ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་སྐོར་ལ།
ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་འབུམ་སྐོར་ལ། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྒྱལ་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཡིད་འཕྲོག་ཨུཏྤ་ལའི་དོ་ཤལ། དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་འཆང་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ། དགུང་ལོ་སོ་བརྒྱད་པའི་ཚེ་དབུས་སུ་ཕེབས་པའི་རང་ཉིད་ཀྱི་རྟོགས་པ་བརྗོད་པ་ལམ་གླུ་དཔྱིད་ཀྱི་རྒྱལ་མོའི་དགའ་སྟོན། ཉམས་མགུར་སྐོར་ལ། གསུང་ངག་རིན་པོ་ཆེའི་ལམ་རིམ་དང་སྦྱར་བའི་ཉམས་དབྱངས་སྐལ་ལྡན་བཞེད་པའི་རྡོ་རྗེའི་གླུ། ནམ་མཁའ་གཞོན་ནུའི་དྲི་བ་དྲིས་ལན་ཁ་བས་བསྐོར་བའི་སྨན་ལྗོངས་མ། ལྟ་སྒོམ་སྤྱོད་འབྲས་ཀྱི་མགུར་བཀའ་དྲིན་འཁོར་མེད་མ། ཡོངས་རྫོགས་དོན་ལྡན་གྱི་གླུ་ཆུ་འགོ་གངས་དཀར་མ། བླ་མ་ཕར་ཚང་པར་གདམས་པ་དཔལ་ལྡན་རྒྱལ་ཀུན་མ། རྗེ་བཙུན་བླ་མ་རྡོ་རིང་པ་ཆེན་པོའི་བཀའ་དྲིན་དྲན་པའི་ཉམས་དབྱངས་སྨིན་བྱེད་དབང་བཞིའི་ཆུ་རྒྱུན། རང་གི་ཚེ་འདིའི་ཐོག་མཐའ་བར་གསུམ་གྱི་རྟོགས་བརྗོད་སེམས་ལ་ཤར་བ་སྒྲོ་སྐུར་མེད་པར་ལྷུག་པར་སྨྲས་པ་རྗེ་བཀའ་དྲིན་འཁོར་མེད་མ། རང་ཉིད་ལ་རང་གིས་གྲོས་འདེབས་ཀྱི་གདམས་པ་ལྷ་ཤཱཀྱ་མུ་ནེ་མ། འཕན་ཡུལ་བྱ་བཟང་གི་བྲག་ཁ་ཞིག་ཏུ་ཉི་མ་དགོངས་ཕྱོགས་སྐྱོ་བསངས་བྱས་པའི་ཚེ་
མདུན་གྱི་སྤང་ལྗོངས་ལ་གོང་མོ་མང་པོ་རྩེ་ཞིང་རྒྱབ་ཀྱི་ཐང་ལ་ཕྱུགས་རྫི་གཞོན་ནུ་མང་པོ་ཤིང་འཐུ་ཞིང་རྩེད་མོ་བྱེད་པ་མཐོང་བས་འདི་དག་ཀྱང་བསམས་ན་དགེ་སྦྱོར་གྱི་བསྐུལ་མར་འདུག་སྙམ་ནས་རང་སེམས་ལ་གསལ་འདེབས་སུ་སྨྲས་པ་བཀའ་དྲིན་འཁོར་མེད་མ། ཆོས་རྗེ་ནོར་བུ་ལ་ཞལ་གདམས་སུ་གསུངས་པ་ཕ་དྲིན་ཅན་མ། འཕན་ཡུལ་བྱ་བཟང་དུ་བཞུགས་པའི་ཚེ་ནུབ་ཕྱོགས་ནས་སྤྲིན་སྟོན་ཟླ་ལྟ་བུ་ཞིག་བྱུང་བས་རྐྱེན་བྱས་ཏེ་རྗེ་བཙུན་རྡོ་རིང་པ་ཆེན་པོ་དྲན་པའི་གདུང་དབྱངས་སྙིང་གི་པདྨོ་བཞད་པའི་དྲི་བཞོན། དཔེ་དོན་གསུམ་པའི་མགུར་མ་ལུས་རྒྱལ་བ་མ། ཐོ་རེངས་ཤིག་གི་ཚེ་རྗེ་བཙུན་རྡོ་རིང་པ་ཆེན་པོ་རྨི་ལམ་དུ་གསལ་བར་བྱོན་པས་རྐྱེན་བྱས་ཡོངས་འཛིན་དམ་པ་དེའི་བཀའ་དྲིན་རྗེས་སུ་དྲན་ནས་བཟོད་གླགས་མེད་པའི་མོས་གུས་གསལ་སྟོང་གི་ངང་ནས་ཐོལ་བྱུང་དུ་སྨྲས་པ་བཀའ་དྲིན་འཁོར་མེད་མ། དཔལ་བྱ་བཟང་བདེ་ཆེན་ལྷུན་གྲུབ་ཀྱི་རི་སུལ་དུ་བཞུགས་པའི་ཚེ་རང་སེམས་དབེན་པའི་ནགས་ཚལ་ལ་གཅིག་ཏུ་དགའ་ཞིང་སྤྲོ་བའི་གཏམ་སྙིང་གི་སྐྱོ་བསངས་པའི་བདུད་རྩི་ཀྱེ་ཧོ་མི་བཟད་མ། སྐུ་འཁོར་གྱི་མང་ཐོས་རྒྱ་མཚོ་ལ་ཁྲེལ་འདེབས་དང་སྙིང་གཏམ་གྱི་ལེགས་བཤད་ཟུང་དུ་འཇུག་པའི་ཞལ་གདམས་རྗེ་བཀའ་དྲིན་མ། ཤར་མདོ་ཁམས་ཀྱི་རྡོ་རྗེ་འཛིན་པ་མགོན་པོ་འོད་ཟེར་གྱིས་མགོན་པོད་སོགས་དཔེ་ཆ་མང་པོ་བཞེངས་ཤིང་ད་དུང་བཞེངས་པར་ཁས་བླངས་པའི་ཡོན་དུ་སྤྲིངས་པ་ཕ་ཀུན་སྤངས་མ། དཔལ་ཆུ་བོ་རིའི་དུར་ཁྲོད་དུ་ཞིང་སྐྱོང་གི་ཌཱ་ཀིའི་ཆོ་འཕྲུལ་ངོ་མཚར་བ་མཐོང་ཞིང་དད་ཅན་གྱི་ཉམས་འགས་ཉམས་དབྱངས་ཀྱི་མཆོད་གནས་
བདུད་རྩི་རིལ་བུ་རྒྱ་ཇ་བཟང་པོའི་བཏུང་བ་དང་བཅས་ཚོགས་འཁོར་བསྐོར་ཚེ་སེམས་ལྷུག་པར་བཞག་པའི་འཆར་སྒོ་ལ་ཇི་ལྟར་ཤར་བ་བཀོད་པ་གནས་སྤྱི་བོ་བདེ་ཆེན་མ། དཔལ་ཆ་ལུང་རྡོ་རྗེའི་བྲག་རྫོང་ནས་རྗེ་བླ་མའི་དབོན་སྲས་ཆོས་ཀྱི་རྗེའི་ཐུགས་དག་སྣང་གི་གསུང་ལན་དུ་མཛད་པ་རྗེ་ཡོངས་གྲགས་མ། རྩ་འཁོར་ལོ་ལྔ་ལྡན་ལས་བརྩམས་པའི་ཉམས་དབྱངས་གསོལ་འདེབས་སྤྱི་བོ་བདེ་ཆེན་མ། དཔལ་ལྡན་མགོན་པོའི་ཉམས་ལེན་བླ་མའི་གསུང་དང་རང་གི་ཉམས་མྱོང་བཞིན་སྐལ་ལྡན་གསར་པའི་དོན་དུ་ལྷུག་པར་བྲིས་པ་སྣང་སྟོང་འཇའ་ཚོན་མ་རྣམས། དད་ལྡན་མིའི་དབང་པོར་གདམས་པ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་སྙིང་པོ་བསྡུས་པ། མ་གདྷ་བཟང་མོ་དང་ཚུལ་མཚུངས་པའི་བསྟན་པའི་སྦྱིན་བདག་མིའི་དབང་མོའི་གསུང་གིས་བསྐུལ་༼མཁན༽བའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་དབྱེར་མེད་པའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ། རིག་མ་བཅུ་དྲུག་འབུལ་