Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

20 occurrences of གཏེར་སྲུང་
[Clear Hits]


  
 
  
  
  
  
 
  
 
  
  
 
 
ཡང་གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།
 
  
 
  
  
  
  
  
  
 
  
 
  
  
  
  
  
  
 
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


20 occurrences of གཏེར་སྲུང་
[Clear Hits]

 
previousཡང་གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།next

ཡང་གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་བཞུགས༔

པདྨ་ཐོད་ཕྲེང་རྩལ་ལ་འདུད༔ དྲང་སྲོང་ཁྱབ་འཇུག་གཉེན་པོའི་ལྷ༔ གསང་བདག་གོས་སྔོན་འཆང་བ་ཡི༔ སྒྲུབ་ཐབས་གདུག་པ་དམ་འདོགས་འདི༔ མཚོ་རྒྱལ་སྟངས་དཔྱལ་ཁྱོད་ལ་གདམས༔ ཟབ་པའི་ཡང་བཅུད་མིག་གི་འབྲས༔ རང་ཉམས་ལོངས་ལ་གཏེར་དུ་སྦས༔ མ་འོངས་སུམ་ཅུ་ཁ་རལ་དུས༔ རྒྱ་བོད་འཁྲུགས་རྩོད་ས་གཡོ་འབྱུང༔ མི་རྣམས་བལ་ལྟར་གཡེང་བས་འཁྱེར༔ རྒྱ་འདྲེ་འགོང་པོས་ཚ་རེག་གཏོང༔ ས་བདག་ཀླུ་ཡིས་ཞ་གྲུམ་དང༔ གཉན་དང་འབྱུང་བ་མེ་ཆུ་དང༔ བས་ལྡག་སན་ད་ཆུ་བུར་རྡོལ༔ མི་འདོད་སྣ་ཚོགས་འབྱུང་བའི་ཚེ༔ སེམས་ཅན་རྒུད་པ་སེལ་བའི་བུ༔ གཏེར་སྟོན་བདུན་གྱིས་བསྔགས་པ་བརྗོད༔ མཁའ་འགྲོའི་སྤྲུལ་པས་རྗེས་སུ་བཟུང༔ ཨ་ཙཱར་སྤྲུལ་པ་གར་མཁན་ལོ༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་པ༔ འཕགས་པའི་གནས་ལ་དབང་བ་འབྱུང༔ དེ་དུས་ཟབ་previous hit གཏེར་འདི་ཉིད་སྤྲོད༔ བཀའ་སྲུང next hit་ཁྱབ་འཇུག་རཱ་ཧུ་ལ༔ previous hit གཏེརསྲུང next hit་ལྷ་བཙན་གཉེར་ཁ་གྱིས༔ ས་མ་ཡཱ༔ དེ་ལ་དབེན་པའི་གནས་སུ་ནི༔ དཀྱིལ་འཁོར་རྒྱལ་བཀའ་མི་འཛོལ་ལམ༔ ཡང་ན་བཀོད་ལེགས་ལུག་ཕྱིང་སྟེང༔ ལྷ་གྲངས་དང་མཉམ་ཚོམ་བུ་བཀྲམ༔ རྩ་གསུམ་གཏོར་མ་སྤྱི་ལྟར་ལ༔ རིན་ཆེན་སྣོད་མཆོག་འབྲུ་ཡིས་བཀང༔ གདན་ཟླུམ་སུམ་བརྩེགས་བང་རིམ་སྟེང༔ གསང་བདག་སྒྲུབ་པའི་གཏོར་མ་ནི༔ བླ་གཏོར་རྩེ་རྒྱལ་པད་འདབ་མཛེས༔ བརྗིད་ལྡན་དར་མཐིང་སྐུ་ཙཀ་བཙུག༔ དེ་མཐར་ཁྲོ་བཅུ་སྒོ་བཞི་དང༔ གཟའ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད༔ ཁྲོ་བཅུ་ཟླུམ་གཏོར་སྒོ་བཞི་ནི༔ ལས་བཞིའི་གཏོར་མ་རེ་རེ་དང༔ གཟའ་ཀླུའི་གཏོར་མ་གཞན་བྱུང་ལྟར༔ གདན་མཐར་དཔལ་མགོན་བདུན་ཅུ་ལ༔ གཏོར་རིལ་ལྷ་གྲངས་མཉམ་པ་བཞག༔ དེ་མཐར་ཕྱི་ནང་མཆོད་ཚོགས་བཀྲམ༔ འོས་པའི་ཆས་རྣམས་སྟ་གོན་བྱ༔ རང་ཉིད་བདེ་བའི་གདན་ལ་རོལ༔ ངེས་ཤེས་ལྡན་པས་ཆོས་ལ་འཇུག༔ དང་པོ་སྐྱབས་འགྲོའི་རིམ་པ་ནི༔ ཧཱུྃ་ཧཱུྃ༔ བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༔ ཁྱད་པར་གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ སྐྱབས་ཀྱི་མཆོག་བསྟེན་བྱང་ཆུབ་བར་དུ་བསྙེན༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧཱུྃ་ཧོ༔ ལས་སྣང་གིས་བསླུས་གྲོང་ཁྱེར་དྲུག་པོའི་ཀློང༔ མ་རྒན་འགྲོ་དྲུག་འཁྲུལ་བའི་སེམས་ཅན་ཀུན༔ བཟོད་མེད་གདུང་ཤུགས་དྲག་པོས་རྒྱུད་བསྐུལ་ནས༔ ཡང་དག་རྡོ་རྗེའི་སར་བཀོད་སེམས་བསྐྱེད་དོ༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ ཧཱུྃ་ཧཱུྃ༔ མཆོག་གསུམ་ཕྱག་འཚལ་མཆོད་ཚོགས་འབུལ༔ མི་དགེ་བསགས་སྦྱངས་རྗེས་ཡི་རང༔ ཆོས་འཁོར་བསྐོར་ཞིང་རྟག་བཞུགས་གསོལ༔ དགེ་ཚོགས་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ ཞེས་བརྗོད་ཅིང་ཚོགས་ཞིང་རང་ལ་བསྟིམས༔ བཞི་བ་དཀར་གཏོར་གཏོང་བ་ནི༔ ཨ་ཀ་རོས་བྱིན་གྱིས་རླབས་ལ་འདི་བཞིན་གྱེར༔ ཧཱུྃ་ཧཱུྃ༔ སྔོན་ཚེ་རིག་འཛིན་པདྨ་ཐོད་ཕྲེང་གི༔ བཀའ་previous hit གཏེརསྲུང next hit་མ་རྡོ་རྗེའི་ཆོས་སྐྱོང་དང༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ ལྷ་ཀླུ་བརྒྱད་དང་གཟའ་ཆེན་ནོར་སྲུང་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་ཆེན་པོ་དགུ༔ གཙང་རིས་དཔལ་མགོན་ལྷ་མོ་བསྟན་མ་དང༔ གནས་ཡུལ་འདི་ཡི་དཀར་ཕྱོགས་ཡོད་དོ་ཅོག༔ མ་ལུས་མཆོད་པའི་མགྲོན་ལ་གཤེགས་སུ་གསོལ༔ རིན་ཆེན་སྣོད་དུ་གཏམས་པའི་དཀར་གསུམ་བཤོས༔ འདོད་ཡོན་ལྔ་ལྡན་བདུད་རྩི་གསེར་སྐྱེམས་བཞེས༔ རིག་འཛིན་བརྒྱུད་པའི་སྤྱན་སྔར་ཁས་བླངས་བཞིན༔ སྔགས་འཆང་བདག་གི་ལས་བཞི་སྒྲུབ་པ་ལ༔ ཀོ་ལོང་རུ་ང་ཕྲག་དོག་གནོད་འཚེ་སྤོངས༔ བྱང་ཆུབ་སེམས་ལྡན་སྒྲུབ་པའི་བར་ཆད་སོལ༔ རྣམ་བཞི་ལས་ཀྱི་དངོས་གྲུབ་མྱུར་དུ་སྩོལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ གཏོར་སྐྱེམས་གཤེགས་གསོལ་བྱ༔ དེ་ནས་བགེགས་གཏོར་འབྲུ་གསུམ་གྱིས་བྱིན་གྱིས་རླབས༔ ཧཱུྃ་ཧཱུྃ༔ ང་ནི་ཡེ་ནས་མ་གྲུབ་ཆོས་ཀྱི་སྐུ༔ མཐའ་བརྒྱད་སྤྲོས་བྲལ་གསང་བདག་ཧེ་རུ་ཀ༔ མ་དག་འཁྲུལ་འབྱམས་གློ་བུར་ཀུན་བརྟགས་པའི༔ བགེགས་ཞེས་མིང་དུ་བཏགས་པའི་ཚོགས་རྣམས་ཀྱིས༔ འདོད་ཡོན་ལྔ་ལྡན་གཏོར་མས་ཚིམ་གྱིས་ལ༔ སྒྲུབ་བྲལ་མི་དབང་ཆོས་དབྱིངས་ཀློང་དུ་དེངས༔ བགེགས་འཇིགས་སྔགས་དང་གུལ་ཡུངས་བདུག་བྲབ་བྱ༔ ལྔ་བ་བསྲུང་འཁོར་བསྒོམ་པ་ནི༔ ཧཱུྃ་ཧཱུྃ༔ སྣང་བའི་ཡུལ་ཀུན་གསང་ཆེན་རོལ་པའི་ཁྲོད༔ བཅུད་ཀྱི་སྐྱེ་འགྲོ་རིག་རྩལ་ལྷ་རུ་གསལ༔ སྒྲ་རུ་གྲགས་པ་ཚངས་དབྱངས་དྲུག་ཅུའི་གདངས༔ བསྲུང་བྱ་སྲུང་བྱེད་མེད་པའི་རིག་གྲོལ་གྱིས༔ ཨོཾ་བཛྲ་རཀྵ་རཀྵ་བྷྲུཾ༔ དྲུག་པ་བྱིན་ཆེན་དབབ་པ་ནི༔ སྤོས་རོལ་དབྱངས་དང་བཅས་ཏེ་འདི་བཞིན་གྱེར༔ ཧཱུྃ་ཧཱུྃ༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ནས༔ སྐུ་གསུམ་བླ་མ་རྣམས་ཀྱིས་བྱིན་ཕོབ་ཅིག༔ དགོངས་པ་བརྡ་དང་གང་ཟག་སྙན་ནས་བརྒྱུད༔ བརྒྱུད་པ་གསུམ་ལྡན་བླ་མས་བྱིན་ཕོབ་ཅིག༔ སྐུ་གསུམ་དག་པ་དབྱིངས་ཀྱི་མཁའ་ཀློང་ནས༔ རྩ་གསུམ་ཞི་ཁྲོ་རབ་འབྱམས་བྱིན་ཕོབ་ཅིག༔ སྣང་སྲིད་དག་པ་གསུམ་ལྡན་ཞིང་ཁམས་སུ༔ རྒྱ་བོད་རིག་འཛིན་རྣམས་ཀྱིས་བྱིན་ཕོབ་ཅིག༔ རང་ལུས་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ནས༔ ཡི་དམ་ཕྱག་རྡོར་ལྷ་ཚོགས་བྱིན་ཕོབ་ཅིག༔ བཀའ་དང་བསྟན་པ་བསྲུང་བའི་གཞལ་ཡས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོས་བྱིན་ཕོབ་ཅིག༔ བདག་གནས་ཡོ་བྱད་འདི་ལ་བྱིན་ཆེན་ཕོབ༔ སྔགས་འཆང་རྣལ་འབྱོར་ཡོངས་ལ་དབང་བཞི་བསྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཨ་ཨ་ཕཻཾ་ཕཻཾ་ཧྲིང་ཧྲིང་ཛ་ཛ༔ ཞེས་བརྗོད་ཐ་མལ་རྟོག་པ་འགགས༔ ཆོས་སྐུའི་རང་ཞལ་དལ་ཅིག་མཐོང༔ བདུན་པ་མཆོད་པ་བྱིན་གྱིས་རླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཀ་དག་མཁའ་ཀློང་ཡངས་པའི་ངོས༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་བྱེ་བྲག་དང༔ སྨན་རཀ་གཏོར་གསུམ་གླུ་གར་བསྒྱུར༔ ཀུན་བཟང་མཆོད་པའི་རྣམ་རོལ་སྤེལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་པུ་ཛ་ཨཱཿཧཱུྃ་ཧྲཱིཿཋ༔ དེ་ནས་བརྒྱད་པ་ཏིང་འཛིན་རྣམ་གསུམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐམས་ཅད་སྟོང་ཞིང་སྤྲོས་བདག་མེད༔ སྒྱུ་མའི་རྩལ་མདངས་འགགས་མེད་ཀྱི༔ ཀློང་ལས་ཤར་བའི་ས་བོན་ཧཱུྃ༔ དེ་ལས་བྷྲཱུྃ་ཆད་འོད་གོང་གྱུར༔ ཡོངས་གྱུར་དུར་ཁྲོད་གཞལ་མེད་ཁང༔ མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས༔ པདྨ་ཉི་ཟླ་གཟའ་ཀླུའི་ཁར༔ རྒྱུ་ཡི་ཡི་གེ་གདན་ལ་བབས༔ མཐིང་ནག་མེ་འབར་ཐོག་བབས་འཕྲོས༔ སྤྲོ་བསྡུ་དོན་གཉིས་བྱས་པའི་མཐར༔ ཚུར་འདུས་འོད་ཀྱི་ཕུང་པོ་ལས༔ བདག་ཉིད་ཕྱག་རྡོར་གཏུམ་པོའི་སྐུ༔ མཐིང་ནག་དཔའ་ལ་སྒེག་པའི་གཟུགས༔ ཁྲོ་ཆས་ཡོངས་རྫོགས་སྤྱན་གསུམ་ལྡན༔ ཕྱག་གཡས་གསེར་རྡོར་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀྲོལ་ཐབས་བསྣམས༔ སྦྲུལ་རིགས་ལྔ་ཡིས་སྐྲ་ཆིངས་བྱས༔ རྒྱལ་རིགས་དཀར་ཕྲེང་རྗེས་རིགས་སེར༔ ཕྱག་ཞབས་གདུ་བུ་དམངས་རིགས་དམར༔ སྐེད་ཆིངས་གདོལ་ནག་དོ་ཤལ་བརྒྱན༔ དཔའ་བོ་སྟག་ཤམ་འདོར་སྟབས་བསྒྲད༔ ས་བདག་གན་རྐྱལ་བསྣོལ་མར་བརྫིས༔ ཞལ་ནས་བྷ་ཏ་ལི་ཧཱུྃ་ཛ༔ ཧི་ལི་མ་ཧཱ་ཕྲུམ་ཕུ་ཡི༔ སྒྲ་བསྒྲགས་ཐུགས་སྲོག་ས་བོན་ཧཱུྃ༔ སྔགས་ཕྲེང་ལས་འཕྲོས་འོད་ཟེར་མཐིང༔ ལྕགས་ཀྱུའི་རྣམ་པ་དཔག་ཏུ་མེད༔ ཕྱོགས་བཅུར་འཕྲོས་པས་གཟའ་གཉན་ཀླུ༔ སྡེ་བརྒྱད་དབང་བསྡུས་ལས་ལ་བཀོལ༔ ནག་ཕྱོགས་མི་མིན་བདུད་ཀྱི་རིགས༔ ཁྲོ་ཆུང་སྤྲུལ་པས་རྡུལ་དུ་བརླག༔ འདུས་པས་མཐུ་སྟོབས་གསང་བདག་གི༔ གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས༔ བདེ་གཤེགས་རྒྱལ་བ་སྲས་དང་བཅས༔ ཁྱད་པར་འོག་མིན་ལྕང་ལོ་ཅན༔ གསང་ཆེན་ལྷུན་གྲུབ་གནས་མཆོག་ནས༔ ཕྱག་རྡོར་གཏུམ་པོའི་ལྷ་ཚོགས་རྣམས༔ བསྒོམ་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམས༔ དབང་བསྐུར་གཉིས་སུ་མེད་པར་གྱུར༔ བཛྲ་པ་ཎི་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཞེས་པས་སྤོས་དུད་གཏོང་ཞིང་རོལ་མོ་བསྒྲགས༔ གདུང་བའི་དབྱངས་ཀྱིས་འདི་བཞིན་གྱེར༔ ཧཱུྃ་ཧཱུྃ༔ སྐུ་གསུམ་རང་གསལ་ཕོ་བྲང་ནས༔ མ་བཅོས་སྟོང་གསལ་གཤིས་ཀྱི་ལྷ༔ གསང་བདག་གཏུམ་པོ་གཙོ་དང་འཁོར༔ བཞེངས་བཞུད་མཚན་མ་མེད་མོད་ཀྱང༔ ཐུགས་དམ་ཆེན་པོས་གཤེགས་སུ་གསོལ༔ བཛྲ་ས་མ་ཡཱ་ཕཻཾ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ གདན་གསུམ་དཀྱིལ་འཁོར་ཆེན་པོའི་དབུས༔ པད་ཉི་དྲེགས་པ་གཟའ་ཀླུའི་ཁར༔ གསང་བདག་གཏུམ་པོའི་ལྷ་ཚོགས་རྣམས༔ འཇིགས་རུང་གར་གྱིས་བཞུགས་སུ་གསོལ༔ ཨོཾ་བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཧཱུྃ་ཧཱུྃ༔ ཀ་དག་ལྟ་བའི་ཀློང་ཡངས་སུ༔ ལྷུན་གྲུབ་རང་མདངས་སྟོང་གསལ་ལྷ༔ ཐུགས་རྗེ་འགགས་མེད་ཕྱག་རྡོར་སྐུ༔ གཉིས་མེད་ལ་བཟླས་ཕྱག་བགྱི་འོ༔ ན་མོ་ན་མ་ཡ་ཏི༔ དེ་ནས་མཆོད་རྫས་འབུལ་བ་ནི༔ ཧཱུྃ་ཧྲཱིཿ ཕྱི་མཆོད་མེ་ཏོག་བདུག་སྤོས་དང༔ མར་མེ་དྲི་ཆབ་ཞལ་ཟས་རོལ༔ ནང་མཆོད་སྨན་རཀ་གཏོར་གསུམ་དང༔ གསང་མཆོད་བདེ་སྟོང་གླུ་གར་དབྱངས༔ ཕྱག་རྡོར་གཏུམ་ཆེན་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ བཛྲ་ཨརྒྷཾ་སོགས་ཤཔྟ་པུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲི་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་གུ་ཧྱ་པུ་ཛ་ཧོ༔ སླར་ཡང་གསང་གསུམ་བསྟོད་པ་ནི༔ ཧཱུྃ་ཧཱུྃ༔ ངོ་བོ་ཀ་དག་ཆོས་སྐུ་བརྗོད་ལས་འདས༔ རང་བཞིན་ལྷུན་གྲུབ་ལོངས་སྐུ་འོད་དུ་གསལ༔ ཐུགས་རྗེ་འགགས་མེད་སྤྲུལ་སྐུས་འགྲོ་བ་འདྲེན༔ སྐུ་གསུམ་བདག་ཉིད་གསང་བདག་ལྷ་ལ་བསྟོད༔ སྐུ་ཡི་སྐྱོན་སྤངས་བརྡ་དོན་རྟགས་ཀྱིས་སྤྲས༔ གསུང་གི་སྐྱོན་སྤངས་ཚངས་པའི་དབྱངས་ཀྱི་གདངས༔ ཐུགས་ཀྱི་སྐྱོན་སྤངས་ཆོས་རྣམས་མ་འདྲེས་མཁྱེན༔ གསང་གསུམ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་ཐུགས་མཆོག་གསང་བདག་རྡོ་རྗེ་འཛིན༔ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༔ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ༔ བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས་ནོངས་བཤགས་ནི༔ ཧཱུྃ་ཧོ༔ ཐོག་མེད་དུས་ནས་རང་རིག་ལྷ༔ རང་ངོ་མ་ཤེས་འཁོར་བར་འཁྱམས༔ ད་ནི་གཟིགས་པའི་ཡེ་ཤེས་ཆེ༔ བཤག་བྱ་བཤགས་བྱེད་བྱང་ཆུབ་བོ༔ ཨོཾ་བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ ནོངས་བཤགས་བྱ་ཞིང་རང་ཞལ་བལྟ༔ དེ་ནས་འཛབ་ཀྱི་བསྐུལ་བ་ནི༔ བདག་ཉིད་ལྷར་གསལ་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་བ་ཐག་གཟེངས་ལྟར་ཕྱོགས་བཅུར་སྤྲོས༔ འཕགས་མཆོད་བྱིན་བསྡུས་སེམས་ཅན་ཀུན་དོན་བྱས༔ མི་མིན་ནག་ཕྱོགས་སྡེ་ཚོགས་ཆམ་ལ་ཕབ༔ འོད་ཟེར་ཚུར་འདུས་རང་ཐིམ་སྣང་སྲིད་ཀུན༔ གསང་བདག་ཞིང་ཁམས་ལྷ་སྔགས་ཡེ་ཤེས་ཀྱི༔ རོལ་པར་འབྱམས་ཀླས་ཏིང་འཛིན་ཡེངས་མེད་ངང༔ ཨོཾ་བཛྲ་པཱ་ཎི་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅི་ནུས་བཟླས་མཐར་བྱ་ཁྱུང་སྤྲོས༔ དམིགས་པ་སྔགས་ཀྱི་རིམ་པ་ནི༔ ཨོཾ་བཛྲ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅེས་བརྗོད་རྐྱེན་གྱིས་གསང་བདག་གི༔ ཡེ་ཤེས་ལྔ་ཡི་རོལ་རྩལ་ལས༔ ཤར་བའི་བྱ་ཁྱུང་རིགས་ལྔར་སྤྲུལ༔ སྐུ་མདོག་དཀར་སེར་དམར་ལྗང་མཐིང༔ སྤྱན་གསུམ་དམར་ཟླུམ་ཁྲག་ལྟར་ཁོལ༔ གནམ་ལྕགས་རྭ་ལ་རྡོ་རྗེའི་མཆུ༔ ཟངས་ཀྱི་སྡེར་མོའི་དབལ་དང་ལྡན༔ གཤོག་བརྡབ་སྟོང་གསུམ་གཡོ་ཞིང་འགུལ༔ ལྔ་ཀའང་སྦྲུལ་རིགས་ཟས་སུ་ཟ༔ ཡང་སྤྲུལ་ཁྱུང་གིས་ནམ་མཁའ་གང༔ ཀླུ་གཉན་ས་བདག་འདར་ཞིང་འཁུམ༔ ཞལ་ནས་ཁྱུང་སྐད་ལྷང་ལྷང་སྒྲོག༔ གཟའ་ཀླུ་སྡེ་བརྒྱད་དྲེགས་པ་ཀུན༔ དབང་དུ་བསྡུས་ཤིང་ལས་ལ་བཀོལ༔ དམ་ཚིག་གཉན་པོའི་བཀའ་ལ་ཉན༔ བཀའ་བསྒོའི་ཚུལ་གྱིས་སྔགས་འདི་བསྙེན༔ ཨོཾ་བཛྲ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་པདྨ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ དེས་ནི་གང་འདོད་ལས་འགྲུབ་ཅིང༔ གང་ལ་དམིགས་པ་ཐོགས་མེད་འགྲུབ༔ གཉན་ནད་སྲུང་བའི་མཆོག་ཏུ་འགྱུར༔ ཁ་ཆར་གཅོད་དང་འབེབས་པ་དང༔ ལོ་ཉེས་སད་སེར་བཙའ་འབུ་སྲིན༔ མ་རུང་གདུག་པ་སྲུང་བ་ལ༔ འདི་ཉིད་གཅིག་ཆོག་རྒྱལ་པོ་ཡིན༔ འདི་ནི་ཟབ་པའི་མཐར་ཐུག་གོ༔ བཅུད་ལས་བཅུད་གྱུར་གསང་བའི་མཆོག༔ ཕན་པའི་ཡོན་ཏན་བརྗོད་ལས་འདས༔ ངེས་པར་མི་བསླུ་ལག་ཏུ་ལོངས༔ ཡིད་ཆེས་རྟགས་མཚན་མ་བྱུང་ན༔ རྩ་གསུམ་བྱིན་རླབས་རྫུན་དུ་ཟད༔ དེ་ཕྱིར་ཐེ་ཚོམ་རྟོག་པ་སྤོངས༔ ས་མ་ཡཱ༔


previousཡང་གསང་བདག་གོས་སྔོན་བདག་བསྐྱེད་དྲེགས་པའི་སྲོག་འཕྲོག་གདུག་པ་དམ་འདོགས་རས་པ་གསལ་སྟོབས་ཀྱིས་ཁྲིགས་སུ་བསྡེབས་པ།next