Nitartha Digital Library
Tibetan
རྟ་ནག་རྣམ་འགྲེལ།

1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


 collapse section
  
 collapse section
  
  
  
  
  
 collapse section
  
  
  
མཚོན་བྱ་དོན་གྱི་ཚད་མའི་སྐྱེས་བུ་ངོས་བཟུང་བ།
  
  
 collapse section
  
  
  
  
  
collapse section
  
 


1 occurrence of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousམཚོན་བྱ་དོན་གྱི་ཚད་མའི་སྐྱེས་བུ་ངོས་བཟུང་བ།next

མཚོན་བྱ་དོན་གྱི་ཚད་མའི་སྐྱེས་བུ་ངོས་བཟུང་བ།

༈ དེ་ལྡན་བཅོམ་ལྡན་ཚད་མ་ཉིད། །ཅེས་པ་འདི་གང་ལས་འཕྲོས་ན། ཚད་མ་བསླུ་མེད་ཅན་ཤེས་པ། །ཞེས་པ་ནས། རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་པའི་བར་གྱིས་ཚད་མའི་ངོ་བོ་དེ་བསྟན་ནས། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཚད་མ་དང་འདྲ་བའི་རྒྱུ་མཚན་འཆད་པར་བྱེད་པ་ལ། གཞུང་འདི་བྱུང་། ངག་དོན་ནི། སངས་འཕགས་ཀྱི་རྒྱུད་ཀྱི་ཡེ་ཤེས་ཆོས་ཅན། ཇི་ལྟ་བ་དང་ཇི་སྙེད་པ་ལ་ཚད་མ་ཡིན་ཏེ། དེ་ལ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། །

༈ མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བདེན་པ་བཞི་ལ་ཚད་མའི་སྐྱེས་བུ་ཡིན་ན། ཚད་མའི་སྐྱེས་བུ་ཡིན་པས་ཁྱབ་ཟེར་ན། སློབ་དཔོན་དབྱིག་གཉེན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གྲུབ་སྟེ། དེའི་རྒྱུད་ཀྱི་ཚད་མ་དེ་བདེན་པ་བཞི་ལ་ཚད་མ་ཡིན་པའི་ཕྱིར། རང་ལུགས་ནི། མི་བསླུ་བའི་སྐྱེས་བུར་དམིགས་པ་ཚད་མའི་སྐྱེས་བུའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཚད་མའི་སྐྱེས་བུ་མཐར་ཐུག་དང་། མི་བསླུ་བའི་ཚད་མའི་སྐྱེས་བུ་གཉིས། དང་པོ་དང་སངས་འཕགས་དོན་གཅིག །གཉིས་པ་ནི། སློབ་དཔོན་ཕྱོགས་གླང་ལྟ་བུ་ལ་བྱེད། རྩོད་པ་སྤོང་བ་ལ། ཁ་ཅིག་ན་རེ། མི་བསླུ་བའི་ཤེས་པ་ཡིན་ན། ཤེས་པ་ཚད་མ་ཡིན་དགོས་པར་ཐལ། མི་བསླུ་བའི་སྐྱེས་བུ་ཡིན་ན། སྐྱེས་བུ་ཚད་མ་ཡིན་དགོས་པའི་ཕྱིར་ན་མ་ཁྱབ། འདོད་ན། བཅད་ཤེས་ཆོས་ཅན། དེར་ཐལ། དེའི་ཕྱིར། འོ་ན། ཁོ་རང་ལ། མི་བསླུ་བའི་ཤེས་པ་ཡིན་ན། ཤེས་པ་ཚད་མ་ཡིན་དགོས་པར་ཐལ། མི་བསླུ་བའི་ངག་ཡིན་ན། ངག་ཚད་མ་ཡིན་དགོས་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། དེ་ཡིན་ན། ངག་རྣམ་དག་ཡིན་དགོས། ངག་རྣམ་དག་ཡིན་ན། ངག་ཚད་མ་ཡིན་དགོས་པའི་ཕྱིར། །


previousམཚོན་བྱ་དོན་གྱི་ཚད་མའི་སྐྱེས་བུ་ངོས་བཟུང་བ།next