Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕྲག་
[Clear Hits]


  
  
  
  
 
  
  
  
  
  
  
  
  
  
གདོན་གསུམ་གཏོར་མས་བཟློག་ཐབས་དང་། ཆུང་སྲི་གཏོར་མས་བཟློག་ཐབས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཕྲག་
[Clear Hits]

 
previousགདོན་གསུམ་གཏོར་མས་བཟློག་ཐབས་དང་། ཆུང་སྲི་གཏོར་མས་བཟློག་ཐབས།next

གདོན་གསུམ་གཏོར་མས་བཟློག་ཐབས་དང་། ཆུང་སྲི་གཏོར་མས་བཟློག་ཐབས།


CMR039_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གསུམ་གཏོར་མས་བཟློག་ཐབས་དང་། ཆུང་སྲི་གཏོར་མས་བཟློག་ཐབས་བཞུགས་སོ།།


CMR039_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་གེ་སར་ཀཱ་ར་ཡེ། ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་ནས། ཕོ་གདོན་མོ་གདོན་ཀླུ་གདོན་དང་། །ཆུང་སྲི་གཏོར་མས་ཟློག་པའི་མན་ངག་བཀོད། །ངར་ཆུང་བཟོས་པ་རེའང་པར་བཏབ་རེ། །ཆངས་བུ་རེ་དང་ཟན་གྱི་གཏོར་རིལ་རེ་དང་གསུམ་རབ་བརྒྱ་རྩ་འམ་ལོ་གྲངས་སུམ་འགྱུར། འབྲིང་ལོ་གྲངས་སམ་ཉེར་གཅིག །ཐ་མ་བདུན་གསུམ་སོགས་དུ་ཙམ་བཏང་བསམ་པའི་གྲངས་ཟན་གཙང་མ་ལ་བཞག །གཏོར་མ་བརྒྱ་རྩའི་མཇུག་ཏུའམ། །གེལ་དུ་རུང་སྟེ་སྐྱབས་འགྲོ་སེམས་བསྐྱེད་དང་། །བདག་བསྐྱེད་གཏོར་མ་བྱིན་རླབས་གཞུང་ལྟར་ལ། །ཐེབ་ཙེ་རེའི་ནང་ངར་མི་ཆངས་བུ་དང་། །རིལ་བུ་རེ་བཤམས་ཆུ་གཙང་གིས་བྲན་ཞིང་། །བྱམས་སྙིང་རྗེ་ཏིང་ངེ་འཛིན་དང་ལྡན་པས། ༈ ཆོས་རྣམས་


CMR039_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྟོང་པར་གྱུར། །དེ་ཡི་ངང་ལས་སྐད་ཅིག་གི །པད་ཟླའི་སྟེང་དུ་རང་ཉིད་ནི། །ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས། །མཆོག་སྦྱིན་གཡོན་པས་ཨུཏྤལ་འཛིན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །ཡིད་འོང་རྒྱན་དང་ལྡན་པར་གྱུར། །ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། རིན་ཆེན་སྣོད་ཀྱི་ནང་དུ་ནི། །གཏོར་མ་དམ་ཚིག་བདུད་རྩིར་གྱུར། །ཨོཾ་ཨཱཧཱུྃ། རང་གི་ལག་མཐིལ་ཟླ་བའི་སྟེང་། །འབྲུ་གསུམ་ཞུ་བས་བདུད་རྩིར་གྱུར། །ཨོཾ་ཨཱཧཱུྃ། ཟླ་བ་ཡིག་འབྲུ་ཞུ་བའི་རྒྱུན། །གཏོར་


CMR039_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ནང་དུ་བབ་པ་ལས། །གཏོར་མ་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཧཱུྃ། ༈ ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷཱ་ཝ་སོགས། །སྟོང་པའི་ངང་ལས་མདུན་གྱི་གཞིར། །རྒྱལ་པོ་བེ་སེར་ས་ཞུ་ཅན། །གཡས་སུ་ཀླུ་སྔོན་སྦྲུལ་མགོ་ཅན། །གཡོན་དུ་བསེན་མོ་རྒྱན་ཆ་ཅན། །གདོན་རིགས་ཀུན་གྱིས་བསྐོར་བ་ལ། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཕོ་གདོན་མོ་གདོན་ཀླུ་གདོན་ཀུན། །བཀུག་ནས་དབྱེར་མེད་ཉིད་དུ་གྱུར། །ཛཿཧཱུྃ་བཾ་ཧོཿ དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ།། བདག་ཅག་ཡོན་མཆོད་མི་ནོར་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ཕོ་གདོན་རྒྱལ་འགོང་ཐམས་ཅད་ལ། །བདུད་རྩི་གཏོར་མ་འདི་འབུལ་ལོ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཀ་ཏ་ནན་ར་ཙ་ཟློག །མཉེས་ཤིང་ཚིམ་ནས་གནོད་སེམས་སྤོངས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཅེས་དང་། དེ་བཞིན་


