ཞལ་ནས་གསུངས་པའི་གཏོ་གདོན་ཆེན་བཅོ་ལྔའི་མདོས་འདི། རེབས་ཆད་ཡིན་ཀྱང་གདོན་གྱིས་དགག་ནས་སྲིད་མི་ཆགས་པ་དང་། ཟླ་སྡིབ་མཚེས་ཤོར་སྐྱེས་མ་ཐག་ནས་འཆི་བ་དང་། སྐྱེས་ནས་ལོ་བཅུ་གཉིས་ཚུན་ཆད་ལ་རིམ་གྲོ་འདི་ལས་ཟབ་པ་མེད།
ཞལ་ནས་གསུངས་པའི་གཏོ་གདོན་ཆེན་བཅོ་ལྔའི་མདོས་འདི། རེབས་ཆད་ཡིན་ཀྱང་གདོན་གྱིས་དགག་ནས་སྲིད་མི་ཆགས་པ་དང་། ཟླ་སྡིབ་མཚེས་ཤོར་སྐྱེས་མ་ཐག་ནས་འཆི་བ་དང་། སྐྱེས་ནས་ལོ་བཅུ་གཉིས་ཚུན་ཆད་ལ་རིམ་གྲོ་འདི་ལས་ཟབ་པ་མེད་གསུངས་སོ། །
ན་མོ་གུ་རུ་པཉྩདེ་ཝ་ཡེ། སྲུང་བའི་ལྷ་མོ་ལྔ་ལ་ཕྱག་འཚལ་ལོ། །བྱིས་ཆུང་ངུ་རྣམས་ལ་ཕན་པའི་ཕྱིར། །གདོན་ཆེན་བཅོ་ལྔའི་མདོས་ཆོག་འདིར་བཀོད་བྱ། །ལྷ་མོ་ལྔ་ཡིས་བཀའ་གནང་བྱིན་གྱིས་རློབས། །ལྕགས་སྣོད་མི་རུང་ཁྲོལ་མང་བཙོ་མ་སོགས། །ཕུབ་ཕྱེ་ཐང་ལུད་རིལ་མ་ལ་སོགས་ཀྱིས། །ཕྱུར་བུར་བཀང་སྟེ་འཇིམ་པས་ཞ་ལ་བྱས། །དེ་ལ་རི་རབ་བང་རིམ་གསུམ་གཏོད་དེ། །དེ་སྟེང་བཅོ་ལྔ་སོ་སོའི་འཇིམ་གཟུགས་བཅའ། །འཇམ་པ་པོ་ནི་ནག་པོ་གླང་གི་མགོ །རི་དྭགས་རྒྱལ་ནི་སེར་པོ་ཤ་བའི་མགོ །སྐེམ་བྱེད་མི་ཡི་གཟུགས་ཅན་སེར་པོ་སྟེ། ་་་་ལག་པ་བཞི་པའོ་མཆན། །རྗེད་བྱེད་ནག་པོ་ཝ་ཡི་མགོ་བོ་ཅན། །ཁུ་ཚུར་ཅན་ནི་དམར་པོ་བྱི་བའི་མགོ །མ་མོ་དམར་མོ་བུད་མེད་གཟུགས་ཅན་ནོ། །ཛ་
མི་ཀ་ནི་ལྗང་གུ་རྟ་ཡི་མགོ། སྲུལ་པོ་ནག་པོ་ཕག་གི་མགོ་བོ་ཅན། །འདོད་པ་ཅན་ནི་དཀར་པོ་ར་ཡི་མགོ །ནམ་གྲུ་སེར་པོ་ཁྱི་ཡི་མགོ་བོ་ཅན། །མ་དགའ་བྱེད་ནི་དཀར་པོ་བྱི་ལའི་མགོ །བྱ་ནི་སྔོན་མོ་ཁུ་བྱུག་གཟུགས་ཅན་ནོ། །གཉའ་ལག་ཅན་ནི་སེར་པོ་བྱ་མགོ་ཅན། །བཞིན་རྒྱལ་སྔོན་པོ་འུག་པའི་མགོ་བོ་ཅན། །མིག་འཕྱང་ནག་པོ་ཕ་ཝང་རྨོང་ཀའི་མགོ་བོ་ཅན། །དེ་དག་སོ་སོའི་ཐད་དུ་ཙཀླུ་ནི། །མགོ་ལ་ཐོར་ཚུགས་བྱ་གཤོག་སྦྲུལ་མཇུག་དཀྲིས། །ལག་པ་ཐལ་མོ་སྦྱར་བའི་གཟུགས་སུ་བྲི། །འཇིམ་གཟུགས་རྣམས་ནི་ཐོར་ཚུགས་གཤོག་པ་དང། །སྦྲུལ་མཇུག་དཀྲིས་པ་བྱེད་ནི་མི་དགོས་སོ། །རང་མདོག་ནམ་མཁའ་མདའ་བཀྲ་འཕང་བཀྲ་དང་། །ཚར་བུའི་བུ་ཐོང་གཏོར་ཆུང་མར་མེ་དང་། །ཆངས་བུ་ཤ་དུམ་ཏིང་ལོ་བཅོ་ལྔ་
རེ། །ཤིང་རིས་རྣམས་ནི་མཐའ་ནས་བསྐོར་བྱ་ཞིང་། །ནམ་མཁའ་བཅོ་ལྔ་རང་རང་རྒྱབ་ཏུ་བཙུགས། །ཟན་ཀོང་མར་མེ་བཅོ་ལྔ་འཕང་བཀྲའི་རྩེར། །རྩང་ཐུར་མི་བཙུགས་ཚོན་སྐུད་དཀྲི་མི་རུང་། །གདོན་ཚབ་གང་ཆེ་དབུས་ཀྱི་རི་རབ་སྟེང། །མི་ཤེས་ན་ནི་གླང་མགོ་དབུས་སུ་བཞག །དེ་རྒྱབ་བཞི་དང་དེ་རྒྱབ་བཅུས་བསྐོར་ཏེ། །ཕྱོགས་དང་གོང་འོག་གང་བྱེད་ཁྱད་པར་མེད། །ཡོས་བཀྲ་ཚ་ཡོས་རམ་རུག་རུས་དུམ་དང་། །བྱིས་པ་མ་བུ་གཉིས་ཀྱི་གླུད་གཟུགས་བླུག ། གཞན་གྱི་གླུད་ནི་བླུག་པར་མི་བྱའོ། །དེ་ནི་གདོན་ཆེན་བཅོ་ལྔའི་མདོས་ཆེན་ཡིན། །དེ་ལས་བསྡུས་ན་ནམ་མཁའ་གཅིག་གིས་ཆོག །འཇིམ་གཟུགས་ཀྱིས་ཆོག་ཙཀྲི་མི་དགོས་སོ། །ཤིན་ཏུ་བསྡུ་ན་གཙོ་བོའི་གཟུགས་བཅའ་ཞིང་། །དེ་མཐར་དེ་དག་སོ་སོའི་མགོ་བོའི་གཟུགས། །ལ་ལ་རྡོ་རྗེ་དཀར་པོ་ཞེས་བྱ་བ། །མི་མགོ་རྡོ་རྗེ་ཕྱེད་པས་མཚན་པའམ། །ཤིང་རིས་མདའ་འཕང་བུ་ཐོང་ལྔ་རེས་ཆོག །གཏོར་ཆུང་ཤ་དུམ་ཆངས་བུ་ཏིང་ལོ་རྣམས། །བཅོ་ལྔ་རེ་བྱ་མར་མེ་ལྔ་རེས་ཆོག །དེ་ལྟར་རི་རབ་གཟུགས་ཀྱང་མི་དགོས་ཏེ། །མདོས་མིང་མི་ཐོགས་གདོན་ཆེན་བཅོ་ལྔའི་གཏོ། །འདོན་ཆོག་ལ་ནི་རྒྱས་བསྡུས་ཁྱད་པར་མེད། །དེ་ནས་རང་གི་ལྷ་གཞུང་གང་ཡིན་བཏང་། །དེ་ནས་རྩ་བའི་ཡི་དམ་གནས་འགྱུར་ནས། །སྲུང་བ་ལྔ་ཡི་སྐུ་རུ་བདག་བསྐྱེད་དོ། །བདག་གིས་སེམས་ཅན་ཀུན་དོན་དུ། །རིག་པའི་ལྷ་མོ་ལྔ་བསྒྲུབ་སྟེ། །འགྲོ་བའི་སྡུག་བསྔལ་སེལ་བར་བྱ། །རང་ཉིད་ལྷ་མོ་ལྔར་
གསལ་བའི། །ཐུགས་ལས་འོད་ཟེར་འཕྲོས་པ་ལས། །རིག་པའི་རྒྱལ་མོ་ལྔ་པོ་ནི། །སངས་རྒྱས་བྱང་སེམས་ཚོགས་དང་བཅས། །མདུན་གྱི་ནམ་མཁར་སྤྱན་དྲངས་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །བདག་དང་བསྲུང་བྱ་ཐམས་ཅད་ཀྱི། །སྡིག་ལྟུང་ལས་ཀུན་མཐོལ་ཞིང་བཤགས། །དགེ་ཕྱོགས་ཀུན་ལ་རྗེས་ཡི་རང། །ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཅིང་། །མྱ་ངན་མི་འདའ་རྟག་བཞུགས་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་མཆི་ཞིང་། །བླ་མེད་བྱང་ཆུབ་སེམས་བསྐྱེད་དོ། །དགེ་བས་འགྲོ་ཀུན་སངས་རྒྱས་ཤོག །ཚོགས་ཞིང་རང་གི་སྙིང་ཁར་ཐིམ། །ཨོཾ་སྭ་བྷ་ཝ་སོགས་སྟོང་པའི་ངང་ལས་རྡོ་རྗེའི་ས་གཞི་དང་། །རྭ་གུར་མེ་རི་སྲུང་འཁོར་རྒྱ་ཆེའི་ནང། །པདྨ་འདབ་བཞི་ཟླ་གདན་ལྔ་ཡི་དབུས། །རང་ཉིད་རིག་པའི་ལྷ་མོ་ལྔར་གྱུར་ཏེ། །དབུས་སུ་ཧཱུྃ་ལས་སྟོང་ཆེན་རབ་འཇོམས་དཀར། །ཞལ་གཅིག་པ་ལ་ཕྱག་ནི་དྲུག་པ་སྟེ། །གཡས་གསུམ་རལ་གྲི་མདའ་དང་མཆོག་སྦྱིན་ཕྱག །གཡོན་གསུམ་ཞགས་པ་གཞུ་དང་དགྲ་སྟ་འཛིན། །ཤར་དུ་པཾ་ལས་སོ་སོར་འབྲང་མ་ནི། །སེར་ནག་དཀར་བའི་