བ་ཡན་ཆད་གྲུབ་མཚམས་སུ་འཕྲོ་ལུས་པ་བླ་མ་དམ་པའི་ཐུགས་སྲས་རྡོ་རྗེའི་མཆེད་པོ་བོད་མཁར་རིན་པོ་ཆེ་དང་འདར་ནས་སྡེ་པ་ཡབ་ཡུམ་གྱིས་བཀའ་གནང་བའི་ངོར་འཕྲོས་རྣམས་འཇམ་དབྱངས་མཁྱེན་བརྩེས་༼མཁན་༽མཛད་པའི་དཔལ་ལྡན་བླ་མ་དམ་པ་མཆོད་པའི་ཆོ་ག་དངོས་གྲུབ་རིན་པོ་ཆེའི་གཏེར་མཛོད། རྡོ་རྗེ་ནག་པོ་ཆེན་པོའི་རྣལ་འབྱོར་དང་རྗེས་སུ་མཐུན་པའི་བླ་མ་དམ་པ་མཆོད་པའི་ཆོ་ག་དངོས་གྲུབ་རིན་པོ་ཆེའི་བང་མཛོད། ཟབ་ལུང་བདེ་གཤེགས་འདུས་པའི་ཕོ་བྲང་གི་སྐུ་བརྙན་གསུང་འབྱོན་མའི་དྲུང་དུ་ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞལ་
གཟིགས་༼གནས༽དུས་བསྟོད་པ་ཐུགས་རྗེ་ཆུ་གཏེར་གཡོ་བའི་དྲི་བཞོན། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བླ་མ་བརྒྱུད་པར་གསོལ་འདེབས་༼མཁན༽(པ་དངོས་གྲུབ་རིན་ཅེན་ཆར་འབེབས། རྗེ་བཙུན་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ལ་བསྟོད་པ་སྙན་བརྒྱུད་པད་མཚོ་བཞད་པ། བདག་ཆེན་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་ལ་བསྟོད་པ་སྙན་བརྒྱུད་རིན་ཅེན་བྱེ་བས་བཏམས་པའི་མཚོ་ཆེན། བདག་ཆེན་སྔགས་འཆང་ཆེན་པོས་གདོང་ཁ་པའི་དམག་དང་ལྷན་ཅིག་པར་སྐུ་ལ་བསྡོ་བར་ཉེ་བའི་ཚེ་རྗེ་བཙུན་ཀུན་སྤངས་ཆེན་པོ་སེང་གེར་ཆིབས་ནས་མདུན་གྱི་ནམ་མཁར་བྱོན་ཏེ་མི་འཇིགས་པའི་སྦྱིན་པས་དབུགས་དབྱུང་བར་བརྟེན་རྒོལ་ངན་རྣམས་ཀྱིས་མ་མཐོང་བར་གླགས་བལྟ་བར་མ་ནུས་པའི་ཚེ་བསྟོད་པ་བདུད་དཔུང་ཕྱེར་འཐག་མ། དེ་ཉིད་ལ་བསྟོད་ཅིང་གསོལ་བ་འདེབས་པ་མཐའ་ཡས་མ། དེའི་ཡོན་ཏན་རྟོགས་པ་བརྗོད་པའི་སྒོ་ནས་བསྟོད་པ་དངོས་གྲུབ་ཡིད་བཞིན་གྱི་ཆུ་གཏེར་བཞད་པ། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་མཁས་པ་དང་གྲུབ་པའི་འཁོར་ལོས་སྒྱུར་བའི་དབང་ཕྱུག་ཀུན་དགའ་ལེགས་པའི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ལ་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པ་མདོར་བསྡུས་ཏེ་བསྟོད་པ་བྱང་ཕྱོགས་མཁས་གྲུབ་མ། རྗེ་བཙུན་བླ་མ་དམ་པ་ལྕགས་ཐང་དཀའ་བཞི་པ་ཆེན་པོ་འཁྲུལ་ཞིག་རཏྣ་བྷ་དྲ་ལ་བསྟོད་པ་དཀོན་ཅོག་གསུམ་དངོས་མ། དམ་པའི་ཆོས་ཀྱི་ཐུགས་སྲས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་༼དབང༽ཕྱུག་ལ་བསྟོད་པ་རབ་ཡངས་མ། དཔལ་གསང་བ་འདུས་པའི་དམར་ཁྲིད་རིམ་ལྔའི་བརྒྱུད་འདེབས་བུ་སྟོན་ཐམས་
ཅད་མཁྱེན་པས་མཛད་པའི་ཁ་སྐོང་སྐལ་བཟང་སངས་རྒྱས་མ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཐོབ་པའི་བརྒྱུད་འདེབས་དངོས་གྲུབ་རིན་པོ་ཆེའི་སྙེ་མ། འཕགས་པ་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཚེམ་བུ་ལུགས་ཀྱི་བརྒྱུད་འདེབས་༼མཻ༽སྨོན་ལམ་མདོར་བསྡུས་དང་བཅས་པ་རྒྱལ་ཀུན་ཡབ་གཅིག་མ། ནི་གུའི་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་བདེ་ཆེན་ལྷུན་གྲུབ་མ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་ཀྱི་བརྒྱུད་༼མཁན་卐༽འདེབས་མཆོག་གི་པདྨོ་བཞད་པའི་དགའ་སྟོན། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་བརྒྱུད་འདེབས་དཀོན་ཅོག་གསུམ་དངོས་མ། རྗེ་བཙུན་རིག་བྱེད་མའི་བརྒྱུད་འདེབས་སྲིད་གསུམ་དབང་མཛད་མ། འདོད་རྒྱལ་གྱི་ཐུན་མོང་མ་ཡིན་པའི་བརྒྱུད་འདེབས་པདྨ་རཱ་གའི་ཆུན་པོ། ཚེ་སྒྲུབ་ཞག་བདུན་༼མཁན༽མའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་མ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་༼མཁན༽བརྒྱུད་འདེབས་ཐུབ་དབང་མ། དཔལ་གུར་གྱི་མགོན་པོའི་བརྒྱུད་འདེབས་རྣམ་ཀུན་མཆོག་ལྡན་མ། མགོན་པོ་གདོང་བཞི་པའི་གསང་འཁྲིད་བརྒྱུད་འདེབས་སྨོན་ལམ་དང་བཅས་པ་རྒྱལ་བ་ཀུན་འདུས་མ། སོ་ཐར་སྡོམ་པའི་བརྒྱུད་འདེབས་ཀུན་མཁྱེན་མ། རང་གི་སྡོམ་གསུམ་རིམ་གྱིས་ནོས་པའི་ཚུལ་ཁྲིམས་རྣམ་དག་ཐོབ་པ་ལ་ཡི་རང་ཞིང་དགེ་བ་བསྔོ་བ་གང་དྲིན་མ། དཔལ་ཞ་ལུ་གསེར་བཀང་གི་རང་བྱོན་ཐུགས་རྗེ་ཆེན་པོ་ཁ་སཪྤཱ་ཎི་ལ་གསོལ་འདེབས་ཤིང་འདོད་དོན་ཞུ་བ་སྐྱེ་རྒུའི་རེ་སྐོང་། བླ་མ་ལྔ་བཅུའི་འགྲེལ་པ་དངོས་གྲུབ་རིན་པོ་ཆེའི་སྒོ་འབྱེད། དཔལ་ཀྱེ་རྡོ་རྗེའི་དབང་༼གནས༽ཆོག་གི་ལྷན་