CMR039_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་སོགས། བདག་ཅག་དཔོན་སློབ་ཡོན་མཆོད་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །མོ་གདོན་བསེན་མོ་ཐམས་ཅད་ལ། །བདུད་རྩིའི་གཏོར་མ་འདི་འབུལ་ལོ། །ན་མསརྦ་སོགས། མ་མ་རཀྵ་མ་མ་ཟློག །མཉེས་ཤིང་ཚིམ་ནས་གནོད་སེམས་སྤོངས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཅེས་དང་། །དེ་བཞིན་གཤེགས་པ་སོགས། བདག་ཅག་དཔོན་སློབ་ཡོན་མཆོད་ལ། །གནོད་ཅིང་འཚེ་བར་བྱེད་པ་ཡི། །ཀླུ་གདོན་ས་བདག་ཐམས་ཅད་ལ། །བདུད་རྩི་གཏོར་མ་འདི་འབུལ་ལོ། །ན་མསརྦ་སོགས། ནཱ་ག་ཕུ་ནཱ་ག་ཟློག །མཉེས་ཤིང་ཚིམས་ནས་གནོད་སེམས་ཞི། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཅེས་ཐེབ་ཙེ་རྫོགས་ནས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང། །དེའི་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །དེ་ལྟ་བུ་བརྒྱ་རྩ་སོགས་བཏང་བསམ་པའི་གྲངས་རྫོགས་ནས། རྗེས་མ་ལ་འདི་སྦྱར། སྔོན་ཚེ་ལྷ་


CMR039_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བརྒྱ་བྱིན་གླུད། །ད་ལྟ་རྒྱུ་སྦྱོར་སྦྱིན་བདག་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །ཁྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླུད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ལྤགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །


CMR039_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱད་ཀ་ཕུར་ཀ་དང་། །ཟོར་ཀ་མནན་པ་ལ་སོགས་ཟློག །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་པ་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པར་འགྲོག་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེང་ཀྱང་དེང་འདིར་བདེ་ལེགས་ཤོགས། །གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །


CMR039_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤང་པ་དེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཡང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གི །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་མྱུར་དུ་ཕྱུངས་ནས་སུ། །གདོན་དེ་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་སྐོངས་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཨོཾ་སརྦ་བིགྷཱན་གཙྩ། ཞེས་སོགས་བརྗོད་ནས་ཐམས་ཅད་སྣོད་གཅིག་ཏུ་བླུག་ཐེབ་ཙེ་བཤལ་ནས་སྦུབ། གླུད་གཏོར་ཁྱེར་བཅུག་ལ། ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངེད་རྣམས་གནས་འདིར་སྦྱིན་བདག་བར་ཆད་བསལ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་


CMR039_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་འགས་གྱུར་ཏེ། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །སུམ་བྷ་ནི་བརྗོད་ཅིང་ནད་པ་ཡིན་ན་ནས་ལྕག་བྲབ། །སྲུང་འཁོར་བསྒོམ་ལ་ཟབ་བོ༔ (སྤྱི། དེའི་མན་ངག་གདོན་ཚབས་ཆེ་བ་དེ་མང་བཅུག །གཞན་གཉིས་ཉུང་བཅུག་ཟབ་བོ། རྒྱ་རྒྱ་རྒྱ༔ ༈ ཆུང་སྲི་ལ་ཡང་གོང་ལྟར་ལས། ཨོཾ་བཛྲ་ཨ་མྲྀ་ཏ་སྲ་བྷ་ཝ༔ སྟོང་པའི་ངང་ལས་མདུན་གྱི་གཞིར། །ཆུང་སྲི་ནག་མོ་ཁྲོ་མོའི་གཟུགས། །འཕྲོག་མའི་ཕྲུ་གུ་ལྔ་བརྒྱ་དང། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཆུང་སྲི་གདོན་ཚོགས་རྣམས་ཀྱིས་བསྐོར། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །བྱིས་པ་ལ་གནོད་གདོན་བགེགས་ཀུན། སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །བྱིས་པ་མ་བུ་འདི་དག་ལ། །གནོད་ཅིང་