ཞལ་གསུམ་སྤྱན་གསུམ་གསུམ། །དར་དང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་བཞུགས། །ཕྱག་བཅུ་གཡས་ལ་རལ་གྲི་རྡོ་རྗེ་མདའ། །མཆོག་སྦྱིན་ཡུ་བ་ཐུགས་ཀར་གནས་པའི་གདུགས། །གཞུ་དང་རྒྱལ་མཚན་རིན་ཆེན་ཆུན་པོ་དང་། །དགྲ་སྟ་དུང་རྣམས་གཡོན་པའི་ཕྱག་ན་འཛིན། །ལྷོ་རུ་མཾ་ལས་རྨ་བྱ་ཆེན་མོ་ལྗང་། །ཞལ་གཅིག་ཕྱག་གཉིས་སྒྲོ་མདངས་མཆོག་སྦྱིན་ཕྱག །ནུབ་ཏུ་ཧཱུྃ་ལས་གསང་སྔགས་རྗེས་འཛིན་ནག །བྱང་དུ་ཛཾ་ལས་བསིལ་བའི་ཚལ་མ་དམར། །གཉིས་ཀ་ཞལ་གཅིག་ཕྱག་ནི་བཞི་མ་སྟེ། །གཡས་གཉིས་རལ་གྲི་མཆོག་སྦྱིན་གཡོན་པ་ན། །དགྲ་སྣ་ཞགས་པ་འཛིན་ཅིང་ཉི་མའི་གདན། །ཀུན་ཀྱང་དར་དང་རིན་ཆེན་རྒྱན་གྱིས་བཀླུབས། །རོལ་པའི་སྟབས་ཀྱིས་འགྱིང་བའི་ཚུལ་གྱིས་བཞུགས། །ཀུན་གྱི་གནས་གསུམ་ཨོཾ་ཨཱཧཱུྃ་གསུམ་དང་། །རང་རང་ཐུགས་ཀའི་ས་བོན་འོད་འཕྲོས་ནས། །རང་འདྲའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། །དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །དབང་རྟགས་གཙོ་མོ་ལ་ནི་རྣམ་སྣང་དང་། །རིན་འབྱུང་མི་བསྐྱོད་དོན་གྲུབ་འོད།
དཔག་རྒྱན། །རང་གི་ཐུགས་ལས་སྤྲུལ་པའི་མཆོད་ལྷའི་ཚོགས། །མཆོད་རྫ་ས་དུ་མ་འཛིན་པས་བདག་བསྐྱེད་མཆོད། །དེ་ཝི་པཉྩ་ཨནྡྷཾ་སོགས། ཉོན་མོངས་ལྔ་པོ་རྣམ་དག་ཅིང་། །ཕུང་པོ་ལྔ་ཡི་ངོ་བོ་ཉིད། །རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན། །རིག་པའི་ལྷ་མོ་ལྔ་ལ་བསྟོད། །རང་རང་ཐུགས་ཀར་ཟླ་སྟེང་ས་བོན་མཐར། །རང་རང་སྔགས་ཕྲེང་འོད་ཟེར་གྱིས། །སངས་རྒྱས་ཀུན་མཆོད་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་པ་སྦྱང་བར་གྱུར། །ཨོཾ་མ་ཧཱ་ས་ཧ་སྲ་པྲ་མ་དྷ་ར་ན་མན་ན་བྷཾ་ཧཱུྃ༔ ཨོཾ་ཨ་མྲྀ་ཏེ་བཱི་ས་རོ་པུཾ་ཧཱུྃ། ཨོཾ་ཨ་མྲྀ་ཏེ་ཧྲི་མ་ཨ་ཡུ་རི་མཾ་ཧཱུྃ། ཨོཾ་ཨཱ་མ་ཧཱ་མན་ཨཱ་ནུ་དྷ་རི་ནི་ཧཱུྃ་ཧཱུྃ། ཨོཾ་ཨཱ་མ་ཧཱ་ཤྲཱི་ཏ་ཝ་རི་ཛ་ཧཱུྃ། གཙོ་མོའི་སྔགས་ནི་བརྒྱ་སྟོང་ཅི་མང་བཟླསཾ། །འཁོར་བཞིའི་སྔགས་ནི་ཅི་མང་ཙམ་རེ་བརྗོད། །མདོས་ནང་ཡོས་བཀྲ་འབྲུ་སྣ་སྤང་རམ་བཏབ། །དེ་ནས་བྲན་ཏེ་གྱེར་སྒོམ་བསྒྲུག་པར་བྱ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང། །ཨཱ་ཡིག་དཀར་པོའི་འོད་འཕྲོས་པས། །གླུད་མདོས་དངོས་པོར་འཛིན་པ་དང་། །མི་གཙང་དྲི་མ་ཐམས་ཅད་དག །དོན་དམ་སྟོང་ཉིད་ངོ་བོར་གྱུར། །ཨོཾ་སྭ་བྷ་ཝ་
ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་མདོས་གཞི་ནི། །ས་ཡི་རི་རབ་གྲུ་བཞིའི་སྟེང་། །བྱིས་པའི་གདོན་ཆེན་བཅོ་ལྔ་ནི། །རང་གནད་རང་ལ་དབབ་པའི་ཕྱིར། །སོ་སོའི་བླ་རྟགས་གཟུགས་བརྙན་ཏེ། །འཇམ་པ་པོ་ནི་བ་གླང་གཟུགས། །རི་དྭགས་རྒྱལ་པོ་རི་དྭགས་འདྲ། །སྐེམ་བྱེད་པ་ནི་གཞོན་ནུའི་གཟུགས། །བརྗེད་བྱེད་པ་ནི་ཝ་འདྲའོ། །ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །མ་མོ་དེ་ནི་མི་ཡི་གཟུགས། །ཛ་མི་ཀ་ནི་རྟ་ཡི་གཟུགས། །འདོད་པ་ཅན་ནི་རྡོ་རྗེའི་གཟུགས། །ནམ་གྲུ་ཁྱི་ཡི་གཟུགས་ཅན་ཏེ། །སྲུལ་པོ་ཕག་གི་གཟུགས་ཀྱི་སྟེ། །མ་དགའ་བྱེད་པ་བྱི་ལིའི་གཟུགས། །བྱ་ནི་འདབ་ཆགས་གཟུགས་ཀྱིས་སོ། །གཉའ་ལག་ཅན་ནི་བྱ་གག་གཟུགས། །བཞིན་རྒྱལ་འུག་པའི་གཟུགས་ཀྱི་སྟེ། །མིག་འཕྱང་པ་ནི་ཕ་ཝཾ་གཟུགས། །དེ་དག་སྐད་ཅིག་གནས་འགྱུར་ཏེ། །ལུས་ནི་ང་རྒྱལ་མི་ཡི་ལུས། །གཏི་མུག་སོ་སོའི་བླ་རྟགས་མགོ །ལྷ་ཡི་རྟགས་སུ་ཐོར་ཚུགས་བཅིངས། །ཞེ་སྡང་སྦྲུལ་མཇུག་སྐེད་ལ་དཀྲིས། །འདོད་ཆགས་བྱ་ཡི་གཤོག་པ་ལྡིང་། །ཕྲག་དོག་ཁྱུང་སྡེར་ཐལ་མོ་སྦྱར། །སྙིང་ཁར་རང་མདོག་སྲོག་
ཡིག་ཏྲི། །སོ་སོའི་བར་མཚམས་མདུན་རྣམས་སུ། །ཤིང་རིས་མདའ་འཕང་བུ་ཐོང་དང་། །ནམ་མཁའ་མར་མེ་ཡོས་བཀྲ་དང་། །གཏོར་མ་ཆངས་བུ་ཏིང་ལོ་དང་། །ཤ་དུམ་ཟན་དུམ་འབྲུ་སྣ་དང་། །ཚྭ་རྒོག་སྦང་མ་རམ་པ་སོགས། །ཡས་སྟགས་རྣམ་པ་སྣ་ཚོགས་རྣམས། །བྱིས་པ་ཚེ་གླུད་སྲོག་གི་སྐྱིན། །བུ་ལོན་ལན་ཆགས་འཇལ་བའི་རྫས། །གདོན་ཆེན་བཅོ་ལྔ་འཁོར་བཅས་ཀྱི། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །སོ་སོའི་ཅི་འདོད་ལོངས་སྤྱོད་རྫས། །ཟག་མེད་བདེ་བ་སྤྱོད་བྱེད་པ། །ཟད་མེད་ནམ་མཁའ་མཛོད་དུ་གྱུར། །རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཡི་གེ་ཁཾ་ལས་འོད་འཕྲོས་པས། །ཡས་གླུད་དེ་དག་འཕེལ་ཞིང་རྒྱས། །སྟོང་གསུམ་འཇིག་རྟེན་གནམ་ས་གང་། །ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷེ། སརྦ་ཐ་ཁཾ་ཨུཏྠ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་བའི་བྱིན་རླབས་ཀྱིས། །ཐལ་མོ་ཁ་འགྱེད་ཕྱག་རྒྱའི་ནང་། །ཛཝཡིག་དམར་པོར་འོད་འཕྲོས་པས། །ཡས་གླུད་ཟག་མེད་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རིན་
ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས། །འོད་འཕྲོས་མགྲོན་རྣམས་ཐམས་ཅད་ལ། །བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་ཟེར་འཕྲོས་པའི་མཐུས། །མགྲོན་ཀུན་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་ཛྙཱ་ན་ཨཱ་ཝ་ལོ་ཀི་ཏེ་ན་མཿས་མནྟ་ཨ་མྲྀ་ཏ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧཱིད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས། །སོར་བསྣོལ་ཕྱག་རྒྱ་ཛདམར་ལས། །འོད་འཕྲོས་མགྲོན་ཀུན་དབང་དུ་བསྡུས། །བདག་གི་བཀའ་བཞིན་བསྒྲུབ་པར་གྱུར། །ན་མཿས་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་ཏི་ཤྭ་ར་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། ཧཱུྃ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་པོ་གཟུ་དང་དཔང་། །སྟོང་ཆེན་རབ་འཇོམས་གཟུ་དང་དཔང་། །སོ་སོར་འབྲང་མ་གཟུ་དང་དཔང། །བསིལ་བའི་ཚལ་མ་གཟུ་དང་དཔང་། །གསང་སྔགས་རྗེས་འཛིན་གཟུ་དང་དཔང་། །རྨ་བྱ་ཆེན་མོ་གཟུ་དང་དཔང་། །དོ་ནུབོ་ཞལ་ནས་གསུངས་པའི་གཏོ། །
