Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
གསོལ་འདེབས་བསམ་པ་ལྷུན་གྲུབ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསོལ་འདེབས་བསམ་པ་ལྷུན་གྲུབ།next

གསོལ་འདེབས་བསམ་པ་ལྷུན་གྲུབ།

ཟབ་གསང་མཁའ་ཁྱབ་རང་གྲོལ་ལསཿ གསོལ་འདེབས་བསམ་པ་ལྷུན་གྲུབ་བཞུགསཿ ཨེ་མ་ཧོཿ སྐྱབས་གནས་རྒྱ་མཚོའི་སྤྱི་གཟུགས་བླ་མ་རྗེཿ བཅུ་གསུམ་མཛོད་འཛིན་རྡོ་རྗེ་ལྷུན་གྲུབ་རྩལཿ དུས་བབ་ལྔ་བདོའི་སྡུག་བསྔལ་བཟློག་ཕྱིར་དུཿ ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབསཿ ཅི་བསམ་ལྷུན་གྲུབ་སྨོན་ལམ་མྱུར་འགྲུབ་ཤོགཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ ཨེ་མཿ མ་འོངས་དུས་ཀྱི་ཐ་མ་ནཿ སེམས་ཅན་ལྔ་བདོས་སྡུག་བསྔལ་གདུང་བའི་ཚེཿ སྐྱབས་མེད་ཉམས་ཐག་རིག་འཛིན་གདུང་འབོད་ནཿ གསོལ་བ་སུས་བཏབ་བྱིན་རླབས་མྱུར་འཇུག་ནུསཿ མཐར་ཐུག་རིག་འཛིན་ཞིང་བསྒྲོད་གདོན་མི་ཟཿ སྨོན་ལམ་སུས་བཏབ་མྱུར་དུ་འགྲུབ་པར་ཤོགཿ ས་མ་ཡཱཿ ཅེས་དུས་ལ་བབས་ཚེ་རྟེན་འབྲེལ་ལེགས་པར་འགྲིགས་སྐབསཿ རྡོ་རྗེའི་མཆེད་གྲོགས་སྐྱ་སེར་ཕོ་མོ་འདི་རྣམས་ཀྱི་མོས་ངོརཿ དབྱིངས་སྣང་ནམ་མཁའི་བརྡ་སྒྲོམ་ནས་ལྷ་སྨྱོན་རོལ་རྡོར་ནས་ཕབ་པའོཿ


previousགསོལ་འདེབས་བསམ་པ་ལྷུན་གྲུབ།next