Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
བཀའ་སྲུང་སྒྲུབ་རྫས་བསང་སྦྱང༌། ཁྲག་འཐུང་བདུད་འཇོམས་རྡོ་རྗེ།
  
  
  
 
  
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
previousབཀའ་སྲུང་སྒྲུབ་རྫས་བསང་སྦྱང༌།ཁྲག་འཐུང་བདུད་འཇོམས་རྡོ་རྗེ།next

བཀའ་སྲུང་སྒྲུབ་རྫས་བསང་སྦྱང༌།
ཁྲག་འཐུང་བདུད་འཇོམས་རྡོ་རྗེ།

༁ྃ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་སྒྲུབ་རྫས་བསང་སྦྱང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལྷ་ཤིང་སྣ་ཚོགས་དུད་པ་བཏང་༔ དེ་ལ་previous hit གཙང next hit་མའི་ཆབ་ཀྱིས་བྲན༔ ཨོཾ་སྭཱ་བྷཱ་ཝ་ཤུདྡྷཱ་སརྦ་དྷརྨཱཿསྭཱ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཀྱཻ༔ བཟང་ཤིང་དྲི་བཟང་སྣ་ཚོགས་དང་༔ སྨན་སྤོས་བསྲེགས་པའི་དུ་བ་འདི༔ མཆོག་གསུམ་ཐུགས་རྗེའི་བྱིན་རླབས་དང་༔ རྟེན་འབྲེལ་ཟབ་མོའི་བདེན་སྟོབས་ཀྱིས༔ མི་previous hit གཙང next hit་གྲིབ་དང་བག་ཆགས་ཀུན༔ བསང་ཞིང་previous hit གཙང next hit་མར་བྱེད་པ་ཡི༔ ནུས་བྱིན་རླབས་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས༔ ཧཱུྃ་དང་པོ་གྲིབ་བྱུང་གང་ནས་བྱུང་༔ དང་པོ་མ་རིག་ཉིད་ཀྱི་གྲིབ༔ བར་དུ་གྲུབ་བྱུང་གང་ནས་བྱུང་༔ བར་དུ་གཟུང་དང་འཛིན་པའི་གྲིབ༔ ཐ་མ་གྲིབ་བྱུང་གང་ནས་བྱུང་༔ བག་ཆགས་འཐས་པའི་གྲིབ་ཏུ་བྱུང་༔ ཡེ་ཤེས་འཕྲུལ་གྱི་བསང་དུད་འདིས༔ མི་previous hit གཙང next hit་འབག་རྩོག་སངས་གྱུར་ཅིག༔ ཀྱཻ༔ མ་རིག་སྣང་སེམས་ཆོ་འཕྲུལ་ལས༔ སྡིག་ཅན་དམེ་བོ་མགར་བ་དང་༔ གྲི་བོ་མཛེ་བོ་བང་ནལ་ཡུག༔ ཁྱད་པར་དམ་ཉམས་སྡོམ་ཉམས་གྲིབ༔ སེར་སྣ་འཇུར་གེགས་མི་previous hit གཙང next hit་གྲིབ༔ འདི་དག་ལྷ་དང་སྲུང་མའི་དུག༔ དུག་དེ་གང་ལ་ཕོག་སྲིད་ཀྱང་༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ དཀོན་མཆོག་གསུམ་ལ་དུག་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ བཀའ་སྲུང་གཉན་ལ་དུག་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ ཆོས་སྐྱོང་གཉན་པོར་དུག་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ དམ་ཅན་རྣམས་ལ་དུག་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ ལྷ་སྲིན་དྲེགས་པར་དུག་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ གཞི་བདག་རྣམས་ལ་དུག་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ འགོ་བའི་ལྷ་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ སྐྱོབ་པའི་ལྷ་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ དགྲ་ལྷ་གཉན་པོར་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ ལྷ་རྟེན་རྣམས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ མཆོད་པའི་རྫས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ སྒྲུབ་པའི་རྫས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ བརྟེན་པའི་རྫས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ བསྐང་བའི་རྫས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ མཐུན་པའི་རྫས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ སྒྲུབ་ཁང་འདི་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ སྒྲུབ་མཆོག་རྣམས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ རོལ་མོ་རྣམས་ལ་གྲིབ་ཕོག་ན༔ བསང་དུད་འདི་ཡིས་སངས་གྱུར་ཅིག༔ མདོར་ན་ལྷ་སྲུང་སྒྲུབ་པ་ལ༔ གནོད་པའི་རྒྱུ་རྐྱེན་རྟེན་འབྲེལ་ཀུན༔ མ་ལུས་བསང་གིས་སངས་གྱུར་ཅིག༔ ཕྱིན་ཆད་གྲིབ་ཀྱིས་གོས་མ་གྱུར༔ སང་སང་ས་ལེ་ཡེ་སྭཱ་ཧཱ༔ དེ་ནས་ཆུ་previous hit གཙང next hit་ལ༔ ཨོཾ་ཨ་མྲྀ་ཏེ་སྭཱ་ཧཱ༔ ལན་གསུམ་བརྗོད་ནས༔ དག་བྱེད་ཁྲུས་ཀྱི་ལྷ་བདུད་རྩི་འཁྱིལ་བ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་བསྒོམ༔ ཨོཾ་ཨ་མྲྀ་ཏེ་སྭཱ་ཧཱ༔ བརྒྱ་བརྗོད་མཐར༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྟེན་འབྲེལ་རྒྱུ་འབྲས་ཟབ་མོའི་མཐུས༔ མ་རིག་བག་ཆགས་འཁོར་བའི་གྲིབ༔ མི་previous hit གཙང next hit་འབག་རྩོག་ཐམས་ཅད་ཀུན༔ སྦྱོང་བྱེད་ཆུ་འདིས་དག་གྱུར་ཅིག༔ ཀྱཻ༔ ལྷ་དང་སྲུང་མ་སྒྲུབ་མཆོད་རྫས༔ མི་མཐུན་གྲིབ་ཀྱིས་གོས་པ་ན༔ previous hit གཙང next hit་མ་ཆབ་ཀྱིས་དག་གྱུར་ཅིག༔ སྡིག་ཅན་དམེ་ཡུག་ནལ་སྤྱོད་དང་༔ མགར་བ་གྲི་བོ་མཛེ་བོ་དང་༔ དམ་སྡོམ་ཉམས་པའི་གྲིབ་འབག་རྩོག༔ སྒྲུབ་མཆོག་རྫས་ཀྱི་དུག་ཡིན་ཕྱིར༔ མཆོག་གསུམ་བདེན་པས་དག་གྱུར་ཅིག༔ དག་བྱེད་བདུད་རྩིའི་ཁྲུས་ཆབ་འདིས༔ དཀོན་མཆོག་གསུམ་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ རྩ་བ་གསུམ་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ བཀའ་སྲུང་ཡོངས་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ ཆོས་སྐྱོང་སྲུང་མར་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ དམ་ཅན་ཡོངས་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ འགོ་བའི་ལྷ་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ སྐྱོབ་པའི་ལྷ་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ ཡུལ་ལྷ་གཉན་ལ་སྐུ་ཁྲུས་གསོལ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ ལྷ་རྟེན་རྫས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ མཆོད་རྫས་རྣམས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ བསྐང་རྫས་རྣམས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ སྒྲུབ་རྫས་རྣམས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ མཐུན་རྫས་རྣམས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ ཡོ་བྱད་རྣམས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ རོལ་མོའི་ཚོགས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ སྒྲུབ་མི་རྣམས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ སྒྲུབ་ཁང་འདི་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ སྒྲུབ་པའི་གནས་ལ་ཁྲུས་གསོལ་ལོ༔ མི་previous hit གཙང next hit་བག་ཆགས་དག་གྱུར་ཅིག༔ ཉོན་མོངས་འབག་རྩོག་དག་གྱུར་ཅིག༔ ཉོན་མོངས་པ་རྣམས་བྱང་གྱུར་ཅིག༔ ལས་རྐྱེན་ངན་པ་དག་གྱུར་ཅིག༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཧ་ལ་པཉྩ་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ དེ་ཡིས་མི་previous hit གཙང next hit་འབག་རྩོག་དག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སློབ་བུ་མཁྱེན་རབ་རྒྱ་མཚོས་བསྐུར་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། ༈ །ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་སྲུང་གཉན་པོ་རྟེན་དབབ་ནི༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ བཀའ་སྲུང་གཉན་པོ་བསྒྲུབ་པའི་ཚེ༔ དུས་གསུམ་དུ་ནི་འདི་བརྗོད་བྱ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པའི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་སྟོབས་ཀྱིས་བཀའ་སྲུང་ཆེ་གེ་མོ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་སྒྲུབ་ཐབས་བསྐྱེད་ཆོག་ཇི་ལྟ་བ་བཞིན་དུ་བདག་གི་མདུན་སར་མི་དང་མི་འགྲོགས་པ་བཞིན་དུ་མངོན་གསུམ་དབང་པོའི་ཡུལ་དུ་སྣང་ཞིང་མི་འབྲལ་བའི་གྲོགས་སུ་འགྲུབ་པར་གྱུར་ཅིག༔ རྟག་ཏུ་གཏམ་གྱི་ལབ་གྲོགས་སུ་མཆིས་པར་གྱུར་ཅིག༔ དབང་དུ་འདུ་ཞིང་བྲན་དུ་ཁོལ་བར་གྱུར་ཅིག༔ འབངས་སུ་འགྱུར་ཞིང་ལས་ལ་འཆུན་པར་གྱུར་ཅིག༔ འགྲུབ་པའི་ལྟས་མཚན་མངོན་དུ་གྱུར་ཅིང་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད་པའི་རྗེས་སུ་སྨོན་ལམ་འགྲུབ་པའི་བདེན་བརྗོད་ཅི་མང་དང་སྔགས་རྣམས་ཀྱང་བཟླའོ༔ དེ་ཡིས་བར་ཆད་མེད་པར་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །


previousབཀའ་སྲུང་སྒྲུབ་རྫས་བསང་སྦྱང༌།ཁྲག་འཐུང་བདུད་འཇོམས་རྡོ་རྗེ།next