གདོན་ཆེན་བཅོ་ལྔའི་མདོས་བྱེད་ན། །བདག་གི་རྒྱབ་རྟེན་མགོན་སྐྱབས་མཛོད། །གཏོ་ཡས་གནས་སུ་ཐེངས་བར་མཛོད། །གདོན་རྣམས་བླུད་ཀྱིས་ཚིམ་གྱུར་ནས། །བུ་ལོན་ལན་ཆགས་བྱང་ནས་ཀྱང་། །བསྲུང་བྱ་བྱིས་པ་འདི་ཉིད་ནི། །ནད་དང་གདོན་ལས་ཐར་བ་དང་། །ཚེ་མཐར་ཕྱིན་པར་མཛད་དུ་གསོལ། །ཧཱུྃ། ཟླ་གམ་འབར་བའི་དཀྱིལ་འཁོར་ནས། །དབང་གི་རྒྱལ་པོ་རྟ་མཆོག་འབར་བའི་སྐུ། །ཡབ་ཡུམ་གཉིས་མེད་ཐུགས་ལས་སྤྲུལ་པའི་སྲས། །འཁོར་བཅས་ཐུགས་དམ་གཉན་པོ་དུས་ལ་བབ། །གདོན་ཆེན་ཀུན་གྱི་གཉན་པོར་གཤེགས་སུ་གསོལ། །གདོན་རྣམས་ཐམས་ཅད་དབང་སྡུས་ཟིལ་གྱིས་ནོན། །བདག་དང་བྱིས་སྦ་འདི་ལ་མགོན་སྐྱབས་མཛོད། །ཨོཾ་པདྨནྟ་ཀྲྀ་ཏ་བཛྲ་ཀྲོ་ཏ་ཧྱ་གྲྭ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྟོང་ཆེན་རབ་ཏུ་འཇོམས་པ་དང་། །གཟུངས་ཆེན་སྡེ་ལྔའི་མདོ་སྡེ་འདི། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུངས་འགྱུར་ཞིང་། །ད་ལྟ་བྱུང་བ་རྫོགས་སངས་རྒྱས། །ཤཱཀྱའི་རྒྱལ་པོས་བཀའ་བསྩལ་པའི། །བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས། །འཇམ་པ་དང་
ནི་རི་དྭགས་རྒྱལ། །སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན། །མ་མོ་དང་ནི་ཛ་མི་ཀ །འདོད་པ་ཅན་དང་ནམ་གྲུ་དང་། །སྲུལ་པོ་དང་ནི་མ་དགའ་བྱེད། །བྱ་དང་གཉའ་བའི་ལག་ཆེན་དང་། །བཞིན་རྒྱན་དང་ནི་མིག་འཕྱང་བ། །དེ་དག་ཐམས་ཅད་ས་ལ་རྒྱུ། །གདོན་རྣམས་བཅོ་ལྔ་དེ་དག་ནི། །བྱིས་པ་རྣམས་ལ་འཇིགས་པར་བགྱིད། །འདི་དག་བྱིས་པ་སྐྲག་པར་བགྱིད། །འདི་དག་བུ་འཕྲོག་མ་རུངས་བགྱིད། །བྱིསླ་རྣམས་ལ་འཇིགས་བགྱིད་པ། །མདོ་སྡེ་ཞགས་པས་དྲངས་ནས་ནི། །འདི་དག་ཤིན་ཏུ་འགུགས་པར་བྱེད། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ནི། །དྲི་ཟ་ཙན་དན་ཞེས་བགྱི་བ། །ཡི་གེ་ཕྱག་རྒྱུ་དེ་སྩལ་ཏེ། །སོང་ལ་གདོན་ནི་དྲག་པོ་པ། །བཅོ་ལྔ་དེ་དག་ཁུག་ཅིག་ཅེས། །ཕོ་ཉ་ཡང་ནི་བཏང་བར་བགྱི། །དེ་དག་རྣམས་ནི་སྐད་ཅིག་གིས། །བཅིངས་བ་ལྔ་ཡིས་བཅིངས་བཞིན་བཀུག །ཧཱུྃ། གདོན་ཆེན་བཅོ་ལྔ་འཁོར་དང་བཅས། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འཇམ་པ་པོ་དང་རི་དྭགས་རྒྱལ། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན། །མདོས་དང་གླུད་ལ་
སྤྱན་འདྲེན་གཤེགས་སུ་གསོལ། །མ་མོ་དང་ནི་ཛ་མི་ཀ །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདོད་པ་ཅན་དང་ནམ་གྲུ་ཡང་། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །སྲུལ་པོ་དང་ནི་མ་དགའ་བྱེད། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བྱ་དང་གཉའ་བའི་ལག་ཅན་དང་། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །བཞིན་རྒྱན་དང་ནི་མིག་འཕྱང་བ། །མདོས་དང་གླུད་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གང་དག་ས་ཆུ་མེ་རླུང་དང་། །ཤིང་དང་ནགས་ཚལ་ལ་གནས་པའི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མིའམ་ཅི་དང་ཤ་ཟ་དང་། །དྲི་ཟ་སྲུལ་པོ་མ་མོའི་ཚོགས། །ཡང་འཁོར་སྟོང་ཕྲག་མང་པོ་བཅས། །ཆུང་གླུད་ལེན་ཕྱིར་སྤྱན་འདྲེན་ན། །ཁྲོ་གཏུམ་སེམས་ཀྱིས་མ་བྱོན་ཅིག །བྱམས་པའི་སེམས་ཀྱིས་གཤེགས་སུ་གསོལ། །ཨོཾ་རྒྱ་ཧི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། སྔོན་ཚེ་གདོན་ཆེན་བཅོ་ལྔ་པོ། །རྟག་ཏུ་ཁྲག་ལ་འཐུང་རྣམས་ཀྱིས། །འཇིག་རྟེན་མགོན་ལ་ཕྱག་འཚལ་ལོ། །ཐལ་མོ་སྦྱར་ནས་འདི་སྐད་གསོལ། །གྲོང་ངམ་ཁྱིམ་མམ་གྲོང་
ཁྱེར་རམ། །གང་ན་ལེགས་པར་གསུངས་པ་ཡི། །མདོ་སྡེ་འདི་ནི་བཞུགས་པ་དེར། །བྱིས་པ་རྣམས་ནི་འགུམ་མི་འགྱུར། །ཐུབ་ཆེན་ལ་ནི་ཅི་བཞིན་དུ། །རྗེས་སུ་མཐུན་པར་འཇུག་པར་བགྱི། །དེ་སྐད་ཁས་བླངས་དམ་བཅས་པའི། །དམ་ཚིག་རྗེས་སུ་དྲན་མཛོད་ལ། །མདོས་གླུད་འདི་ནི་ལེན་པར་གྱིས། །ཧཱུྃ། འབྲུ་སྣའི་རིན་ཆེན་ཚོགས་པ་ཡི། །མདོས་ནི་རིན་ཆེན་རི་རབ་བཞི། །སྣ་ཚོགས་རི་རབ་གླིང་བཞི་བཀོད། །ཀུན་ཀྱང་རིན་པོ་ཆེ་ཡི་གཏེར། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་བཀླུབས། །སྤྱན་གཟིགས་དཀོར་ཆ་སྤུང་བ་ཡི། །ནམ་མཁའ་ལེ་བརྒན་གདུགས་ཀྱིས་བཀང་། །རིན་ཆེན་སྣ་ཚོགས་ས་གཞི་ཡི། །ནམ་མཁའ་མདའ་འཕང་དང་། །ཕོ་སྟོང་མོ་སྟོང་དང་། །ཤིང་རིས་རྒྱང་བུ་དང་། །འབྲུ་ཡོས་སྲོག་ཆགས་དང་། །སྤྱན་གཟིགས་སྣ་ཚོགས་དང་། །བཏུང་བའི་སྐྱེམས་བཟང་དང་། །བྱིས་པ་ཆུང་དུས་གླུད། །ཚེ་སྲོག་གླུད་དུ་འབུལ། །བྱིསྱའི་གདོན་ཆེན་རྣམས། །དབང་བའི་རིམ་པ་བཞིན། །ཀུན་ཀྱང་ཚིམ་པར་མཛོད། །བདེན་པའི་དོན་ལ་སོམས། །བདེ་གཤེགས་རྒྱལ་བའི་བཀའ་མ་བཅག །ཧཱུྃ། གཙོ་བོ་
