Nitartha Digital Library
Tibetan
ཞེ་ཆེན་དབོན་སྤྲུལ་གསུང་འབུམ་པོད་དྲུག་པ།

16 occurrences of ཆུ་བཟང་
[Clear Hits]


  
  
  
collapse section
  
 
  
  
  
  
 
  
  
དཔེ་ཐོ་མུ་ཏིག་ཕྲེང་བ།
12  expand section


16 occurrences of ཆུ་བཟང་
[Clear Hits]

 
previousདཔེ་ཐོ་མུ་ཏིག་ཕྲེང་བ། next

དཔེ་ཐོ་མུ་ཏིག་ཕྲེང་བ།


GTN006_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ཆེན་མ་ཧཱ་པཎྜི་ཏ་དབོན་སྤྲུལ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་གསུང་རབ་རྣམས་ཀྱི་མཚན་དེང་སང་ཇི་སྙེད་མཇལ་བའི་དཔེ་ཐོ་མུ་ཏིག་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕྱི་ལྟར་བསྟན་རྩ་མཁན་ཆེན་འདུལ་འཛིན་མཆོག ། ནང་ལྟར་གཞན་དོན་ཕྲིན་ལས་རྒྱལ་བའི་སྲས། །གསང་བར་རིམ་གཉིས་རྣལ་འབྱོར་དབང་ཕྱུག་ཆེ། །མཁས་གྲུབ་དབང་ཕྱུག་མཐུ་སྟོབས་རྣམ་རྒྱལ་འདུད། །ཡོངས་འཛིན་མང་བསྟེན་མཁྱེན་རབ་ཉི་མ་ཤར། །དབེན་པར་མང་བསྟེན་རྟོགས་པའི་ཟླ་བ་རྒྱས། །སློབ་ཚོགས་མང་སྐྱོང་བསྟན་པའི་རྒྱལ་མཚན་བསྒྲེངས། །ཆེ་དགུའི་རལ་པའི་གདན་མཐོར་མགོན་ཁྱོད་རྒྱལ། །ཕན་བདེ་འབྱུང་གནས་རྒྱལ་བ་མཆོག་གི་བཀའ། །རྒྱ་བོད་མཁས་གསུང་སེངྒེའི་འོ་མའི་མཚོ། །


GTN006_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཀྱི་གསུང་རབ་གསེར་གྱི་གཞོང་འདིར་འཁྱིལ། །བློ་ལྡན་ཡིད་ཀྱི་གསོས་བསྒྲོན་ཅིས་མི་འགྱུར། །སྒྲ་གཅན་ལས་གྲོལ་མཚན་མོའི་ནོར་བུ་བཞིན། །འཕྲིན་ལས་དུས་སུ་སྨིན་པའི་འོད་སྟོང་ཅན། །གང་གི་གསུང་རབ་གསེར་གྱི་ཕྲེང་བ་འདི། །འགྲོ་བ་གང་གིས་བགྲངས་ཀྱང་བློ་གྲོས་འཕེལ། །མཁྱེན་བརྩེ་ཉི་ཟླའི་འོད་སྟོང་འབྱམས་སུ་ཀླས། །དོན་གཉིས་དཔག་བསམ་འབྲས་བུ་གཡུར་ཟ་བའི། །དགེ་ལེགས་འབུམ་གྱིས་ཕྱུག་པའི་པཎ་ཆེན་གྱི། །གསུང་རབ་དཔེ་ཐོ་མུ་ཏིག་ཕྲེང་བར་བྱ། །དེ་ཡང་སངས་རྒྱས་གཉིས་པ་གུ་རུ་པདྨས་རྗེས་སུ་བཟུང་བའི་མཁས་གྲུབ་དབང་ཕྱུག་རྫོགས་ཆེན་རབ་འབྱམས་གཉིས་པའི་རྒྱལ་ཚབ་པདྨ་གསང་བསྟན་འཛིན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས། སངས་རྒྱས་བྱང་སེམས་ཉན་རང་འཕགས་ཚོགས་ཀྱི། །རྣམ་དཀར་ཕྲིན་ལས་ལེགས་བྱས་རྒྱ་མཚོའི་ཚོགས། །


