Nitartha Digital Library
Tibetan
བྱ་བྲལ་སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

27 occurrences of བརྒྱུད་གསུམ་
[Clear Hits]


 
 
 
 
 
  
  
  
  
  
  
  
 
 
རིག་འདུས་ཆོ་གའི་འདོན་འགྲིགས་མཐོང་བས་དོན་རྟོགས།
  
  
 
 
  
  
  
  
 
  
 
 
  
  
 
 
  
  
 
 
  
  
  
 
  


27 occurrences of བརྒྱུད་གསུམ་
[Clear Hits]

 
previousརིག་འདུས་ཆོ་གའི་འདོན་འགྲིགས་མཐོང་བས་དོན་རྟོགས།next

རིག་འདུས་ཆོ་གའི་འདོན་འགྲིགས་མཐོང་བས་དོན་རྟོགས།


JSD002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འདུས་ཆོ་གའི་འདོན་འགྲིགས་མཐོང་བས་དོན་རྟོགས་ཞེས་བྱ་བ་བཞུགས་སོ།།


JSD002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་འཇིགས་མེད་གླིང་པ་ལ་ཕྱག་འཚལ་ལོ། །འདིར་བླ་མ་རིག་འཛིན་འདུས་པའི་ཆོ་ག་ལ་བརྟེན་ནས་ཚེས་བཅུའི་དུས་མཆོད་སོགས་གཏོང་ཚུལ་གྱི་འདོན་འགྲིགས་ནི། སྦྱོར་བ་དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་རྣམས་ཚང་ཞིང་བག་དྲོ་བྱིན་ཆགས་བཀོད་མཛེས་སུ་བཤམས་ལ། དམ་གཙང་རྡོ་རྗེའི་མཆེད་ལྕམ་རྣམས་ཆས་བཟང་པོ་དང་ལྡན་པས་བདེ་བའི་སྟན་ལ་འཁོད་དེ། ཆོ་ག་དངོས་གཞི་ལ་འཇུག་པའི་ཐོག་མར་སྔོན་འགྲོའི་ངག་


JSD002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་ཚང་བའམ་བླ་མའི་རྣལ་འབྱོར་ཙམ་བཏང་དེ་ནས་ཚིག་བདུན་མ་ལན་གསུམ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་གློ་ཀ་དང་། བླ་མ་སྐུ་previous hit གསུམ་མའི་གསོལ་འདེབས། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ་ཡི༔ སོགས། རྫོགས་ཆེན་བརྒྱུད next hit་པའི་བླ་མ་ལ་གསོལ་བ་འདེབས༔ བར། འདི་ལྟར་མིག་གི་སོགས། བདག་འདྲའི་རང་རྒྱུད་གྲོལ་བར་བྱིན་གྱིས་རློབས༔ བར།


JSD002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཟང་རྡོར་སེམས་སོགས། འཛམ་གླིང་མཛེས་པའི༴ ཤེས་བྱ་ཀུན་མཁྱེན༔ དུས་གསུམ་ཀུན་མཁྱེན༔ འཕགས་པ་འཇིག་རྟེན༔ ཕྱི་ལྟར་རྒྱལ་བའི༔ བདག་བས་གཞན་གཅེས༔ དུས་previous hit གསུམ་རྒྱལ་བའི༔ ཡོན་ཏན་སངས་རྒྱས༴ སྐྱེ་བ་ཀུན་ཏུ༔ ཁྱེད་རྣམས་བསྟོད་ཅིང་སོགས་རང་ལུགས་བརྒྱུད next hit་པ་རིན་པོ་ཆེའི་གསོལ་འདེབས་ཀྱི་རིམ་པ་རྣམས་དང་རྣམ་ཀུན་མཆོག་ལྡན་སོགས་རིག་འཛིན་བརྒྱད་ཀྱི་གསོལ་འདེབས་བཅས་སོང་ནས་ཆོ་ག་གཞུང་ལ་འཇུག་པའི་ཐོག་མར། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ ཞེས་པ་ནས་སྐྱབས་སེམས་ཡན་ལག་བདུན་པ་རྣམས་ལན་གསུམ་རེའི་མཐར། ཛ་ཧཱུཾ་བཾ་ཧོཿཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། ཞེས་བརྗོད་དེ་ནས་མཚམས་ལྷ་བསྐྱེད་པ། ཨོཾ་ཧྲཱིཿབཛྲ་ཀྲོ་