རྒྱལ་བ་ཤཱཀྱ་ཐུབ་པ་ཡི། །སྤྱན་སྔར་ཁས་བླངས་དམ་བཅས་པའི། །བྱིསྶའི་གདོན་ཆེན་བཅོ་ལྔ་ཡི། །གང་དག་ས་ལ་རྒྱུ་བ་ཡི། །གདོན་དང་འབྱུང་པོ་གང་ལ་གནསོ། །གདོན་ཆེན་རྒྱལ་པོ་འཇམ་པ་པོ། །སྐུ་མདོག་སྨུག་ནག་འབར་བ་ལས། །མི་ལུས་གླང་གི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །།བྱིས་པ་ཆུང་ལ་མ་གདོན་ཅིག། འདྲིལ་དང་ཚག་པ་སྲིན་བུའི་ནད། །ལྕམ་ལྷམ་བྷམ་མིག་ནད་མ་གཏོང་། །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་རི་དྭགས་རྒྱལ། །སྐུ་མདོག་སེར་པོ་འོད་ཟེར་འཕྲོ། །མི་ལུས་རི་དྭགས་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིསྭ་སྟོད་ནད་འཁུན་སྐྱུག་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་སྐེམ་བྱེད་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཞལ་གཅིག་པ་ལ་ཕྱག་བཞི་པ། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་པའི་ནད་ངུ་འདར་ལྗིད་མ་བཏང་
ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅིག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་བརྗེད་བྱེད་ནི། །སྐུ་མདོག། ནག་པོ་དུད་ཁ་བ། །མི་ལུས་ཝ་ཡི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་པའི་ནད་དུ་བརྒྱལ་བ་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག་སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་ཁུ་ཚུར་ཅན། །སྐུ་མདོག་དམར་པོ་བྱེ་རུའི་མདོག །མི་ལུས་བྱི་བའི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་འདི་ལ་ཞ་གྲུམ་འགོང་པོའི་ནད་རྣམས་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །དཔྱིན་གྱི་མ་མོ་ཀུན་གྱི་བདག །སྐུ་མདོག་སྨུག་ནག་བརྗིད་པ་ལ། །རལ་པས་སྟོང་ཁམས་སྲིད་གསུམ་བཏིབ། །སྤྱན་ནས་ཁྲག་འཛག་ཞལ་ནས་མེ་ཡི་རླངས་པ་འཐུལ། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་པ་ཆུང་ལ་གནོད་པ་མ་བྱེད་ཅིག །བྱིས་པ་ཆུང་ལ་གནོད་པ་བྱེད་པ་ཡི། །དལ་ཡམས་
རིམས་ནད་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་ཛ་མི་ཀ །སྐུ་མདོག་ལྗང་ནག་འཇིགས་པའི་གཟུགས། །མི་ལུས་རྟ་ཡི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །མ་ཡི་ནུ་ཞོ་མ་སྐམ་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོསྲུལ་པོ་ནི། །སྐུ་མདོག་སེར་ནག་སྟག་གཟིག་མགོ། །ཞལ་གཅིག་ཕྱག་གཉིས་ཕག་མགོ་རབ་ཏུ་རྔམས། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་པ་འདི་ལ་སྔངས་འདར་ནད་རྣམས་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་མ་དགའ་བྱེད། །སྐུ་མདོག་དཀར་པོ་འཇིགས་པའི་སྐུ། །མི་ལུས་བྱི་བའི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །ནད་ཡམས་སྣ་ཚོགས་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་
གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་འདོད་པ་ཅན། །སྐུ་མདོག་དཀར་པོ་མཆེ་བ་ཅན། །མི་ལུས་ར་ཡི་མགོ་བོ་ཅན། །ཕྱག་ན་རྡོ་རྗེ་འབར་བ་བསྣམས། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་འདི་ལ་གཉིད་མེད་དུ་བ་མ་བྱེད་ཅིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་ནམ་གྲུ་ནི། །སྐུ་མདོག་ནག་པོ་འབར་བ་ལ། །མི་ལུས་ཁྱི་ཡི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་པ་འདི་ལ་ཞུགས་དང་སོ་འཐབ་ནད་རྣམས་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་བྱི་རབ་ནི། །སྐུ་མདོག་སེར་པོ་རབ་ཏུ་འཇིགས་པའི་སྐུ། །མི་ལུས་བྱི་བའི་མགོ་བོ་ཅན། །བྱིས་པ་འདི་ལ་དྲི་མི་ཞིམ་པ་མ་བཏང་ཞིག ། སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་གཉའ་ལག་ཅན། །སྐུ་མདོག་སེར་ནག་
འཇིགས་པ་ལ། །མི་ལུས་བྱ་ཡི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་པ་འདི་ལ་འགུག་དང་འགག་པའི་ནད་རྣམས་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་བཞིན་རྒྱལ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་འབར། །མི་ལུས་འུག་པའི་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིས་འདི་ལ་སྣ་ཚོགས་འཁྲུགས་པའི་ནད་རྣམས་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་མིག་འཕྱངས་ནི། །མི་ལུས་ཕ་ཝང་མགོ་བོ་ཅན། །སྐུ་གླུད་མདོས་ཆེན་འདི་བཞེས་ལ། །བྱིསྦྲ་འདི་ལ་གཡལ་དང་སྐྱིག་བུ་མ་བཏང་ཞིག །སྔོན་གྱི་རྒྱལ་བའི་བཀའ་མ་བཅག །སྔགས་འཆང་བདག་གི་ངག་མ་བསླུ། །ཆོས་ཉིད་བདེན་པའི་དོན་ལ་སོམས། །གདོན་ཆེན་རྒྱལ་པོ་བཅོ་ལྔ་ལ། །སྲིད་པའི་མདོས་ཆེན་འབུལ་བ་ནི། །ས་ཡི་མཎྜལ་རི་རབ་དབྱིབས། །གྲུ་བཞི་ཟུར་བཞི་ལོགས་བཞིར་ལྡན། །བྱིས་པ་
