས་གསུམ་མགོན་པོའི་འཁོར་ལོ། སྦས་པའི་ཡང་ཞུན་གྱི་རང་བསྲུང་འཁོར་ལོ། རླུང་འཁོར་དང་བཅས་པའི་སྟེང་ནས་ཕྱག་ལེན་དམར་འཁྲིད་ཤིན་ཏུ་ཞིབ་པ་ལན་གསུམ་གྱི་བར་དུ་མནོས་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་འཆང་། ཤཱཀྱ་ཐུབ་པ། དྲེགས་པ་ཀུན་འདུལ། སློབ་དཔོན་རོམ་བུ་གུ་ཧྱ་ཙནྡྲ། ཨོ་རྒྱན་པདྨ་ཐོད་འཕྲེང་རྩལ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ཨ་ཙརྱ་ས་ལེ། གཏེར་སྟོན་ཐུགས་རྗེ་རང་བྱུང་
རྩལ། སྲས་སངས་རྒྱས་རྒྱལ་མཚན། བླ་མ་ཨ་དཔལ་བ། རྒྱལ་སྲས་དྲི་མེད་སངས་རྒྱས། མཚུངས་མེད་བཀྲ་ཤིས་དབང་ཕྱུག །གནམ་གོང་བླ་མ་སངས་རྒྱས། བླ་མ་བཀྲ་ཤིས་དར་རྒྱས། སྔགས་འཆང་ཆོས་རྒྱལ་ཕུན་ཚོགས། ཡུག་སྔགས་འཆང་མ་ཎི་ཨིནྡྲ་རཱ་ཛ། དང་མ་བ་ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་ཀུན་མཁྱེན་རྩ་བའི་བླ་མ། དེས་བདག་ཟ་ཧོར་སྔགས་སྨྱོན་གྱི་བསྟན་སྲུང་དུ་བསྩལ་ཅིང་རྗེ་བླ་མས་ཕྱག་ལེན་མཛད་པའི་དུས་རླུང་ལྷའི་ལས་བྱང་གནམ་ཐེ་འགོང་པོ་བཅས་པ་བསྐུལ་ཞིང་སྔགས་རྒྱུད་གྱི་སྒྲུབ་གྲོགས་དང་རྗེས་སུ་ལག་ཏུ་བསྟར་ནས་ལན་གཅིག་སྟེ་འགལ་བ་ཆམ་ལ་ཕབ་པའི་མྱོང་ཐོན་མ་ཡིན་ནོ། །རྗེ་བླ་མ་འདིའི་ཕྱག་ལེན་སྐོར་ནི་དབྱངས་དཔོན་བར་མ་ཟད་དེའི་དངོས་སློབ་ཡབ་གཞོན་ནུ་དོན་གྲུབ་ལ་ཡང་ཞུན་ཐར་བཅད་འདུག་གོ །གསོལ་འདེབས་ལས། བན་པ་སྐུ་འཁྲུངས་མྱང་འདས་མཆོག་ལྡན་མགོན། །བྱ་རུང་ཁ་ཤོར་ཞིག་གསོས་ཆོས་ཀྱི་བློན། །པདྨ་གུང་བཙན་སྐྱེ་བརྒྱུད་གྲང་སོ་པ། །སྔགས་འཆང་ཤཱཀྱ་བཟང་པོ་ལ་གསོལ་བ་འདེབས། །ཞེས་པའི་གཏེར་སྟོན་གཉིས་ཀྱི་གཏེར་ཆོས་ནི་མ་མནོས། །གསོལ་འདེབས་ལས། ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག །མཆོག་སྤྲུལ་མངའ་རིས་པཎ་ཆེན་འོད་ཟེར་མཚན། །རིག་འཛིན་ཡོངས་འདུས་རྣམ་སྣང་གསང་སྒྲོམ་ནས། །སྤྱན་དྲངས་པདྨ་དབང་རྒྱལ་ལ་གསོལ་བ་འདེབས། །ཞེས་པའི་མངའ་རིས་པཎ་ཆེན་དང་དེའི་གཅུང་སྤྲུལ་སྐུ་ལེགས་ལྡན་རྡོ་རྗེ་གཉིས་ནི། ཁ་བྱང་དོན་གསལ་གནང་སྒྲོན་ལས། གཞི་བཅུར་ཉེ་དུས་ཐུགས་གཏེར་ངེས་པར་ཕྲད༔ དངོས་དང་ཉམས་སུ་ང་ཡིས་དབང་བཞི་བསྐུར༔
དཔའ་བོ་མཁའ་འགྲོས་བསྐུལ་བ་ཐེངས་གསུམ་འོང་༔ དེ་དུས་ཐེ་ཚོམ་མ་བྱེད་གནད་ཐེམས་ཡིན༔ རྣམ་པར་སྣང་མཛད་ཐུགས་ཀྱི་གློང་སྒྲོམ་ན༔ བླ་མའི་སྒྲུབ་པ་ཡོངས་འདུས་རྣམ་གསུམ་ཡོད༔ སྒྲ་སྒྲོགས་འབྲུག་གི་ལོ་ལ་བབས་པའི་དུས༔ གཏེར་བདག་བྱ་ཀར་སྨྱུག་རྒོད་གཏོར་མས་མཆོད༔ རང་ཉིད་དབང་དྲག་ང་རྒྱལ་ལྡན་པ་ཡིས༔ བདེན་པ་བདར་ཞིང་དམ་བསྒྲགས་གནད་ཐེམས་ཡིན༔ དཔའ་བོ་མཁའ་འགྲོ་ཚོགས་སྐོར་བརྒྱ་རྩས་བཀང་༔ གནས་ཆེན་ཀུན་མྱུལ་འབྱོར་རྒུ་ཞེན་མེད་བྱ། ཆོས་བརྒྱད་སྤང་ཞིང་ཚེ་འདི་བློ་ཡིས་བཏང་། ས་གཅིག་མི་གནས་གནས་ཆེན་ཀུན་ཏུ་སོང་། དཔའ་བོ་མཁའ་འགྲོས་ལུང་སྟོན་གཏེར་དང་ཕྲད། ཅེས་པཎ་ཆེན་སྐུ་མཆེད་གཉིས་ཀྱིས་ལྷོ་བྲག་སྲིན་མོ་སྦར་རྗེས་བྲག་ནག་ནས་ཁ་བྱང་གི་ཤོག་དྲིལ་སྤྱན་དྲངས་པའི་གཏེར་དངོས་ཀྱི་གནས་ནི༔ སྤྱི་ལུང་མདོར་བསྡུས་སྙིང་པོ་ལས། ད་ནས་གདུང་རབས་གཉིས་གསུམ་ནས༔ ཁྱེད་ཀྱི་གདུང་བརྒྱུད་གླང་མིང་ཅན༔ བསྟན་པའི་གཤེད་མ་བྱེད་པར་འབྱུང་༔ ཁྱོད་ཀྱི་རྟེན་མཆོད་བཤིག་ཅིང་འཚེ༔ དེ་དུས་དབུ་རྩེ་རིགས་གསུམ་ནི༔ བོ་རལ་མི་འབྱུང་དགོས་པ་ཡོད༔ ང་ཡི་ཕྱག་མཚན་རྡོ་རྗེ་དང་༔ དགྲ་བཅོམ་རྣམ་གཉིས་ལྷུང་བཟེད་དང་༔ སྙིང་ཏིག་གསང་བའི་གནད་ཐེམས་བཅས༔ རྒྱས་བཏབ་སྦས་པས་ཁ་གནོན་འབྱུང་༔ ཞེས་དང་། གཏེར་སྟོན་ནི། འདི་ནས་ཉི་མ་ནུབ་ཕྱོགས་སུ༔ ཡང་འདུལ་སྤྲ་དུན་རྩེ་ཡི་ལྷོ༔ གེ་གར་ཀླུ་ཡི་ཁ་གནོན་བྱང་༔ རི་རྒྱལ་གླང་ཆེན་འགྱིང་འདྲའི་འདབ༔ ཆུ་ཆེན་དྲག་པོ་འབབ་པའི་འགྲམ༔ གློ་བོ་མ་ཐང་ཞེས་བྱའི་ཕུར༔ རྗེ་རིགས་སྔགས་འཆང་རྣལ་འབྱོར་པ༔ ཕ་མ་རྒྱལ་མཚན་གཉིས་ཀྱི་བུ༔ ཀུན་བཟང་དགོངས་པའི་ཀློང་ནས་བསྐྲུན༔ བི་མཱ་འཚོ་རྒྱལ་སྤྲུལ་
པའི་སྲས༔ སྤུན་བདུན་ཚིགས་སམ་མཐའ་རུ་འབྱུང་༔ ལྷུམས་ནས་ཧཱུཾ་ཧྲཱིའི་སྒྲ་སྒྲོགས་ཅིང་༔ སྐྱེས་པའི་ལོ་ནས་བདེ་སྐྱིད་ལྡན༔ ཡུལ་ཁམས་བདེ་ཞིང་བསམ་དོན་འགྲུབ༔ ཆུ་ཁམས་ལུགས་གམ་སྤྲེལ་ལོ་པ༔ བདག་གིས་བྱིན་བརླབས་པདྨ་རྒྱལ༔ འཚོ་རྒྱལ་བྱིན་བརླབས་འོད་ཟེར་མིང་༔ ཆོས་རྒྱལ་བྱིན་བརླབས་གྲོ་བོ་ལོད༔ ནམ་སྙིང་རྡོ་རྗེ་ཐོགས་མེད་རྩལ༔ བདུད་འཇོམས་བྱིན་བརླབས་རྡོ་རྗེའི་མིང་༔ བཻ་རོས་བྱིན་བརླབས་གཏེར་བདག་གླིང་༔ ཞེས་མངའ་རིས་གློ་བོ་གེ་གར་གྱི་ཡུལ་དང་སྔགས་འཆང་འཇམ་དབྱངས་རྒྱལ་མཚན་ཡབ་ཡུམ་གཉིས་ཀྱི་མཚན། སྤུན་བདུན་ཚིགས་ཞེས་པས་མངའ་རིས་པཎ་ཆེན་སྐུ་མཆེད་བདུན་གྱི་གཉིས་པ་ཡིན་པས་བར་ཚིགས་དང་། མཐའ་རུ་འབྱུང་ཞེས་པས་ལེགས་ལྡན་རྗེ། ལུགས་གམ་ཞེས་པས་པཎ་ཆེན་དང་། སྤྲེའུ་ཞེས་པས་ལེགས་ལྡན་རྗེའི་འཁྲུངས་ལོ། པདྨ་རྒྱལ་པོ་དང་འོད་ཟེར་མིང་མངའ་རིས་པཎ་ཆེན་གྱི་མཚན་དང་། གྲོ་བོ་ལོད་དང་རྡོ་རྗེའི་མིང་ནི་ལེགས་ལྡན་རྗེའི་མཚན། སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་ལུང་བསྟན་དུ། ང་ཡི་ཐུགས་རྗེས་སྤྲུལ་པའི་རིགས་འཛིན་ནི། པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཕྱི་ལྟར་རབ་བྱུང་སྔགས་པའི་ཆ་ལུགས་ཅན༔ ཞེས་པའི་རབ་བྱུང་ཞེས་པས་གཅེན་དང་སྔགས་པའི་ཞེས་པས་གཅུང་གི་ཆ་ལུགས་བསྟན་པ་སོགས། རྒྱུ་མཚན་འདི་དག་ལ་བརྟེན་ནས་གཏེར་ཆོས་འདི་ལ་གཏེར་སྟོན་ཉིས་ཚོགས་ཀྱི་ཐ་སྙད་འཇམ་དབྱངས་མཁྱེན་བརྩེའི་ཞབས་དང་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་སོགས་མཁས་གྲུབ་ཚད་ལྡན་རྣམས་གསུང་པ་ཡིན་ལ། དེ་ཡང་མཆེད་གཉིས་ཀྱི་ནང་ནས་གཙོ་ཆེ་བ་ནི། ཡོན་ཏན་གཏེར་མཛོད་ཀྱི་ལུང་བསྟན་ལས། བདེ་གཤེགས་རིགས་