JSD002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ཧ་ཡ་ཤྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཞེས་བརྗོད་པས། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་ཞེས་བསམ། དཀར་གཏོར་བྲན་ལ། རཾ་ཡཾ་ཁཾ་དང་། སྭ་བྷ་ཝས་བསང་སྦྱངས། སྟོང་པའི་ངང་ལས་བྷཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། བྷ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་བཀུག ཨོཾ་་ཨ་ཀཱ་རོ་སོགས་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། དཀར་ཕྱོགས་སྐྱོང་བའི་གཞི་བདག་ཚོགས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ལོ་ཀ་པཱ་ལ་སརྦ་གཙྪས་གཤེགས་གསོལ་དང་གཏོར་མ་གཙང་སར་འབུལ། དེ་ནས་བགེགས་བསྐྲད་ལ། བགེགས་གཏོར་བྲན། ཨོཾ་ཧྲཱིཿ


JSD002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཀྲོ་དྷ་སོགས་ཀྱིས་བསང་། སྭ་བྷ་ཝས་སྦྱངས། ༀ་ཨཱཿཧཱུྃ་ཧོཿས་བྱིན་རླབས། ཨཾ་སརྦ་བྷ་ཏ་ཨ་ཀརྵ་ཡ་ཛཿས་བཀུག སརྦ་བིགྷན་ན་མཿསརྦ་སོགས། མཛོད སྔགས་ལན་གསུམ་གྱིས་བསྔོས་ལ། ཧྲཱིཿསྣོད་བཅུད་སྤྲུལ་པའི་སོགས་། མཐར་སུམྦྷ་ནི་བརྗོད་ལཐུན་བྲང་། དེ་ནས་མཚམས་གཅོད། བྱིན་འབེབས། མཆོད་རློབ་མཐར་སརྦ་པཉྩ་མན་ཆད་ལན་གསུམ་ནས་ལྷ་བསྐྱེད། སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། མཆོད་པ། བསྟོད་པའི་མཐར་ཐུག་བར་དཀྱུས་བཞིན་བཏང་། ཐུགས་ཀར་པདྨ་སོགས་ཚ བཟླས་དམིགས། བཛྲ་གུ་རུའི་བསྙེན་པ་ཁྲིའམ་སྟོང་ལས་མི་ཉུང་བ་བཟླ། གབ་བྱང་གི་སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔ གབ་བྱང་གི་སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔ རིག་འཛིན་རྒྱལ་པོ་སོགས་བདེ་བ་ཆེན་པོར་བར་དང་། ཐུགས་ཀའི་སྔགས་ཕྲེང་སོགས། གཡོ་མེད་བཞག༔ བར། མ་ཧཱ་གུ་རུ་བསྙེན་པའི་ཕྱེད་ཆ་ཙམ་བཟླ། སྤྲོ་ན་ཧཱུྃ་བཟླས་ཀྱང་ཅུང་ཟད་བྱ། ཚེ་སྒྲུབ་


JSD002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་བུམ་བཅུད་སྤྲོ་ན་སྐབས་འདིར་སྦྱར་ཞིང་བསྐྱེད་བཟླས། ཚེ་བསྐུལ་རྒྱས་གདབས་བཅས་བཏང་། ཐུན་མཐར། དབྱངས་གསལ་རྟེན་སྙིང་སྦྲེལ་བ་ལན གསུམ་ནས་མཆོད་ཕྲེང་། ཨོཾ་ཧཱུྃ་ཏཱཾ་ཧྲཱིཿཨཱཿ སོགས་ནས། དྷརྨ་དྷརྟུའི་བར་བཏང་། བསྟོད་པ། ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་ཤློ་ཀ་དང་། གཞན་ཡང་རིག་འཛིན་སོགས་མཐར་ཡིག་བརྒྱ་ཚར་གསུམ་གྱི་ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་པར་བྱའོ། །མཚམས་འདིར་གསོལ་འདེབས་ལེའུ་བདུན་མ། བར་ཆད་ལམ་སེལ། བསམ་པ་མྱུར་འགྲུབ་མ་རྣམས་ལོངས་ཁྱབ་ཡོད་ན་བཏང་ལ་མ་འགྲུབ་ཀྱང་ཆད་སྐྱོན་མེད། དེ་ནས་ན་རཀ་སྐོང་བཤགས་བྱ་བ་ལ་ཐོག་མར། བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཞེས་སྦྱར་ལ། ཨེ་མ་ཧོཿ ཕྱོགས་བཅུ་དུས་བཞི་སོགས། ཡིག་བརྒྱ་བརྒྱ་རྩ་བརྒྱད་བཟླས་མཐར། ཞི་ཁྲོ་


