Nitartha Digital Library
Tibetan
 
previousརྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར།next

རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར།


GLG001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐུན་མོང་མ་ཡིན་པ་ནང་རིག་པ་ལ། རྒྱུ་མཚན་ཉིད་ཀྱི་ཐེག་པ། འབྲས་བུ་སྔགས་ཀྱི་ཐེག་པ། དེ་དག་ཀུན་གྱི་རྩ་བར་གྱུར་པ་ཐུབ་པ་ཆེན་པོའི་བཀའ་འགྱུར་རོ་ཅོག་དང་གསུམ། དང་པོ་ནི། མདུན་ལེགས་མ་ལས། བླང་དོར་གནས་ལ་ཀུན་ནས་འཐོམས་པའི་མུན། །ཡང་དག་ཐོས་པའི་སྒྲོན་མེས་མ་བསལ་བར། །ལམ་མི་ཤེས་ན་ཐར་པའི་གྲོང་མཆོག་ཏུ། །འཇུག་པར་འགྱུར་བ་སྨོས་ཀྱང་ཅི་ཞིག་དགོས། །དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཚུལ་འདི་བསམ་ཞིང་མདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །ཞེས་གསུངས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ཀྱང་རྗེ་བཙུན་རེ་མདའ་པ་ཆེན་པོས། འཛམ་གླིང་མཁས་པའི་རྒྱན་མཆོག་དཀའ་ཆེན་བཞི། །རྩ་འཇུག་བཞི་གསུམ་ཐེག་ཆེན་རྒྱུད་བླ་དང་། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སོགས། །རྣམ་བཤད་བྱས་པའི་གཞུང་ལུགས་བཅུ་ཕྲག་གཅིག །ཅེས་པའི་མཐའ་དག་ཁོང་དུ་ཆུད་པར་དཀའ་ནའང་ཇི་ལྟར་ཐོས་པ་ལས་ཚད་མ་ནི་གོང་དུ་སོང་ཟིན། །