འཛིན་ཡོངས་རྫོགས་འདུས་པའི་ཆོས༔ གཏེར་ནས་འབྱིན་པའི་སྐྱེས་བུ་རྫུ་འཕྲུལ་ཅན༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ མངའ་རིས་གཙང་གི་ཕྱོགས་ནས་གློག་བཞིན་འཁྱུག༔ དབུས་གཙང་ལྷོ་ཡི་ཕྱོགས་སུ་འབྲུག་བཞིན་གྲགས༔ ཁམས་ཡུལ་རྒྱ་ཡི་ཡུལ་དུ་གྲགས་པ་ནི༔ ལུས་ལ་རྟགས་ཀྱི་རྡོ་རྗེ་སྤྱི་བོར་ཤར༔ རྒྱ་གྲམ་འཕྲིན་ལས་ཕྱག་གི་མཐིལ་ན་གསལ༔ སྤྱན་མིག་ཆོས་ཀྱི་འཁོར་ལོས་ཕྱག་ཞབས་སྤྲས༔ འཇོམས་བྱེད་ཧཱུཾ་གི་ཡི་གེ་རྐང་ལ་མངོན༔ ལྟེ་བར་བུམ་པའི་ཕྱག་རྒྱ་སྨེ་བ་བརྒྱན༔ སྤྱོད་པ་མ་ངེས་ཐོགས་མེད་རླུང་ལྟར་རྒྱུ༔ ཏིང་འཛིན་མི་གཡོ་རྡོ་རྗེ་ལྟ་བུར་བརྟན༔ སྔགས་དང་ཕྱག་རྒྱའི་ཆོ་འཕྲུལ་རྒྱུན་ཆད་མེད༔ ཨོ་རྒྱན་ང་དང་རྟག་ཏུ་བཀའ་བགྲོས་འཆང་༔ དེ་དང་སུ་ཕྲད་བདེ་བ་ཅན་དུ་སྐྱེ༔ ཞེས་བསྟན་པ་ལྟར་པཎ་ཆེན་པདྨ་དབང་རྒྱལ་ཡེ་ཤེས་རོལ་པ་རྩལ་དང་གཅུང་ལེགས་ལྡན་རྡོ་རྗེ་གྲོ་བོ་ལོད་གཉིས་ཀྱིས་ཟབ་ཡངས་མི་འགྱུར་ལྷུན་གྱིས་གྲུབ་པ་དཔལ་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་སྟེང་ཁང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གི་རྟེན་གཙོ་རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་གྱི་གསང་སྒྲོམ་སྙིང་མཛོད་བ་གམ་སྨུག་པོ་མུན་པའི་དཀྱིལ་འཁོར་ནས་སྤྱན་དྲངས་པའི་བཀའ་འདུས་ཕྱི་མའི་སྐོར་རམ་ཨོ་རྒྱན་གླིང་པས་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་སྤྱན་དྲངས་པར་དང་པོ། སངས་རྒྱས་གླིང་པས་དགོངས་འདུས་སྤྱན་དྲངས་པར་བར་པའི་ཐ་སྙད་འཇོག་གོ །བླ་མ་བཀའ་བརྒྱད་ཡོངས་འདུས་སུ་གྲགས་པ་གསོལ་འདེབས་ལེའུ་བདུན་པའི་སྨིན་གྲོལ་གདམས་པ་རྨད་དུ་བྱུང་བའི་སྐོར་ལ། སིནྡྷུ་རྒྱ་མཚོ་ཆེན་པོའི་སྙན་བརྒྱུད་སྙིང་པོ་ཐུགས་ཀྱི་ཡང་ཏིག་གི་ལས་གཞུང་དང་། རིག་འཛིན་ཡོངས་རྫོགས་རྩ་༼གནས༽བའི་དབང་གི་ཡི་གེ་ལ་བརྟེན་ནས་ཚོམ་བུའི་དཀྱིལ་འཁོར་དུ་འཇུག་པ་
སྔོན་དུ་འགྲོ་བའི་བུམ་པ། ཐོད་པ། མེ་ལོང་། གཏོར་མ། བླ་མའི་སྐུ་འབག་རྣམས་སོ་སོར་དབང་བཞི་ཚང་བའི་རྣམ་པ་ཉི་ཤུས་བྱང་ཆུབ་པའི་དབང་མཐའ་རྟེན་དམ་ཚིག་དང་བཅས་པ། བསྟན་པ་རྨད་དུ་བྱུང་མའི་ཡང་ཏིག་སྙིང་པོ་སྐོར་གྱི་བསྙེན་སྒྲུབ་དབང་༼འབྲི༽དང་ཟུང་འབྲེལ་གྱི་ཡི་གེའི་སྟེང་ནས་ཚོམ་བུའི་དཀྱིལ་འཁོར་དུ་སྟ་གོན་དང་འཇུག་པ་གྲོལ་ཐིག་ནས་ཁ་བསྐངས། སྟ་གོན་དང་འཇུག་པའི་སྐོར་གཏེར་ཁ་འདི་ཁ་ནས་བྱོན་པས་དེང་སང་ཆོས་སྡེར་མི་བཞུགས་ཤིང་། གྲོལ་ཐིག་ན་འདི་དང་ཆ་འདྲ་ཞིག་ཡོད་པ་ལེན་པ་ཡིན་ཞེས་བརྒྱུད་ལྡན་གྱི་གསུང་སྒྲོས་དང་ཕྱག་ལེན་ལ་མཛད་མོད། གཏེར་ཁ་འདི་ཁའི་དབང་གི་གལ་ཐོ་འབྲི་བྱང་གནས་གསུམ་མ་གཏོགས་ཕྱིས་ཀྱི་བརྒྱུད་པ་རྣམས་ལ་དཔེ་རྒྱུད་དང་ཆོས་རྒྱུན་མི་འདུག་པས་མ་གཟིགས་པ་ཡིན་ནམ་སྙམ། དངོས་གཞི་ཉན་བྱེད་རིན་འབྱུང་། སྨྲ་བྱེད་སྣང་མཐའ་བསམ་བྱེད་རྡོར་སེམས་བྱ་བྱེད་དོན་གྲུབ། འགུལ་བསྐྱོད་ཀུན་བཟང་སྟེ་སྤྱོད་པ་སྔགས་ཀྱི་ཡེ་ཤེས་དབབ་པ་མེ་ཏོག་འཕྲེང་བ། བུམ་པ་ཡེ་ཤེས་ལྔ་རྫོགས། དབུ་རྒྱན་གྱིས་དུག་གསུམ་རྣམ་པ་དག་པ། རྡོ་རྗེས་ཡེ་ཤེས་ལྔ་ལྡན། དྲིལ་བུས་ཡན་ལག་དྲུག་ཅུའི་དོན་རྟོགས། དར་དཔྱངས་ཀྱིས་བརྡ་དོན་དོན་རྟོགས། སྨན་རག་གཏོར་མས་ལྷ་དང་མཁའ་འགྲོའི་རྟེན་དབང་། ཞི་ཁྲོ་བཀའ་བརྒྱད་ཀྱི་ལྷ་དབང་གིས་རྩ་ཁམས་བདེ་གཤེགས་ཡོངས་རྫོགས་ཀྱི་སྐུར་འཆར་བ། བྱང་ཆུབ་སེམས་ཀྱི་གསང་དབང་། ཕྱག་རྒྱའི་ཤེར་དབང་། ངོ་སྤྲོད་ཚིག་དབང་། དྲག་པོའི་སྒྲོལ་དབང་དང་བཅས་པ། བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་སིནྡྷུ་རྒྱ་མཚོ་ཆེ་བའི་མ་ཧཱ་གུ་རུ་སྤྲུལ་སྐུའི་སྒྲུབ་ཐབས་༼གནས༽དབང་དང་ཟུང་འབྲེལ་གྱི་ཡི་གེའི་སྟེང་ནས། དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་བུམ་པ་ཟླུམ་པོ། ཐོད་པ་ཟླུམ་པོ།
གཏོར་མ་ཟླུམ་པོ་གསུམ་རེ་རེ་ལ་ཡང་དབང་བཞི་ཚང་བའི་དབང་མཐའ་རྟེན་དམ་ཚིག་དང་བཅས་པ། སིནྡྷུ་རྒྱ་མཚོ་ཆུང་བའི་སྒྲུབ་ཐབས་རྡོ་རྗེ་གསང་བའི་ནོར་བུ་རིན་པོ་ཆེ་འབར་བའི་འོད་དང་ནང་སྒྲུབ་རྡོ་རྗེ་རིན་ཅེན་གྱི་ལས་གཞུང་གཉིས་༼འབྲི༽དབང་ཆོས་རྡོ་རྗེ་གསང་བ་རིན་པོ་ཆེ་དང་བཅས་པའི་སྟེང་ནས་གསོལ་བཏབ་སྡོམ་བཟུང་བྱིན་འབེབས་སྔོན་དུ་འགྲོ་བའི་སྐུ་འབག་གིས་སྣང་བ་མ་འགག་པ་ལྷ་དང་གཉིས་སུ་མེད་པ་སྐུ། མེ་ལོང་སིནྡྷུ་རས་རང་བྱུང་རྡོ་རྗེ་སྔགས་སུ་སྨིན་པ་གསུང་། བུམ་པས་མ་བཅོས་རིག་པའི་ཆོས་སྐུར་འཆར་བ་ཐུགས། གཏོར་མས་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་བསྐུར་བ་ཡོན་ཏན། ཞི་རྒྱས་དབང་དྲག་གི་འགྲངས་རྒྱས་ཀྱི་འཕྲིན་ལས་རྣམ་བཞིའི་དབང་། རྣམ་དག་སྔགས་ཀྱིས་འཕྲིན་ལས། དམ་ཚིག་སྡོམ་པ་རབ་ཏུ་བཤད་པ་དང་བཅས་པ། བསམ་པ་ལྷུན་གྲུབ་མའི་ལས་བྱང་ཡོན་ཏན་གཏེར་མཛོད་དབང་༼བྱང༽ཆོག་བསམ་འཕེལ་ནོར་བུའི་སྟེང་ནས་གསོལ་འདེབས་ཡན་ལག་བདུན་པ་བྱིན་འབེབས་སྔོན་དུ་འགྲོ་བའི་གཏོར་མ་ལ་བརྟེན་ནས་ལུས་ལ་ལྷ་དབང་། ངག་ལ་སྔགས་དབང་། སེམས་ལ་ཆོས་དབང་རྣམས་ལེགས་པར་མནོས་ནས། རྒྱབ་རྟེན་ལུང་ལ་རྩ་བ་དང་ཡན་ལག་གཉིས། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ལྷོ་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པའི་བླ་མ་བཀའ་བརྒྱད་ཡོངས་འདུས་ཀྱི་ཁ་བྱང་༼གནས༽༼འབྲི༽དོན་སྒྲོན་གནད་གསལ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱིས་ཡི་གེར་བཀོད་ནས་གཏེར་དུ་སྦས་པ། བསྟན་པ་སྤྱི་དང་གང་ཟག་སྒོས་ཀྱི་ལུང་བསྟན་རྒྱས་པར་སྟོན་པ་སྤྱི་ལུང་མདོར་བསྡུས་སྙིང་པོ་༼འབྲི༽གནུབས་ནམ་མཁའི་སྙིང་པོས་ཡི་གེར་བྲིས་ནས་གཏེར་དུ་སྦས་པ། བསམ་ཡས་དབུ་རྩེར་པདྨ་
