Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

2 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
 
  
  
  
  
  
  
  
  
  
ཐོ་རངས་ངག་བྱིན་རླབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཐོ་རངས་ངག་བྱིན་རླབས།next

ཐོ་རངས་ངག་བྱིན་རླབས།


JSD002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རངས་ངག་བྱིན་རླབས། ཁྲོས་མའི་སྔོན་འགྲོ་ངག་འདོན་ཟུང་བཀོལ་བཞིན་དང་། སྤྲོ་ན་རྡོ་རྗེའི་གྲོང་འཕོ་བཅས། ཐུན་གྲོལ་ནས་རི་བོ་བསངས་མཆོད་གཏོང་། སྔ་ཐུན་ལ་ངག་བྱིན་རླབས་མི་དགོས། དེ་མིན་སྔར་ལྟར་རམ། བླ་རྣམ་རྡོ་རྗེའི་གྲོང་འཕོ་ཙམ་བཏང་ཡང་འཐུས། ཐུན་མཚམས་སུ་ཆུ་གཏོར་དང་། བཤགས་པ་ཡེ་ཤེས་འོད་ཟེར་བཅས་དང་། དགོང་ཐུན་སྔར་ལྟར་དང་། ཐུན་མཚམས་སུ། གསོལ་ཀ། སྐུ་རིམ་གདུགས་ཤེར་སེང་གསུམ་ཐལ་རྡེབ་བཅས་བཏང་། སྲོད་ཐུན་སྔ་ཐུན་གཉིས་པ་བཞིན་དང་། ཐུན་གྲོལ་རྗེས་དག་སྣང་དམར་འགྱེད། ཕ་དམ་པའི་སྨོན་ལམ་སོགས་དང་། བསམ་པམྱུར་འགྲུབ་མ་བཅས་བཏང་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་པར་བྱ། འདི་ལས་ཅུང་རྒྱས་པར་སྤྲོ་ན་


JSD002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཤེས་ལྟར། ཐུན་བཞི་ལ་འགྱེད་བཞི་སྦྱར་ཡང་ལེགས་པས་ཁམས་ཀྱིས་ལྕོགས་ཚད་དང་བསྟུན་པ་ལས་ཧ་ཅང་འདོན་བྱ་མང་བ་ལ་དགེ་ཡོན་ཆེ་རྒྱུ་མེད། སྤྲོས་མེད་ཁྲེགས་ཐོད་ཀྱི་ཉམས་ལེན་གཙོ་བོར་བཟུང་ན་གཅིག་ཤེས་ཀུན་གྲོལ་ཡིན་པ་ཤེས་པར་བྱའོ།། །།ཞེས་བྱ་བཏང་བུངས་བྲིས་པའོ།།


JSD002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་རངས་ཆུ་ཚོད་བཞི་པ་ནས་དྲུག་པ་བར་ཐོར་ཐུན། བརྒྱད་པ་ནས་བཅུ་གཅིག་བར་སྔ་ཐུན། དང་པོ་ནས་བཞི་པ་བར་དགོང་་ཐུན། དྲུག་པ་ནས་དགུ་པ་བར་སྲོད་ཐུན་བསྡོམས་ན་རན་པ་ཡིན་ནོ། །ཕྱག་བྲིས་ལས་བཤུས།། །།


JSD002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


JSD002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཟླ་མང་པོར་མཚམས་ལ་བཞུགས་མཁན་རྣམས་ནས་སྲོད་ཐུན་མཐར་ལུས་སྦྱིན་མ་ཆག་པར་གཏོན་དགོས་སྟབས། མཁའ་འགྲོའི་གད་རྒྱངས་ལྷུ་ཚང་འདོན་མ་ལྕོག་ན་བསྡུས་པ་བྱེད་ཚུལ་གྱི་འདོན་འགྲིགས་ནི། འོག་མིན་ཆོས་ཀྱི་སོགས། མཐར་ཌཱ་འུར་བཅད་ལ་རང་སྣང་འོད་གསལ་སོགས་ནས། སྐྱབས་ཡུལ་གསལ་འདེབས། སྐྱབས་སེམས། མཎྜལ། བླ་མའི་རྣལ་འབྱོར་བཅས་མཁའ་འགྲོའི་གད་རྒྱངས་བཞིན་སོང་ནས། སྔོན་འགྲོའི་ངག་འདོན་གྱི་ཕཊཿ ལུས་གཅེས་འཛིན་སོགས་ནས། སྤེལ་བསྒྱར་བར་དང་། འབྲུ་གསུམ་འདོན་བཞིན། འུར་རྐང་བནི་འབུད་བཅས། ཕཊཿ ཡར་མཆོད་ཡུལ་སོགས་ནས། མ་བཅོས་ཨཱཿ བར་གཏོན་ནས་འུར་བཅད་ལ། འདོན་རྟ་ཇེ་བྲེལ་གྱིས། ན་མོ་ཆོས་རྣམས་ཐམས་ཅད༴ སྦྱིན་པ་རྒྱ་ཆེན༔ ཕན་བདེ་མ་རྣམས༴ སྨྲ་བསམ་བརྗོད་མེད༴ ཌཱ་འུར་གསུམ་བཅད་ཀྱིས་


JSD002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས། ཕ་དམ་པའི་སྨོན་ལམ་སུམ་ཅུ་པས་མཐའ་རྒྱན་པས་གྲུབ་བོ། །ཡོལ་མོ་གངས་རིའི་རི་ཁྲོད་གྲོལ་བ་གྲོང་དུ་མཁོ་གལ་བྱུང་ནས་བྱ་བྲལ་བུདྡྷས་སོ།།


previousཐོ་རངས་ངག་བྱིན་རླབས།next