CMR039_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བར་བྱེད་པ་ཡི། །ཆུང་སྲི་བྱིས་པའི་གདོན་ཚོགས་ལ། །བདུད་རྩིའི་གཏོར་མ་འདི་འབུལ་ལོ། ན་མསརྦ་སོགས། ཨོཾ་ཨི་ཏི་མི་ཏི་མི་རུ་ཏི་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་བདུན་དང་། མཉེས་ཤིང་ཚིམས་ནས་གནོད་སེམས་སྤོངས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཐེབ་ཙེ་རྫོགས། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེའི་རྒྱུ་དེ་བཞིན་གཤེགས་པས་གསུངས༈ །རྒྱུ་ལས་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །བརྒྱ་རྩའམ་དུ་བཏང་རྫོགས་ནས། ཐ་མ་ལ། །སྔོན་ཚེ་ལྷ་དབང་བརྒྱ་བྱིན་གླུད། །ད་ལྟ་བྱིས་འདི་ཡི་གླུད། །ཤ་ཡི་གླུད་འདི་ས་ལ་གཏོང་། །ས་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁྲག་གི་གླུད་འདི་ཆུ་ལ་གཏོང་། །ཆུ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་


CMR039_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །དབུགས་ཀྱི་གླུད་འདི་རླུང་ལ་གཏོང་། །རླུང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རུས་པའི་གླུད་འདི་བྲག་ལ་གཏོང་། །ཁྲག་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རྩ་རྒྱུས་གླད་འདི་ཤིང་ལ་གཏོང་། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ལྤགས་པའི་གླུད་འདི་ཐང་ལ་གཏོང་། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སེམས་ཉིད་གླུད་འདི་མཁའ་ལ་གཏོང་། །མཁའ་ལ་གནས་པའི་ལྷ་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཁྱེར་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །གཞན་གྱི་བྱེད་ཀ་ཕུར་ཀ་དང། །ཟོར་ཀ་མནན་པ་ལ་སོགས་ཟློག །སྐག་དང་སྲི་ངན་ཐམས་ཅད་དང་། །གནོད་པ་ཐམས་ཅད་བཟློག་ཏུ་གསོལ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །


CMR039_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པར་འགྲོག་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེང་ཀྱང་དེང་འདིར་བདེ་ལེགས་ཤོག །གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང་། །སྲིན་པོ་ཤ་རྗེན་ཟ་བ་དང་། །སེམས་ཅན་རྣམ་པ་སྣ་ཚོགས་དང་། །ལྗོན་ཤིང་གེལ་པ་སོགས་གནས་པ། །དེ་དང་དེ་ལ་གཏོར་མ་ནི། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་ཡི། །མཆོད་སྦྱིན་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང་། །བདག་ཅག་རྣམས་ལ་ཕན་པའི་ཡིད། །དེ་རིང་ཕྱིན་ཆད་བསྐྱེད་པར་གྱིས། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་དེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཡང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་གྱུར་པའི། །ནད་དེ་མྱུར་དུ་ཕྱུང་ནས་སུ། །གདོན་དེ་རང་གི་གནས་སུ་


CMR039_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་སྐོང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་བདག་ཅག་འཁོར་བཅས་ཀྱི། །ནད་དེ་རབ་ཏུ་སོལ་མཛོད་ལ། །གདོན་རྣམས་རང་གི་གནས་སུ་སོང་། །ཨོཾ་སརྦ་བིགྷཱན་གཙྩ། ཞེས་བརྗོད་ནས། ཐེབ་ཙེ་བཤལ་ནས་སྦུབ། གཏོར་ཆུང་དེ་ཁྱེར་ནས། བྱིསྶའི་ལོ་བདུད་ཕྱོགས་སུ་བསྐྱལ་བཅུག །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངེད་རྣམས་གནས་འདིར་སྦྱིན་བདག་བར་ཆད་བསལ། །ཁྱོད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱ་རུ་འགས་གྱུར་ཏེ། །བགེགས་རྣམས་བརླག་པར་འགྱུར་བར་གདོན་མི་ཟ། །ཞེས་མཚམས་གཅོད་སྲུང་འཁོར་བསྒོམ། འདི་བུ་ཆུང་འདྲེས་བཏབ་པ། ཡུན་རིང་བ་སེར་ནད་སོགས་ཐམས་ཅད་ལ་ཕན་ནོ། །གོང་གི་གདོན་གསུམ་དེ་ཡང་། མི་ཆེན་པོ་ལ་རྒྱལ་པོ་གཙོ་བོ་བྱ། བྱིས་པ་ལ་བསེན་མོ་གཙོ་བོ་བྱ་སྟེ་མང་བཅུག །ཀླུ་གདོན་ནད་ཡམས་