ཐོད་འཕྲེང་ལ་རྗེ་འབངས་ཉེར་ལྔའི་ནང་ནས་དག་པའི་འཁོར་ལྔས་ཞུས་པའི་གླེང་གཞི་ཐེམས་བྱང་མདོར་བསྡུས་སྔོན་དུ་འགྲོ་བའི་དམ་ཚིག་རྩ་བ་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པ་༼གནས༽ཡང་ཏིག་གསང་བའི་དོན་མཆོག་སྲོག་ལས་གཅེས་པའི་སྒྲོན་མེ། རྣལ་འབྱོར་སྤྱོད་པ་མན་ངག་ཅེས་པ་སློབ་བུའི་མཚན་ཉིད་འདོད་པ་སྣོད་བརྟག་ཅིང་བཅོས་ཐབས་༼གནས༽གསུང་རབ་ཀུན་གྱི་སྙིང་པོ་ཡང་ཏིག་རིན་པོ་ཆེ་གཅེས་པའི་སྒྲོན་མེ། ཡང་དག་པའི་བླ་མ་རྗེས་སུ་བསྟེན་ཐབས་རྣལ་འབྱོར་སྤྱོད་པ་ཞེས་བླ་མའི་མཚན་ཉིད་བསྟེན་ཐབས་༼གནས༽ལུང་གི་རབ་ཏུ་དབྱེ་བ་བཀའ་གསང་ངེས་པའི་ཡང་ཏིག་ཤིན་ཏུ་གཅེས་པ་དོན་གྱི་སྙིང་པོ་མ་ལུས་པ་གསལ་བའི་སྒྲོན་མེ། རིག་འཛིན་སྔགས་འཆང་རྣམས་ཀྱི་དོན་དུ་བླ་མ་ཡི་དམ་མཁའ་འགྲོའི་དམ་ཚིག་༼གནས༽བསྟན་པ་དམ་ཚིག་ཡང་ཏིག་གཅེས་པའི་སྒྲོན་མེ། སྔོན་འགྲོ་གནད་ཀྱི་གཟེར་ལྔ། བླ་མ་དྲག་པོ་རྩལ། སྤྱན་རས་གཟིགས། རྡོ་རྗེ་སྲིན་པོ་ཆེ་མཆོག་དང་བཅས་པ་རྣམས་༼འབྲི༽ཀྱི་སྒྲུབ་ཐབས། རིག་འཛིན་ཡོངས་རྫོགས་རྩ་བའི་དབང་ཞེས་༼གནས༽ཟླུམ་པོ་བཞི་སྐུ་འབག་ལ་བརྟེན་པའི་དབང་ཆོག་རྣམ་པ་ཉི་ཤུས་བྱང་ཆུབ་པ། བསྙེན་སྒྲུབ་ལས་སྦྱོར་དབང་གི་གལ་ཐོ་ཡང་གཅེས་སྲོག་གི་ཐེམས་ཡིག་རིགས་༼གནས༽འཛིན་སྒྲུབ་པ་གསང་བའི་ཡང་ཏིག་དཔལ་བེའི་རྒྱ་ཅན། གུ་རུའི་སྤྱི་སྒྲུབ་གསང་བ་ཡེ་ཤེས་ཡང་ཏིག་གི་དབང་༼འབྲི༽ཆོག་ཡེ་ཤེས་སྒྲོན་མ་གྲོལ་བྱེད་གྱི་དབང་བསྐུར་རྣམས། གཉིས་པ་བྱེ་བྲག་ལ་ལེའུ་བདུན་བསམ་པ་ལྷུན་གྲུབ་མ་བཅས་པ་བརྒྱད་ལས། ཨོ་རྒྱན་རྗེས་འཇུག་མ་སྒྲུབ་སྐོར་མེད། དེ་ལས་གཞན་པ་ནི་སློབ་མ་སྤྱི་ལ་གསུངས་པ་བླ་མ་སྐུ་གསུམ་སྐོར། ཡབ་རྒྱལ་
པོར་གསུངས་པ་བསྟན་པ་རྨད་བྱུང་སྐོར། མ་ཇོ་མོ་འཚོ་རྒྱལ་ལ་གསུངས་པ་ཉི་མ་ལྷོ་ནུབ་མའི་སྐོར། གནུབས་ནམ་མཁའི་སྙིང་པོར་གསུངས་པ་སྤྲོས་བྲལ་བདེ་ཆེན་མའི་སྐོར། སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པ་སིནྡྷུ་རྒྱ་མཚོ་ཆེ་བའི་སྐོར། ལྷ་སྲས་མུ་ཏིག་བཙན་པོར་གསུངས་པ་སིནྡྷུ་རྒྱ་མཚོ་ཆུང་བའི་སྐོར། བུ་གུང་ཐང་རྒྱལ་པོར་གསུངས་པ་བསམ་པ་ལྷུན་གྲུབ་མའི་སྐོར་དང་བདུན། དང་པོ་ལ། བླ་མ་ཆོས་སྐུའི་སྒྲུབ་ཐབས་ཡང་གསང་གནད་ཀྱི་དོན་འགྲེལ་ཞེས་པ་༼གནས༽ལ་བསྐྱེད་རྫོགས་ཟུང་འཇུག་གི་སྒོ་ནས་ཆོས་སྐུར་སྒྲུབ་པ་སྤྱི་དོན་རྣམ་བཞིས་བསྟན་པ། བླ་མ་ཆོས་སྐུའི་སྒྲུབ་ཐབས་གཞུང་དོན་རྣམ་པ་བཞིས་བསྟན་པ། བླ་མེད་བླ་མ་སྐུ་ལྔར་སྒྲུབ་ཐབས་སྤྱི་དོན་ལྔས་བསྟན་པ་དང་བཅས་པ། རང་རིག་བླ་མ་ཆོས་སྐུར་སྒྲུབ་པ་ཡང་ཏིག་སྙིང་པོ་སྐལ་ལྡན་༼གནས༽སྙིང་ལ་རྣོགས་ཤིག་གི་མཐའ་ཅན། རང་རིག་བླ་མ་ལོངས་སྐུར་སྒྲུབ་པ་ཡང་ཏིག་སྙིང་པོ་གསང་༼གནས༽བའི་རྩིས་རྒྱར་ཟུང་ཤིག་གི་མཐའ་ཅན། རང་རིག་བླ་མ་སྤྲུལ་སྐུར་སྒྲུབ་པ་ཡང་ཏིག་སྙིང་པོ་གཏེར་༼གནས༽བདག་དྲེགས་པ་རྣམས་ཀྱིས་བྱ་ར་གྱིས་ཤིག་གི་མཐའ་ཅན་རྣམས། གཉིས་པ་ཡབ་རྒྱལ་པོར་གསུངས་པ་བསྟན་པ་རྨད་བྱུང་སྐོར་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ནི། ཡང་ཏིག་སྙིང་པོ་སྐོར་ཞེས་པ་༼འབྲི༽ལ་སློབ་དཔོན་ཟ་ཧོར་མ་ལ་ཕྱི་ལྟར་བྱང་སེམས། ནང་ལྟར་སྒྲུབ་སྡེ་བརྒྱད། གསང་བ་སློབ་དཔོན། ཡང་གསང་དུར་ཁྲོད་ཀྱི་མཁའ་འགྲོ་སྡེ་བརྒྱད་ཀྱིས་བསྐོར་བའི་སྒྲུབ་པ། སྔ་མ་རྡོ་རྗེ་འཆང་གི་ཕྱི་དཀྱིལ་ལུས་དཀྱིལ་གཉིས་ཀར་སྒྲུབ་སྡེ་བརྒྱད་ཀྱི་ལྷ་བཀོད་པ་དབང་བཞིའི་ཡི་གེ་འཕོ་བ་དང་བཅས་པ། གཉིས་པ་བྱེ་བྲག་ལ། གསང་བ་ལྷའི་སྒྲུབ་ཐབས་༼འབྲི༽སུམ་བརྒྱའི་
རྩ་བའི་སྡོམ་བསྟན་པ། ཀུན་བཟང་ཡང་སྙིང་ཐུགས་ཀྱི་སྒྲུབ་པ་༼འབྲི༽སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། རྣམ་པར་སྣང་མཛད་ཐུགས་ཀྱི་གསང་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་༼འབྲི༽སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་བསྟན་པ། རིན་ཆེན་སེམས་དཔའི་ཐུགས་སྒྲུབ་༼འབྲི༽སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། པདྨ་སེམས་དཔའི་ཐུགས་སྒྲུབ་༼འབྲི༽སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། ལས་ཀྱི་རིགས་མཆོག་ཐུགས་སྒྲུབ་༼འབྲི༽སྦྱོར་བ་དངོས་གཞི་རྗེས་གསུམ་གྱིས་བསྟན་པ། ཆེ་མཆོག་ཡོན་ཏན་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། འཇམ་དཔལ་གཤིན་རྗེ་སྐུའི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། པདྨ་གསུང་གི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། ཡང་དག་ཐུགས་ཀྱི་སྒྲུབ་པ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། ཕུར་པ་འཕྲིན་ལས་ཀྱི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་འཇུག་གསུམ་གྱིས་བསྟན་པ། སྲིད་པ་མ་བརྒྱུད་ཀྱི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། རྡོ་རྗེ་ཚེ་མཆོག་ཐུགས་ཀྱི་སྒྲུབ་པ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། ཕག་མོ་ཐུགས་ཀྱི་སྒྲུབ་པ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། འགྲོ་བའི་བླ་མ་སངས་རྒྱས་སེང་གེའི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། འཇམ་དཔལ་སྐུའི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། ཐུགས་རྗེ་གསུང་གི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་
