Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
བླ་མའི་གསོལ་འདེབས་ལམ་རིམ་སྙིང་པོ།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousབླ་མའི་གསོལ་འདེབས་ལམ་རིམ་སྙིང་པོ།next

བླ་མའི་གསོལ་འདེབས་ལམ་རིམ་སྙིང་པོ།


JSD004_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་གསོལ་འདེབས་ལམ་རིམ་སྙིང་པོ་བཞུགས། སྐྱབས་གནས་ཀུན་འདུས་རྗེ་བཙུན་བླ་མ་མཆོག །བྱ་བྲལ་མཚན་ཅན་སངས་རྒྱས་རྡོ་རྗེ་མཁྱེན། །འཁོར་བ་སྡུག་བསྔལ་ཀུན་འབྱུང་མཚང་རིག་ནས། །གཏན་དུ་ཐར་ལམ་སྙོགས་པར་བྱིན་གྱིས་རློབས། །ལམ་གྱི་རྩ་བ་དད་དང་ངེས་འབྱུང་ལྡན། །ཐེག་ཆེན་བྱང་ཆུབ་སེམས་ལ་གཞི་བཅོལ་ནས། །ཐ་མལ་སྣང་ཞེན་འགོག་པའི་བསྐྱེད་རྫོགས་ཀྱི། །ལྟ་སྒོམ་ཏིང་འཛིན་སྤྱོད་པ་མཐར་ཕྱིན་ཤོག །དབེན་པ་གསུམ་བསྟེན་རྡོ་རྗེ་གསུམ་ཉམས་ལེན། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་མ་ཚང་མེད། །ཉམས་རྟོགས་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །ཚེ་གཅིག་འཁོར་བའི་གནས་ངན་ལས་ཐར་ཤོག །མདོར་ན་རྩོལ་བཅས་སྦྱང་བགྲོད་ལྟོས་མིན་པར། །བླ་མའི་དྲིན་དང་མོས་གུས་མཚམས་སྦྱོར་ལ། །བརྟེན་ནས་


JSD004_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་འོད་གསལ་རྫོགས་ཆེན་དོན། །རྟོགས་གྲོལ་གདེང་ཐོབ་མངོན་པར་འཚང་རྒྱ་ཤོག །ཅེས་པའང་དད་པ་མི་འཕྲོག་པའི་སྟོབས་ལྡན་ཡུལ་མིང་འདོད་རྒྱལ་དུ་རྒྱམ་འབེ་ཞེས་པས་ཡང་ཡང་བསྐུལ་བའི་གཡར་ཁྲལ་དུ་བྱ་བྲལ་རྒན་པོ་བུདྡྷས་བྲིས་པ་དགེ། །།


previousབླ་མའི་གསོལ་འདེབས་ལམ་རིམ་སྙིང་པོ།next