CMR039_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་ན་ཀླུ་གཙོ་བོ་བྱ་སྟེ་མང་འཇུག །གཟའ་དང་གདོང་མ་ཐུག་པར་བྱས་ལ། ལོ་བདུད་ཕྱོགས་སུ་བསྐྱལ། ཡང་ན་ཡས་ལམ་མམ། འདྲེ་ལྔའི་ཕྱོགས་སུ་བསྐྱལ་ལོ། །ཞེས་སློབ་དཔོན་པདྨས་མཛད་པའི་འདྲེ་མོའི་གཏོར་ཟློག་དང་། །གདོན་གསུམ་གྱི་གཏོར་ཟློག་ལས་ལག་ཏུ་བླང་བདེར། སྔགས་འཆང་རཱ་ག་ཨ་སྱས་བསྡུས་པ་ལས། །ཉེས་པ་གང་མཆིས་པད་འབྱུང་ཉིད་ལ་བཤགས། །དགེ་བས་འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །བཀྲ་ཤིས་དཔལ་འབར་འགྲོ་ལ་ཕན་པར་ཤོག །སརྦ་མངྒ་ལཾ། །༈ མདོས་གཏོར་གཡུལ་དང་མངོན་སྤྱོད་ལས་རྣམས་ལ། །ཐེབས་ཀྱི་ཕྱོགས་འགྲོས་དུས་བརྒྱད་ནུ་རུ་ལུགས། །བིཏྟི་རྣལ་འབྱོར་མ་བརྒྱད་དུས་མཚན་རྣམས། །ཕྱི་ནང་རྒྱུད་དང་སྦྱར་བའི་མན་ངག་ནི། །བརྩེ་བའི་བསམ་པས་ཅུང་ཟད་བྲི་བར་བྱ། །ཚེས་གཅིག་བྱང་དང་བྱང་ཤར་ནུབ་བྱང་དང་། །ལྷོ་ནུབ་ཤར་ལྷོ་རྣམས་ལ་ཕྱོགས་ཀྱི་ཐེབས། །ཚེས་གཉིས་ལྷོ་དང་བྱང་ཤར་ནུབ་རྣམས་དང་། །ནུབ་བྱང་མཚམས་ལ་མཆོག་གི་ཐེབས་པ་ཡིན། །ཚེས་གསུམ་བྱང་ཤར་ནུབ་བྱང་དང་། །ནུབ་ཀྱི་ཕྱོགས་ལ་ཁྱད་པར་ཐེབས། །ཚེས་བཞི་བྱང་དང་བྱང་ཤར་ནུབ་བྱང་ལ། །རང་ཕྱོགས་དྲག་པོ་གནས་པས་ཁྱད་པར་ཐེབས། །ལྷོ་ཡི་ཕྱོགས་ལ་ཟློག་མེད་ཐེབས་པ་ཡིན། །ཚེས་ལྔ་བྱང་དང་བྱང་ཤར་ནུབ་བྱང་མཚམས། །ལྷོ་ནུབ་མཚམས་དང་ཤར་ལྷོ་མཆོག་གི་ཐེབས། །ཚེས་དྲུག་ལྷོ་དང་ཤར་ལྷོ་ལྷོ་ནུབ་ལ། །དྲག་པོ་རང་ཕྱོགས་གནས་པས་ཁྱད་པར་ཐེབས། །བྱང་གི་ཕྱོགས་ན་ཟློག་མེད་ཐེབས་