གྱིས་བསྟན་པ། ཕྱག་རྡོར་ཐུགས་ཀྱི་སྒྲུབ་པ་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། ལྷ་དབང་བརྒྱ་བྱིན་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ། ཀླུ་རྒྱལ་འཇོག་པོའི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། ཆོས་རྒྱལ་ལུང་བསྟན་རྡོ་རྗེ་ཛའི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ། སྤྲུལ་སྐུ་པདྨ་འབྱུང་གནས་ཀྱི་ཐུགས་སྒྲུབ་༼འབྲི༽སྦྱོར་དངོས་མཇུག་གསུམ་གྱིས་བསྟན་པ་རྣམས། གསུམ་པ་ཇོ་མོ་འཚོ་རྒྱལ་ལ་གསུངས་པ་ཉི་མ་ལྷོ་ནུབ་མའི་སྐོར་ནི། རིག་འཛིན་སྤྱི་སྒྲུབ་བདེ་གཤེགས་འདུས་པའི་གསོལ་འདེབས་སྒྲུབ་ཐབས་ཡང་ཏིག་ནོར་བུ་༼འབྲི༽ཞེས་པ་རྗེ་འབངས་ལྔས་སློབ་དཔོན་ལ་གསོལ་འདེབས་ཞུས་པའི་ལོ་རྒྱུས། བྱེ་བྲག་ཇོ་མོ་འཚོ་རྒྱལ་གྱིས་ཞུས་པ་ལས་འཕྲོས་ཏེ་སྦྱོར་བ། ལས་བྱང་ཡན་ལག་བཅུ་པ་དང་འབྲེལ་བ། གསོལ་འདེབས། ཚོགས་གཏོར་གྱི་མཆོད་པ་དང་བཅས་པ་མ་གཟའ་རྡོར་གསུམ་ལ་གཏད་པའི་མཐའ་ཅན། བཞི་པ་གནུབས་ནམ་མཁའི་སྙིང་པོར་གསུངས་པ་སྤྲོས་བྲལ་བདེ་ཆེན་མའི་སྐོར་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ནི། རིག་འཛིན་ཡོངས་རྫོགས་ཀྱི་སྤྱི་སྒྲུབ་ཆེན་མོ་ཡང་ཏིག་ནམ་མཁའི་ནོར་བུ་༼གནས༽༼འབྲི༽ཞེས་པ་སྦྱོར་བ་རྟེན་རྫས་བཤམ་ཞིང་སྐྱབས་སེམས། མཎྜལ། གསོལ་བཏབ། མཚམས་གཅོད། སྡིག་བཤགས། ཡེ་ཤེས་དབབ་ཅིང་མཆོད་རྫས་བརླབ་པ། དངོས་གཞི་ཏིང་འཛིན་རྣམ་གསུམ། རྟེན་བརྟེན་པ། དབང་བསྐུར། སྤྱན་འདྲེན། བཞུགས་གསོལ། མཆོད་འཛབ། བསྟོད་པ། མཇུག་ཚོགས་ཀྱི་འཁོར་ལོ་དང་བཅས་པ་འགྲོ་བའི་ལམ་སྣ་བྱེད་པར་ཤོག་གི་མཐའ་ཅན། གཉིས་པ་བྱེ་བྲག་ལ། རྒྱལ་བ་དགོངས་བརྒྱུད་སྔ་མའི་༼གནས༽༼འབྲི༽
སྒྲུབ་ཐབས་ཡང་ཏིག་སྙིང་པོ། རིག་འཛིན་བརྡ་བརྒྱུད་བླ་མའི་༼གནས༽༼འབྲི༽སྒྲུབ་ཐབས་ཡང་ཏིག་སྙིང་པོ། སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར་ཞེས་པ་༼གནས༽༼འབྲི༽རྫོགས་ཆེན་བརྒྱུད་པའི་བླ་སྒྲུབ་ཡང་ཏིག་སྙིང་པོ། སྒྱུ་འཕྲུལ་བརྒྱུད་པའི་བླ་མའི་༼གནས༽༼འབྲི༽སྒྲུབ་ཐབས་ཡང་ཏིག་སྙིང་པོ། སྐུའི་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་སྒོས་སྒྲུབ། གསུང་གི་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་ནཱ་གཱ་རྫུ་ནའི་སྒོས་སྒྲུབ། ཐུགས་ཀྱི་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་ཧཱུཾ་ཀ་རའི་སྒོས་སྒྲུབ། ཡོན་ཏན་གྱི་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽བི་མ་ལ་མི་ཏྲའི་སྒོས་སྒྲུབ། འཕྲིན་ལས་ཀྱི་དངོས་སྒྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་པྲ་བྷ་ཧསྟིའི་སྒོས་སྒྲུབ། ཤེས་རབ་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་དྷ་ན་སཾ་སྐྲྀའི་སྒོས་སྒྲུབ། འཇིག་རྟེན་མཆོད་བསྟོད་ཀྱི་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་རོམ་བུ་གུ་ཧྱའི་སྒོས་སྒྲུབ། དམོད་པ་དྲག་སྔགས་ཀྱི་དངོས་གྲུབ་ཐོབ་པ་༼གནས༽༼འབྲི༽སློབ་དཔོན་ཤིནྟཾ་གརྦྷའི་སྒོས་སྒྲུབ། ཚེའི་རིག་འཛིན་ཐོབ་པ་༼གནས༽༼འབྲི༽རྗེ་བཙུན་པདྨ་རྩལ་གྱི་སྒོས་སྒྲུབ། སྤྱོད་པའི་བརྟུལ་ཞུགས་སྒྲུབ་པ་༼གནས༽༼འབྲི༽མ་རྒྱུད་རིག་འཛིན་ཕག་མོའི་སྒོས་སྒྲུབ། གསང་སྔགས་འདུས་རྒྱུད་རིགས་འཛིན་གྱི་སྒོས་སྒྲུབ་༼གནས༽༼འབྲི༽སྔོན་འགྲོ་ཨོ་རྒྱན་ཟ་ཧོར་མ་དང་གཞི་ཡང་དག་ལ་སྒྲུབ་སྡེ་བརྒྱད་ཀྱིས་བསྐོར་བ། རྒྱུ་འབྲས་དོན་སྟོན་གྱི་བླ་མའི་སྒྲུབ་ཐབས་ཞེས་པ་༼གནས༽༼འབྲི༽དཀོན་ཅོག་གསུམ་ཕྱི་ནང་གསང་གསུམ་དུ་སྒྲུབ་པ་ལས། སྤྱི་སྒྲུབ་ཤཱཀྱ་ཐུབ་པའི་དབུ་གཙུག་ཏུ་མར་མེ་མཛད། འཁོར་འཇམ་དཔལ། སྤྱན་རས་གཟིགས། ཤཱ་རིའི་བུ། སྒྲ་གཅན་འཛིན། བྱང་སེམས། ཉན་རང་། ཀླུ་སྒྲུབ། ཨཱརྱ་དེ་ཝ། ཟླ་གྲགས།
ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་བ་འཚོས་བསྐོར་བ། དུས་ཆེན་དགུའི་གསོ་སྦྱོང་བཟླས་པ་ལ་བརྟེན་ནས་སྡིག་པ་སྦྱོང་བ་དང་བཅས་པ། དཀོན་ཅོག་གསུམ་གྱི་ནང་སྒྲུབ་ཅེས་པ་སངས་རྒྱས་ཤཱཀྱ་ཐུབ་པ། འཁོར་བྱམས་འཇམ་དབྱངས། སྤྱན་རས་གཟིགས། ཕྱག་རྡོར། ཕྱོགས་སྐྱོང་། ལྷ་ཀླུ། གནོད་སྦྱིན། འཇིགས་བྱེད། འབྱུང་བའི་ལྷ། རྒྱལ་ཆེན་བཞིས་བསྐོར་བ། ཞར་བྱུང་གནས་ཀྱི་བཟང་ངན་སྤང་བླང་ཤ་ཁྲག་པགས་པ་ལ་ལོངས་སྤྱོད་པའི་ཉེས་པ་བསྟན་པ། དཀོན་ཅོག་གསུམ་གྱི་གསང་སྒྲུབ་བཅས་པ་མི་བསྐྱོད་པ། རྣམ་སྣང་། འོད་དཔག་མེད་ཀྱི་སྒྲུབ་ཐབས། གཙུག་ཏོར་སོགས་མདོ་རྒྱུད་ནས་འབྱུང་བའི་ལྷ་སྔགས་ཕན་ཡོན། ཉོན་མོངས་པའི་རྩ་བ་ལུས་ངག་ཡིད་གསུམ་ལ་བརྟེན་ནས་འཁོར་བ་ལས་གྲོལ་ཐབས་བཅས་བསྟན་པ། སྙན་ཁུང་བརྒྱུད་པའི་བླ་མའི་སྒྲུབ་ཐབས་༼འབྲི༽ཞེས་པ་རིག་འཛིན་བླ་མ་རྡོ་རྗེ་ཆོས་ལ་རྒྱ་གར་གྱི་རིག་འཛིན་བརྒྱད་དང་བོད་ཀྱི་གྲུབ་ཆེན་བརྒྱད་ཀྱིས་བསྐོར་བ་ཞར་བྱུང་སྣང་གྲགས་འགྱུ་གསུམ་གྱི་ལམ་འཁྱེར་དང་བཅས་པ་རྣམས། ལྔ་པ་སྣ་ནམ་རྡོ་རྗེ་བདུད་འཇོམས་ལ་གསུངས་པ་སིནྡྷུ་རྒྱ་མཚོ་ཆེན་པའི་སྐོར་ལ། སྙན་བརྒྱུད་སྙིང་པོ་ཐུགས་ཀྱི་ཡང་ཏིག་༼གནས༽པདྨ་བདག་གིས་སྐལ་ལྡན་རྣམས་ལ་གདམས་སོ་ཉམས་སུ་ལོང་ཞིག་ཕྱི་རབས་སྐལ་ལྡན་རྣམས་ཞེས་པའི་མཐའ་ཅན། བླ་མ་ཆེན་པོ་པདྨ་རྡོ་རྗེ་འཆང་གི་སྒྲུབ་ཐབས་སམ་མ་ཧཱ་གུ་རུ་ཆེན་པོའི་སྒྲུབ་ཐབས་ཡང་གསང་སྙིང་གི་ཏི་ཀ་གསལ་བའི་སྒྲོན་མེ་ཞེས་པ་༼འབྲི༽ལ་བླ་མའི་ངོ་བོར་ཐམས་ཅད་འདུས་ཚུལ་གྱི་དགོངས་པ་བསྟན་པ། རིགས་འཛིན་རྩ་བའི་རྒྱུད་ལེའུ་གཉིས་པ་ཁོལ་དུ་ཕྱུང་བ། དེའི་ས་མ་འགྲེལ། རིག་འཛིན་ཕྱི་