འདུག་པའི་ཡུལ་གྱི་གླུད། །རྒྱང་བུ་ཤིང་རིས་འཇའ་རིས་བཀྲ། །བྱིས་པ་གནས་ཁང་སྦྲ་གུར་གླུད། །ནམ་མཁའ་རང་མདོག་འོད་དུ་འབར། །མདའ་བཀྲ་ལྷ་ཕྲུག་རྩེ་གྲུ་བྱེད། །ཁྱིའུ་བུད་མེད་ས་འདིའི་གླུད། །འཕང་བཀྲ་ལྷ་ཡི་བུ་མོ་མཛེས། །བྱིས་པ་བུ་མོ་རྣམས་ཀྱི་གླུད། །ཚར་བུའི་བུ་ཐོང་བྱིས་སྦའི་གཟུགས། །བྱིས་པས་ཆུང་ངུས་གླུད་དང་སྐྱིན། །མར་མེ་གསལ་བའི་མདངས་དང་ལྡན། །བྱིས་པའི་དབང་པོ་ལྔ་ཡི་གླུད། །ཆངས་བུ་ཏིང་ལོ་འདོད་ཡོན་ལྔ། །བྱིསྱའི་ལན་ཆགས་བུ་ལོན་འཇལ། །གཞན་ཡང་ཡས་སྟགས་སྣ་ཚོགས་ཀྱིས། །ཆུང་སྲི་ཆུང་བདུད་འདྲེ་སྲིན་ཚིམ། །གཏོར་མ་རོ་མཆོག་བརྒྱ་དང་ལྡན། །གདོན་རིགས་ཀུན་གྱི་བཀྲེས་སྐོམ་ཞི། །རིན་ཆེན་མང་དང་གཟུགས་མཛེས་དང་། །འཇམ་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །གདོན་ཆེན་གླུད་དང་གཏོར་མ་འདི། །བྱིས་པའི་གདོན་ཆེན་བཅོ་ལྔ་ནི། །འཁོར་དང་བཅས་པ་རྣམས་ལ་འབུལ། །ཐམས་ཅད་བྱང་ཞིང་ཚིམས་གྱུར་ནས། །གནོད་འཚེའི་བསམ་པ་རབ་ཞི་ནས། །བྱམས་པའི་སེམས་དང་ལྡན་གྱུར་ཅིག །ན་མསརྦ་ཏ་ཐཱ་ག་ཏ་
ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། སྔགས་ལན་བདུན་བརྗོད། གང་ལ་བུ་ནི་མི་ཆགས་དང་། །གང་གི་མངལ་དུ་མི་གནས་དང་། །སྐྱེས་པ་བུད་མེད་འདུ་བ་ན། །དབང་པོ་རྣམས་ནི་མྱོས་པར་བྱེད། །མེར་མེར་པོ་དང་ནུར་ནུར་པོ། །བུ་ཡི་ས་བོན་མ་རུང་བགྱིད། །གང་ཡང་མངལ་ནི་ཐུར་དུ་གྱུར། །ཤ་མ་མི་འགྱུར་གནོད་པ་བགྱིད། །དེ་དག་གདོན་རིགས་ཐམས་ཅད་ཀྱིས། །མདོས་གླུད་གཏོར་མ་འདི་བཞེས་ལ། །བསྲུང་བྱ་ཡོན་གྱི་བདག་པོ་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །བྱིས་པ་རྣམས་ལ་གནོད་པའི་གདོན། །འཇམ་པ་པོས་ནི་ཟིན་གྱུར་ན། །མིག་ནི་རབ་ཏུ་འགྱུར་བ་ན། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་སྦ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །རི་དྭགས་རྒྱལ་གྱིས་ཟིན་གྱུར་ན། །སྐྱུག་པ་མི་བཟད་བསྐྱག་པར་འགྱུར། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །སྐེམ་བྱེད་ཀྱིས་ནི་ཟིན་གྱུར་ན། །སྐེམ་བྱེད་པོས་ནི་བྱིས་འགུམས། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱི་
སྦ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །བརྗེད་བྱེད་ཀྱིས་ནི་ཟིན་གྱུར་ན། །འགྲེང་ཞིང་དེ་ལྟར་སྒྲ་ཡང་འབྱིན། །དབུ་བ་དང་ནི་ཁུ་ཚུར་འཛག །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །ཁུ་ཚུར་ཅན་གྱིས་རབ་འབྱིན་ན། །ཁུ་ཚུར་བཅང་ཞིང་འབྱེད་པརའགྱེད། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །མ་མོ་ཡིས་ནི་ཟིན་གྱུར་ན། །རྒོད་ཅིང་དེ་དག་སྒྲ་ཡང་འབྱིན། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །ཛ་མི་ཀས་ནི་རབ་ཟིན་ན། །ནུ་ཞོ་ནུ་བར་མངོན་མི་དགའ། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །འདོད་པ་ཅན་གྱིས་རབ་ཟིན་ན། །མལ་གཉིད་ལོག་ཏུ་ངུ་བར་འགྱུར། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །ནམ་གྲུས་རབ་ཏུ་ཟིན་གྱུར་
ན། །ལྕེ་ལ་སོས་ནི་འཆའ་བར་བགྱིད། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །སྲུལ་པོས་རབ་ཏུ་ཟིན་གྱུར་ན། །ཀུ་ཅོ་འབོད་ཅིང་སྒྲ་ཡང་འབྱིན། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །མ་དགའ་བྱེད་པས་ཟིན་གྱུར་ན། །རྣམ་པ་སྣ་ཚོགས་གཟུགས་སུ་འགྱུར། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །བྱ་ཡིས་རབ་ཏུ་ཟིན་གྱུར་ན། །བསྣམས་པའི་དྲི་ནི་འབྱུང་བར་འབྱུང་། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །གཉའ་ལག་ཅན་གྱིས་ཟིན་གྱུར་ན། །མགུལ་པ་རབ་ཏུ་འགགས་པར་འགྱུར། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིས་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །བཞིན་རྒྱན་གྱིས་ནི་ཟིན་གྱུར་ན། །རིམས་ཀྱིས་བཏབ་ཅིང་འཁྲུ་བར་འགྱུར། །གླུད་མདོས་གཏོར་མ་འདི་བཞེས་ལ། །
བསྲུང་བྱ་བྱིས་པ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །མིག་འཕྱང་པས་ནི་ཟིན་གྱུར་ན། །ཀེག་བུ་དང་ནི་སྔངས་བར་འགྱུར། །གླུད་མདོས་གཏོར་མ་འདི་བཞེས་ལ། །བསྲུང་བྱ་བྱིསྡུ་འདི་ཉིད་ལ། །ཕྱིན་ཆད་དེ་ལྟར་གནོད་པ་མ་བྱེད་ཅིག །ཤཱཀྱ་ཐུབ་པའི་བསྟན་པ་ལ། །དཔལ་ལྡན་གོས་སྔོན་ཅན་གྱི་འཁོར། །སྟོན་པའི་བཀའ་ལ་གནས་པ་ཡི། །གནོད་སྦྱིན་མི་ཡི་ལུས་པོ་ལ། །བོང་བུ་གླང་ཆེན་རྔ་མོང་མགོ །སེང་གེ་སྟག་གཟིག་དོམ་དྲེད་དང་། །བྱི་ལ་བྱིས་སྤྲེལ་གྱི་གཟུགས། །མགོ་བརྩེགས་དང་ནི་དྲེད་མོང་མགོ །ཉ་དང་རུས་སྦལ་སྤྲེ་ཡི་མགོ །ཝ་དང་འུག་པ་ཁུ་བྱུག་དང་། །ཁྲ་དང་ནེ་ལེ་བྱ་རོག་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །དཀར་པོའི་ཕྱོགས་ལ་དགའ་བ་ཡི། །ལྷ་ཀླུ་གནོན་པོ་དང་། །གྲུལ་བུམ་དང་ནི་མིའམ་ཅི། །ལྟོ་འཕྱེ་ཤ་ཟ་སྲུལ་པོ་དང་། །ལུས་སྲུལ་པོ་ཡི་ཚོགས་ལ་སོགས། །གནོད་སྦྱིན་སྟོང་ཕྲག་མང་པོ་ལ། །གདུག་པའི་མཚོན་ཆ་སྣ་ཚོགས་ཐོགས། །འཁོར་བཅས་མ་ལུས་ཐམས་ཅད་ལ། །སྐུ་གླུད་མདོས་ཆེན་འདི་འབུལ་གྱིས། །བྱིས་པ་འདི་ལ་མ་གནོད་ཅིག །རྩེད་ཅིང་དུ་