ཐབས་ནོར་བུའི་འཕྲེང་བ། དེའི་མཎྜལ་སྒྲུབ་མཆོད་ཀྱི་ཆོ་༼ཀུ༽ག་གསལ་བྱེད་ཡིད་བཞིན་ནོར་བུ། དེའི་ཕྱིར་བསྐྱེད་རིམ་གྱི་རྣམ་པར་བཤད་པ་ལེགས་བཤད་ཉི་མའི་འོད་ཟེར། ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བཤད་པ་སྐལ་བཟང་སྙིང་གི་པདྨོ་བཞད་པ། རྗེ་བཙུན་ནཱ་རོ་མཁའ་སྤྱོད་ཀྱི་སིནྡྷུ་རའི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ་༼མཁན༽དང་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་མཁའ་སྤྱོད་སྒྲུབ་པའི་ཉེ་ལམ། དེའི་རྒྱུན་ཁྱེར་༼མཁན༽གྱི་ཉམས་ཡིག །མཁའ་སྤྱོད་ཞལ་བཟང་༼མཁན༽བལྟ་བའི་སྨོན་ལམ། གཤེད་དམར་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་གྱི་ཉམས་ལེན་ཡེ་ཤེས་གསལ་བའི་སྒྲོན་མེ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་གཙོ་བོ་ཞལ་ཕྱག་ཡོངས་རྫོགས་དཔའ་༼མཁན་༽བོ་གཅིག་པར་གྲགས་པའི་སྒྲུབ་ཐབས་བདུད་ལས་རྣམ་པར་རྒྱལ་བའི་བཞད་སྒྲ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ལྷ་བཅུ་གསུམ་གྱི་སྒྲུབ་ཐབས་དང་དཀྱིལ་ཆོག་རྭ་ཆེན་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་མཛད་པའི་ངག་འདོན་༼མཁན་༽གསལ་བྱེད་ལྷན་ཐབས་ཉི་གཞོན་གསར་པའི་དགའ་སྟོན། དེ་ཉིད་ཀྱི་བསྐྱེད་རིམ་དང་རྫོགས་རིམ་རྭ་འཁྲིད་མཁའ་འགྲོའི་སྙན་བརྒྱུད་ཀྱི་ལམ་རིམ་དང་སྦྱར་པའི་སྨོན་ལམ་ལམ་བཟང་གྲུབ་པའི་དགའ་སྟོན། དེ་ཉིད་ཀྱི་དཀྱིལ་འཁོར་འཁོར་ལོའི་ཤིས་བརྗོད་འཆི་མེད་སྤྲིན་གྱི་རྔ་དབྱངས། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མ་གཅིག་གྲུབ་པའི་རྒྱལ་མོ་ལུགས་ལྷ་གཅིག་བུམ་གཅིག་ཏུ་༼མཁན༽གྲགས་པའི་ཡང་གསང་གི་སྒྲུབ་པའི་བྱིན་རླབས་ཀྱི་ཆོ་ག་པད་དཀར་བཞད་པའི་འཕྲེང་བ། བསྟན་པའི་སྦྱིན་བདག་ནོར་འཛིན་སྐྱོང་བ་ངག་དབང་མཚན་ཅན་གྱི་
ཐུགས་དམ་༼མཁན༽དུ་མཛད་པའི་ཚེ་སྒྲུབ་ཞག་བདུན་མའི་ཉམས་ལེན་འཆི་མེད་བདུད་རྩིའི་བཅུད་ལེན། རྟ་མགྲིན་ཡང་གསང་ཡབ་ཡུམ་རྐྱང་སྒྲུབ་༼མི༽ཀྱི་སྒྲུབ་ཐབས་རྒྱུན་ཁྱེར་དངོས་གྲུབ་མྱུར་སྩོལ། འཆི་མེད་ཚེའི་རྫོང་ཆུང་གི་སྒྲུབ་ཐབས་ནག་པོ་འགྲོ་ཤེས་ཚེ་སྤེལ་བ་འདིར་འཚོགས་སྐལ་ལྡན་མ། གང་བློ་མའི་རྗེས་(གནང་གི་ཡི་གེ་དཔལ་རྟ་མགྲིན་གསང་སྒྲུབ་སྐྱེར་སྒང་ལུགས་ཀྱི་བྱིན་རླབས་ཀྱི་ཆོ་ག་བར་ཆད་ཀུན་སེལ། སྟག་ཞོན་གནུབས་ལུགས་སོགས་ཀྱི་རྗེས་གནང་གི་དུས་ཉེ་བར་མཁོ་བའི་གསང་བདག་རྡོ་རྗེ་གཏུམ་པོའི་སྒོམ་བཟླས་བྱ་ཚུལ། བསྟན་པའི་སྦྱིན་བདག་མི་དབང་གཞོན་ནུ་ཆོས་སྐྱོང་ལྷུན་གྲུབ་ཀྱི་ཐུགས་དམ་དུ་མཛད་པའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས། བསྟན་པའི་སྦྱིན་བདག་ཆེན་པོ་ཞལ་ངོ་རྣམས་ཀྱི་རྒྱུན་གྱི་ཉམས་བཞེས་སུ་མཛད་པའི་སྒྲོལ་༼མཁན༽དཀར་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་གྱི་ཉམས་ལེན་སྙིང་པོ་བསྡུས་པ། དམར་པོ་སྐོར་གསུམ་གྱི་དཀར་ཆག་དབང་སྡུད་པདྨ་རཱ་གའི་ཟ་མ་ཏོག་གི་ཁ་འབྱེད་གནད་ཀྱི་ལྡེ་མིག་རྗེ་བཙུན་རིག་བྱེད་མའི་རྒྱུན་ཁྱེར་རྣལ་འབྱོར་དུ་བྱ་བའི་ངག་འདོན་སྒྲུབ་ཐབས། དེའི་སྦྱིན་སྲེག་བྲག་དམར་མཁན་ཆེན་རབ་བརྟན་པས་བསྐུལ་བ། དེའི་བསྟོད་པ་རྒྱལ་བའི་ཡེ་ཤེས་མ། ཚོགས་ཀྱི་བདག་པོ་ལ་མཆོད་གཏོར་འབུལ་ཞིང་འཕྲིན་ལས་འཆོལ་བ་ཕུན་ཚོགས་དངོས་གྲུབ། གྲ་པ་མངོན་ཤེས་ཀྱི་གཏེར་མའི་ཛམ་དམར་གསང་སྒྲུབ་ཀྱི་ཉམས་ལེན་གཙང་རོང་མཚོ་དཀར་གྱི་མགུལ་དུ་མཛད་པ། མགོན་པོད་མེ་འབར་མའི་དཀར་ཆག་སྙིང་པོ་གནད་ཀྱི་སྒྲོན་མེ། ཟབ་བསྡུས་གསལ་བྱེད་ཁ་སྐོང་པོ་