མའི་རྒྱུད་ལུང་བསྟན་རྗེས་སུ་གནང་བ་ལེའུ་ལྔ་པ་ལས་གསུང་པ། དེའི་ས་མ་འགྲེལ། ཏིང་འཛིན་ཁ་སྐོང་མན་ངག་རྒྱུད་ལེའུ་བཞི་པར་གསུངས་པ། དེའི་ས་མ་འགྲེལ་དང་བཅས་པ་བསྟན་པ། མ་ཧཱ་གུ་རུ། སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ། དམར་མོ་དང་འཁྲིལ་སྦྱོར་དུ་བཞུགས་པའི་སྒྲུབ་ཐབས་༼འབྲི༽དབང་ཆོག་ཚོགས་མཆོད་དང་བཅས་པ་བྲག་སྲིན་མོ་སྦར་རྗེས་ནས་སྤྱན་དྲངས་པ་རྣམས། དྲུག་པ་ལྷ་སྲས་མུ་ཏིག་བཙན་པོར་གསུངས་པ་སིནྡྷུ་རྒྱ་མཚོ་ཆུང་བའི་སྐོར་ལ། མཆིམས་ཕུར་ཆོས་རྒྱལ་སོགས་རྗེ་འབངས་བཅུས་ཞུས་པའི་གུ་རུའི་ཐུགས་སྒྲུབ་རྡོ་རྗེ་གསང་བའི་ནོར་བུ་རིན་པོ་ཆེའི་ལུང་བསྟན་༼གནས༽སྤྱི་ཆིངས་གཏེར་བདག་བསེའི་ལྷ་མོ་མཆེད་བཞི་ལ་བཅོལ་བ། གུ་རུའི་ནང་སྒྲུབ་རྡོ་རྗེ་གསང་བ་ནོར་བུ་རིན་པོ་ཆེ་འབར་བའི་འོད་ཅེས་པ་༼གནས༽བླ་མ་རྡོ་རྗེ་འཆང་ཡབ་ཡུམ་ལ་སྤྲུལ་པའི་རིག་འཛིན་མཚན་བརྒྱད་ཀྱིས་བསྐོར་བ། ནང་སྒྲུབ་སྙིང་པོ་རྡོ་རྗེ་རིན་པོ་ཆེའི་ལས་༼གནས༽གཞུང་ན་པི་ཀ །ཚོགས་གཏོར་རིན་ཆེན་ཆར་༼གནས༽འབེབས། གུ་རུའི་དབང་བསྐུར་རྡོ་རྗེ་གསང་བ་རིན་པོ་ཆེའི་རྒྱ་ཞེས་༼གནས༽འཕྲིན་ལས་རྣམ་བཞིའི་དབང་ཆོག་རྟགས་མངོན་དུ་ཕྱུང་གི་མཐའ་ཅན། ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་༼གནས༽འཕྲིན་ལས་ལྷུན་གྲུབ། རྫོགས་རིམ་ཡེ་ཤེས་གསང་ཏིག་འཁོར་བ་དོང་སྤྲུག་གི་གདམས་པ་༼གནས༽མི་འགྱུར་གཙུག་ལག་ཁང་གི་ཡང་མཛོད་དུ་རྒྱས་བཏབ་སྟེ་སྦས་པའི་མཐའ་ཅན་རྣམས། བདུན་པ་བུ་གུང་ཐང་རྒྱལ་པོར་གསུངས་པ་བསམ་པ་ལྷུན་གྲུབ་མའི་སྐོར་ལ། གུ་རུའི་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་ཀྱི་ལོ་རྒྱུས་ལུང་བསྟན་༼བྱང༽མཇུག་ཏུ་རྩ་བ་ལས་གཞུང་ཞེས་སོགས་ཀྱི་ཐེམས་ཡོད་པ། གུ་རུའི་རྩ་བའི་སྒྲུབ་ཐབས་
ཡོན་ཏན་གཏེར་༼བྱང༽མཛོད་སྦྱོར་དངོས་རྗེས་གསུམ་གྱིས་བསྟན་པ་སྦས་ཚུལ་གཅིག་དང་ཕྲད་ཤོག་གི་མཐའ་ཅན། གུ་རུའི་སྒྲུབ་ཐབས་མན་ངག་ཡོན་ཏན་གཏེར་མཛོད་བསམ་འཕེལ་༼བྱང༽ནོར་བུའི་རྒྱ་ཅན་མྱུར་མགྱོགས་བྱིན་རླབས་ཕྱི་སྒྲུབ་ཏུ་གྲགས་པ། ལས་བྱང་ཡོན་ཏན་༼བྱང༽གཏེར་མཛོད་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་དང་ལྷ་སྲས་མུ་ཏིག་བཙན་པོས་ཞུས་པ། ཚོགས་གཏོར་ཡོན་ཏན་གཏེར་༼བྱང༽མཛོད། རྒྱུན་གཏོར་ཡོན་ཏན་གཏེར་༼གནས༽མཛོད། ཡོན་ཏན་གཏེར་མཛོད་སྒྲུབ་ཐབས་ལ་བརྟེན་ནས་དབང་བསྐུར་བའི་ཆོ་ག་༼བྱང༽དབང་ཆོག་བསམ་འཕེལ་ནོར་བུ། ལས་ཚོགས་གསོལ་འདེབས་ལམ་འཁྱེར་ཡོན་ཏན་གཏེར་མཛོད་༼བྱང༽ཅེས་པ་ཧོར་སོགས་དམག་དཔུང་བཟློག་པ། སྒྱུ་ལུས་འཇིགས་པའི་ནད་ཞི་བ་མུ་གེ་ལས་སྐྱོབ་པ། གཏེར་ཐོན་པ། སྦས་ཡུལ་འབྱེད་པ། གཅན་གཟན་གདུག་པའི་གནོད་པ་བསྲུང་བ། འབྱུང་བཞིའི་གནོད་པ་ལས་སྐྱོབ་པ། ཆོམ་རྐུན་འཆིང་བ། མཚོན་བསྲུང་། འཕོ་བ། བར་དོའི་འཇིགས་པ་སྐྱོབ་པ། འཁྲུལ་སྣང་རྩད་གཅོད། ཆོས་ཉིད་ཟད་སར་འཁྱོལ་བ་རྣམས། རིག་འཛིན་མཁའ་འགྲོ་བསྐུལ་ཞིང་ལས་བཅོལ་དམ་བདར་༼བྱང༽བཀའ་ནན་ཡོན་ཏན་གཏེར་མཛོད། རྒྱུད་ལ་མྱུར་དུ་བསྐྱེད་པའི་ཐབས་རྫོགས་རིམ་༼བྱང༽མ་བུ་ཀུན་འདུས་ཡོན་ཏན་གཏེར་མཛོད། ཞལ་གདམས་གཏེར་མཛོད་༼བྱང༽ཅེས་པ་རྒྱལ་པོ། བློན་པོ། བུད་མེད། སྒོམ་ཆེན། སྔགས་པ། བཙུན་པ། བཙུན་མ། སྐྱེ་བོ། བོད་སྤྱི། ཆོས་མི་བྱེད་པ་རྣམས། དད་པ་ཅན། བློན་པོ་རྣམས་ལ་ཞལ་ཆེམས་སུ་བཞག་པ་དང་། ཞལ་གདམས་སྙིང་པོ་སུམ་ཅུ་རྩ་ལྔ་པ། དུས་མཐའ་མའི་སྐལ་ལྡན་རྣམས་ལ་ཞལ་ཆེམས་བཞག་པ་དང་བཅས་པ། གཉིས་པ་ཡན་ལག་ལ། ཡང་ཟབ་རྫོགས་ཆེན་སྐོར། སྒྲུབ་
ཐབས་སྣ་ཚོགས་སྐོར། བཀའ་བསྲུང་གནོད་སྦྱིན་སྐོར་དང་གསུམ། དང་པོ་ལ། ཨ་ཏི་རྫོགས་ཆེན་ཀུན་བཟང་སྙིང་ཏིག་སྐོར། རྫོགས་པ་ཆེན་པོ་པདྨ་སྙིང་ཏིག་སྐོར་དང་གཉིས། དང་པོ་ལ། བརྒྱུད་པའི་བབས་ཞེས་པ་རྗེ་འབངས་གྲོགས་གསུམ་ལ་༼འབྲི༽གདམས་པ། མན་ངག་ཀུན་གྱི་སྙིང་པོ་སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པའི་རྒྱུད་བལྟས་པས་གྲོལ་བ། རབ་སྐད་ཅིག་ལ་༼འབྲི༽འཚང་རྒྱ་བ། འབྲིང་འཆི་ཁར་༼འབྲི༽འཚང་རྒྱ་བ། མཐའ་མ་བར་དོ་འཚང་རྒྱ་བ་གཅིག་ཆོས་ཀྱི་༼འབྲི༽གདམས་པ། རང་རིག་ཡེ་ཤེས་རྩ་བྲལ་དུ་ངོ་སྤྲོད་པ་ཆོས་༼འབྲི༽སྐུའི་འཁྲིད་རྐང་དང་པོ་ངོ་སྤྲོད་དང་བཅས་ཏེ་ལྷག་མ་མེད་པར་རྫོགས་པ། རང་བྱུང་ཡེ་ཤེས་ཀྱི་ངང་དངས་སྐྱོང་བའི་ལག་འཁྲིད་༼འབྲི༽ཆིག་ཆོད་དུ་གདམས་པ། ཁྲེགས་ཆོད་ཀྱི་གདམས་པ་གནད་ཐོག་ཏུ་༼འབྲི༽བསྟན་པའི་འཁྲིད། སྐད་ཅིག་ལ་འཚང་རྒྱ་བ་༼འབྲི༽ཆོས་ཉིད་མངོན་སུམ་གྱི་ཡེ་ཤེས་ལམ་དུ་འཁྱེར་བའི་གདམས་པ་སྤྲོས་མེད་དོན་གྱི་སྙིང་པོ་ཀུན་བཟང་ཐུགས་ཀྱི་ཡང་ཏིག །མངོན་སུམ་གནད་ལ་དབབ་པའི་གལ་ཐོ་༼འབྲི༽གསང་བའི་ཏི་ཀ་དོན་གྱི་སྙིང་པོ། ཕུང་པོ་ལྷག་མེད་དུ་མངོན་དུ་བྱེད་མ་ནུས་ན་བར་དོ་མེད་པར་འཚང་རྒྱ་བའི་༼འབྲི༽གདམས་པ། བླ་མ་རྡོ་རྗེ་སློབ་དཔོན་ནམ་དམ་ཚིག་གཙང་མའི་མཆེད་ཀྱིས་འཆི་ཁར་འཚང་རྒྱ་བའི་༼འབྲི༽ངོ་སྤྲོད་སྣང་བའི་གལ་ཐོ། བར་དོ་དང་པོ་ལ་འཚང་རྒྱ་བའི་གདམས་པ་༼འབྲི༽ཆོས་ཉིད་བར་དོའི་གསང་ལམ་ཀུན་བཟང་ཐུགས་ཏིག །སྒྲ་འོད་ཟེར་གསུམ་བར་དོ་གནད་ཀྱི་གདམས་པ་༼འབྲི༽ཀུན་བཟང་ཐུགསཀྱི་གསང་ཏིག །ཞི་ཁྲོ་བར་དོའི་ངོ་སྤྲོད་མཐོང་གྲོལ་༼འབྲི༽གསང་བའི་ཡང་ཏིག་ཀུན་བཟང་ཐུགས་ཀྱི་སྙིང་པོ། བར་དོ་ལོངས་སྤྱོད་རྫོགས་སྐུ་
