Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
གསོལ་འདེབས་བྱིན་རླབས་མྱུར་འཇུག
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསོལ་འདེབས་བྱིན་རླབས་མྱུར་འཇུགnext

གསོལ་འདེབས་བྱིན་རླབས་མྱུར་འཇུག

ཆོས་དབྱིངས་ནམ་མཁའི་བརྡ་སྒྲོམ་ལསཿ གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགསཿ ཨེ་མ་ཧོཿ ལྷུན་གྲུབ་བདེ་སྟོང་རང་བྱུང་དཀྱིལ་འཁོར་ནསཿ རིགས་འདུས་ཁྱབ་བདག་ཨོ་རྒྱན་རིན་པོ་ཆེཿ འཁོར་ཚོགས་མཁའ་འགྲོ་རྒྱ་མཚོས་ཡོངས་བསྐོར་བཞུགསཿ ཁྱེད་ལ་གསོལ་བཏབ་ཐུགས་གཅིག་བསྲེས་མཐུསཿ ལྔ་བདོའི་སྡུག་བསྔལ་འཇིགས་རུང་གནས་དག་ནསཿ བསམ་དོན་མྱུར་འགྲུབ་ཆོས་ལྡན་སྨིན་ཅིང་གྲོལཿ འདི་འཕོས་དཔལ་གྱི་གནས་མཆོག་པདྨ་འོདཿ མི་འབྲལ་རིག་འཛིན་ཞིང་དེར་སྐྱེ་བར་ཤོགཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ བརྡ་ཐིམཿ བཀའ་སྲུང་གཟའ་བདུད་ཆེན་པོས་སྲུངསཿ ཅེས་གཡུ་རོང་ནས་སྐྱ་སེར་ཕོ་མོ་དུ་མས་ཡང་ཡང་བསྐུལ་ངོརཿ གར་དབང་རྒྱལ་མཆོག་གླིང་པས་སོཿ


previousགསོལ་འདེབས་བྱིན་རླབས་མྱུར་འཇུགnext