འདུལ་བ་ལུང་སྡེ་བཞིའི་རྩ་འགྲེལ་གྱི་ལུང་བརྒྱུད།


GLG001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་རྩ་བ་དམ་པའི་ཆོས་འདུལ་བ་ལུང་སྡེ་བཞིའི་དགོངས་པའི་དོན་སྙིང་པོར་བསྡུས་ན་སྟོན་པ་འཛམ་གླིང་མཛེས་པར་བྱེད་པའི་མཆོག་རྣམ་པ་གཉིས་ལས་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩ་བ་རྒྱ་ཆེར་འགྲེལ་དང་བཅས་པའི་གཞུང་དོན་གསལ་བར་བྱེད་པ་ཐམས་ཅད་མཁྱེན་པ་དགེ་འདུན་
གྲུབ་ཀྱིས་མཛད་པའི་འདུལ་ཊཱིཀ་རིན་ཅེན་འཕྲེང་བ། སྐྱེད་ཚལ་བ་འཇམ་དབྱངས་ཀུན་དགའ་ཆོས་བཟང་། པཎ་ཆེན་བསོད་ནམས་གྲགས་པ། ཕ་བོང་ཁ་པ་བདེ་ལེགས་ཉི་མ་གསུམ་གྱིས་མཛད་པའི་ཡི་གེའི་སྟེང་ནས་སྤྱི་དོན་དང་ཐལ་འཕྲེང་ལེགས་པར་ནོས་པའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་ཟས་གཙང་སྲས་པོ། དགྲ་བཅོམ་པ་ཉེ་བ་འཁོར། འཕགས་པ་འོད་སྲུངས། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་དང་རྡོ་རྗེ་གདན་པས་སྟག་ཚང་ལོ་ཙཱ་བར་གསན་པའི་ཐོར་འདི་མི་འདུག །འཕགས་པ་ཀུན་དགའ་བོ། དགྲ་བཅོམ་པ་ཤ་ནའི་གོས་ཅན། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འདི་མི་འདུག་པ་ཆད་དམ་དཔྱད། དགྲ་བཅོམ་པ་ཉེར་སྦས། དགྲ་བཅོམ་པ་དྷི་དྷི་ཀ །དགྲ་བཅོམ་པ་ནག་པོ་པ། དགྲ་བཅོམ་པ་ལེགས་མཐོང་། ཕྱིར་མི་འོང་བུ་སྟོན་དང་གྲོལ་མཆོག་གི་གསན་ཡིག་ན་འདི་གཉིས་སོ་སོར་ཕྲལ་འདུག་པ་དཔྱད་ཅིང་གྲོལ་མཆོག་གི་དེར་དགྲ་བཅོམ་ཕྱིར་མི་འོང་ཞེས་སྣང་བ་ཕྱིར་མི་འོང་རྣམས་སླར་དགྲ་བཅོམ་གྱི་གོ་འཕང་མངོན་དུ་བྱེད་དགོས་པས་ཀར་འབྲུག་ཚོ་བཙུན་པ་ཐམས་ཅད་ལ་དགེ་སློང་ཟེར་བའི་དཔེ་ཟླ་ཡིན་པ་འདྲའོ། །བློས་མི་འབེབས། ཁ་ཆེ་འདུས་བཟང་། འདི་གཉིས་གསན་ཡིག་གཞན་ཚོར་མི་གསལ་ཡང་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་དང་སྟག་ཚང་ལོ་ཙཱ་བར་རྡོ་རྗེ་གདན་པས་གསན་པའི་བརྒྱུད་པར་འདུག་པས་ཁུངས་བཙུན་པར་མངོན། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཡོན་ཏན་འོད། སློབ་དཔོན་ཆོས་ཀྱི་བཤེས་གཉེན། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་མི་འདུག །སློབ་དཔོན་ཤཱཀྱ་འོད། དགྲ་བཅོམ་པ་སེང་གེའི་གདོང་ཅན། ཁ་ཆེ་ཛི་ན་མི་ཏྲ། གསན་ཡིག་ལ་ལར་འདི་གཉིས་གོ་ལྡོག་ཏུ་འདུག་པ་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་དེས་བཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་


GLG001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཞེས་དང་། གོང་དཀར་བའི་གསན་ཡིག་ན་གང་རུང་གཅིག་གིས་ཆོག་པར་མཛད་ཅིང་། གྲོལ་མཆོག་གི་གསན་ཡིག་ན་ཛ་ིན་མི་ཏྲ་ལས་མི་འདུག་པས་གཉིས་ཀ་བགྲངས་ཕྱིན་གོ་རིམ་གྱི་ངེས་པ་མི་དགོས་པ་འདྲའོ། །པཎ་ཆེན་དཱ་ན་ཤཱི་ལ། ཅོག་གྲུ་ཀླུའི་རྒྱལ་མཚན། སྟག་ཚང་པར་གོང་དཀར་བས་གསན་པའི་བརྒྱུད་ཡིག་ན་འདུག་པས་ཡིད་ཆེས་སུ་མངོན། གཡོ་དགེ་འབྱུང་། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཚུལ་ཁྲིམས་འདི་གཉིས་ཀྱི་བར་དུ་གྲུ་མེར་ཚུལ་ཁྲིམས་འབྱུང་གནས་དང་སྐྱོགས་ཤེས་རབ་འབྱུང་གནས་གཉིས་ས་སྐྱའི་ལས་ཆེན་ཡེ་ཤེས་ལྷུན་གྲུབ་ལ་གྲོལ་མཆོག་གིས་གསན་པའི་བརྒྱུད་པར་འདུག་པ་དུས་ཀྱི་སྔ་ཕྱིའི་དབང་དུ་བྱས་ན་འཐད་པར་མཐོང་ཡང་བུ་སྟོན། གོང་དཀར་བ། ངག་ཆོས་དྭགས་པོ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་རྣམས་ཀྱི་གསན་ཡིག་ན་མི་འདུག་པས་ལོ་རྒྱུས་ཆོས་འབྱུང་དང་བསྟུན་ནས་དཔྱད་དགོས་ཡོད་ཅིང་། ཀུན་མཁྱེན་བུ་དང་མཁན་ངག་ཆོས་པའི་གསན་ཡིག་ན་གཟུངས་ཞེས་པ་སྣང་བས་བརྟག །བྱང་ཆུབ། གཟུས་རྡོ་རྗེ་རྒྱལ་མཚན། སོགས་ཚུལ་ཁྲིམས་བླ་མ། ཀོ་ཁྱིམ་པ་ཡེ་ཤེས་བླ་མ། ཉང་མཚམས་པ་རིན་ཅེན་བླ་མ། དེ་གསུམ་ག་ལ་རྒྱ་འདུལ་བ་འཛིན་པ་དབང་ཕྱུག་ཚུལ་ཁྲིམས། དེ་ནས་རྨ་ཚོ་བྱང་ཆུབ་རྡོ་རྗེ། བྱ་འདུལ་བ་བརྩོན་འགྲུས་འབར། བླ་མ་ཆོས་ཀྱི་དབང་ཕྱུག །ཆོས་ཀྱི་བྱང་ཆུབ། ན་བཟའ་འཕྲེད་གསོལ་བར་ཡང་གྲགས། རྗེ་ཆོས་ཀྱི་བརྩོན་འགྲུས། ཆོས་གྲགས་རིན་ཅེན་དཔལ་བཟང་། མཁན་ཆེན་དཀའ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། བུ་སྟོན་ཐམས་ཅད་མཁྱེན་པ། དམར་སྟོན་རྒྱ་མཚོ་རིན་ཅེན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། ཀུན་མཁྱེན་མུས་སྲད་པ་བློ་གྲོས་རིན་ཅེན་སེང་གེ །སེ་ར་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། རྗེ་བཙུན་དོན་ཡོད་དཔལ་ལྡན། པཎ་