མ་བསྐྱེད་ལྷུན་གྲུབ་ཀྱི་དོན་ལ་ངོ་སྤྲོད་པ་བླ་ན་མེད་པའི་རྒྱུད་ཀྱི་ཡང་སྙིང་ངོ་སྤྲོད་ཐུགས་ཀྱི་མེ་ལོང་༼འབྲི༽ཀུན་བཟང་ཐུགསཀྱི་ཡང་ཏིག །འཇིག་རྟེན་ལ་ཞེན་ཆགས་ཀྱི་དབང་གིས་ལོངས་སྐུའི་བར་དོ་ངོ་མ་ཤེས་ན་སྲིད་པ་བར་དོའི་ངོ་སྤྲོད་༼འབྲི༽རྒྱལ་བའི་བཀའ་ཀུན་བཟང་ཐུགས་ཏིག་སྲིད་པ་བར་དོའི་གདམས་ངག་༼འབྲི༽ལུང་གི་བདུད་རྩི་ངེས་པའི་གཏམ། སྐྱབས་འགྲོ་ཀྱེ་༼འབྲི༽བདག་མ། སེམས་བསྐྱེད་ཨེ་མ་༼འབྲི༽གདོད་ནས་མ། ཚོགས་བསགས་༼འབྲི༽ན་མོ་ཀུན་བཟང་མ། བླ་མའི་རྣལ་འབྱོར་༼འབྲི༽ན་མོ་བདག་ཉིད། ཐབས་ཀྱི་བསྐྱེད་རིམ་སྟོང་༼འབྲི༽གསལ་ཉི་ཟླ་མ། རྫོགས་རིམ་༼འབྲི༽སྣང་སྲིད་སྐྱེ་མེད་མ། དབང་གི་ཐར་མས་༼འབྲི༽ཀུན་བཟང་དོན་གྱི་དབང་། གནད་ཀྱི་ཐེམས་ཡིག་ཡང་ཏིག་༼འབྲི༽གསང་བའི་གཉེར་གཏད། དགོངས་པ་ཚིག་གསུམ་པའི་དོན་༼འབྲི༽ངེས་དོན་དུ་གཟུང་བ། རྫོགས་པ་ཆེན་པོའི་༼འབྲི༽དམ་ཚིག །བཀའ་སྲུང་མ་གཟའ་རྡོར་གསུམ་༼འབྲི༽མཆོད་པའི་ཆོ་ག །གསང་ཐེམས་ཀྱི་༼འབྲི༽ཡི་གེ་རྣམས། གཉིས་པ་རྫོགས་ཆེན་པདྨ་སྙིང་ཏིག་ནི་གུ་རུ་པདྨས་ལྷ་སྲས་མུ་ཏིག་བཙན་པོ་ལ་བསམ་ཡས་ཧལ་པོ་རིར་གསུངས་པ་རྒྱལ་པོའི་སྡུག་བསྔལ་སེལ་བྱེད་ཉོན་མོངས་རང་གྲོལ་གྱི་གདམས་པར་གྲགས་པ་དེ་ཡིན་ཞིང་། དེ་ལ་མ་བུ་གཉིས། དང་པོ་ལ། ལྷ་སྲས་ཀྱི་གདུང་ཤུགས་ཀྱིས་ཞུས་པ་ལ་བརྟེན་ནས་གུ་རུའི་ཐུགས་བཅུད་༼གནས༽འཚོ་རྒྱལ་གྱིས་ཡི་གེས་བཀོད་པའི་ལོ་རྒྱུས་ཞུ་ལན་སྣང་བ་དག་པའི་བཀོད་པ་མཐོང་བའི་རྗེས་སུ་གདམས་པའི་སྐབས་ཏེ་དང་པོའོ། །ལྷ་སྲས། འཚོ་རྒྱལ། བདུད་འཇོམས། ལང་འགྲོ་ལོ་ཙཱ་བ་རྣམས་ཀྱིས་སླར་ཞུས་རྩ་བའི་སྡོམ་༼གནས༽ཚིག་གནང་བའི་སྐབས་དབྱེ་བའི་སྐབས་ཏེ་གཉིས་པ། འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་ཐབས་༼གནས༽བསྟན་པའི་སྐབས་
ཏེ་གསུམ་པ། གསོལ་འདེབས་སྔགས་ལ་བརྟེན་པའི་བསྙེན་སྒྲུབ་༼གནས༽རྟགས་དང་ཡོན་ཏན་མཐོང་བར་བསྟན་པའི་གདམས་པ་བསྟན་པའི་སྐབས་ཏེ་བཞི་པ། སྤྲོས་མེད་དོན་གྱི་དབང་ལ་བརྟེན་ནས་༼གནས༽དབང་བཞི་ཡེ་ཤེས་ཆུ་བོ་རྫོགས་པར་བསྟན་པའི་སྐབས་ལྔ་པ། དག་པའི་སྣང་བ་ཞིང་ཁམས་ཀྱི་ཡོན་ཏན་ལ་བརྟེན་ནས་འཁྲུལ་པའི་བག་ཆགས་རང་སངས་སུ་༼གནས༽འགྱུར་ཐབས་དགེ་བཅུའི་ལམ་ལ་ནན་ཏན་དུ་གདམས་པའི་སྐབས་ཏེ་དྲུག་པ། མོས་གུས་ཐུགས་རྗེའི་མན་ངག་བླ་མའི་རྣལ་འབྱོར་གྱིས་ལས་རླུང་དབུ་མར་༼གནས༽འགོག་ཅིང་བདེ་གསལ་མི་རྟོག་པ་བསྐྱེད་ཐབས་ཟབ་གནད་བསྟན་པའི་སྐབས་ཏེ་བདུན་པ། རང་བྱུང་ཡེ་ཤེས་ངོ་འཕྲོད་ནས་འཁྲུལ་པ་དབྱིངས་སུ་ཟད་པས་༼གནས༽དུག་ལྔ་རྟོགས་ཚོགས་ཕུགས་རྡིབ་པའི་གདམས་ཟབ་བསྟན་པའི་སྐབས་ཏེ་བརྒྱད་པ། སངས་རྒྱས་ལག་བཅངས་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཞིང་ཁམས་༼གནས༽གཅིག་གྲུབ་གདོན་མི་ཟ་བར་བསྟན་པའི་ཡེ་ཤེས་ཟངས་ཐལ་གྱི་གདམས་པའི་སྐབས་ཏེ་དགུ་པ། ངང་གིས་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པར་འཚང་རྒྱ་བའི་༼གནས༽ཐབས་རང་བབས་གནད་ཀྱི་སྙིང་པོ་མཐར་ཐུག་བསྟན་པའི་སྐབས་ཏེ་བཅུ་པ་རྗེས་སུ་བཀའ་རྒྱ་དང་བཅས་པ་རྣམས། གཉིས་པ་བུ་ཡིག་ལ། གནད་ཐེམས་གསང་བའི་ཡང་མཛོད་༼གནས༽རྫས་ཆོས་གསང་རིག་ཙིཏྟ་དམར་པོ། དོན་གྱི་ཆོས་སྤྱོད་༼གནས༽གསོལ་འདེབས་ཀུན་བཟང་རྡོ་རྗེ་མ། སྐྱབས་འགྲོ་༼གནས༽ཆོས་ཉིད་རང་གསལ། སེམས་བསྐྱེད་ཡེ་ནས་༼གནས༽སངས་རྒྱས། མཎྜལ་ཞིང་ཁམས་༼གནས༽རྣམ་དག །བསྐྱེད་རིམ་རང་བྱུང་༼གནས༽ལྷུན་རྫོགས། རྫོགས་རིམ་ཁྱབ་༼གནས༽གདལ་ཡེ་ཤེས། བསྔོ་བ་ཟུང་འཇུག་༼གནས༽
མཐའ་བྲལ། སྨོན་ལམ་མི་འགྱུར་༼གནས༽བདེ་ཆེན། དོན་སྐོང་མ་སྤངས་༼གནས༽རང་གསལ། མིག་ཚགས་ཡིག་ཆུང་༼གནས༽དམར་བྱང་རྣམས། གཉིས་པ་སྒྲུབ་ཐབས་སྣ་ཚོགས་སྐོར། ཚེ་དཔག་མེད་ཡེ་ཤེས་འོད་མཆོག་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་༼གནས༽མཇུག་པ་སྔོན་དུ་འགྲོ་བའི་མེ་ཏོག་འཕྲེང་བའི་དབང་། བུམ་པས་རིགས་ལྔའི་དབང་། སྐུའི་ཚེ་རྟེན་གྱིས་དུས་གསུམ་མི་འགྱུར་ཚེ་དབང་། གསུང་གི་ཚེ་རྟེན་གྱིས་དགའ་བཞིའི་ཡེ་ཤེས་བདེ་སྟོང་། ཐུགས་ཀྱི་ཚེ་རྟེན་གྱིས་གཞོམ་ཞིག་བྲལ་བའི་སྲོག་ཐིག །ཡོན་ཏན་གྱི་ཚེ་རྟེན་གྱིས་བཀྲ་ཤིས་རྣམ་པར་རྒྱལ་བའི་ཚེ། འཕྲིན་ལས་ཀྱི་ཚེ་རྟེན་གྱིས་རྩལ་ཆེན་རྫོགས་པའི་དབང་མཐའ་རྟེན་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད། ལས་བཞིའི་འགྲང་རྒྱས་རྣམས་ཀྱི་དབང་། མཐའ་རྟེན་རྒྱས་གདབ་དངོས་གྲུབ་བླང་བ་དང་བཅས་པ་ལེགས་པར་མནོས་ནས། ལུང་ལ། རིག་འཛིན་ཚེའི་སྒྲུབ་པ་ཡང་གསང་བླ་ན་མེད་པའི་སྙིང་ཏིག་༼གནས༽ཡེ་ཤེས་འོད་མཆོག་སྒྲུབ་པ་ལུང་གི་རྩ་ཐོ། སྔོན་འགྲོ་སྐྱབས་འགྲོ། སེམས་བསྐྱེད། ཚོགས་གསོག །གསོལ་གདབ། བཀའ་བསྒོ། མཚམས་གཅོད། སྒོ་དབྱེ། བརྡ་ཕྱག །དམ་བཅའ། བྱིན་དབབ། མཆོད་འབུལ། མཆོད་རྫས་བརླབ་བ། བཤགས་པ་སྟེ་བཅུ་གསུམ། དེ་ཏིང་། ཀུན་ཏིང་། རྒྱུ་ཏིང་། འབྱུང་ལྔ། གཞལ་ཡས་གདན་བཅས། ལྷ། དབང་བསྐུར། གོ་ཆ། སྤྱན་འདྲེན། བརྟན་བཞུགས། ཕྱག །ཕྱག་རྒྱ། གླུ་བྲོ། ཕྱི་མཆོད། ནང་མཆོད། དུག་ལྔ། དུག་གསུམ། སྨན། གཏོར་མ། རཀྟ། གསད་མནན། སྦྱོར་བ། སྒྲོལ་བ། བསྟོད་པ། བཤགས་པ། ལྷ་ལ་རིག་རྩལ་སྦྱང་བ། རྫོགས་རིམ། རླུང་སྦྱོར། བཟླས་པ། ཐུན་འཚམས་མཆོད་པ། དངོས་གྲུབ་བླང་བ་སྟེ་དངོས་གཞི་སུམ་ཅུ་སོ་གཅིག །ང་རྒྱལ། ཚེའི་འཕྲིན་ལས་
བསྒྲུབ་པ། ཚོགས་བརླབ་པ། སྤྱན་འདྲེན། བཞུགས་གསོལ། ཕྱག །བཀང་བ། བཤགས་པ། འབུལ་བ། བཤགས་པ། བསྟབ་པ། ལོངས་སྤྱོད་པ། གཟེངས་བསྟོད། སྔགས་ཀྱི་སྤྱོད་པ་དང་ལྡན་པ། སྨོན་ལམ། ལྷག་མ། གཏོར་མ་ཕྱིར་བསྣུར་བ། འཕང་བ། བསྟན་སྐྱོང་། བྲོ། རྟག་མཐའ་ཆད་མཐའ། དགེ་བ་བསྔོ་བ་སྟེ་རྗེས་ཉེར་གསུམ་གྱིས་བསྟན་པ་ལྷག་མའི་གོང་དུ་དབང་ཆོག་དང་བཅས་པ་ཐུགས་སྒྲུབ་རྩ་བ་ཐུགས་རྗེ་ཆེན་པོའི་ཡང་ཏིག་སྙིང་པོ་བཅུད་དུ་དྲིལ་བ་ཞེས་པར་༼འབྲི༽ནང་ཚན་དབྱེ་ན་ཐུགས་རྗེ་ཆེན་པོ། སྒྲོལ་མ། འོད་ཟེར་ཅན་མ་སྟེ་རྩ་བའི་ལྷ་གསུམ་གྱི་སྒྲུབ་ཐབས་སློབ་དཔོན་ནཱ་གཱ་རྫུ་ནའི་ཐུགས་བཅུད་པདྨའི་སྙིང་ཏིག །སྤྱན་རས་གཟིགས་ཕྱག་བཞི་པ་གཙོ་རྐྱང་གི་སྒྲུབ་ཐབས་མདོ་ཟ་མ་ཏོག་གི་བཅུད་ཕྱུང་༼འབྲི༽ཨོ་རྒྱན་ཆེན་པོས་འཇམ་དབྱངས་སྤྲུལ་པའི་རྒྱལ་པོ་དང་པདྨའི་རིགས་ཀྱི་དགེ་སློང་ལ་གནང་བ་འཚོ་རྒྱལ་གྱིས་ཡི་གེར་བཀོད་པ། བཅོམ་ལྡན་འདས་པདྨ་སྙིང་རྗེ་རྣམ་པར་རོལ་པའི་རྟ་མགྲིན་དབང་ཆེན་ཞལ་གསུམ་ཕྱག་བརྒྱད་པའི་སྒྲུབ་ཐབས་༼འབྲི༽ཁྱད་པར་ཅན་བསམ་ཡས་ཨཱརྱ་པ་གླིང་གི་དབང་ཆེན་གྱི་སྐུ་མདོག་ཕྱག་མཚན་དང་མཐུན་པ། རྟ་མཆོག་དམར་པོ་དབུ་ལྔ་ཕྱག་བཅུ་དྲུག་ཞབས་བརྒྱད་པའི་སྒྲུབ་ཐབས་༼འབྲི༽གང་ཟག་བསྡུས་པ་ལ་དགའ་བའི་དོན་དུ་པདྨ་ཐོད་འཕྲེང་གིས་བསྡུས་པ། བླ་མ་དྲག་པོའི་སྒྲུབ་སྐོར་ལ། ཡང་གསང་དྲག་པོ་རྡོ་རྗེ་འབར་བའི་བསྙེན་པའི་རིམ་པ་༼འབྲི༽གསང་བ་ཡང་སྙིང་ཞེས་པ་བདུད་རྩི་རྡོ་རྗེ་ཁྲོས་པ་རྩལ་གྱི་སྒྲུབ་ཐབས། དྲག་པོ་གསང་བའི་ཡང་སྙིང་༼འབྲི༽མཐར་ཐུག་ཨོ་རྒྱན་ཐུགས་ཀྱི་ཧཱུཾ་སྒྲུབ་ཁྱད་པར་ཅན་ཞེས་པ་ཆེ་མཆོག་པདྨ་ཐོད་འཕྲེང་རྩལ་གྱི་སྒྲུབ་པ་བསྐྱེད་རྫོགས་ཟུང་འཇུག་གི་རྣལ་འབྱོར།