JSD002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་སོགས་བཤགས་པ། སྨན་རཀ་གཏོར་མ་མར་མེའི་བསྐང་བ། བསྐང་བསྡུས་བཅས་བཏང་ནས། མར་མེའི་སྨོན་ལམ་ཞི་ཁྲོ་ཁྲོམ་དཀྲུགས་བཞིན། ཧཱུྃ རིག་པ་བྱང་ཆུབ་སོགས་ཆམ་གཅིག་གྲོལ་བར་ཤོག༔ བར། བཤགས་པ་རྒྱས་པ་མི་ལྕོགས་ན་བརྗོད་མེད་དོན་བཤགས་ཡེ་ཤེས་སྐུ་མཆོག་མ་དང་། བསྐང་བསྡུས་བཀའ་གསང་རྨད་དུ་སོགས་བཏང་ཡང་རུང་། མཆན། དེ་ནས་ཚོགས་མཆོད། ཧཱུྃ བདག་ཉིད་ཐུགས་ལས་སོགས། ཚོགས་བྱིན་རླབས། ཚོགས་ཞིང་སྤྱན་འདྲེན། ཚོགས་ཕུད་འབུལ་བ། བར བཤགས་མཐར་ཡིག་བརྒྱ། ཐ་མ་བསྒྲལ་བསྟབ་ལ། ཨེ་ནྲྀ་ཏྲི་བཛྲ་ཨཾ་ཀུ་ཛཿ ཛ་ཧཱུྃ་བྃ་ཧོཿས་བཀུག ཧཱུྃ མ་རིག་ལས་ཉོན་སོགས་ཁཱ་ཧིཿ ཞེས་བསྒྲལ་ཞིང་སྟོབ་ལ། སྐོང་བཤགས་རྡོ་རྗེའི་ཐོལ་གླུ། ན་མོ བདེ་གཤེགས་སྙིང་པོ་སོགས། ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལཿ བར་དང་། རིག་འདུས་རང་གི་སྐོང་བ་


JSD002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཏང་། འདིར་ཚོགས་བསྡུས་བསགས་པར་འདོད་ན། རཾ་ཡཾ་ཁཾ ཨོཾ་ཨཱཿཧཱུྃ ཚོགས་རྫས་འདོད་ཡོན་སོགས་དང་། ཀ་དག་ཕྱོགས་ཡན་སོགས་བློ་ཀ་སྦྲེལ་བ་ལ་གྲངས་བཟུང་མཐར། གནམ་ཕུད་འབུལ་བ་དང་བཅས། མདོར་ན་རབ་འབྱམས་སོགས་བཏང་། ཡར་ངོའི་ཚེས་བཅུ་ཡིན་ན་འདིར་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་ལ་སོགས་ཚེས་བཅུའི་ཕན་ཡོན་གསོལ་འདེབས་བྱ། མིན་ན་མི་དགོས་གང་ལྟར་ཡང་། ལས་རྡོར་གྱིས་ཚོགས་དྲངས་ལ། ཧོཿ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ། ཨ་ལ་ལ་ཧོ། ཞེས་ཞུ་ལེན་དང་། ཧོཿ བདག་ལུས་ཕུང་ཁམས་སོགས། བསམ་པ་མྱུར་འགྲུབ་མ་ཚར་གསུམ། སྤྲོ་ན་ཚོགས་གླུ་ལེན། ཚོགས རྫས་བཟའ་བཏུང་ལ་ཚིམ་པར་རོལ། ལྷག་མ་བསྡུས་ལ་གཙང་ལྷག་སྟེང་མ་བྱས་པ་བྱིན་རླབས་རྡོ་གྲུབ་གསུང་། ཚོགས་གཞོང་བྷནྡྷའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཚོགས་ཀྱི་


JSD002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་འདོད་པའི་ཡོན་ཏན་ལྔ་ཡི་རང་བཞིན་དུ་གྱུར། ཞེས་བརྗོད་ལ་ལྷག་མ་བཏང་མཐར། རིག་འཛིན་འདུས་པའི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་སོགས་སྨོན་ལམ་གདབ། དེ་ནས་བསྐང་གསོལ་ལ་འཇུག་པ་ཡིན་ཏེ་ཐོག་མར། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷོ་ཧཱུྃ་ཕཊ། ཅེས་བརྗོད་ལ་བདག་ཉིད་དཔལ་ཆེན་པོའི་ཏིང་ངེ་འཛིན བཟུང་ནས་མ་མགོན་ལྕམ་དྲལ་གྱི་རང་ཉིད་དཔལ་ཆེན་པོ་སོགས་མཆོད་རླབས་ནས་བཟུང་མངོན་རྟོགས། སྤྱན་འདྲེན། བཞུགས་གསོལ། བསྐང་བ། འཁྲུགས་སྐོང་། ཕུད་ཕྱར། ཙླི བསྟོད་པ། རུ་མཚོན་མངའ་གསོལ། ཕྲིན་བཅོལ་བཅས། གཟའ། དུར་ཁྲོད་ལྷ་མོ། ཚེ་རིང་མཆེད་ལྔ། གཡུ་སྒྲོན་མའི་གསོལ་བསྡུས་རྣམས་རིམ་བཞིན་བཏང་། དེ་ནས་སྡེ་བརྒྱད་གསེར་སྐྱེམས་མཇུག་ཏུ། རྡོ་གྲུབ་གསུང་འདོད་གསོལ། སངས་རྒྱས་ཀྱི་བསྟན་པ་དར་བ་དང་སོགས་བརྗོད་ལ་གང་གི་ཕུད་ཕྱར་བྱས་པའི་གསེར་སྐྱེམས་གཙང་སར་གཤེགས། དེ་