GTN006_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་གཅིག་ཏུ་བསྡོམས་པའི་མ༵ཐུ་སྟོབ༵ས་ཀྱིས། །རྣམ༵་དག་རྒྱལ༵་བའི་ལུང་རྟོགས་དམ་པའི་ཆོས། །འཆད་རྩོད་རྩོམ་ལ་འཇ༷མ་དབྱང༷ས་དཔའ་བོ་ཉིད། །དགྱེ༷ས་པ༷འི་བློ༷་གྲོས༷་འདབ་སྟོང་རབ་གྲོལ་པའི། །མ༷ཚོ་སྐྱེས༷་བཞ༷ད་པ༷འི་སྒྲ་དབྱང༷ས་གསང་བ་གསུམ། །ཞེས་དང་། ཡང་། འཕྲིན་ལས་རྣམ་བཞིས་གདུལ་བྱའི་རེ་བསྐངས་ནས། །མི་ནུབ་སྲིད་མཐའི་བར་དུ་འཕེལ་རྒྱས་ཤོག ། ཅེས་ཕྱི་མཐའ་གཟིགས་པའི་རྡོ་རྗེའི་ཚིག་གིས་ཟིན་པ་ལྟར་ཡོན་ཏན་འབུམ་གྱིས་གཏམས་པའི་མཁས་ཤིང་དངོས་གྲུབ་བརྙེས་པའི་སྔགས་རམས་པ་དགེ་སློང་འགྱུར་མེད་བསྟན་འཛིན་འཕེལ་རྒྱས་སམ་རྡོ་རྗེ་ལྷུན་གྲུབ་རྩལ་མཆོག་གིས་མཛད་པའི་གསུང་གསང་བདུད་རྩིའི་ཕྲེང་བ་ཟབ་རྒྱས་གདམས་པ་ཀུན་གྱི་གནད་གསང་གཅིག་ཏུ་བསྡུས་པའི་གླེགས་བམ་རྒྱལ་སྲིད་སྣ་བདུན་གྱི་གྲངས་ཀྱིས་སྙེད་པའི་གསུང་འབུམ་འདིར་བཞུགས་པའི་ཆོས་ཚན་རྣམས་དང་། འདིར་འཁོད་མ་ཐུབ་པའི་ཆོས་ཚན་ཏེ་ཁག་གཉིས་ཀྱི་སྒོ་ནས་རྗེ་འདིའི་གསུང་རྩོམ་གྱི་མཚན་ཐོ་དེང་སང་ཇི་སྙེད་མཇལ་བ་རྣམས་ཕྱོགས་གཅིག་ཏུ་བསྡེབ་པ་ལ།


GTN006_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ། གསུང་འབུམ་དུ་འཁོད་པའི་ཆོས་ཀྱི་སྡེ་ཚན་དང་ཤོག་ངོས་ཀྱི་གྲངས་ནི། ༼ཨོཾ༽དུམ་པར། མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣ་ཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད། (སྦྲང་ཆུང་རྩི་བཅུད་སྟོད་ཆ།) ལྡེབ་ངོས། (༣༢༧) ༼ཨ་༽དུམ་པར། མདོ་སྔགས་རྒྱུད་སྡེ་རབ་འབྱམས་ཀྱི་གོ་དོན་དཀའ་གནད་ལྷུག་བཀྲོལ་གྱི་བཤད་པ་རྒྱུན་གྱི་ཉམས་ལེན་ཉེར་མཁོ་སྣ་ཚོགས་བཏུས་པ་སྦྲང་ཆུང་རྩི་བཅུད། (སྦྲང་ཆུང་རྩི་བཅུད་སྨད་ཆ།) ལྡེབ་ངོས། (༣༣༤) ༼ར་༽དུམ་པ། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་གཞུང་དོན་མདོར་བསྟན་པ་ལེགས་བཤད་དཔལ་གྱི་དུམ་བུ། ལྡེབ་ངོས། (༡༠༣) མཎྜལ་བཤད་པ་འཇུག་བདེ་མཁས་དབང་ཡིད་འཕྲོག ལྡེབ་ངོས། (༡༢༡) རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་རྒྱུན་གྱི་ཐོབ་ཡིག་ཕན་བདེའི་གཏེར་མཛོད་བློ་གསལ་མགྲིན་རྒྱན། ལྡེབ་ངོས། (༡༢༣)༼པ་༽དུམ་པ། ལེགས་བཤད་དཔལ་གྱི་དུམ་བུ་ལས་འཕྲོས་པའི་གཏམ་དཔག་བསམ་ལྗོན་འབྲས། ལྡེབ་ངོས། (༤༠༤)