བར་མ་བྱེད་ཅིག །བྱིང་ཞིང་འཁྲུ་སྐྱུག་མ་བྱེད་ཅིག །ཚད་པ་རིམས་ནད་རྣམ་པ་མ་བཏང་ཞིག །རྡོལ་དང་སྔངས་བར་མ་བྱེད་ཅིག །མ་ཡི་ནུ་ཞོ་མ་སྐམ་ཅིག །བུ་ལོན་ལན་ཆགས་ཁྱེར་ནས་གནས་སུ་སོང་། །སྔོན་གྱི་ཤཱཀྱ་ཐུབ་པའི་བཀའ། །བར་དུ་ཕྱག་ན་རྡོ་རྗེའི་བཀའ། །དེ་ནས་སློབ་དཔོན་པདྨའི་བཀའ། །དེ་རིང་སྔགས་འཆང་བདག་གི་བཀའ། །རྒྱལ་བའི་བཀའ་ལ་མ་འདའ་ཞིག །པདྨ་འབྱུང་གནས་བཀའ་མ་བཅག །སྔགས་འཆང་བདག་གི་བདེན་པའི་བཀའ་མ་བསླུ། །ཕུལ་བའི་གླུད་འདི་མི་ལེན་གང་ཡང་མེད། །ཆུ་ལ་མི་འཐུང་གང་ཡང་མེད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བདེ་གཤེགས་རྒྱལ་བས་དེ་སྐད་གསུངས། །རྣལ་འབྱོར་བདག་གིས་དེ་སྐད་ཟེར། །ཆོས་ཀྱི་སྦྱིན་བདག་རྒྱ་ཆེན་དང་། །ཟང་ཟིང་སྦྱིན་པ་འདི་བཞེས་ལ། །འཁོར་གྱི་
བྱིས་པ་འདི་ལ་མ་གནོད་ཅིག །བྱམས་པའི་སེམས་དང་ལྡན་གྱུར་ཅིག །དེ་ནས་མཆོད་གཡོག་པས་གསེར་སྐྱེམས་ཕྱོགས་ཀུན་ལ་འཐོར་བཅུག་ལ། ཧཱུྃ། ཉོན་ཅིག་སྣང་ཞིང་སྲིད་པ་ཡི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་གསོན། །ཐུབ་པ་ཆེན་པོའི་གསུངས་པའི་གཏོ། །གདོན་ཆེན་བཅོ་ལྔའི་མདོས་ཆེན་འདི། །བདག་དང་བྱིས་པ་མ་བུ་ཡི། །མོ་ལྷ་སྲོག་ལྷ་ལུས་ཀྱི་ལྷ། །དཔལ་དང་གཡང་དང་རྣམ་སྨིན་གྱི། །སྲིད་དུ་མདོས་ཆེན་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱིས་པ་འདི་ཡི་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །སེ་བ་བླ་མཁྱེན་རྩང་ཀུན་སོགས། །ལོ་དང་ཟླ་བར་འཁོར་བ་ཡི། །ས་བདག་རྒྱལ་བློན་བཅུ་བདུན་གྱི། །སྟེང་དུ་མདོས་ཆེན་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱིས་པ་འདི་ཡི་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །རྣལ་འབྱོར་མ་བརྒྱད་བྷི་ཏྲི་དང་། །ལྔ་སེར་བྱི་ལིང་ཁྲ་ཚ་དང་། །གཟའ་བརྒྱད་ཐུན་ཕྱེད་སྒྲ་གཅན་
དང་། །སྟོབས་ཆེན་རྒྱུ་བའི་གདོང་དུ་ནི། །སྟེང་དུ་མདོས་ཆེན་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱིས་པ་འདི་ཡི་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །གཞི་བདག་བཙན་བདུད་དྲག་རྩལ་ཅན། །ཀླུ་བདུད་གཉན་དང་མཚོ་སྨན་གྱི། །སྟེང་དུ་མདོས་ཆེན་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བྱིས་པ་འདི་ཡི་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །འོ་ན་མདོས་འདི་གང་དུ་བཏང་། །བདག་དང་བྱིས་པ་མ་བུ་ཡི། །ལོ་བདུད་གནས་པའི་ཕྱོགས་སུ་བཏང་། །འདྲེ་ལྔ་སྡོད་པའི་སྟེང་དུ་བཏང་། །བདུད་གཅོད་གནས་པའི་སྟེང་དུ་བཏང་། །ཟ་རེ་འཐུང་སྐོམ་བྱེད་པ་ཡི། །གནོད་བྱེད་ཆུང་སྲིའི་སྟེང་དུ་བཏང་། །ལྷ་དང་འདྲེ་ཡང་གྲངས་མང་བས། །གལ་ཏེ་ཕྱོགས་སུ་འཛོམ་གྱུར་ན། །གནོད་པའི་འདྲེ་བདུད་མ་གཏོགས་པར། །ལྷ་དང་ལྷ་འདྲེ་མཐུ་ཆེན་ཀུན། །མཐོ་བ་
རྣམས་ཀྱིས་ཞབས་བསྐུམས་ལ། །དམའ་བ་རྣམས་ཀྱིས་དབུ་མར་ཁུག །བར་པ་རྣམས་ཀྱིས་སྐུ་གཟུར་ལ། །སྒོ་ཆོད་སྤྱན་གཡོར་ན་བཟའ་སྡུས། །གལ་ཏེ་མདོས་གླུད་གྲིབ་ཕོག་ན། །ང་ནི་མ་ཉེས་མ་ལེན་གྱི། །ཉེས་ལེན་དགྲ་དང་བགེགས་ལ་གྱིས། །ཉེས་སྐྱོན་གསེར་སྐྱེམས་འདི་ཡིས་བཅོས། །ཨོཾ་སརྦ་ལོ་ཀ་པཱ་ལ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། དེ་ནས་མདོས་ཁ་ཕྱིར་སྒྱུར་ལ། ཚྭ་ཡོས་སྤང་རམ་སོགས་རྫོངས་འདེབས་བྱ་ཞིང་། ཧཱུྃ། འཇམ་པ་དང་ནི་རི་དྭགས་རྒྱལ། །སྐེམ་བྱེད་བརྗེད་བྱེད་ཁུ་ཚུར་ཅན། །མ་མོ་དང་ནི་ཛ་མི་ཀ །འདོད་པ་ཅན་དང་ནམ་གྲུ་དང་། །སྲུལ་པོ་དང་ནི་མ་དགའ་བྱེད། །བྱ་དང་གཉའ་བའི་ལག་ཅན་དང་། །བཞིན་རྒྱན་དང་ནི་མིག་འཕྱང་པ། །ཁྱེད་རྣམས་བྱིས་པའི་གདོན་ཡིན་ཏེ། །འཁོར་དང་བཅས་པ་མ་ལུས་ཀུན། །ཞལ་སྒྱུར་རང་རང་གནས་སུ་རྫོ་ངས། །གླུད་དང་གཏོར་མ་རྫོངས་སུ་འདེབས། །ཤ་དུམ་རུས་དུམ་རྫོངས་སུ་འདེབས། །ཡོས་བཀྲ་སྦྲང་རིམ་རྫོངས་སུ་འདེབས། །གླུད་ཟན་དྲི་ཁུ་རྫོ་ངས་སུ་འདེབས། །ཞོ་ལད་ཆང་ལད་རྫོངས་སུ་འདེབས། །ཟོ་ཤེ་རྐྱལ་ཤེ་རྫོངས་སུ་འདེབས། །ཟངས་རིས་ལྕགས་རས་རྫོངས་སུ་
འདེབས། །དར་ཚོན་ཕྲུག་རས་རྫོངས་སུ་འདེབས། །གྲོ་སྲན་བྲ་བོ་རྫོངས་སུ་འདེབས། །རྫོངས་འདེབས་དྲག་པོ་འདི་ཁྱེར་ལ། །བྱིས་པ་འདི་ལ་མ་འཚེ་ཨཞིག །དེ་བས་གདོན་བྱེད་ཁྱེད་རྣམས་ཀྱང་། །རང་རང་གནས་སུ་བདེ་བར་དེངས། །སྔགས་འཆང་བདག་གི་བཀའ་མ་བཅག །བདེན་པའི་སྟོབས་ཀྱི་དམ་མ་བཀྲལ། །དེངས་ཤིག་རང་རང་གནས་སུ་སོང་། །གཞན་ཡང་འབྱུང་བ་ལྔ་ཡི་གདོན། །ས་ཆུ་མེ་རླུང་ནམ་མཁའ་ལ། །འབྱུང་ཞིང་གནས་སམ་བསྟན་ཀྱང་རུང་། །འབྱུང་བ་ལྔ་ཡི་གདོན་དུ་གཏོགས་པ་རྣམས། །རྫོ་ངས་འདེབས་དྲག་པོ་འདི་ལོངས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །ཡོ་བ་བསྲང་ལ་ཆད་པ་མཐུད། །གས་པ་སོས་ལ་མནན་པ་ཁྱོག །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །བསྡམ་པ་ཀློད་ལ་མནན་པ་ཁྱོག །ན་བ་སོས་ལ་ཚ་བ་སེལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཆུང་སྲི་ལན་ཆགས་བགེགས་ཀྱི་ཚོགས། །མཁའ་ལ་རྒྱུ་བའི་ཡི་དྭགས་རིགས། །སྣ་ཚོགས་གཟུགས་ཅན་ཅིར་ཡང་བརྫུ། །གླུད་མདོས་གཏོར་མས་ཚིམ་པར་གྱིས། །