ཏིའི་དཀར་ཆག་ཟབ་དོན་གསལ་བའི་སྒྲོན་མེ། ཐུན་མོང་མ་ཡིན་པ་སྙན་བརྒྱུད་གླེགས་བམ་གྱི་དཀར་ཆག་སྙིང་གི་བདུད་རྩིའི་ཟིལ་དངར། གྱི་ལྗང་གླེགས་བམ་གྱི་དཀར་ཆག་ཟབ་དོན་གནད་ཀྱི་ལྡེ་མིག །དུད་སོལ་པོ་ཏིའི་དཀར་ཆག་སྙན་བརྒྱུད་གསལ་བའི་མེ་ལོང་། མགོན་པོའི་ཁོག་ཕུབ་སྙན་བརྒྱུད་རིན་ཅེན་ལྡེ་མིག །ཁོག་ཕུབ་སྙན་བརྒྱུད་རོལ་༼དབང༽མཚོ་ལེགས་བཤད་ཀྱི་རྦ་རླབས་གཡོ་བ། སྙན་བརྒྱུད་མན་ངག་གིས་རྣམ་པར་བརྒྱན་པ་གུར་ཞལ་གྱི་གཏོར་ཆོག་འཕྲིན་ལས་མྱུར་མགྱོགས་ཀྱི་ཕོ་ཉ། མི་དབང་གཞོན་ནུའི་གསུང་གིས་བསྐུལ་བའི་གཏོར་ཆོག །གཏོར་ཆོག་ཤིན་ཏུ་བསྡུས་པ། བསྟོད་བསྐུལ་འོག་མིན་བདེ་ཆེན་མ། པུ་ཏྲའི་བསྐང་གསོ་འཕྲིན་ལས་ལྷུན་གྲུབ། མགོན་པོ་ཁྲོ་བཅུའི་རྗེས་གནང་༼དབང༽གི་ཡི་གེ །ལས་མགོན་ཟངས་གྲི་ཅན་གཉིས་ཀྱི་རྗེས་གནང་གི་ཡི་གེ །བྲན་བདུད་གཤིན་རྗེ་ནག་པོའི་རྗེས་གནང་གི་ཡི་གེ །གུར་མགོན་དཀར་པོའི་ཚེ་སྒྲུབ། བསྲུང་༼ཟུར༽འཁོར་གསང་༼གནས༽ཁྲིད་དང་བཅས་པའི་རྒྱུན་གྱི་ཉམས་ལེན་སྙན་བརྒྱུད་ཡིན་བཞིན་ནོར་བུ། བསྲུང་འཁོར་བྲག་རྫོང་མའི་བསྡུས་དོན་ནག་པོ་ཆེན་པོའི་མན་ངག་གི་ཡང་སྙིང་དམ་པ། རྡོ་རྗེ་གུར་གྱི་རྒྱུད་ནས་ནང་སྒྲུབ་དང་གསང་སྒྲུབ་བསྟན་ཚུལ་རྡོ་རིང་རིན་པོ་ཆེའི་གསུང་རྒྱུན་ཟིན་བྲིས། བསྲུང་འཁོར་མདུན་ཁང་༼དབང༽འཕགས་པའི་གསལ་བྱེད། ནག་པོ་ཆེན་པོ་ཀླུ་བརྒྱད་ཀྱིས་བསྐོར་བའི་ཆར་འབེབས། ཨེ་ཀ་ཛ་ཌི་ལ་བརྟེན་པའི་རིམས་བསྲུང་། ཆོས་སྐྱོང་རྣམས་ལ་དམོད་བཅོལ་ཀྱི་ཡི་གེ །ཐུབ་བསྟན་དགེ་འཕེལ་༼དབང༽གུར་མགོན་ལ་བཅོལ་བའི་དམ་བསྒྲགས། མགོན་
པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར། འདོད་ཁམས་ཀྱི་ལྷ་མོ་དུད་སོལ་མར་བསྟོད་ཅིང་འཕྲིན་ལས་གསོལ་བ་བདེ་ཆེན་ཆོས་དབྱིངས་མ། མགོན་པོ་ཞལ་གྱི་ཆོས་སྐོར་དཀར་ཆག་གསུང་རྒྱུན་པདྨའི་སྲད་བུར་བརྒྱུས་པའི་ཟབ་དོན་ནོར་བུའི་དོ་ཤལ། གསང་སྒྲུབ་ཀྱི་འབྱུང་ཁུངས་ལོ་༼གླང༽རྒྱུས་ཟུང་ལྡན་གྱི་རྒྱན་དང་བཅས་པ་བདུད་རྩིའི་འོད་ཅན། ཞལ་བཞི་པ་འཁོར་དང་བཅས་པའི་རྗེས་གནང་གི་ཆོ་ག་དངོས་གྲུབ་རྒྱ་མཚོ། གསང་བའི་འཁྲིད་ཡིག་ཟུང་འཇུག་རྣམ་པར་རོལ་པ་བདུད་སྡེ་འཇོམས་པའི་བཤན་པ་ཆེན་པོ། མགོན་པོ་གདོང་བརྙན་ཅན་འཁོར་མར་༼དབང༽ལ་བསྟོད་པ་བདུད་དགྲའི་སྲོག་འཕྲོག་དམ་ཉམས་ཀྱི་ཙིཏྟ་དམར་འབྱིན། གནོད་སྦྱིན་བེག་ཙེ་ལྕམ་སྲིང་གི་གཏོར་ཆོས་རྒྱུན་ཁྱེར་བསྡུས་པ། གོང་མ་རྣམས་ཀྱི་ཡི་གེ་འཐོར་བ་ཕྱོགས་གཅིག་ཏུ་བསྡེབས་པའི་གནོད་སྦྱིན་ལྕམ་དྲལ་གྱི་ལས་བྱང་འཕྲིན་ལས་ལྷུན་གྲུབ། ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྒྲུབ་ཐབས། རི་གོང་མགོན་པོ་རང་བྱོན་གྱི་དྲུང་དུ་མཛད་པའི་ཕྱག་དྲུག་པའི་བསྟོད་པ་ཕུན་ཚོགས་འདོད་དགུ་མ། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་དངོས་གྲུབ་རྒྱ་མཚོ། དེའི་བསྟོད་པ་འདོད་རྒུའི་དཔལ་སྟེར། རྣམ་སྲས་ཀྱི་བཀྲ་ཤིས་༼བོད༽ཁྱབ་བདག་རྡོར་འཛིན་མ། དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་བསྟོད་བསྐུལ་གཡུལ་ལས་རྒྱལ་བའི་དགའ་སྟོན། ལྷ་མོ་རྡོ་རྗེ་རབ་བརྟན་མ་འཁོར་དང་བཅས་པའི་སྐྱེད་ཆོག་རྒྱས་པ། དེའི་གཏོར་བསྔོ་བསྟན་པ་གཉན་པོ་སྲུངས་ཀྱི་མཐའ་ཅན། དེའི་བསྟོད་བསྐུལ་བདེ་ཆེན་རོལ་པ། ལས་གཤིན་དཔའ་བོ་གཅིག་པའི་རྗེས་གནང་གི་ཐོ་ཡིག་ལས་གཤིན་
དམར་ནག་གསུམ་གྱི་རྗེས་གནང་༼བོད༽ མཐོང་བརྒྱུད་ཀྱི་ཕྱག་ལེན་ལྟར་ཕྱོགས་གཅིག་ཏུ་བསྒྲིགས་པ། ལས་གཤིན་སེ་བྱ་བཞི་སྐོར་གྱི་རྗེས་གནང་གི་ཡི་གེ་ལས་ཀྱི་གཤིན་རྗེ་ལྷ་བཅུ་གསུམ་མའི་མངོན་རྟོགས་གཏོར་འབུལ་བསྙེན་པ་བསྟོད་བསྐུལ་དང་བཅས་པ་ཀུན་གསལ་བདེ་ཆེན་ཕོ་བྲང་དུ་མཛད་པ། དཔལ་མགོན་སྟག་ཞོན་གནུབས་ལུགས་ཀྱི་གཏོར་ཆོག་འཕྲིན་ལས་ལྷུན་གྲུབ། དེའི་གཏོར་འབུལ་བསྡུས་པ་གྱེར་སྒོམ་དུ་བྱ་ཚུལ། དེའི་གཏོར་ཆོག་རབ་གསལ་ཟེར་འཕྲེང་བདུད་དཔུང་མུན་པའི་གཡུལ་རྒྱལ། དེའི་སྟག་མོ་ཁ་ཆིངས་ཀྱི་མན་ངག །གིང་ལྔ་གཟའ་གདོང་གི་གཏོར་ཆོག་མ་བཅའ་ལུགས་དང་བཅས་པ། ཞ་ལུ་གསེར་བཀང་གི་ཆོས་སྐྱོང་སྤྱིའི་བསྟོད་པ་རྒྱལ་བ་རྒྱ་མཚོ་མ། ཞ་ལུ་རི་སྦུག་གི་ཆོས་བདག་ལ་དགྱེས་པ་སྐྱེད་པར་བྱེད་པའི་བསྟོད་སྤྲིན་གསར་པའི་རྔ་དབྱངས། དཔལ་མོ་རི་སྦུག་མའི་དགྱེས་བསྟོད་དཔལ་ལྡན་རྒྱལ་བ་མ། ཆོས་རྒྱལ་ཆེན་པོ་པེ་ཧར་ལ་གཏོར་མ་འབུལ་བ་ཐོན་དུ་མཛད་པ། རྒྱལ་པོ་ཁྭ་དའི་གདོང་ཅན་གྱི་བསྟོད་པ་ཀ་མད་ལ་གྲས་པ། གཙང་སྟོད་འདར་གྱི་དཀོར་སྲུང་དམ་ཁྱུང་གཉིས་ཀྱི་མཆོད་ཆོག་སློབ་དཔོན་ཆེན་པོ་པདྨ་དང་ཤནྟིཾ་གརྦྷའི་གཞུང་བཞིན་མཛད་པ། བསྟན་པའི་སྦྱིན་བདག་སྡེ་པ་སྤར་བས་མགོན་ཁང་རྟག་གཏོར་དང་བཅས་བསྒྲུབས་པའི་ཚེ་དམ་བསྒྲགས་གཉེར་དུ་གཏད་པ་ཀུན་ཁྱབ་མ། ཁང་རྙིང་གྲྭ་ཚང་པའི་གྲྭ་པ་སྦྱིན་པ་རྒྱལ་མཚན། རྩེ་མོའི་གྲྭ་པ་ཆོས་བཀྲ་ཤིས། ཞི་བ་ཟེར་བ་གསུམ་གྱིས་ཞ་ལུ་གསེར་བཀང་ནང་དུ་གྲྭ་པ་བསད་པར་བརྟེན་ཆོས་ཁྲིམས་ཀྱིས་གནས་དབྱུང་བའི་སྒོ་