GLG001_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསོད་ནམས་གྲགས་པ། རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། འཇམ་དཔལ་དབྱངས་སྟག་ལུང་བྲག་པ། གསུང་རབ་རྒྱ་མཚོའི་མངའ་བདག་དཀོན་ཅོག་ཆོས་འཕེལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། །ཡང་ན་རྨ་ཚོ་བྱང་ཆུབ་རྡོ་རྗེ་ནས། སྐྱིད་ཤོད་པ་ཚུལ་ཁྲིམས་འཕགས། འདར་ཚུལ་ཁྲིམས་རྒྱལ་པོ། ཉི་སྟེང་པ་ཚུལ་ཁྲིམས་གྲགས། འདུལ་འཛིན་བློ་གྲོས་གྲགས། ནེའུ་པཎ་ཆེན། འདུལ་འཛིན་རྒྱལ་མཚན་དཔལ། སློབ་དཔོན་རིན་ཅེན་བྱང་ཆུབ། དམར་སྟོན་དཔལ་ལྡན་རིན་ཅེན། དམར་སྟོན་རྒྱ་མཚོ་རིན་ཅེན། ཁུ་དབོན་གཉིས་ཀ་ལ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས་གསན་པ་མན་འདྲ། ཡང་ན་བྱ་འདུལ་བརྩོན་འགྲུས་འབར་ནས། ཐག་མའི་ཀ་པ་ཆེན་པོ། གཡོར་པོའི་སྦས་ཏི་དགྲ་བཅོམ་པ། མཁན་ཆེན་ཤེས་རབ་སེང་གེ་བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག །སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་དཀའ་བཞི་པ་བློ་གསལ། དམར་སྟོན་དཔལ་ལྡན་རིན་ཅེན་མན་འདྲ། ཡང་ན་དམར་སྟོན་རྒྱ་མཚོ་རིན་ཅེན་ནས། ཀུན་མཁྱེན་གཡག་པ། རོང་སྟོན་དམར་ཁམས་གྲགས་བཟང་། གྲ་ཆུང་པ། ཤངས་སྟོན་པ། ཆོས་གྲགས་པ། དཔལ་འབྱོར་རྒྱ་མཚོ། བློ་གྲོས་རྒྱ་མཚོ། རྗེ་དཀོན་ཅོག་ཆོས་འཕེལ། དེས་བདག་ལའོ། །


previousརྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐོར།next