GTN006_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

༼ཙ་༽དུམ་པ། སྐྱེ་ཕྲེང་གསོལ་འདེབས་བྱིན་རླབས་མྱུར་འཇུག །ལྡེབ་ངོས། (༥) ཞབས་བརྟན་གསོལ་འདེབས། ལྡེབ་ངོས། (༡) འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་ཆེད་བརྗོད། ལྡེབ་ངོས། (༣) འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད། ལྡེབ་ངོས། (༣) འཇམ་མགོན་ཀོང་སྤྲུལ་ལ་ཆེད་བརྗོད། ལྡེབ་ངོས། (༢) མཁས་གྲུབ་ཆེན་པོ་ཨ་གྲོ་སྒྲ་རམས་པ་ལ་ཆེད་བརྗོད། ལྡེབ་ངོས། (༢) སྒྲ་ཀ་ལཱ་པའི་བྱིངས་སྒྲུབ་ཆ་ཤས། ལྡེབ་ངོས། (༣༠) གཞི་གསུམ་ཆོ་གའི་ཟིན་བྲིས། ལྡེབ་ངོས། (༤༩) བི་མ་སྙིང་ཐིག་གི་དཀར་ཆག་ཉིན་མོར་བྱེད་པ། ལྡེབ་ངོས། (༣༢) ཟབ་མོ་ཡང་ཏིག་གི་དཀར་ཆག་དཔག་བསམ་ལྗོན་པ། ལྡེབ་ངོས། (༨) ཉེར་མཁོ་སྣ་ཚོགས་བཏུས་པ་ལས། ནང་ཉམས་ལེན་གྱི་སྐོར་ལས། ལྡེབ་ངོས། (༦) དད་དམ་འགྱུར་མེད་ཀྱི་སློབ་བུ་སྒྲ་རམས་པ་ལ་སྤྲིངས་པ། ལྡེབ་ངོས། (༤) ཡིག་དྲུག་བསྐུལ་བའི་སྒྲ་དབྱངས་ཐར་ལམ་ཐེམ་སྐས། ལྡེབ་ངོས། (༦) འཕོ་བ་འཇག་ཟུག་མ་ལས་གསོན་འཕོའི་མཚམས་སྦྱོར་ཐར་ལམ་རབ་གསལ། ལྡེབ་ངོས། (༡༣)མར་མེ་སྨོན་ལམ་ལས་འཕྲོས་པའི་ལོ་རྒྱུས་ཕྲན་བུ་བཀོད་པ། ལྡེབ་ངོས། (༧)