ཡིག །མེ་འབྲུག་ལོ་མ་ཧེ་མཆོད་པ་གནང་དུས་ཀྱི་སྒོ་ཡིག་བཀའ་ཤོག །ཇ་མཆོད་ཕུན་ཚོགས་འདོད་རྒུ་མ། ཇ་མཆོད་ཡིད་འོང་ཟླ་ཤེལ་མ། གསུང་ངག་གི་བཀྲ་ཤིས་རྡོ་རྗེ་འཆང་དབང་མ་རྣམས་ཀྱི་ལུང་ལེགས་པར་ནོས་པའི་རྟགས་མེད་ཡོངས་རྫོགས་ཀྱི་བརྒྱུད་པ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །མཐུ་སྟོབས་ཀྱི་དབང་ཕྱུག་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བསྟན་པའི་མངའ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །མཁན་གཡུང་དྲུང་ལྷན་ཅིག་གི་རྟགས་ཡོད་པའི་བརྒྱུད་པ་ནི་བཤད་མ་ཐག་པ་ལྟར་རམ། ཡང་ན་འཇམ་དབྱངས་མཁྱེན་བརྩེ་ནས། མཁན་ཆེན་ནས། མཁན་ཆེན་བསླབ་གསུམ་རྒྱལ་མཚན། རྡོ་རྗེ་འཆང་དབང་རབ་མན་འདྲ། མཁན་རྐྱང་གི་རྟགས་ཡོད་པའི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས་ནས། མཁན་ཆེན་བསླབ་གསུམ་རྒྱལ་མཚན་མན་བཤད་མ་ཐག་པ་ལྟར་རོ། ༈ །ཀུའི་རྟགས་ཡོད་པ་ནི། ཚར་ཆེན་ནས། མཁན་ཆེན་གཞོན་ནུ་བློ་གྲོས། རྡོ་རྗེ་འཆང་དབང་རབ་མན་མཁན་གྱི་རྟགས་ཅན་བཞིན་ནོ། །མཻ་རྟགས་ཡོད་པའི་བརྒྱུད་པ་ནི། རྗེ་མཁྱེན་བརྩེ་ནས། འཕགས་མཆོག་བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་མཁན་རྟགས་དང་འདྲ། གནས་ཀྱི་རྟགས་ཡོད་པ་ནི། རིན་པོ་ཆེ་རྟ་ར་བ་ནས། རྗེ་དབང་རབ། ཁྱབ་བདག་བཀའ་འགྱུར་བ། དེས་བདག་ལའོ། །དབང་གི་རྟགས་ཡོད་པ་ནི། རྟ་ར་བ་ཡན་འདྲ་བ་ལས། རྗེ་དབང་རབ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། ༈ །གཡུང་དྲུང་ཁེ་རྐྱང་གི་
རྟགས་ཅན་ནི། ཚར་ཆེན། མཁྱེན་བརྩེ། དབང་རབ་མན་བཤད་མ་ཐག་པ་བཞིན་ནོ། །གླང་གི་རྟགས་ཡོད་པ་ནི། རྟ་ར་བ་ནས། རྡོ་རྗེ་འཆང་དབང་རབ། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཟུར་གནས་ཀྱི་རྟགས་ལྷན་དུ་ཡོད་པ་ནི། བསྲུང་འཁོར་ཟུར་ཆེན་དང་གསང་ཁྲིད་བཀའ་འགྱུར་བར་ཞུས། དེ་ཡན་རྩ་བའི་བརྒྱུད་པ་དང་གཅིག །བོད་ཀྱི་རྟགས་ཡོད་པ་ནི། ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། ས་ཆེན་ཀུན་དགའ་བསོད་ནམས། དེ་སྲས་བསོད་ནམས་དབང་ཕྱུག །ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཤཱཀྱ་དྷཱ་ཛས་མཛད་པའི་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་བསྟོད་ཀྱི་ལུང་ཡང་ཐོབ། ༈ །འཇམ་དབྱངས་མཁྱེན་བརྩེའི་གསུང་འབུམ་ལ། རྗེ་བཙུན་སྒོ་རུམ་པ་ཆེན་པོའི་ཞལ་སྔ་ནས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ། རང་ཉིད་ཀྱི་རྣམ་པར་ཐར་པ་ངོ་མཚར་སྙེ་མ། གསུང་ངག་རིན་པོ་ཆེའི་ཁོག་ཕུབ་ལས་བྱུང་བའི་ཆོས་ལ་༼གནས༽བཤད་སྒྲུབ་བྱ་ཚུལ་སོགས་ཀྱི་ཟིན་བྲིས། ལམ་འབྲས་བུ་དང་བཅས་པའི་གདམས་པའི་བྱུང་ཚུལ་གསང་ཆེན་བསྟན་པ་རྒྱས་བྱེད། ཚར་ཆེན་ཆོས་ཀྱི་རྒྱལ་པོའི་བསྟོད་པ་༼དབང༽བཀྲ་ཤིས་མཚན་བཟང་མ། འ་ཞའི་ཡབ་མེས་༼དབང༽རྣམས་ལ་བསྟོད་པ་ཕུན་ཚོགས་ཐུབ་བསྟན་མ། ནམ་མཁའ་རྒྱལ་མཚན་དང་ཟུར་འཇམ་དབྱངས་དབང་ཕྱུག་གིས་བསྐུལ་བའི་༼དབང༽བདག་བསྟོད་ཕུན་ཚོགས་
དངོས་གྲུབ་མ། གཉོས་དཀའ་བཅུ་པ་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་བའི་རང་ཉིད་ཀྱི་༼དབང༽འཁྲུངས་རབས་གསོལ་འདེབས་རྒྱལ་བ་ཀུན་དངོས་མ། རང་ཉིད་གུར་མགོན་གྱི་ཆོས་སྐོར་ལ་༼དབང༽མཁས་ཚུལ་དཔལ་ལྡན་རིགས་ཀུན་མ། འཇམ་མགོན་ས་སྐྱ་པཎྜི་ཏ་༼དབང༽ལ་བརྟེན་པའི་འཇམ་དབྱངས་བླ་སྒྲུབ། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོའི་གསུང་རྒྱུན་༼ར༽གྱི་བླ་མའི་རྣལ་འབྱོར་གྱི་ཟིན་བྲིས། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་འཁྲིད་ཀྱི་ཟིན་བྲིས་གསང་ཆེན་༼གནས༽བསྟན་པ་རྒྱས་བྱེད་ཅེས་པ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་སྐོར་ལས་བར་དོ་ཡན་ཚང་བ། ཀྱེ་རྡོ་རྗེའི་བསྙེན་ཆེན་༼ར༽གྱི་ཡི་གེ་དཔྱིད་ཀྱི་དགའ་སྟོན། དེའི་བསྙེན་པའི་༼གནས༽ཁ་སྐོང་སྦྱིན་སྲེག །རྒྱུད་སྡེ་དྲུག་པ་རྣལ་འབྱོར་གསང་མཐའི་ཡང་བཅུད་རྗེ་བཙུན་ནཱ་རོ་མཁའ་༼མཁན༽སྤྱོད་ཀྱི་འཁྲིད་ཡིག་ཆེན་མོ་མཁའ་སྤྱོད་བགྲོད་པའི་ཉེ་ལམ། བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་༼མཁན༽འཁྲིད་ཡིག་ཡིད་བཞིན་ནོར་བུའི་ཟ་མ་ཏོག་ཁ་འབྱེད་པའི་ལྡེ་མིག །གསང་ཆེན་ཐབས་རྒྱུད་གཤིན་རྗེ་མཐར་བྱེད་ཀྱི་ལམ་མཆོག་རྣལ་འབྱོར་དབང་ཕྱུག་བིར་ཝ་པའི་བཞེད་༼དྷཱི༽གཞུང་གཤེད་དམར་སྤྲོས་མེད་ཀྱི་འཁྲིད་ཡིག་ཉམས་རྟོགས་པད་དཀར་བཞད་པའི་ཉི་མ། གཤེད་དམར་ལྷ་ལྔའི་བསྐྱེད་རིམ་རྣམ་༼ནཱ་ཐ༽བཤད་འཁྲུལ་པ་ཟབ་ལ་མཐུན་གཅིག་གི་དབྱིངས་སུ་སྦྱོང་བ། རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་ཟབ་པའི་མཐར་ཐུག་༼མཁན༽རྭ་འཁྲིད་མཁའ་འགྲོའི་ཞལ་ལུང་སྙིང་གི་ཟུངས་ཁྲག་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་ཉིད་རྭ་ལུགས་ཐུན་མོང་མ་ཡིན་པའི་༼དབང༽དཀྱིལ་འཁོར་ཆོ་གའི་ངག་འདོན་བྲེེང་ཆགས་
ནག་པོ་འགྲོ་ཤེས་སུ་བཀོད་པ། རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་ཞལ་གཅིག་༼དབང༽ཕྱག་གཉིས་པའི་རྗེས་གནང་གི་ཡི་གེ །གཏོར་མ་དྲུག་ཅུ་རྩ་༼དབང༽བཞིའི་ཞལ་བསྒྱུར་གྱི་མན་ངག །སེམས་ཉིད་ངལ་གསོའི་༼མཻ༽འཁྲིད་ཀྱི་ཟིན་བྲིས་སེམས་ཀྱི་གདུང་སེལ། སྙིང་པོ་དོན་གསུམ་གྱི་འཁྲིད་ཡིག་༼མཻ༽ཟིན་བྲིས་ཡབ་གཅིག་ཐུགས་རྗེ་ཅན་གྱི་གསུང་རྒྱུན། མ་ཧཱ་མ་ཡའི་སྤྲོས་༼དབང༽མེད་ཀྱི་ཟིན་བྲིས་ཡིད་བདེ་རྣམ་རོལ། ཟབ་ལམ་ནི་གུ་ཆོས་དྲུག་གི་ཟིན་བྲིས་གསང་ཆེན་༼དབང༽བཅུད་ཀྱི་སྙིང་པོ་མཇུག་ཅུང་ཟད་མ་ཚང་བ། དེའི་བརྒྱུད་འདེབས་གནས་འོག་མིན་ཆོས་དབྱིངས་༼དབང༽མ། མཁས་གྲུབ་ཁྱུང་པོ་གདུབ་བུ་བའི་ཟ་བ་༼ནཱ་ཐ༽ཆོས་ཕྱག་ཆེན་གྭའུ་མའི་འཁྲིད་ཀྱི་ཟིན་བྲིས་སྙིང་པོ་གསལ་བྱེད། འདི་ནི་ཁྱུང་པོས་ཡེ་ཤེས་མཁའ་འགྲོ་ལ་གསན་པའི་རྡོ་རྗེ་ཐེག་པའི་ལམ་གྱི་ཕྱག་རྒྱ་ཆེན་པོ་ཡིན་གྱིས་ལྟ་བ་ལ་ཕྱག་ཆེན་དུ་མིང་བཏགས་པ་ནི་མིན་ནོ། །མ་གཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་མགོན་པོ་ཚེ་༼བྱམས༽དཔག་མེད་ཀྱི་འཁྲིད་ཡིག་བདུད་རྩིའི་ཟིལ་མངར། སཱཙྪ་འདེབས་༼གནས༽པའི་ཆོ་ག །རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་༼མཁན་༽འཁོར་ལོ་ཚེ་སྦྱིན་མའི་རྗེས་གནང་གི་ཡི་གེ །དེའི་འཁྲིད་སྐྱབས་༼ར༽ཡུལ་ཞིང་ཁམས་རྣམ་དག་མ། དེའི་སྦྱིན་སྲེག་གི་ཆོག་ཁྲིགས་ངག་འདོན་༼ར༽བཀླགས་ཆོག་ཏུ་བཀོད་པ་ཚེ་དང་བསོད་ནམས་ཀྱི་ཉི་མ་བདུན་འབར། འོད་ཟེར་ཅན་གྱི་གཟུངས་ནས་གསུངས་པའི་སྲོག་ཤིང་༼བིཀྵུ༽འཛུགས་པའི་ཆོ་ག་ལག་ལེན་བཀླགས་ཆོག །ལྷ་མོ་འོད་ཟེར་༼ནཱ་ཐ༽ཅན་མའི་སྒྲུབ་ཐབས། སུམ་པ་ལོ་ཙཱའི་༼བྱམས༽སྙན་བརྒྱུད་ཀྱི་འཁྲིད་ཡིག །ཁྲོ་མོ་སྨྲེ་བ་༼ཨཱ༽བརྩེགས་པའི་མངོན་རྟོགས་བསྲུང་
འཁོར་རྡོ་རྗེ་བྲག་རྫོང་མའི་འཁྲིད་ཡིག་ས་སྐྱ་ཚང་ཀྱི་རྣ་བར་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུ། ནང་སྒྲུབ་དང་གསང་བ་ཡང་གསང་སེམས་ཀྱི་གནད་ལ་བརྟེན་ནས་སྒྲུབ་པའི་གསང་འཁྲིད་ཡིད་བཞིན་ནོར་བུ། གུར་མགོན་ལྷ་བརྒྱད་དང་ལྷ་བཅུ་གཉིས་༼ཁྲ༽མའི་རྗེས་གནང་གི་ཟིན་བྲིས། ལྷ་བརྒྱད་མཁའ་འགྲོ་སྦྲགས་སྒྲུབ་ཀྱི་མཆོད་ཆོག་༼དབང༽དམ་ཅན་འདུ་བའི་མཆོད་སྤྲིན། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱིས་བསྐུལ་བའི་༼དབང༽ཟངས་གྲི་སྐོར་གསུམ་གྱི་གཏོར་འབུལ། དཔལ་མགོན་ཞལ་༼དབང༽བཞི་པའི་བསྲུང་འཁོར་ཚེ་སྒྲུབ་ཀྱི་ཟིན་བྲིས། བསོད་ནམས་དབང་ཕྱུག་གི་དོན་དུ་མཛད་པའི་མགོན་དཀར་ཡིད་བཞིན་༼དབང༽ནོར་བུའི་ཉམས་ལེན་ཞར་བྱུང་བསྟོད་པ་དུས་གསུམ་རྒྱལ་བ་མ་དང་བཅས་པ། དམ་ཅན་གཤིན་རྗེའི་རྒྱལ་པོའི་མངོན་༼དབང༽རྟོགས་གཏོར་འབུལ་བསྟོད་པ་དང་བཅས་པ། མདོ་ཁམས་པ་སྦྱིན་པ་བཟད་པོས་བསྐུལ་བའི་ལས་༼དབང༽གཤིན་གྱི་བསྐང་བ་མི་བཟང་འཇམ་དཔལ་མ། བེང་དམར་གྱི་༼དབང༽མངོན་རྟོགས། ༈ གསང་སྔགས་རྙིང་མའི་སྐོར་ལ། ཨོ་རྒྱན་རིན་པོ་ཆེ་མཚན་བརྒྱད་༼དབང༽དང་བཅས་པར་བསྟོད་པ། ཚེས་བཅུའི་ཕན་ཡོན་སྟོད་ཆར་ལུང་འདྲེན་༼ཁྲ༽མང་བ་དང་སྨད་དུ་བླ་མ་གསང་འདུས་ཀྱི་ཞིབ་ཆ་ཡོད་པ། ཐུགས་རྗེ་ཆེན་པོ་འཁོར་བ་༼མཻ༽དོང་༼ཇ༽སྤྲུག་གི་དབང་གི་བཀོལ་བྱང་དུ་གྲགས་པ། དེའི་ལམ་དབང་གི་ཆོ་ག་༼ཇ༽ཨོ་རྒྱན་བླ་མའི་ཞལ་ལུང་བདུད་རྩིའི་ཆར་འབེབས། དེའི་རྒྱུན་༼ཇ༽གྱི་མངོན་རྟོགས། རྟ་མགྲིན་ཡང་གསང་ཡབ་ཡུམ་རྐྱང་པའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་དང་གུ་༼དབང༽ རུ་ཞི་དྲག་གི་ཉམས་ལེན་བྱ་ཚུལ། དྲག་པོ་རྩལ་གྱི་མངོན་༼དཔང༽རྟོགས་རྒྱུན་