ཡང་གསང་རྡོ་རྗེ་དྲག་པོ་ཐུགས་ཀྱི་ཧཱུཾ་སྒྲུབ་ཤིན་ཏུ་༼འབྲི༽གཅེས་པ་བྱིན་རླབས་དབང་བསྐུར་གྱི་ཆོ་ག་རྡོ་རྗེ་འབར་བའི་མེ་འོད། ཡང་གསང་ཐུགས་ཀྱི་སྙིང་པོ་ཧཱུཾ་སྒྲུབ་ཀྱི་ལས་གཞུང་། འབྲི། སྔོན་འགྲོ་ཆོས་བདུན། དངོས་གཞི་ཉི་ཤུ་རྩ་ལྔ། རྗེས་ལས་ཁྲིགས་བཅུ་གཅིག་གིས་བསྟན་པ། ཡང་གསང་ཐུགས་སྒྲུབ་ཧཱུཾ་གི་ལས་ཚོགས་ལ་༼འབྲི༽ནད་གདོན་བར་གཅོད་ཞི་བ། ཚེ་བསོད་ནམས། ཡེ་ཤེས། རྩ་རླུང་ཐིག་ལེ། འཁོར་རྫས་ཀུན་རྒྱས་པ། ཁམས་གསུམ་དབང་སྡུད། གདུག་པ་ཚར་གཅོད་དེ་ཐུན་མོང་ལས་བཞི། རྩ་རླུང་དབང་དུ་བྱེད་པ། རིག་རྩལ་ཡུམ་ལ་སྤྱོད་པ། ཞེ་སྡང་དབང་སྡུད་རྫོགས་རིམ། ཕྲག་དོག་དབང་སྡུད་རྫོགས་རིམ། ཚོགས་རྫོགས་སྒྲིབ་སྦྱོང་དང་བཅས་པ་སྟེ་དུག་ལྔ་ཡེ་ཤེས་ལྔར་ལམ་དུ་འཁྱེར་ཚུལ་ཟབ་ཁྱད་ཅན། ཀླུ་འདུལ་སྐོར་ལ་༼འབྲི༽ནང་གསེས་ཀྱི་མཁའ་ལྡིང་གསང་བའི་ཡང་ཏིག་བདེ་གཤེགས་ཀུན་འདུས་ཞེས་སྒྲུབ་སྡེ་དགུ་བྱ་ཁྱུང་དུ་སྒྲུབ་པའི་སྙིང་ཏིག་ཁྱབ་བདག་ནཱ་ག་རཀྴ་སྡིག་པའི་དབུ་རྒྱན་གྱི་སྒྲུབ་ཐབས་དང་བཅས་པ། མཁའ་ལྡིང་གི་དབང་བསྐུར་སྙིགས་མའི་དུས་སུ་བཀའ་རྒྱ་དམ་པའི་མཐའ་ཅན། བསྐྱེད་རིམ་གཟུགས་ཅན་ལྷར་བསྒོམ་བོ་དྷི་ཙིཏྟའི་བཟླས་པ། ཆོས་ཉིད་དོན་ལ་བལྟ་ཞིང་རླུང་སྦྱོར་རྫོགས་པའི་རིམ་པ། མཛེ་ནད་བརྟག་ཅིང་རིམ་གྲོ་རྟེན་འབྲེལ་གྱི་༼འབྲི༽སྒོ་ནས་གསོ་ཐབས། རྫས་བརྒྱད་ཅུ་རྩ་དགུའི་རིལ་བུ་སྦྱར་ཐབས་དང་སྒྲུབ་ལུགས། འཇམ་དཔལ་ནཱ་ག་རཀྵའི་མགྲིན་པར་རྟ་མགྲིན་པར་རྟ་མགྲིན་ནཱ་ག་ཀླུ་འདུལ་དང་ཐུགས་ཀར་ཕྱག་རྡོར་དྲིལ་ཁྱུང་ལྔས་བརྒྱན་པའི་གཉེན་པོ་དྲག་པོ་ལྷ་གསུམ་གྱི་ཡིག་ཆུང་གདོན་བགེགས་ཐལ་བར་རླག་བྱེད་བཅས་པ། གཞན་ཡང་གནོད་སྦྱིན་མ་༼འབྲི༽གསང་སྐོར་ལ་ནང་གསེས་ཀྱི་
མ་སངས་ཀྱི་གསང་སྒྲུབ། མིག་མཐོང་དབང་སྡུད་ཀྱི་ལས་ཕྲན་དང་བཅས་པ། མངའ་བདག་གིས་སློབ་དཔོན་ལ་གསེར་སྲང་བདུན་སོགས་ཕུལ་ནས་ཞུས་པ་གནོད་སྦྱིན་འདུས་པའི་རྒྱུད་ལས་གབ་འཁྲུགས་མེད་པར་བསྡེབས་པའི་༼འབྲི༽གནོད་སྦྱིན་ནོར་ལྷའི་སྒྲུབ་ཐབས། འཁུ་ལྡོག་གི་རྟགས་༼འབྲི༽དང་དེའི་གཉེན་པོ། སྒབ་འདྲེ་གནོན་པ། གནད་དབབ་གསོ་བ། གཏོར་མའི་མན་ངག །བསྒོམ་པའི་དམིགས་པ། སྔགས་དང་སྐུ་གཟུགས་འདྲི་ཐབས་བཅས་པ་རྣམས། དྲག་པོ་རང་བྱུང་རང་ཤར་གྱི་རྒྱུད་དོན་གཏན་ལ་འབེབས་ཐབས་༼འབྲི༽ཀུན་བཟང་དགོངས་པའི་ཡང་ཏིག །རྒྱུད་སྡེ་ཀུན་གྱི་བཅུད་གསང་བ་ཡོངས་རྫོགས་རང་བྱུང་རང་ཤར་གྱི་བཤད་འགྲེལ་༼འབྲི༽ཡང་གསང་སྙིང་ཏིག་གསལ་བའི་སྒྲོན་མེ་རྣམས། གསུམ་པ་བཀའ་སྲུང་གནོད་སྦྱིན་སྐོར་ལ་ཨཱཪྻ་པ་གླིང་གི་རྟ་མགྲིན་གྱི་ཐུགས་ཀ་ནས་སྤྱན་དྲངས་པའི་ཆོས་འཁོར་བསམ་ཡས་ཀྱི་བསྟན་སྲུང་གནོད་སྦྱིན་རྒྱལ་པོ་ཙིཏྟ་དམར་པོའམ་ཙིའུ་དམར་པོར་གྲགས་པའི་སྐོར་ལ། རྟ་མགྲིན་རྗེ་ཁོལ། ངར་གསོའི་ཡི་གེའི་སྟེང་ནས་གཏོར་མས་སྐུ་དབང་། སྔགས་ཀྱི་གསུང་དབང་། ཕྱག་མཚན་གྱིས་ཐུགས་དབང་། བླ་རྡོ་འཁོར་ལོར་བརྟེན་པའི་སྲོག་དབང་དང་བཅས་༼འབྲི༽མནོས་ནས། ལུང་ལ། གནོད་སྦྱིན་གྱི་རྒྱལ་པོ་སྤུ་གྲི་དམར་པོའི་སྙིང་གི་རྒྱུད་ལེའུ་༼འབྲི༽བདུན་པ་བཙན་རོལ་པ་སྐྱ་བདུན་གྱི་རྟོགས་བརྗོད་དུ་གྲགས་པ། གནོད་སྦྱིན་ཆེན་པོ་ཕྱི་གསོལ་ཁ་༼འབྲི༽ལ་བརྟེན་ནས་དམ་ཅན་སྤྲིན་ལྟར་འདུ་ཐབས། ནང་སྦ་ལྕགས་ལ་བརྟེན་ནས་༼འབྲི༽དམ་ཅན་ཁྱི་ལྟར་འབྲང་བའི་སྒྲུབ་ཐབས། གསང་བ་བླ་རྡོ་ལ་བརྟེན་ནས་༼འབྲི༽དམ་ཅན་ཕྲུ་ལྟར་ཆགས་པའི་སྒྲུབ་ཐབས། དེ་ཁོ་ན་ཉིད་མདུང་ཞགས་དམར་
པོར་བརྟེན་ནས་༼འབྲི༽དམ་ཉམས་དགྲ་བགེགས་ཆམ་ལ་འབེབས་པའི་སྒྲུབ་ཐབས། རྟ་མགྲིན་རྗེ་ཁོལ་༼འབྲི༽ངར་གསོའི་དབང་གི་ཡི་གེ །གནོད་སྦྱིན་ཆེན་པོའི་༼འབྲི༽གསོལ་ཁ་ཕྱོགས་ཕྱོགས་མ། གནོད་སྦྱིན་དྲག་བསྐུལ་ཉི་མ་ནུབ་ཕྱོགས་མ། དུར་ཁྲོད་མེ་རི་འབར་བར་ཨོ་རྒྱན་ཆེན་པོ་བཞུགས་དུས་སྤྱང་ཀི་ཁྲག་རལ་ཅན་བདུན་བྱུང་བ་ལས་༼འབྲི༽འཕྲོས་པའི་བཙན་ཡ་བ་སྐྱ་བདུན་གྱི་ལོ་རྒྱུས་རྣམས། དབུས་སྙིང་མཛོད་སྨུག་པོ་ནས་གདན་དྲངས་པའི་གཏེར་སྲུང་བསྟན་མ་བཅུ་གཉིས་ཀྱི་མཆོད་༼འབྲི༽བསྟོད་བསྐུལ་གྱི་རིམ་པ་མ་མོ་མགྱོགས་བྱེད་གནུབས་ནམ་མཁའི་སྙིང་པོས་མཛད་པ་དང་བཅས་པ་རྫོགས་པར་ཐོབ་པ་ལས་བསམ་པ་ལྷུན་གྲུབ་མ་ཡན་གྱི་དབང་ལུང་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། རིགས་ལྔའི་སངས་རྒྱས། སྒྲུབ་ཆེན་བཀའ་བརྒྱད་གཙོ་དགུ། །སྟོན་པ་ཤཱཀྱའི་རྒྱལ་པོ། འཕགས་པ་རིགས་གསུམ་མགོན་པོ། ལྷ་ཀླུ་མིའི་རིག་འཛིན། སློབ་དཔོན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིངྷ། དཔལ་གྱི་སྤྲུལ་པ་རྣམ་བརྒྱད། ཨོ་རྒྱན་སངས་རྒྱས་གཉིས་པ། ཆོས་རྒྱལ་སོགས་གསོལ་འདེབས་ཞུ་བའི་རྗེ་འབངས་དྲུག །གཏེར་སྟོན་མངའ་རིས་པཎ་ཆེན་པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ། གཏེར་སྟོན་ལེགས་ལྡན་རྡོ་རྗེ་གྲོ་ལོད་རྩལ། དེ་ནས་འབྲིའི་རྟགས་ཡོད་པའི་དབང་ལུང་ནི། ཆོས་བདག་ལྷ་སྲས་རྣམ་སྤྲུལ་འབྲི་གུང་རིན་ཅེན་ཕུན་ཚོགས། རྒྱལ་སྲས་བསྟན་པའི་འབྱུང་གནས། མཁའ་འགྲོའི་དབང་ཕྱུག་རྩལ་ཡང་ཟེར། ཀརྨ་རྒྱལ་སྲས་ཀུན་བཟང་། ཟབ་ཕུ་གདན་ས་པ་དབང་གི་རྒྱལ་པོ། ཀོང་སྨྱོན་རྫོགས་ཆེན་པ་གཏད་མེད་བདེ་གྲོལ། བྱ་བཏང་ནོར་བུ་ཆོས་བརྟན། རིག་འཛིན་དར་སྡིངས་འཕྲིན་ལས་ལྷུན་གྲུབ། ཟུར་ཁྱབ་བདག་ཆོས་
དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་མནོག་ཆོས་སུ་སྩལ་ཏོ། །ཡང་ན་འབྲི་གུང་ཟུར་པ་ནས། གཏེར་སྟོན་ཤེས་རབ་འོད་ཟེར། འོད་གསལ་སྣ་ཚོགས་རང་གྲོལ་ཡང་ཟེར། དེ་སྲས་ཀརྨ་ཀུན་བཟང་མན་གོང་ལྟར། གནས་ཀྱི་རྟགས་ཡོད་པའི་དབང་ལུང་ནི། ལེགས་ལྡན་རྗེ་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །བྱང་གི་རྟགས་ཡོད་པའི་དབང་ལུང་གི་བརྒྱུད་པ་ནི། རྒྱལ་སྲས་བསྟན་པའི་འབྱུང་གནས་ནས། རིག་འཛིན་ངག་གི་དབང་པོ་ཐུགས་རྗེ་དབང་གྲུབ་རྩལ། འཁོར་ལོའི་མགོན་པོ་བསོད་ནམས་མཆོག་ལྡན་མན་སྔར་བཞིན། ཀུན་བཟང་སྙིང་ཏིག་གི་བརྒྱུད་པ་ནི། རང་བྱུང་སྟོན་པ་ཀུན་བཟང་། རིག་རྩལ་རྡོ་རྗེ་འཛིན་པ། སློབ་དཔོན་རོ་ལངས་བདེ་བ། ཨོ་རྒྱན་གྱི་མཁན་པོ་པདྨ་ཀཱ་ར། རྗེ་འབངས་གྲོགས་གསུམ། གཏེར་སྟོན་མངའ་རིས་པཎ་ཆེན་པདྨ་རྒྱལ་པོ་མན་འབྲིའི་རྟགས་ཡོད་པའི་བརྒྱུད་པ་གཉིས་ལྟར་རོ། །རྫོགས་ཆེན་པདྨ་སྙིང་ཏིག་གི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། སློབ་དཔོན་ཤྲཱི་སིངྷ། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་པདྨ་ཐོད་འཕྲེང་། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ལྷ་སྲས་མུ་ཏིག་བཙན་པོ། གཏེར་སྟོན་མངའ་རིས་པཎ་ཆེན་མན་གནས་ཀྱི་རྟགས་ཡོད་པ་སོར་གནས་སོ། །སྒྲུབ་ཐབས་སྣ་ཚོགས་པ་ལས་ཚེ་དཔག་མེད་ཡེ་ཤེས་མཆོག་གི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཚེ་དཔག་མེད་མགོན། སྤྲུལ་སྐུ་ཨོ་རྒྱན་ཆེན་པོ། ལས་ཆེན་དག་པའི་འཁོར་ལྔ། གཏེར་སྟོན་
མངའ་རིས་པཎ་ཆེན་མན་གནས་ཀྱི་བརྒྱུད་པ་ལྟར་རོ། །ཐུགས་རྗེ་ཆེན་པོ་ཞི་དྲག་བླ་མ་དྲག་པོ། ཀླུ་འདུལ་གནོད་སྦྱིན་མ་སངས། རྒྱུད་དོན་འཆད་ཐབས་བཤད་འགྲེལ་དང་བཅས་པའི་བརྒྱུད་པ་ནི། རྒྱལ་སྲས་བསྟན་པའི་འབྱུང་གནས་ཡན་ལེ་བདུན་སྒྲུབ་སྐོར་གྱི་བརྒྱུད་པ་སོར་གནས་ལ། དེ་ནས་ཟུར་དང་མ་བ་བསྟན་འཛིན་འགྱུར་མེད། ཟབ་ལུང་མི་འགྱུར་དབང་རྒྱལ་མན་ཡང་སྔར་བཞིན་ནོ། །གནོད་སྦྱིན་ཙིཏྟ་དམར་པོའི་སྐོར་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་དཔལ་ཆེན་རྟ་མགྲིན། སྤྲུལ་སྐུ་པདྨ་འབྱུང་གནས། ངན་ལམ་རྒྱལ་བ་མཆོག་དབྱངས། གཏེར་སྟོན་པཎ་ཆེན་པདྨ་དབང་རྒྱལ། འབྲི་གུང་ཟུར་པ་གནམ་ལྕགས་མེ་འབར། རྒྱལ་སྲས་བསྟན་པའི་འབྱུང་གནས། འཇའ་ཚོན་མེ་འབར་ཡང་ཟེར། ཀརྨ་རྒྱལ་སྲས་ཀུན་བཟང་། གྲུབ་མཆོག་རིན་ཅེན་དར་རྒྱས། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །བསྟན་མ་བཅུ་གཉིས་ཀྱི་གསོལ་མཆོད་ནི། ལོ་བདུན་སྒྲུབ་སྐོར་གྱི་གནས་ཀྱི་རྟགས་ཡོད་པ་སོར་གནས་སོ། །སྒྲུབ་ཆེན་གསང་བ་ཡོངས་རྫོགས་ཀྱི་ཉམས་ལེན་ཡང་སྙིང་བཅུད་དུ་དྲིལ་བའི་སྐོར་རྣམས་མངའ་བདག་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་གིས་བསམ་གྲུབ་བདེ་བ་ཆེན་པོའི་གཙུག་ལག་ཁང་དུ་ཡང་གཏེར་དུ་སྦས་པ། དེའི་སྐྱེ་བ་མངའ་བདག་ཐུགས་ཀྱི་སྤྲུལ་པ་མངའ་རིས་པན་ཆེཎ་ཡོན་ཏན་འོད་ཟེར་གྱིས་སྤྱན་དྲངས་པའི་སྐོར་ལ། བཀའ་བརྒྱད་བསྐྱེད་རྫོགས་ཀྱི་མན་ངག་དང་པོ་སྤྱི་ལྟར་བསྐྱེད་པ། གཉིས་པ་བྱེ་བྲག་སྒོས་སྒྲུབ། གསུམ་པ་དྲིལ་སྒྲུབ་རྩ་བ། བཞི་པ་ཧཱུཾ་སྒྲུབ་བཅས་བསྟན་པ། གསང་སྔགས་ལྟོ་ཚིལ་སྙིང་སྒོམ་པདྨའི་སྲོག་བཅུད་གནད་ཀྱི་
འཕྲུལ་མིག་ཕྱག་མཚན་རིགས་གསུམ་གྱི་རྒྱ་ཅན། ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་རྩ་རྒྱུད་གསང་བ་འདུས་པའི་བཅུད་རྩ་བ་དྲིལ་སྒྲུབ་ཡང་སྙིང་བཅུད་དྲིལ་བྷནྡྷའི་རྒྱ་ཅན། གསང་བ་འདུས་པའི་དགོངས་པ་ཁོལ་དུ་ཕྱུང་བའི་བདེ་གཤེགས་རྩ་བ་དྲིལ་སྒྲུབ་ཀྱི་ཡང་ཏིག །གསང་ཆེན་གནད་ཀྱི་གལ་ཐོ་དང་པོ་ཞེས་པ་རྣལ་འབྱོར་རྒྱུན་གྱི་གཞུང་ལམ་རྒྱ་གར་མཁས་པའི་ཐུགས་བཅུད་པདྨ་བདག་གིས་བསྡུས་པ། གལ་ཐོ་གཉིས་པ་རྒྱ་གར་མཁས་པའི་ཐུགས་བཅུད་སྙིང་པོ་པདྨའི་སྙིང་ཏིག །གལ་ཐོ་གསུམ་པ་བདེ་གཤེགས་ཡོངས་རྫོགས་འདུས་པའི་བསྐྱེད་རྫོགས་མན་ངག་གནད་མཆོག་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་བཟང་ཆེ་མཆོག་ཧེ་རུ་ཀ །ཞི་ཁྲོ་རབ་འབྱམས། རྡོ་རྗེ་འཆང་། རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། རྒྱ་གར་རིག་འཛིན་བརྒྱད། སློབ་དཔོན་མ་ཧཱ་གུ་རུ། རྗེ་འབངས་གྲོགས་གསུམ། གཏེར་སྟོན་ཆོས་ཀྱི་དབང་ཕྱུག །གཏེར་སྟོན་པཎ་ཆེན་པདྨ་དབང་རྒྱལ། འབྲི་གུང་ཟུར་པ་རཏྣ་དྲག་རྩལ། རྒྱལ་སྲས་བསྟན་པའི་འབྱུང་གནས། ཟུར་བསྟན་འཛིན་འགྱུར་མེད། ཟབ་ཕུ་གདན་ས་པ་ཀརྨ་དབང་རྒྱལ། རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། རྗེ་ནོར་བུ་ཆོས་བརྟན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །མངའ་རིས་པཎྜི་ཏ་པདྨ་དབང་རྒྱལ་གྱིས་མཛད་པའི་སྡོམ་གསུམ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། པཎ་ཆེན་ཡོན་ཏན་འོད་ཟེར། གཅུང་ལེགས་ལྡན་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། གླིང་སྟོད་ཆོས་རྗེ་དཀོན་ཅོག་དཔལ་འབྱོར། རིག་འཛིན་སྤྲུལ་སྐུ་པདྨ་འཕྲིན་ལས། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་
ལའོ། །