རང་རང་དགའ་བའི་ཡུལ་དུ་གཤེགས། །སེངྒེ་བྱ་རྒོད་གླང་གི་གཟུགས། །བྱང་གི་ཕྱོགས་སུ་འགྲོ་བར་གྱིས། །ཤ་བའི་གཟུགས་ཅན་ཤར་དུ་སོང་། །ཝ་ཡི་གཟུགས་ཅན་ལྷོ་རུ་སོང། །བྱ་རོག་རྔ་མོང་ལྷོ་རུ་སོང་། །ཁྱི་ཡི་གཟུགས་ཅན་བྱང་དུ་སོང་། །ཕ་ཝང་རྨོང་ཀེ་ནུབ་ཏུ་སོང་། །ར་དང་སྲེ་མོང་དྲེད་མོང་གཟུགས། །བུད་མེད་མང་པོའི་འཕང་རར་སོང། །སྤྲེའུ་ནེ་ཚོ་ནུབ་ཏུ་སོང་། །བྱ་ཁྱུང་ནམ་མཁའི་དབྱིངས་སུ་སོང་། །ལྕང་ཁྲ་བུད་མེད་བྱང་དུ་སོང་། །རྡོ་རྗེའི་གཟུགས་ནི་ཤར་དུ་སོང་། །ཁུ་བྱུག་ལྷོ་ནུབ་མཚམས་སུ་སོང། །སྐྱ་གའི་གཟུགས་ཅན་ནུབ་ཏུ་སོང་། །ཕྱོགས་ལ་ངེས་པ་མ་མཆིས་པས། །གནོད་བྱེད་ཆུང་སྲི་བགེགས་ཀྱི་ཚོགས། །མདོས་གླུད་འདི་ཡི་སྣ་ལ་སོང་། །བན་བོན་སྔགས་པ་མཐུ་ཆེན་སོགས། །སྟོབས་ལྡན་སུ་དང་འཕྲད་གྱུར་ཀྱང་། །མདོས་སྣ་ཚུར་ལ་མ་ལོག་ཅིག །དཔག་མདའ་བཞིན་དུ་ཏ་ལེར་སོང་། །རྒྱང་གྲགས་གཅིག་ལ་ཚུར་མ་ཉེ། །དུས་གསུམ་རྒྱལ་བའི་བཀའ་མ་བཅག །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །བྱིས་པའི་ནད་འདི་མྱུར་དུ་ཕྱུངས། །བྱིས་སྦ་ཐོངས་ལ་གཞན་
དུ་དེངས། །ལེགས་པར་གསུངས་པ་འདི་ཐོས་ནས། །གལ་ཏེ་མྱུར་དུ་མི་བཏང་ན། །ཐམས་ཅད་འབར་བར་འགྱུར་ནས་ནི། །མར་དང་ཡུངས་དཀར་མེར་བླུགས་བཞིན། །གནོད་སྦྱིན་ཆད་པས་བསྡིག་ནས་སུ། །དེ་དག་བདེ་བ་མི་རྙེད་དེ། །དེ་ཡི་རྩིབ་ལོགས་གཡས་པ་ན། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །གནོད་སྦྱིན་ནད་ཀྱིས་བཏབ་པས་ན། །ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །གཞན་ཡང་འགྲོ་བར་མི་འགྱུར་རོ། །ལུས་ངན་དྲག་དང་ལྡན་པ་ཡིས། །ཁྱིམ་ཡང་མཐོང་བར་མི་འགྱུར་རོ། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །གནོད་སྦྱིན་དག་གི་དཀྱིལ་འཁོར་དུ། །ཟས་དང་སྐོམ་དང་བྲལ་བར་འགྱུར། །སྟོང་ཆེན་རབ་འབྱམས་མདོ་སྡེ་ཡི། །གནོད་སྦྱིན་གང་དག་མི་ཕྱོགས་པ། །དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །སྤྱི་བོ་དག་ནས་འགེམ་པར་འགྱུར། །སྤུ་གྲིའི་སོ་ནི་རྩུབ་མོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་འགྱུར། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་
གཤགས་པར་བྱེད། །ཐོ་བ་ཅན་གྱི་དཀྲིས་པ་ཡིས། །དེ་ཡི་སྙིང་ཡང་འཇོམས་པར་བྱེད། །རྣག་དང་ཁྲག་ནི་དྲོན་མོ་དག །དེ་ཡི་ཁ་ནས་འཛག་པར་འགྱུར། །རིག་སྔགས་ཞིགས་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བར་ནུས། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོར་བར་འགྱུར། །དེ་བས་མ་འདུག་མྱུར་བ་ཉིད་དུ་སོང། །ཨོཾ་སརྦ་བིགྷན་བགཙྪ་ཨུ་ཙ་ཏ་ཡ་ཕཊ། དེ་ནས་མདོས་ལ་ཡུངས་ཀར་གྱིས་བྲབ་མེད་ན་ནས་ལྕག་གིས་བརྒྱབ། དེ་ནས་གཏིང་ཕུལ་གྱི་དམར་གཏོར་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཧཱུྃ། རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །གོས་སྔོན་འཆང་བ་རྡོ་རྗེ་ཅན། །ཡེ་ཤེས་ཁྲོ་བོ་ཁྲ་ཐབས་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །གནོད་སྦྱིན་ཆུང་སྲི་གདོན་གྱི་ཚོགས། །བསྐྲད་ཅིང་ཟློག་པའི་ཕྲིན་ལས་མཛོད། །བདེ་གཤེགས་རྒྱལ་བས་བྱིན་གྱིས་བརླབས། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །ཁྲོ་བོ་བཅུ་ཡི་མཐུ་སྟོབས་དང་། །དམ་ཅན་རྣམས་ཀྱི་ནུས་མཐུ་དང་། །སྔགས་འཆང་བདག་གི་བདེན་པ་དང་། །མདོས་ཆེན་འདི་ཡི་ནུས་མཐུ་ཡིས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཡས་ཀྱི་བདུད་དུ་གཡོས་པ་སྒྱུར། །
མས་ཀྱི་སྲི་ལངས་འདི་ཡིས་ཟློག །ཕ་ཚན་རྒྱ་འདྲེ་འདི་ཡིས་ཟློག །ཟ་འདྲེ་ནག་པོ་འདི་ཡིས་ཟློག །མ་མོའི་དལ་ཡམས་འདི་ཡིས་ཟློག །ཆོས་ཟོར་བོན་ཟོར་འདི་ཡིས་ཟློག །ཡམས་ནད་རིམས་ནད་འདི་ཡིས་ཟློག །འབྱུང་པོའི་ཟ་ཁ་འདི་ཡིས་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །བྱིས་པའི་ནད་གདོན་འདི་ཡིས་ཟློག །ཨོཾ་ཧྱ་གྷྲྀ་ཝ་བཛྲ་པཱ་ཎི་སརྦ་མ་ཧཱ་ཀྲོ་དྷ་ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ན་ཟློག །སུམ་ཏྲི་རཀྵ་ཟློག །གནོད་བྱེད་ཆུང་སྲིའི་ནད་གདོན་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག །དེ་ནས་བདེ་རིམ་ཡིན་ན་ལོ་ཡི་ཕྱོགས་ཆེན་ཟླ་བའི་ཡས་ལམ་བྱིས་པ་བཙས་པ་ཡིན་ན་སྤར་ཁའི་འདྲེ་ལྔ་བདུད་གཅོད་གནས་པ་ཡིན་ནམ། བྱིས་པའི་ལོ་བདུད་ཕྱོགས་སུ་མདོས་འདི་ཁྱེར་ལ། དེ་ཡི་རྗེས་ལ་དམར་གཏོར་འདི་ཁྱེར་ལ། གོམ་པ་བདུན་ཅུ་བས་མི་ཉེ་བའི་སར་ཕུལ། ཕྱི་མིག་མི་ལྟ་བར་ཤོག་ལ་མདོས་གདན་སྒོ་དྲུང་དུ་སྒྲུབ་ལ་བཞག་བཅུག །སྤྲུལ་པའི་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པར་བསམས་ལ། རང་གིས་སུམ་བྷ་ནི་བརྗོད་ཅིང་། རྔ་བརྡུང་རོལ་མོ་དྲག་ཏུ་བྱས། སྲུང་འཁོར་བསྒོམས་ནས། དེ་ནས་སྲུང་སྐུད་དཀར་པོ་ལ་མདུད་པ་ལྔ་བྱས་ལ། ཨོཾ་ཨ་མྲྀ་ཏེ་ཝ་རེ་ཝ་རེ་ཝ་ར་པྲ་བྷ་རེ་བི་ཤུདྡྷེ་ཧཱུྃ་ཧཱུྃ་ཕཊ་ཕཊ། མ་མ་སུ་ཏྲ་རཀྵ་