ཁྱེར། འཇོམས་བྱེད་ཆར་ཀ་ནག་པོ་བཀའ་གཏེར་གྱི་བརྒྱུད་༼ཟུར༽འདེབས་འཆི་བདག་གི་རེ་བ་འཇོམས་པ། བསྟན་མའི་སྲོག་དབང་༼ཟུར༽གི་ཕྱག་ལེན་ཤིན་ཏུ་གཅེས་པ་དང་བཅས་པ་རྣམས་ལེགས་པར་ཐོབ་པ་ལས་རྟགས་གང་ཡང་མེད་པ་རྣམས་ཀྱི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །སྔགས་འཆང་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ། ཐམས་ཅད་མཁྱེན་པ་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །མཁན་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས། མཁན་ཆེན་བསླབ་གསུམ་པ། རྗེ་དབང་རབ་མན་གོང་བཞིན་ནོ། །ཨཱའི་རྟགས་ཅན་གྱི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས། འཕགས་མཆོག་བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་གོང་དང་འདྲ། གནས་ཀྱི་རྟགས་ཡོད་པའི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས། རིན་པོ་ཆེ་རྟ་ར་བ། རྗེ་དབང་རབ། རྩ་བའི་བླ་མ་མགོན་པོ་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །ར་གཡུང་དྲུང་ཅན་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས། མཆོད་དཔོན་དཀོན་ཅོག་ལེགས་པ། རྗེ་དབང་རབ་མན་བཤད་མ་ཐག་པ་ལྟར་རོ། །བྱམས་ཀྱི་རྟགས་ཡོད་པའི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས། བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་གནས་རྟགས་དང་གཅིག །དབང་གི་རྟགས་ཡོད་པའི་བརྒྱུད་པ་ནི། མཁྱེན་བརྩེའི་ཞབས། རིན་པོ་ཆེ་རྟ་ར་བ། རྗེ་དབང་རབ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ར་རྐྱང་གི་རྟགས་ཡོད་པ་ནི། མཁྱེན་བརྩེའི་ཞབས། མཆོད་དཔོན་དཀོན་ཅོག་ལེགས་པ། རྗེ་དབང་རབ་མན་བཤད་མ་ཐག་
པ་ལྟར་རོ། །མཻ་རྟགས་ཡོད་པ་ནི། མཁྱེན་བརྩེའི་ཞབས། བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་དབང་གི་རྟགས་ཅན་དང་གཅིག །མཁན་གཡུང་དྲུང་ཅན་གྱི་རྟགས་ཡོད་པ་ནི། མཁྱེན་བརྩེའི་ཞབས། བསླབ་གསུམ་རྗེ། རྗེ་དབང་རབ་མན་འདྲའོ། །ནཱ་ཐའི་རྟགས་ཡོད་པ་ནི། མཁྱེན་བརྩེའི་ཞབས། བླ་མ་བསོད་ནམས་ཆོས་འཕེལ། རྗེ་དབང་རབ། རྗེ་བཀའ་འགྱུར་བ། ཞ་ལུ་པ་ཆེན་པོ། དེས་བདག་ལའོ། ༈ །བིཀྵུའི་རྟགས་ཡོད་པ་ནི། ཀུན་མཁྱེན་མཁྱེན་བརྩེའི་ཞབས། འདར་ཆོས་འཁོར་ཡང་རྩེའི་དགེ་སློང་དཀོན་ཅོག་རྒྱལ་མཚན། དགེ་སློང་མཁས་གྲུབ་པ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཁྲའི་རྟགས་ཡོད་པ་ནི། ཀུན་མཁྱེན་མཁྱེན་བརྩེ། རྗེ་རྟ་ར་བ། ཁྱབ་བདག་དབང་རབ། བཀའ་འགྱུར་བ་ཆེན་པོ། བླ་མ་འཇམ་དབྱངས་རྒྱལ་མཚན། མཁས་གྲུབ་བློ་མཆོག་རྡོ་རྗེ། དེས་བདག་ལའོ། །དྷཱིའི་རྟགས་ཡོད་པ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོ། སྐྱེད་ཚལ་འོག་མཁན་ཆེན་བློ་གྲོས་ཆོས་འཕགས། རྗེ་དབང་རབ། འཇམ་མགོན་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཇའི་རྟགས་ཡོད་པ་ནི། མཁྱེན་བརྩེའི་ཞབས་ནས། བྱམས་པ་སྐལ་བཟང་། རྗེ་དབང་རབ་མན་ཁྲའི་རྟགས་ཅན་གྱི་བརྒྱུད་པ་དང་གཅིག །ཟུར་གྱི་རྟགས་ཡོད་པ་ནི། མཁྱེན་བརྩེའི་ཞབས། རྗེ་དབང་རབ་མན་དྷཱིའི་རྟགས་ཅན་དང་འདྲ། ༈ །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་འབུམ་སྐོར་ལ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་དྲན་པའི་གདུང་དབྱངས་གནས་སྤྱི་གཙུག་མ། དེ་ལ་གསོལ་འདེབས་སྣང་སྲིད་བླ་མའི་རང་ཞལ་མ། དེ་ལ་གསོལ་འདེབས་