CMR039_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །ཚེས་བདུན་ལྷོ་དང་ལྷོ་ནུབ་ཤར་རྣམས་ལ། །རྒྱབ་ན་དྲག་པོ་གནས་པས་མཆོག་གི་ཐེབས། །བྱང་ཤར་མཚམས་ན་ཟློག་མེད་ཐེབས་པ་ཡིན། །ཚེས་བརྒྱད་ཤར་དང་བྱང་དང་ནུབ་རྣམས་ལ། །དྲག་པོ་རང་ཕྱོགས་གནས་པོས་མཆོག་གི་ཐེབས། །ཚེས་དགུ་བྱང་ཤར་ཤར་ལྷོ་ཁྱད་པར་ཐེབས། །བྱང་གི་ཕྱོགས་ལ་ཟློག་མེད་ཐེབས་པ་ཡིན། །ཚེས་བཅུ་ཤར་དང་ནུབ་བྱང་བྱང་ཤར་ལ། །རྒྱུ་བའི་ཕྱོགས་དང་མཐུན་པས་ཁྱད་པར་ཐེབས། །ལྷོ་ཡི་ཕྱོགས་ལ་ཟློག་མེད་ཐེབས་པ་ཡིན། །བཅུ་གཅིག་ཤར་དང་ནུབ་བྱང་བྱང་ཤར་དང་། །ལྷོ་ནུབ་རྣམས་ལ་ཁྱད་པར་ཐེབས་པ་ཡིན། །བཅུ་གཉིས་བྱང་ཤར་བྱང་དང་ནུབ་བྱང་མཚམས། །ཤར་གྱི་ཕྱོགས་ལ་ཕྱོགས་ཀྱི་ཐེབས་པ་ཡིན། །བཅུ་གསུམ་བྱང་དང་བྱང་ཤར་ནུབ་བྱང་དང་། །ཤར་ལྷོ་མཚམས་ལ་ཁྱད་པར་ཐེབས་པ་ཡིན། །བཅུ་བཞི་ཤར་དང་་བྱང་་་་་ཤར་ལྷོ་རྣམས་ལ། །དྲག་པོ་རང་ཕྱོགས་གནས་པས་མཆོག་གི་ཐེབས། །བྱང་གི་ཕྱོགས་ལ་ཟློག་མེད་ཐེབས་པ་ཡིན། །འདི་ནི་དྲང་སྲོང་སྟེང་ནས་འོག་ཏུ་རྒྱུ། །མནན་པའི་ལས་ལ་བཟང་ཞེས་རབ་ཏུ་བཤད། །བཅོ་ལྔ་བྱང་ཤར་ཤར་དང་ལྷོ་ཕྱོགས་དང་། །ནུབ་ཀྱི་ཕྱོགས་ལ་མཆོག་ཏུ་ཐེབས་པ་ཡིན། །བཅུ་དྲུག་ནུབ་དང་ལྷོ་ཕྱོགས་ཤར་ལྷོ་ལ། །རང་ཕྱོགས་དྲག་པོ་གནས་པས་ཁྱད་པར་ཐེབས། །བཅུ་བདུན་ལྷོ་དང་ལྷོ་ནུབ་ནུབ་བྱང་དང་། །ཤར་དང་བྱང་ཤར་ཕྱོགས་ལ་ལྷག་པར་ཐེབས། །བཅོ་བརྒྱད་ནུབ་དང་ནུབ་བྱང་བྱང་ཤར་དང་། །བྱང་གི་ཕྱོགས་ལ་ཁྱད་པར་ཐེབས་པ་