རཀྵ་སྭཱ་ཧཱ། ཨོཾ་མ་ཎི་དྷ་རི་ནི་བཛྲ་པཱ་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། མ་མ་སུ་ཏྲ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཧཱུྃ་སྭཱ་ཧཱ། ཨོཾ་ཧཱུྃསྭཱ་ཧཱ། ཨོཾ་མཾ་སྭཱ་ཧཱ། མ་མ་སུ་ཏྲ་རཀྵ་རཀྵ་སྭཱ་ཧཱ། །ཞེས་ཅི་འགྲུབ་བཟླས་ལ་སྲུང་སྐུད་ལ་སྔགས་ནས། བདག་བསྐྱེད་ལྷ་མོ་ལྔ་ཡི་ཡེ་ཤེས་པ་སྲུང་སྐུད་ལ་ཐིམ། དམ་ཚིག་པ་འཁོར་བཞི་བདག་ལ་ཐིམ། བདག་མི་དམིགས་པ་དོན་དམ་པ་སྟོང་པ་ཉིད་དོ། །ཨོཾ་ཨཱཧཱུྃ་ཧོཿ དེ་ནས་མ་བུ་མདུན་དུ་བོས་ལ་སྲུང་སྐུད་བཏགས། མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། དེ་མི་བདེ་ན་སྲུང་སྐུད་བཏགས་རྒྱུ་བསྐུར་ལ། ཤིས་པ་བརྗོད་ཀྱང་རུང་ལ། འཇིག་རྟེན་འདི་ཡི་ཡང་དག་འདས་པ་ན། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདི་ནི་བདེ་ལེགས་ཤོག །ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཤེས་པ་ཤཱཀྱ་ཐུབ་པས་རབ་ཏུ་ཕྱེ། །བདུད་རྩི་ཞི་བས་འདུས་མ་བྱས་པ་ཡིན། །ཆོས་དེ་དང་ནི་མཚུངས་པ་གང་ཡང་མེད། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་
པ། །བརྟན་པའི་རྣལ་འབྱོར་བླ་མེད་རྟགས་སྒྲུབ་པ། །རྡོ་རྗེ་ལྟ་བུས་མིག་གཉིས་མི་མཐོང་བ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །གང་ཟག་ཆེན་པོ་བརྒྱད་པོ་རབ་བསྔགས་ཤིང་། །གང་ཟག་ཟུང་བཞིར་བརྗོད་པ་དེ་དག་ནི། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་པ་མེད། །བདེ་བར་གཤེགས་པས་སྦྱིན་པའི་གནས་ཤེས་གསུངས། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞིང་རབ་གཤིན་ལ་ས་བོན་བཏབ་པ་བཞིན། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །གང་དག་བསྟན་པ་ཡིད་ཀྱི་རབ་གསུངས་ཞིང་། །གོའུ་ཏ་མའི་བསྟན་ལ་འཇུག་བྱེད་པ། །དེ་དག་འཇུག་ནས་བདུད་རྩི་འཇུག་ཐོབ་སྟེ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །ལྟ་བ་འདི་ལ་སྦྱོར་མ་ཐག་ཏུ་ནི། །འཇིགས་ཚོགས་ལྟ་བ་ཚུལ་ཁྲིམས་བརྟུལ་
ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །གཅིག་ཆར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། །འདི་ནི་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །དེ་བས་་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ལུས་སམ་ངག་གི་འོན་ཏེ་ཡིད་ཀྱིས་ཀྱང་། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་པ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང་། །དེ་དག་དེ་ལྟར་ལྟ་བས་འཛིན་མི་བྱེད། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །ཇི་ལྟར་དབང་པོའི་སྡོང་པོ་བཙུགས་པ་ལྟར། །ཕྱོགས་བཞིར་རླུང་རྣམས་ཀྱིས་ནི་མི་གཡོ་ལྟར། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །དེ་བས་འདིར་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡི་ས་འདིར་ནི་བདེ་ལེགས་ཤོག །ཤེས་རབ་ཟབ་མོ་ཤིན་ཏུ་བསྟན་པ་ཡི། །འཕགས་པའི་བདེན་པ་སུ་དག་རྣམ་སྒོམ་པ། །ལུས་ཀྱང་སྦྱིན་པ་ཡིད་ལ་བྱས་པས་ནི། །དེ་དག་འཇིགས་པ་བརྒྱད་དང་འཕྲད་མི་འགྱུར། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་
གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །ཅི་ལྟར་མེ་ནི་རླུང་གི་རབ་གཏོར་བས། །ལག་ཏུ་བླངས་ཏེ་བསྒྲང་དུ་མེད་པ་ཉིད། །དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བས། །སངས་རྒྱས་སྲས་རྣམས་བསྟན་དུ་མེད་པར་འགྲོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་འདི་ཡིས་འདིར་ནི་བདེ་ལེགས་ཤོག །སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པའི། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པའི། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པའི། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་རྒུ་རྣམས་ལ་
རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་མོ་ཆོས་ཀྱང་སྤྱོད་གྱུར་ཅིག །འདི་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གི །ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །དེ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག་སྭཱ་ཧཱ། །ཀྱེ་མ་ཐོབ་པར་དཀའ་བའི་མི་ཡི་ལུས་ཐོབ་ནས། །གནས་སྐབས་མི་ཡི་ལོངས་སྤྱོད་བདེ་སྐྱིད་མེད། །སྐྱེ་འཆི་སྡུག་བསྔལ་གཉིས་ཀ་དུས་གཅིག་མྱོང་། །ཟླ་བ་འགའ་ཟུང་ཙམ་རེ་མ་ཤི་ཡང་། །གང་ན་གང་ཚ་ཙམ་ཡང་སྨྲ་མི་ཤེས། །དུ་བ་མ་གཏོགས་ཁོ་ན་བྱ་ཐབས་མེད་པར་སྡུག །ཕ་མ་གཉིས་པོས་སེམས་ཀྱིས་མ་བཟོད་ནས། །ཁ་གཏུག་ནུ་མ་ཁ་རུ་ལྷན་པ་ལས། །ཅི་ཕན་ཅི་གནོད་མ་ཤེས་བྱ་ཐབས་ཟད། །ཤི་ཚེ་ཕ་མའི་དོན་སྙིང་བུད་པ་འདྲ། །མ་ཡིས་བྲང་བརྡུང་ཕ་ཡིས་མཆི་མ་འབྱིན། །རིམ་གྲོ་གདོན་ཆེན་བཅོ་ལྔའི་མདོས་ཕན་ཞེས། །སྔར་ནས་གྲགས་ཆེན་ཕན་པར་རེ་ན་ཡང། །མ་ནོར་ཇི་བཞིན་ཤེས་མཁན་ཉིན་སྐར་ཙམ། །དེ་དག་རྣམས་ལ་སྙིང་རྗེའི་མ་བཟོད་ནས། །དགེ་སློང་རྒན་པོ་རཱ་ག་ཨ་སྱ་ངས། །སྟོང་ཆེན་རབ་འཇོམས་མདོས་དང་སྲུང་བ་དང་། །ཐུབ་པས་མཛད་དང་ཨོ་རྒྱན་མཛད་པའི་མདོས། །སྔགས་འཆང་ཆེན་པོ་པདྨ་དབང་དྲག་གིས། །བཅའ་ཚོགས་ཕྱག་ལེན་མཐོང་བ་བརྒྱུད་པར་བཅས། །བཅའ་ཚོགས་འདོན་ཆ་འཁྲུལ་མེད་ལེགས་པར་བསྒྲིགས། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །འདི་ལ་
འགལ་འཁྲུལ་མཆིས་ན་ལྷ་ལ་བཤགས། །དགེ་བས་ཇི་སྲིད་འཁོར་བ་གནས་ཀྱི་བར། །བྱིས་པ་སྐྱབས་མེད་རྣམས་ལ་སྐྱབས་དང་མགོན། །ཕན་ཐོགས་འགྲོ་དོན་བྱིན་རླབས་འབྱུང་བར་ཤོག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།