བཀའ་དྲིན་མཉམ་མེད་མ། རིགས་ཀུན་བདག་པོ་བསླབ་གསུམ་རྒྱལ་མཚན་དབང་པོའི་ཞལ་སྔ་ནས་ལ་བསྟོད་པ་དངོས་གྲུབ་རིན་ཅེན་ཆར་རྒྱུན་ནམ་ཞི་བ་གསེར་མངལ་མ། དེ་ཉིད་ཀྱི་འཁྲུངས་རབས་གསུམ་གྱི་གསོལ་འདེབས་རབ་འབྱམས་རྒྱལ་བ་མ། མཐུ་སྟོབས་ཀྱི་མངའ་བདག་དགོན་གསར་བ་རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ་ལ་བསྟོད་པ་མཁྱེན་བརྩེའི་མངའ་བདག་མ། བྱང་གླིང་འཇམ་དཔལ་བཀྲ་ཤིས་རྒྱལ་མཚན་ལ་བསྟོད་པ་དངོས་གྲུབ་རྒྱ་མཚོ་མ། ཀུན་མཁྱེན་མཁྱེན་བརྩེ་དང་རང་ཉིད་ལྷན་ཅིག་ཏུ་བསྟོད་པ་ཨོ་རྒྱན་སྐུ་དངོས་མ། རང་ཉིད་ཀྱི་འཁྲུངས་རབས་༼གནས༽གསོལ་༼གླང༽འདེབས་རྒྱལ་བའི་མཁྱེན་བརྩེ་མ། གསང་བའི་རྣམ་ཐར་གྱི་སྐོར་ལ། དགུང་ལོ་ཞེ་བརྒྱད་༼གླང༽ཀྱི་དུས་ཤེལ་བྲག་ཏུ་ཕེབས་པ། ཁྲ་༼གླང༽འབྲུག་ཏུ་ཕེབས་པ། ལུག་ལོ་ཤེལ་༼གླང༽བྲག་ཏུ་ཕེབས་པ། ལྗགས་བསྙེན་༼གླང༽གནང་བའི་ལྟས། སྤྲེའུ་ལོ་གསུང་ངག་༼གླང༽སློབ་བཤད་གསུངས་པའི་ལྟས། བྱ་ལོའི་༼གླང༽གཟིགས་སྣང་། གཙང་ལ་ཕེབས་༼གླང༽པ་དང་ཟབ་༼གླང༽པུ་ལུང་དུ་ཕེབས་པའི་སྐོར། ཞ་ལུར་འཇིགས་༼གླང༽བྱེད་ཞལ་གཟིགས་ཚུལ་རྣམས། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུག་གི་བརྒྱུད་འདེབས་འཁོར་བའི་གདུང་སེལ་ལམ་ཆོས་དབྱིངས་མ། མགོན་པོ་ཁྲོ་བཅུའི་བརྒྱུད་འདེབས་བདུད་ལས་རྣམ་རྒྱལ། རྗེ་བཙུན་སྡིངས་མ་བ་ཆེན་༼ནཱ་ཐ༽པོའི་རྣམ་པར་ཐར་པ་བྱིན་རླབས་ཀྱི་ཆུ་གཏེར་གཡོ་བ། བདེ་མཆོག་དཀར་པོའི་བསྐྱེད་རྫོགས་ཀྱི་ཉམས་༼དབང༽འཁྲིད་ཞར་བྱུང་ཚེ་འཁྲིད་དང་བཅས་པ་བྱང་ཆུབ་སྒྲུབ་པའི་ཉེ་ལམ་གྲུབ་པའི་ཞལ་ལུང་། ནཱ་རོ་མཁའ་སྤྱོད་ཀྱི་
རྒྱུན་གྱི་ཉམས་ལེན། འགོར་སངས་རྒྱས་ཆོས་ཚོགས་མ་ཡོད་པའི་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་མངོན་རྟོགས་རྒྱུན་ཁྱེར། སྒྲོལ་དཀར་གྱི་སྒྲུབ་ཐབས་བདུད་རྩིའི་དཔལ་སྟེར། མཁན་ཆེན་ཞ་ལུ་པ་ཆེན་པོས་བསྐུལ་བའི་རྗེས་གནང་སྤྱི་འགྲོ་འཆིངས། ཕྱག་རྡོར་འབྱུང་འདུལ་ལ་སྦྱར་བ། ཆོས་ཚན་གཅིག་ཏུ་ཚང་བའི་དམར་པོ་སྐོར་གསུམ་གྱི་རྗེས་གནང་གི་གསལ་བྱེད། ཚེ་སྒྲུབ་ལྕགས་གདོང་མའི་བདག་མདུན་བུམ་པའི་ཆོ་ག་ཚེའི་ཆུ་རྒྱུན། གླང་བུ་ཆོས་རྗེ་འཇམ་དབྱངས་ཆོས་སྐྱོང་དབང་ཕྱུག་གིས་བསྐུལ་བའི་ཚེས་བཅུའི་ཆོག་ཁྲིགས་མཐོང་བས་དོན་གྲུབ། རྙིང་མ་ལུགས་ཀྱི་བགེགས་གཏོར་གཏོང་ལུགས། འགོར་ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿ ཡོད་པའི་ནག་པོ་ཆེན་པོའི་གཏོར་ཆོག་བསྡུས་པ། བྲག་རྫོང་མའི་ས་བཅད། མགོན་པོ་ཁྲོ་བཅུའི་གཏོར་ཟློག་བདུད་ལས་རྣམ་པར་རྒྱལ་བ། མགོན་པོ་ཞལ་གྱི་གསང་༼གླང༽ཁྲིད་སྙིང་ནང་གི་ཁྲག་ལྟ་བུ། བསྟན་སྲུངས་སྟག་ཞོན་ནག་པོའི་གཏོར་ཆོག་བསྡུས་པ། འགོར་ལག་ལེན་ལྟར་བཤམས་པའི་གཏོར་མ་ཞེས་ཡོད་པའི་ཞང་བློན་རྡོ་རྗེ་བདུད་འདུལ་གྱི་གཏོར་ཆོག །དེའི་གཏོར་བསྔོ་བསྡུས་པ་བྱ་ཚུལ། དུར་ཁྲོད་བདག་པོའི་བསྐང་རྫས་བྱིན་རླབས་བཞིའི་བནྡེས་བགྱིས་པའི་མཐའ་ཅན། མགོན་པོ་བེང་དམར་གྱི་རྗེས་གནང་ཟུར་འདེབས་བནྡེ་དབང་རབ་ཀྱིས་བགྱིས་པའི་མཐའ་ཅན། གཏོར་མ་བསྟབ་པའི་དམིགས་རིམ་བོད་ཀྱི་ཡུལ་བདག་ཆེན་མོའི་༼གཏེར༽དབང་ཆོག་དངོས་གྲུབ་ཆར་འབེབས་རྣམས་ཐོབ་པ་ལས་རྟགས་གང་ཡང་མེད་པ་རྣམས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་
ལའོ། ༈ །དབང་གི་རྟགས་ཡོད་པའི་བརྒྱུད་པ་ནི་བཤད་མ་ཐག་པ་ལྟར་རམ་ཡང་ན་རྗེ་དབང་རབ་ནས། རྗེ་བཙུན་བཀའ་འགྱུར་བ་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ནཱ་ཐའི་རྟགས་ཡོད་པ་ནི། རྗེ་བཀའ་འགྱུར་བ་ཡན་བཤད་མ་ཐག་པ་ལྟར་ལ། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །གནས་ཀྱི་རྟགས་ཡོད་པ་ནི། རྗེ་བཀའ་འགྱུར་བ་ལ་བདག་གིས་ཞུས་སོ། །གླང་གི་རྟགས་ཡོད་པ་ནི། རྗེ་དབང་རབ། གླང་བུ་ཆོས་རྗེ་ཆོས་སྐྱོང་དབང་ཕྱུག ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །གཏེར་གྱི་རྟགས་ཡོད་པ་ནི། རྗེ་བཀའ་འགྱུར་བ་ནས། རིག་འཛིན་འཕྲིན་ལས་ལྷུན་གྲུབ། སྤྲུལ་སྐུ་གཏེར་བདག་གླིང་པ། དེས་བདག་ལའོ། ༈ །རྡོ་རྗེ་འཆང་སྒོ་རུམ་པ་ནས་བརྒྱུད་པའི་མན་ངག་གཅེས་བསྡུས་ཀྱི་སྐོར་ལ། གདོན་སྤྱི་དང་བྱེ་བྲག་པེ་ཧར་གྱིས་མི་ཚུགས་པ། འཆི་བདག་འཇོམས་པ། གདོན་སྤྱི་དང་བྱེ་བྲག་ཀླུ་བདུད་ཀྱིས་མི་ཚུགས་པ། གཞན་གྱི་བྱད་ཁོ་རང་ལ་ཟློག །མཚན་འགྲོས་ཀྱི་དུས་འབྱུང་པོས་མི་ཚུགས་པ། བྱད་འགྲོལ་རྣམས་ཀྱི་ལུང་ཕྱག་བཞེས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་དྲིན་མཉམ་མེད་ཁྱབ་བདག་ཞ་ལུ་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ།