Nitartha Digital Library
Tibetan
རྗེ་ཙོང་ཁ་པའི་གསུང་འབུམ།

291 occurrences of དགོངས་པ་
[Clear Hits]


72  collapse section
11   
10   
19   
21   
11   
 
 
183  expand section
 
རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལམ་གྱི་གནད་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ།
 
 
19   


291 occurrences of དགོངས་པ་
[Clear Hits]

 
previousརྗེ་བཙུན་འཇམ་པའི་དབྱངས་ཀྱི་ལམ་གྱི་གནད་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ། next

རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལམ་གྱི་གནད་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ།


JLD014_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་འཇམ་པའི་དབྱངས་ཀྱི་ལམ་གྱི་གནད་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ་བཞུགས་སོ། །


JLD014_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་ཕྱི་བྱུང་བའི་ཡིད་ཆེས་ཀྱི་གནས་སུ་བཟུང་བ་འདི་དག་ལ། ཡིད་ཆེས་པའི་རྟགས་དུ་མ་ཡོད་ཀྱང་། བྲིར་མ་ལང་བས། མདོར་བསྡུ་ན་བདག་ལ་ཐལ་འགྱུར་བའི་ལྟ་བ་ཁས་ལེན་ཐམས་ཅད་དང་བྲལ་བ་དེ་ཡོད་པར་བསྒོམ་ནའང༌། ཞུ་གཏུགས་ལེགས་པོ་བགྱིས་པས། ད་དུང་མ་གོ་བའི་རྒྱུ་མཚན་དང་བཅས་པ་གསུངས་ཤིང༌། དེ་ལ་བརྒལ་ཞིང་བརྟག་པ་ཡུན་རིང་པོའི་བར་དུ་བགྱིས་པས། ཐལ་འགྱུར་གྱི་ལྟ་བ་ལ་འདི་འདྲ་ཞིག་དགོས། ཁྱོད་ཀྱི་བློ་ལ་འདི་འདྲ་ཞིག་ལས་མེད་པ་ལ་སོགས་པ་དུ་མ་གསུངས་པ་རྣམས་འཕགས་པ་ཡབ་སྲས་ཀྱི་གཞུང་དང་བསྒྲིགས་ནས་མཛད་པས་མ་གོ་བར་ཤེས་ནས། གོ་བའི་ཐབས་ཞུས་ནས། བསྟན་པ་རྣམས་བྱས་པས། ད་ལྟ་རྟེན་འབྲེལ་གྱི་རང་བཞིན་སྔར་ཡེ་མ་གོ་བ་ཞིག་གསར་དུ་གོ་ནས་ངེས་ཤེས་


JLD014_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཐོབ་པ་ཞིག་བྱུང་ལགས། །དེ་ཡང་སྤྱིར་སྟོང་པས་ཡོད་མཐའ་དང་། སྣང་བས་མེད་མཐའ་སེལ་བ་འདི། །རྒྱང་པན་གྱི་བར་ལ་ཐུན་མོང་བ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ་སྣང་པས་ཡོད་མཐའ་དང༌། སྟོང་པས་མེད་མཐའ་སེལ་ཞིང༌། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། འཁོར་འདས་ཀྱི་ཆོས་རྣམས་ཀྱི་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་ཞིང༌། མི་སླུ་བའི་ཚུལ་རང་རྒྱུད་དུ་ཁས་ལེན་ལ། དེ་ཉིད་ཀྱིས་མཐའ་ཐམས་ཅད་སྤོང་བའི་སྟོང་ཉིད་འགྱུར་ཚུལ་སོགས་དཔག་ཏུ་མེད་པའམ་ཞིབ་ཆ་དང་། མདོར་ན་མ་དཔྱད་པ་ཞེའམ། གཞན་ངོར་ཞེའམ། ཐ་སྙད་དུ་རྒྱུ་འབྲས་མི་སླུ་བ་དང༌། དཔྱད་ན་ཞེའམ། རང་ལུགས་ལ་ཞེའམ། གནས་ལུགས་ལ་བསླུ་བ་དང་མི་སླུ་བའི་རྣམ་གཞག་གང་ཡང་མེད་ཟེར་བ་ལྟ་བུའང་མིན།


JLD014_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

མ་དཔྱད་བའི་ངོ་ན་བསླུ་བར་མཐོང་ཞིང༌། དཔྱད་ན་འདི་ཡིན་མ་རྙེད་ནས། ད་གཟོད་རྒྱུ་འབྲས་མཐོང་ནས། དེ་གཉིས་གཞི་གཅིག་གི་སྟེང་དུ་སྦྱོར་བ་ལ་བསམས་ནས། རྟེན་འབྲེལ་དང་སྟོང་པ་དབྱེར་མེད་དུ་བྱེད་པའང་མིན་པར་རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་སླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་བའང་འོང་བའི་ཚུལ་དང༌། རྒྱུ་འབྲས་མི་སླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་འགྲུབ་པའི་ཚུལ་ལས་རྒྱུ་འབྲས་མི་སླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ཀ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཞིག་གདའ། སྔར་དུས་ཀྱང་དེ་འདྲའི་ཚི་འགྲིག་ཕྱིས་དང༌ཁྱད་མེད་པ་བྱུང་འདུག་སྟེ། ངེས་ཤེས་ཡེ་མ་འདྲོངས་གདའ། ངེད་རང་གི་བསམ་previous hit ་ལ་ངེད་ཀྱིས་མ་གོ་ན། ངེད་དང་སློབ་དཔོན་ཁྱད་མེད་པས་སློབ་དཔོན་པས་ཀྱང་མ་དགོངས next hit་སྙམ་ནས་ཞུས་པས་རང་རེས་previous hit དགོངས་ཡོད། འོན་ཀྱང་ཞིབ་ཆ་འགའ་ཡར་ནི་མི་ཤེས་གསུང༌། དེས་ན་ལྟ་བའི་གནད་མཐར་ཐུག་ next hit་དེ་ལྟ་བུ་དང༌། སྤྱོད་པའི་གནད་ཕྲ་ཞིབ་རྣམས་དང༌། ཉམས་ལེན་བྱེད་པའི་ལམ་དུ་འགྲོ་མི་འགྲོ་དང༌། སྔགས་མཚན་ཉིད་ཀྱི་གནད་ཆེས་དཀའ་བ་སོགས་ལ། དེ་གོང་དུ་ཐེ་ཚོམ་དུ་ཡོད་ཅིང༌། དཔྱད་པ་མ་རྙེད་པ་རྣམས་ལེགས་པར་རིགས་སྟོབས་ཀྱིས་བསྒྲུབ་ལུགས་ལ་བལྟས་པས་གཏིང་ནས་ཐེ་ཚོམ་ཀྱི་དྲི་མ་ཡང་མེད་པར་ཡིད་ཆེས་སྐྱེ་བར་གདའ། འདི་པའི་ལུགས་ཀྱིས་ད་ལྟའི་བཤད་ཉན་དང་སྒོམ་སྒྲུབ་གཉིས་བཤད་ཉན་ལ་རྩིས་མཛད་ཅིང༌། སྤྱིར་


JLD014_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྣམ་གྲངས་མང་ཡང༌། ཐར་བའི་རྒྱུར་འགྲོ་བ་ནི་གསུམ་སྟེ། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ལྟ་བ་རྣམ་དག་གོ །ད་ལྟ་འདི་གསུམ་ལ་མྱོང་བ་ཐོན་པ་ལྟ་ཞོག །འདི་གསུམ་གྱི་གོ་བ་རྣམ་དག་ཡོད་པའང་དཀོན། དེ་ལ་དང་པོ་གཉིས་ཀྱི་གོ་བས་ནི་ཐར་པའི་ས་བོན་འཇོག་མི་ནུས་ལ། ཕྱི་མ་སྟོབས་ཆེ་བས་འཇོག་ནུས། དང་པོ་གཉིས་གོ་བ་ཙམ་ལ་མ་ལུས་པའི་ཡིད་ཁྱུར་འགྱུར་པའི་མྱོང་བ་ཐོན་པས་ཐར་པའི་ས་བོན་འཇོག །དེ་ཡང་འབད་པ་དྲག་པོས་དམིགས་རྣམ་ཡིད་ལ་བྱས་པ་ན་གོམས་པའི་མཐུས་ཡིད་འགྱུར་བ་ན་རྩོལ་བཅས་ཀྱི་མྱོང་བ་ཐོན་པས། དེས་ཐར་པའི་ས་བོན་འཇོག་ནུས་ཀྱང་ལམ་གྱི་སྣར་མ་སླེབ། སྲིད་པའི་བདེ་འབྱོར་དང་སེམས་ཅན་དྲན་པ་ཙམ་གྱིས་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རྒྱུན་ལྡན་དུ་འཇུག་པའི་མྱོང་བ་ཐོན་ན་ཚོགས་ལམ་ཆུང་དུར་འཇོག་པར་གདའ། འཁོར་བའི་སྣང་ཤས་དང༌། ཐར་བའི་ཕན་ཡོན་མཐོང་པའི་དྲན་ཤེས་ནར་མར་བསྟེན་ནས། སྣང་ཤས་ལ་བློ་འགྲོར་མི་སྟེར་བར་སྲིད་པའི་འཚང་བཅར་ཞིང༌། ཐར་བའི་ཕན་ཡོན་ལ་སེམས་འཇོག་པའི་དམིགས་རྣམ་གོམས་ནས་ངེས་འབྱུང་ལ་མྱོང་བ་མ་བཏོན་བར། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན་གྱི་དགེ་རྩ་གོམས་ཀྱང་ཐར་པའི་རྒྱུར་གཏན་ནས་མི་འགྲོ་བས། ཐར་འདོད་ཀྱིས་ཐོག་མར་གདམས་ངག་གང་ཟབ་ཟེར་བ་ཐམས་ཅད་བཞག་ནས། ངེས་འབྱུང་ལ་རྟོག་སྒོམ་བྱ་དགོས། ཐེག་ཆེན་སྒྲུབ་པ་པོས་རང་དོན་ཡིད་བྱེད་ཀྱི་སྐྱོན་དང་གཞན་དོན་གྱི་ཕན་ཡོན་ལ་དྲན་ཤེས་ཐུར་


JLD014_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

རེ་བསྟེན་ནས། སེམས་བསྐྱེད་ལ་མྱོང་བ་འདོན་པའི་དམིགས་རྣམ་གོམས་པར་མ་བྱས་ན། གཞན་གང་བྱས་ཀྱང་ལམ་དུ་མི་འགྱུར་ཏེ། གཞན་དུ་ན་དགེ་རྩ་རྣམས་རང་དོན་ཡིན་བྱེད་ཀྱི་དབང་དུ་བྱས་ནས་དམན་པའི་བྱང་ཆུབ་ཀྱི་རྒྱུ་འབའ་ཞིག་ཏུ་འགྱུར་པའི་ཕྱིར་ཏེ། དཔེར་ན། ངེས་འབྱུང་ལ་དྲན་ཤེས་བསྟེན་པའི་དམིགས་རྣམས་གོམས་པར་མ་བྱས་ན། དགེ་བ་ཐམས་ཅད་སྣང་ཤས་ཀྱི་དབང་དུ་བྱས་ནས་འཁོར་བ་འབའ་ཞིག་གི་རྒྱུ་བྱེད་པ་བཞིན་ནོ། །དེས་ན་སྔགས་ལ་སོགས་པའི་གདམས་ངག་གང་ཟབ་ཟེར་བ་རྣམས་བཞག་ནས། ཐོག་མར་ངེས་འབྱུང་དང༌། བྱང་སེམས་ལ་མྱོང་བ་འཐོན་པ་རེ་བྱ་དགོས། དེ་སྐྱེས་པ་དང༌། དེ་ནས་དགེ་བ་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་དབང་མེད་དུ་འགྲོ་བས་དེས་ན་འདི་སྒོམ་རིན་མི་ཆོག་པར་བྱེད་པ་ནི་ལམ་གྱི་གནད་གཏན་ནས་མ་ཤེས་པ་ཡིན་གསུང༌། དེ་ལྟར་དེ་གཉིས་ཀྱིས་ཐོག་མར་རྒྱུད་སྨིན་པར་བྱས་ནས་གྲོལ་བར་བྱེད་པ་ནི། ཐོག་མར་ཅིར་ཡང་མི་རྟོག་པ་ལ་དྲན་ཤེས་ནར་རེ་བསྟེན་ནས། གནས་པ་བརྟན་པོ་འོང་བའི་ཞི་གནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དང་བསྲེ་ཐུབ་པའི་གནས་ཆ་ཞིག་བཙལ་ལོ། །དེ་ནས་ལྷག་མཐོང་སྒོམ་དགོས་ཏེ། དེ་ཡང་སེམས་ཀྱི་གནས་ཆ་ཞིག་མ་རྙེད་པའི་གོང་དུ་ལྷག་མཐོང་བསྒོམས་ཀྱང་འཕྲོ་དགོས་པས་མྱོང་བ་མི་ཐོན་གནས་ཆ་རྙེད་ཀྱང་ཐོས་པ་རྣམ་དག་གི་སྟོབས་ཀྱིས་བདག་མེད་ལ་ངེས་ཤེས་འདྲོགས་ཡགས་ཤིག་མེད་ན། ལྷག་མཐོང་གི་མྱོང་བ་རྣམ་དག་སྐྱེ་བའི་སྐབས་མེད། དེས་ན་གནས་ཆ་ནམ་རྙེད་པ་དང༌། དེ་ནས་ལྷག་


JLD014_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལ་མྱོང་བ་གདོན་ཏེ། །དེ་ཡང་འདི་ལྟར། ཡུལ་སྣང་གཞན་ལའང་རང་བཞིན་མེད་པར་གཏན་ལ་ཕབ་ནས་བསྒོམས་ནའང་མྱོང་བ་འཐོན་པ་འོང་མོད། འོན་ཀྱང་གནད་དུ་ཆེ་བ་ནི། དང་པོར་གང་ཟག་གི་བདག་མེད་རྣམ་པ་བདུན་གྱིས་བཙལ་ནས་བདག་མེད་པ་ལྟ་བུ་དེ་ལ་ལེགས་པར་རིགས་པས་གཏན་ལ་ཕབ་ནས་མ་རྙེད་པ་དང་། དེ་ཀའི་ངང་ལ་དྲན་ཤེས་བསྟེན་ནས་མཉམ་པར་བཞག །ནམ་འཕྲོ་བ་དང་སྔར་བཞིན་རིགས་པས་དཔྱད་ན་མ་རྙེད་པ་དང་དེ་ཀའི་ངང་ལ་བཞག་སྟེ། འདི་ཉིད་རེ་ལ་ལན་བཅུ་གཉིས་རེ་ཙམ་ལས་མངས་ན། འཕྲོ་ཤས་ཆེར་སོང་ནས་མྱོང་བ་མི་ཐོན། དེས་ན་ད་ལྟའི་གདམས་ངག་པ་རྣམས་འདོད་པ་ལྟར། སེམས་ཅིར་ཡང་མི་རྟོག་པར་བཞག་ནས། དེ་ནས་ད་ལྟ་བས་གནས་ལུགས་ཅིར་ཡང་ཐ་སྙད་བཏགས་པ་མེད་པར་གཏན་ལ་ཕབ་པ་དང་གཉིས་གཅིག་ཏུ་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པར་འཇོག་པ་འདིས། ཞི་གནས་ཙམ་མ་གཏོགས་པ་ལྷག་མཐོང་ལ་མྱོང་བ་འཐོན་པ་མི་སྲིད་གསུང་པས། གནས་པ་རྙེད་ནས་མཚན་ཉིད་ཐེག་པ་ནས་བཤད་པའི་དཔྱད་སྒོམ་མ་བྱས་ན་ལྟ་བ་ལ་མྱོང་བ་མི་ཐོན་པས་དཔྱད་སྒོམ་བྱ་དགོས། དཔྱད་སྒོམ་ཡང་སྔར་ལྟར་ཡིན་གྱི། འགའ་ཞིག་གི་ལྟར་རྒྱུན་པར་བསམ་བློ་གཏོང་བའང་མིན། གནས་ཆ་མ་བཙལ་བར་ལྟ་བ་སྐྱོང་བའང་མིན། དེ་ལྟར་ན་ད་ལྟར་གྱི་སྐྱོང་ལུགས་ཀྱི་གནས་པ་འདི་གཏན་ནས་ལམ་གྱི་ངོ་བོ་མིན་གསུང༌། འདི་རྣམས་རང་རེ་དང་མཐུན་ཤས་ཆེ་བས་ཟུར་ཙམ་སྨོས་པ་དང་ངེས་ཤེས་རྔམས་


JLD014_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདྲོངས་མཆི། །ངེད་ཀྱི་ཡིད་ལ་ཐལ་འགྱུར་བའི་ལུགས་ཀྱི་ཅི་ཡང་ཡིད་ལ་མི་བྱེད་པར་བསྒོམ་པ་དང་ལྟ་བ་ཁྱད་མི་སྣང་བས་རུང་ལ། རང་རྒྱུད་ཕྱིན་ལ་སྒོམ་ལུགས་འདི་ལམ་ངོ་བོའི་སྒོམ་ལུགས་སུ་འོང་ས་ཡེ་མི་འདུག་སྙམ་ནས་ཞུས་པས། ཕྱི་མ་དེ་ཀར་འདུག །ཐལ་འགྱུར་བའི་ལུགས་ཀྱིས་ཀྱང་དེ་ལྟར་བྱས་ན་ཞི་གནས་སྒོམ་པར་འགྱུར་གྱི། ལྷག་མཐོང་སྒོམ་པ་ལ་ནི་ངེས་པར་དཔྱད་སྒོམ་བྱ་དགོས་གསུང༌། མདོར་ན་དངོས་པོའི་གནས་ལུགས་ཅི་ཡང་མིན་པ་དང༌། བློས་ཅིར་ཡང་མི་འཛིན་པ་གཉིས་མཐུན་པར་འདུག་བསམ་པ་དང༌། མདོ་རྒྱུད་རྣམས་སུའང་ཅི་ཡང་མི་སྒོམ་པ་གནས་ལུགས་བསྒོམ་པར་བཤད་པ་རྣམས་ཀྱིས་འཁྲུལ་གཞི་བྱས་ནས། ཅིང་ཡང་ཡིད་ལ་མི་བྱེད་པ་སྒྲ་རྟོག་བཀག་པའི་སྒོམ་ལ། གནས་ལུགས་བསྒོམ་པར་འཁྲུལ་འདུག་པ་འདི་གཏན་མི་རིགས་ཏེ། ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་པ་གནས་ལུགས་བསྒོམ་པར་གསུངས་ཤིང༌། དེའི་བསྔགས་པ་དཔག་མེད་གསུངས་པ་ནི། སྒྲ་རྟོག་ཙམ་མིན་པར་འཛིན་པ་མཐའ་དག་ནས། རྣམ་གྲངས་མིན་པའི་དོན་དམ་དང་བློ་གཉིས་དབྱེར་མེད་དུ་གསུངས་previous hit ་འཕགས་པའི་མཉམ་གཞག་ལ་དགོངས next hit་ལ། སོ་སྐྱེ་ལ་རྣམ་གྲངས་མིན་པའི་དོན་དམ་དུ་བློ་དོན་མཐུན་པ་གཏན་ནས་མེད་པའི་ཕྱིར་དང༌། སོ་སྐྱེ་ལ་གནས་ལུགས་ལྐོག་ཏུ་གྱུར་པའི་སྒྲ་རྟོག་བཀག་པའི་སྒོམ་གྱིས། དེ་ཡུལ་དུ་མི་ནུས་པའི་ཕྱིར་དང༌། རྟོག་མེད་ཀྱི་གནས་ལུགས་ཡུལ་དུ་བྱས་ན་མངོན་གྱུར་དུ་ཐལ་བའི་ཕྱིར་རོ། །དེས་ན་རྣམ་གྲངས་མིན་པ་ལ་སོ་སྐྱེས་མི་


JLD014_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པས་དེ་འཕགས་པ་ལ་ཡིན་ལ། དེ་ལ་འཇུག་པའི་ཐབས་དུ་རྟེན་འབྲེལ་རང་བཞིན་མེད་པ་སོགས་རྣམ་གྲངས་པའི་དོན་དམ་གནས་ལུགས་སུ་ཞེན་ནས་དཔྱད་སྒོམ་གྱིས་ཞུགས་པས། རྣམ་གྲངས་མིན་པ་ཐོབ་པར་འགྱུར་གསུང་དེས་ན་སྒོམ་དུ་མ་ཟད། ལྟ་བས་གཏན་ལ་འབེབས་ནའང་རྣམ་གྲངས་མིན་པའི་དོན་དམ་ལྟར་བྱེད་ན། གང་གིས་བཤད་ནས་གང་གིས་ཉན། སུས་གོ ། །འོན་ཀྱང་ལྟ་བའི་གོ་ཡུལ་ཡང་བཙལ་དགོས། དེ་མ་བྱས་ན་ལྟ་བ་གོ་བ་གར་སྲིད། དེས་མཚོན་ནས་དཔག་ཏུ་མེད། དེའི་ཕྱིར་ཐལ་འགྱུར་བའི་འཕགས་པ་ཆེན་པོ་རྣམས་ལ་མཉམ་གཞག་ན་ཁས་ལེན་ཐམས་ཅད་ཞིག་པས་མཉམ་གཞག་དང་ཁྱད་མེད། དེ་དག་གིས་རྗེས་ཐོབ་ན་རྟེན་འབྲེལ་གཟུགས་བརྙན་ལྟ་བུ། རྣམ་གྲགས་པའི་དོན་དམ་བདེན་པ་དགག་ཏུ་མེད་པ་འཆར་བས་སོ་སྐྱེ་ཐལ་འགྱུར་བས་ཀྱང་རང་བཞིན་མེད་པའི་རྟེན་འབྲེལ་གཟུགས་བརྙན་ལྟ་བུ་ངེས་པར་གནས་ལུགས་ལ་ཡང་འདོད་དགོས། དེ་ཁས་བླངས་ཀྱང་རེ་ཞིག་ལ་སྐྱོན་དུ་མི་འགྱུར། དེ་དགག་ཏུའང་མི་ནུས་པས། ཁས་བླངས་གཞན་ཁས་ལེན་པ་ལ་ནི་ཕྱིར་རྒོལ་གྱི་བསམ་པ་ལ་བརྟགས་ནས་དེས་ཁས་བླངས་པའི་རིགས་པ་དང༌། རྗེས་སུ་མཐུན་པ་ཁས་བླངས་ནས་ཁོའི་འདོད་པ་སུན་དབྱུང་དགོས་པ་དེ་ལ་ནི་རྒྱང་པན་ཡན་ཆད་ཀྱི་གྲུབ་མཐའ་ལ་ཁས་འདི་ལེན་པ་དང་འདི་མི་ལེན་པ་མེད། དེ་ཡང་ཁོ་གང་འདོད་པའི་ལོག་ཕྱོགས་དེ་ཁས་བླང་མགོ་མཚུངས་སོགས་བྱས་པས་མཐར་ཁོའི་འདོད་པ་ལ་གནོད་བྱེད་མཐོང་བ་དང༌། རང་ལུགས་བཞག་པ་དེ་ཡང་དེ་དང་འདྲའོ་ཞེས་བསྟན་ལ་རང་གི་དགོས་


JLD014_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་ཁས་བླངས་བར་བསྟན་པས་གཉིས་ཀ་མཉམ་པོར་འགྲོ། དེ་ཡང་གཞན་ངོར་ཁས་བླངས་ཙམ་ཡིན་གྱི། ངེས་པར་ཁས་བླངས་ཟེར་མི་བཏུབ། ཕྱོགས་སྔ་གཉིས་ཀ་ལ་ཁོས་སྐྱོན་མ་མཐོང་གི་བར་དུ་རང་གི་ཞེ་འདོད་ཡིན་པ་བཞིན་བྱ་དགོས་གསུང་། དེ་ལྟར་གང་ཟག་གི་བདག་མེད་ལ་དཔྱད་སྒོམ་གྱིས་མྱོང་བ་འཐོན་པ་དང༌། དེ་ནས་ཆོས་ཀྱི་བདག་མེད་ཀྱི་དམིགས་རྣམ་དུ་མ་ལ་རྩལ་སྦྱོང༌། སྔགས་ཀྱི་རྫོགས་རིམ་རྣམས་ལ་ཡང་མཚན་ཉིད་ཀྱི་ལྟ་བའི་མྱོང་བ་འདི་མེད་པས། ལྟ་བའི་གོ་ལུགས་ཡོད་ཀྱང་ལམ་དུ་མི་འགྲོ། བདེ་གསལ་མི་རྟོག་པའི་ཉམས་མཆོག་ཏུ་གྱུར་པ་སྐྱེས་ནས། སྒྲ་རྟོག་གཏན་མི་རྒྱུའམ། རྒྱུ་ཡང་གནས་ཆ་སྟོབས་ཆེ་བས་གཅིག་ནས་གཉིས་སུ་མཚམས་སྦྱོར་མི་ཐུབ་པར་དམིགས་གཏད་ཞིག་པ་སྙམ་བྱེད་པ་དང༌། ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟར་འཆར་བ་ཡང་འོང་ཡང་སྒྲ་རྟོག་གནས་ཆ་ཆེས་པས་ཞི་གནས་ཀྱི་མཐུས་བཀག་པའི་དམིགས་གཏད་ཞིག་པ་འདྲ་བ་ཞིག་བྱུང་བ་ཡིན་གྱི། གཉིས་སྣང་གི་རྟོག་པ་ལས་མ་འདས་པས་འདི་འཇིག་མི་ཐུབ། དེ་འདྲ་བ་བསམ་གཏན་བཞི་ཐོབ་ནའང་འོང་། ཡུལ་ལྔའི་རྣམ་པ་ཐམས་ཅད་མཉམ་པར་བཞག་པ་ན། ན་བུན་ལྟར་སྣང་བ་འོང༌། དེར་མ་ཟད་གཟུགས་མེད་ཐོབ་ན་མཉམ་གཞག་གི་ཚེ་སྣང་བ་འགགས་ནས་ཀྱང་འགྲོ་བ་འོང་སྟེ། ལྷག་མཐོང་གི་མཐུས་མིན་གྱི། ཞི་གནས་ཀྱི་སྟོབས་ཀྱིས་ཡིན་ནོ། །ཡུལ་དེ་ལྟར་སྣང་ཡང་ནང་གི་མྱོང་རིག་ལ་བྲོད་པ་འདོར་མི་ནུས་ཏེ། ལྟ་བ་ལ་མྱོང་བ་མ་ཐོན་པས་སོ། །སྔགས་ཀྱི་ལམ་མྱུར་བར་བྱེད་པ་ནི་ཞི་གནས་མྱུར་བ་དང་། ཞི་གནས་


JLD014_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ལྡན་བསྒྲུབ་ལུགས་མཚན་ཉིད་ན་མེད་པ་རྣམས་ཡོད་ལ། ཞི་གནས་ཅི་ཙམ་སྟོབས་ཆེ་བ་བཞིན་ལྟ་བ་ལ་མྱོང་བ་སྟོབས་ལྡན་འགྲུབ་པ་ཡོད་པས་མྱུར་བ་ཡིན་ན། དེས་ན་མཚན་ཉིད་ཀྱི་ཐེག་པའི་གནད་གསུམ་གོང་དུ་བསྟན་པ་རྣམས་ཀྱང་ཤེས། སྔགས་ཀྱི་ཐབས་ལམ་གྱི་གདམས་ངག་གནད་ཀྱང་ཡོད་པ་ཀླུ་སྒྲུབ་ཟླ་གྲགས་འདྲ་བ་སྟེ། མཚན་ཉིད་ཐེག་པ་རྐྱང་པའི་གདུལ་བྱ་ལས་མྱུར་བ་དང༌། ཁྱད་པར་དུ་འཕགས་ཀྱི། མཚན་ཉིད་ཀྱི་ལམ་གྱི་གནད་མེད་པའི་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གདུལ་བྱ་དེ། མཚན་ཉིད་ཀྱི་གདུལ་བྱ་ལས་དམན་ཏེ། དེས་ལམ་དེ་ལ་བརྟེན་ནས་སངས་མི་རྒྱ་ལ་མཚན་ཉིད་ཀྱིས་སངས་རྒྱ་བས་མཆོག་ཡིན་ནོ། །དེ་ལྟར་ཐུན་མོང་མིན་པའི་ལམ་གྱི་དབང་དུ་བྱས་ནས་མཚན་ཉིད་མཆོག་དང༌། སྔགས་ཉོན་མོངས་ཀྱི་དབང་དུ་སོང་དྲགས་ནས་རྒྱུད་མ་དག་པའི་གདུལ་བྱ་ལ་མངོན་མཐོའི་རྒྱུ་ཙམ་གྱི་ཐབས་ཞི་གནས་སོགས་བསྟན་པས་དམན་པ་ཡིན་གསུང༌། འདི་རྣམས་ཐམས་ཅད་ལ་དགག་སྒྲུབ་དཔག་མེད་བྱས་ནས་ཞུ་གཏུགས་བྱས་པ་དུ་མ་ཡོད་ཀྱང་བྲིར་མ་ལང༌། དགེའོ། །རྗེ་རིན་པོ་ཆེ་ཙོང་ཁ་པ་བློ་བཟང་གྲགས་པ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདམས་པ་ལས། འགག་བསྡུས་ཐོར་བུ་བ་མདོར་བསྡུས་ནས་ཉིད་ཀྱི་བླ་མ་ཁྱད་པར་བཀའ་དྲིན་ཆེ་བ་རེད་མདའ་པ་ལ་ཤོག་དྲིལ་དུ་ཕུལ་བའོ། །འདི་ཅི་རིགས་ཀྱི་ཐུགས་ཡུལ་དུ་མི་མཚམ་པས་སྦ་བར་བྱའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །


previousརྗེ་བཙུན་འཇམ་པའི་དབྱངས་ཀྱི་ལམ་གྱི་གནད་རྗེ་རེད་མདའ་བ་ལ་ཤོག་དྲིལ་དུ་ཕུལ་བ། next