GTN006_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་། ལྡེབ་ངོས། (༦) ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་བཤད་པ་བཻ་ཌཱུརྱའི་མེ་ལོང་། ལྡེབ་ངོས། (༢༠) གནས་འདྲེན་འགྲོ་དྲུག་རང་གྲོལ་འཕྲད་ཚད་སོགས་ལ་སྦྱོར་བའི་ཕྱག་ལེན། ལྡེབ་ངོས། (༣༦)གནས་འདྲེན་ཟིན་བྲིས།(༡༦) འགྲོ་དྲུག་རང་གྲོལ་འཕྲད་ཚད་སོགས་ལ་སྦྱོར་བའི་ཕྱག་ལེན་དང་གནས་འདྲེན་ཟིན་བྲིས་ཞེས་པ་འདི་གཉིས་གཅིག་པར་སྣང་ཡང་དགོས་དབང་གིས་གཉིས་ཀ་བཞག་ཡོད། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཟིན་བྲིས་ཡིད་ཀྱི་མུན་སེལ། ལྡེབ་ངོས། (༣༣) ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་སྨིན་དབང་ནད་བརྒྱ་སེལ་བའི་སྨན། ལྡེབ་ངོས། (༢༠) ཞིང་སྒྲུབ་ཕུང་པོ་བསྲེག་ཆོག་ལྔ་ལྡན་འོད་འབར་ངན་སོང་རྒྱུན་གཅོད། ལྡེབ་ངོས། (༤༠) སྤོས་སྦྱོར། ལྡེབ་ངོས། (༤)བདུད་རྩི་སྨན་སྒྲུབ་ལག་ལེན་གནང་ཚེ་སྨན་ཁྲོལ་བུ་བསྡུ་ཐོ། ལྡེབ་ངོས། (༦)བདུད་རྩི་སྨན་གྱི་སྦྱོར་ཚད་དང་ཉེ་བར་མཁོ་བའི་ལག་ལེན་རྣམས། ལྡེབ་ངོས། (༡༠)དམ་ཅན་གསོལ་མཆོད་ཕྲིན་ལས་མྱུར་མགྱོགས། ལྡེབ་ངོས། (༦) ༼ན༽དུམ་པ། བདེ་ཆེན་ཞིང་སྒྲུབ་ཀྱི་ཟིན་བྲིས་ཐར་ལམ་སྣང་བའི་སྒྲོན་མེ། ལྡེབ་ངོས། (༡༥༥) ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོའི་རྣམ་ཐར་སྐལ་


GTN006_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་མགུལ་རྒྱན། ལྡེབ་ངོས། (༢༠༣) བཅས་བཞུགས་སོ། །༼དྷིཿ ༽དུམ་པ། བཀའ་བརྒྱད་བདེ་གཤེགས་འདུས་པའི་དབྱངས་ཡིག་ཆར་ལྡན་དུས་ཀྱི་འབྲུག་སྒྲ། ལྡེབ།(༧༧) བླ་མ་གསང་བ་འདུས་པའི་དབྱངས་ཡིག་སྲིད་ཞི་ཀུན་ཁྱབ་ལྷ་ཡི་རྔ་ཆེན། ལྡེབ། (༣༡) དངོས་གྲུབ་རོལ་མཚོའི་དབྱངས་ཡིག་བསྟན་སྲུང་དགྱེས་པར་བྱེད་པ། ལྡེབ། (༨༠) ཟུར་བཀོལ། ལྡེབ། (༡) ཟུར་གསལ། ལྡེབ། (༥) གུ་རུ་དྲག་པོའི་དབྱངས་ཀྱི་ཡི་གེ་དུས་ཀྱི་དབྱར་རྔ། (༢༡) བུམ་འཛབ། ལྡེབ། (༡) སློབ་དཔོན་སངས་རྒྱས་གཉིས་པའི་གསོལ་འདེབས་ལེའུ་བདུན་མའི་དབྱངས་ཡིག་ངོ་མཚར་དབྱངས་བདུན། ལྡེབ། (༡༢) གཤིན་རྗེ་དྲེགས་པ་འཇོམས་བྱེད་ཀྱི་དབྱངས་ཀྱི་ཡི་གེ་སེངྒེའི་ང་རོ། ལྡེབ། (༦༠) གནམ་གང་གི་ཞོགས་པར། ལྡེབ། (༢) ལོ་མཇུག་སྐབས། ལྡེབ། (༡) སྐབས་ཀྱི་འཕྲོས་འོས་པ། ལྡེབ། (༡) འཇིག་རྟེན་ལས་འདས་པ། ལྡེབ། (༡)


GTN006_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། གསུང་འབུམ་འདིར་འཁོད་མ་ཐུབ་པའི་གསུང་རབ་དག་གི་མཚན་ཐོ། ༡སྙན་ངག་དཔེར་བརྗོད་དཎྜིའི་དགོངས་རྒྱན། ༢ཆབ་ཤོག་གོ་དོན། ༣ སློབ་མ་རྣམས་ལ་ཀུན་བཤད་ཀྱི་མཚན་གནང་དང་འབྲེལ་བསྟོད་ཚོགས་སྐོར་དང་། གཞན་ཡང་གསུང་སྣ་ཚོགས་བཅས་པོད་གཅིག ༤ བཤད་རྒྱུད་ཐིག་ལེ་སྟོང་གསལ་ཆེན་པོའི་རྒྱུད་ཀྱི་ལུང་དོན་གསལ་བྱེད། ༥ སྡེབ་སྦྱོར་འབྲེལ་བ། ༦ དྲིས་ལན། ༧ དམ་པ་རྣམས་ལ་བསྔགས་པའི་ཀུན་བཟང་འཁོར་ལོ། ༨ རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རྣམ་ཐར། ༩ ཞིང་ཆོག་གཏམ་བཤད། ༡༠ རྒྱུད་རྒྱལ་གསང་བ་སྙིང་པོའི་སྤྱི་དོན། ༡༡ ཟབ་དོན་གཅོད་ཀྱི་གདམས་ཁྲིད་གནད་བསྡུས། ༡༢ གསན་ཡིག་ཆེན་མོ་བཻ་ཌཱུརྱའི་བུམ་བཟང་། ༡༣ གསན་ཡིག་གི་ཁ་སྐོང་ཆ་ལག ༡༤ སིབ་རྫོགས་ཆེན་དགོན་པའི་བཅའ་ཡིག ༡༥ རྟ་མགྲིན་ཡང་གསང་གི་ལྗགས་སྒྲིགས། ༡༦ རྣམ་ཐར་ཞལ་གསུང་མཐོང་བས་འཛུམ་ཤོར།


GTN006_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

༡༧ སྐྱེས་རབས་བསྡུས་པ། ༡༨ སྡེ་དགེ་རྒྱལ་རབས་དང་ནང་ཆེན་རྒྱལ་རབས་ཀྱི་ལོ་རྒྱུས། ༡༩ སྐྱེས་རབས་རྒྱས་པའི་ཡལ་འདབ་གྱ་ལྔ་ནས་དགུ་བཅུའི་བར་དང་། ༢༠ བསྐྱེད་རྫོགས་ཟིན་བྲིས། ༢༡ གཏེར་སྟོན་བསམ་གཏན་གླིང་པའི་འོད་ཆོག་ལས་བྱང་གི་འགྲེལ་བ་ལྡེབ། ༡༣་༡༤་༡༦་༡༨་༢༦་༢༨་༤༦་༥༢་༥༩་༦༥་༧༠་༨༠་༨༣་བཅས་ཁྱོན་བསྡོམས་༡༣ཆད། གཞུང་འདིར་ལྡེབ་ངོས་རྣམས་སུ་ཆད་པ་དང་མི་གསལ་བ་ཡང་མང་ཙམ་སྣང་། སྨྲས་པ། ཐུན་མོང་ཐུན་མིན་གཞུང་ལུགས་རབ་འབྱམས་ཀུན། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །རྒྱལ་བསྟན་མདོ་སྔགས་བསྟན་པ་རིན་པོ་ཆེ། །འཛིན་སྤེལ་རྗེ་བཞིན་བདག་སོགས་འགྱུར་བར་ཤོག ། འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བ་ཡིས། །ཕན་བདེ་འབྱུང་གནས་བསྟན་པ་རིན་ཆེན་གཏེར། །རྒྱ་མཚོའི་ཐ་གྲུ་ཡོངས་ལ་ཁྱབ་གྱུར་ནས། །བདེ་གཤེགས་ཤེས་རབ་ཀུན་ལ་སད་པར་ཤོག ། ཅེས་པ་འདི་ཉེ་བར་མཁོ་ཕྱིར་ཐུབ་བསྟན་འགྱུར་མེད་ཤེས་རབ་ཀྱིས་༢༠༢༠ ༣ ༡༦ཉིན་སྦྱར་བའོ། །


previousདཔེ་ཐོ་མུ་ཏིག་ཕྲེང་བ། next