CMR039_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །བཅུ་དགུ་བྱང་ཤར་ཤར་དང་ནུབ་བྱང་ལ། །དྲག་པོ་རང་ཕྱོགས་གནས་པས་མཆོག་གི་ཐེབས། །ཉི་ཤུ་བྱང་དང་བྱང་ཤར་ཤར་རྣམས་ལ། །དྲག་པོ་རང་ཕྱོགས་གནས་པས་ཁྱད་པར་ཐེབས། །ལྷོ་ནུབ་མཚམས་ལ་ཟློག་མེད་ཐེབས་པ་ཡིན། །ཉེར་གཅིག་ཤར་ལྷོ་ལྷོ་དང་ལྷོ་ནུབ་དང་། །བྱང་ཤར་རྣམས་ལ་ཁྱད་པར་ཐེབས་པ་ཡིན། །བྱང་གི་ཕྱོགས་ལ་ཟློག་མེད་ཐེབས་སུ་བཤད། །ཉེར་གཉིས་ཤར་དང་ཤར་ལྷོ་ལྷོ་ཕྱོགས་དང་། །ནུབ་ཀྱི་ཕྱོགས་ལ་ཁྱད་པར་ཐེབས་པ་ཡིན། །ཉེར་གསུམ་ལྷོ་ནུབ་ལྷོ་དང་ཤར་ལྷོ་མཚམས། །ནུབ་ཀྱི་ཕྱོགས་སུ་ཁྱད་པར་ཐེབས་པ་ཡིན། །ཤར་དང་ནུབ་བྱང་མཚམས་ལ་ཟློག་ཐབས་མེད། །ཉེར་བཞི་ལྷོ་དང་ལྷོ་ནུབ་ནུབ་དང་ནི། །ཤར་ལྷོ་མཚམས་ལ་མཆོག་གི་ཐེབས་པ་ཡིན། །བྱང་དང་བྱང་ཤར་མཚམས་ལ་ཟློག་ཐབས་མེད། །འདི་ལ་དྲང་སྲོང་སྟེང་ནས་འོག་ཏུ་རྒྱུ། །དགྲ་བགེགས་ཟོར་གྱིས་བསད་པའི་ལས་ལ་བསྔགས། །ཉེར་ལྔ་ཤར་དང་བྱང་ཤར་ལྷོ་ནུབ་ལ། །དྲག་པོ་རང་ཕྱོགས་གནས་པས་ཁྱད་པར་ཐེབས། །ཉེར་དྲུག་ཤར་དང་བྱང་ཤར་བྱང་ཕྱོགས་དང་། །ནུབ་བྱང་མཚམས་སུ་ཁྱད་པར་ཐེབ་པ་ཡིན། །ཉེར་བདུན་བྱང་ཤར་ཤར་དང་བྱང་ཕྱོགས་དང་། །ནུབ་བྱང་མཚམས་ལ་ཁྱད་པར་ཐེབས་པ་ཡིན། །ཤར་ལྷོ་མཚམས་སུ་ཟློག་མེད་ཐེབས་སུ་བཤད། །ཉེར་བརྒྱད་བྱང་དང་ནུབ་བྱང་ཤར་ཕྱོགས་དང་། །བྱང་ཤར་མཚམས་སུ་མཆོག་གི་ཐེབས་པ་ཡིན། །ལྷོ་ནུབ་མཚམས་སུ་ཟློག་མེད་ཐེབས་སུ་བཤད། །ཉེར་དགུ་ལྷོ་ནུབ་ལྷོ་དང་ཤར་ལྷོ་དང་། །


CMR039_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་རང་ཕྱོགས་གནས་པས་ཁྱད་པར་ཐེབས། །བྱང་གི་མཚམས་སུ་ཟློག་མེད་ཐེབས་སུ་བཤད། །གནམ་གང་ཤར་དང་ཤར་ལྷོ་མཚམས་རྣམས་ལ། །དྲག་པོ་རང་ཕྱོགས་གནས་པས་མཆོག་གི་ཐེབས། །གནམ་གང་ཤར་དང་ཤར་ལྷོ་རྣམས་ལ། །ཁྱད་པར་ཐེབས་རྣམས་རང་གི་རྒྱབ་ན་ནི། །དྲག་པོ་གང་རུང་གནས་པས་མཆོག་གི་ཐེབས། །སྐྱོན་ལ་ཟློག་མེད་ཐེབས་ལ་རང་ཕྱོགས་ནི། །གདུག་པ་རྣམས་དང་ལྷན་ཅིག་མི་གནས་ཀྱང་། །འདེགས་པའི་ཕྱོགས་དེར་དྲག་པོ་མེད་པས་ཐེབས། །ཐེབས་ཀྱི་ཕྱོགས་འགྲོ་རྒྱུས་བསྡུས་གང་བྱེད་ཀྱང་། །རྩ་བའི་སྒྲ་གཅན་རྒྱལ་པོའི་བཀའ་བཞིན་ཁུར། །ཐུན་ཕྱེད་སྒྲ་གཅན་དམག་དཔུང་དཔའ་བོ་བཞིན། །དེ་ཉིད་གང་འགྲོའི་དུས་ཕྱོགས་དེ་རུ་སྤྱི་གཏུག །ཡུད་ཙམ་རཱ་ཧུ་མཚོན་ཆ་རྣོན་པོ་བཞིན། །ཐེབས་དང་བསྟུན་པའི་དགྲ་བོ་ཐལ་བར་བརླག །དེས་ན་འདི་གསུམ་དག་ལ་ནན་ཏན་བྱ། །ཁྱད་པར་དཔའ་བོའི་རྗེས་ལ་དམག་དཔུང་བཞིན། །ཐུན་ཕྱེད་ཐེབས་དང་བསྟུན་པ་མན་ངག་ཡིན།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགདོན་གསུམ་གཏོར་མས་བཟློག་ཐབས་དང་། ཆུང་སྲི་གཏོར་མས་བཟློག་ཐབས།next