JSD002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྐུལ་བ་ཧཱུྃཿ བཞེངས་ཤིག་རིག་འཛིན་སོགས་ནས། གཏོར་འགུགས། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་སོགས་དང་། ཁྱད་པར་དུ་ལྕམ་དྲལ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང་སོགས་ནས་ཁུག་ཅིག ཏྲག་རཀྵའི་མཐར་ནྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿས་བསྟིམ། ཨོཾ་ཨཱཿཧཱུྃ་ཧོཿས་རླབས། མ་མ་ཏྲག་རཀྴ་ཨེ་ཀ་ཛ་ཊཱི་ཨི་དཾ་བ་ལིཾ་ཏ་པཱུ་ཛ་ཧོཿཁ་རཾ་ཁཱ་ཧི ཨོཾ་མ་ཧཱ་ཀཱ་ལ་ཤཱ་ས་ན་ཏྲི་ལིང་གིང་ཀ་ར་ཨི་དཾ་བ་ལིཾཏ་པཱུ་ཛ་ཧོཿཁ་རཾ་ཁཱ་ཧིཿ ཏྲི་བཛྲ་སཱ་དྷུ་ས་མ་ཡ་ཨི་དཾ་སོགས། ཧྲཱིཿཤག་རཱུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་གི་ཤ་ལ་ཛཿ ཨི་དཾ་སོགས་ཧཱུྃ་ར་ལི་པྲ་མ་ཡ་ཨི་དཾ་སོགས། བཾ་ཧ་རི་ནི་ས་བཛྲ་པྲ་མོ་ཧ་ཙིཏྟ་ཧྲཱི་ཤྲཱི་ཛཿཛཿ་ཨི་དཾ་སོགས། ཨ་ཡ་མ་དུ་རུ་ཙ་ཤ་ན་གིང་ཀ་ར་ས་མ་ཡ་བ་ལིཾ་ཏ་བྷུཉྫ་


JSD002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཧོཿ ཞེས་ལན་གསུམ་གྱིས་ཕུལ། བཤགས་པ། ཨོཾ་ཡེ་ཤེས་ལས་གྲུབ་སོགས་མཐར་ཡིག་བརྒྱ། འཕྲིན་བཅོལ། ཀྱེ། ཐུབ་པའི་བསྟན་པ་སོགས། ཁྱིམ་ན་་གནས་ཀྱང་སོགས་ཀྱི་ཚེ་མ་མགོན་འབུལ་གཏོར་ཕྱི་རོལ་ཁྱིས་མི་ཟ་བའི་གཙང་སར་ཕུལ། དེ་ནས་ཆད་མདོ། ཧཱུྃ སྔོན་ཚེ་འོག་མིན་སོགས། བརྟན་མ། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས། ཧཱུྃ དཔལ་གྱི་བཀའ་ཉན་སོགས། གཏོར་གཞོང་ཁ་སྦུབས་ལ། ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་བཀུག ཧཱུྃ་རིག་འཛིན་རྒྱལ་བའི་དེེ སོགས་མཐར། གཏོར་སྣོད་ཁ་གྱེན་དུ་བསྟན་པའི་ནང་དུ་འབྲུ་འཐོར། ཉེར་སྤྱོད་མཆོད་ཁ་གསོ་ཞིང་། མཆོད་པ་ཨོཾ་ཨཱཿཧཱུྃ ཕྱི་ནང་སྣོད་བཅུད་སོགས་དང་བསྟོད་པ། ཧྲཱིཿ མ་བཅོས་སྤྲོས་བྲལ་སོགས་ཤོ་ལོ་ཀ། དངོས་གྲུབ་བླང་བ། ཧཱུྃ རིག་འཛིན་དཀྱིལ་འཁོར་སོགས། སྒྲུབ་གཏོར་གནས་གསུམ་དུ་གཏུག་ཅིང་བདུད་རྩི་


JSD002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་། བཤགས་པ། ཧོཿ རིག་འཛིན་འདུས་པའི་སོགས། ཡིག་བརྒྱ་ཚར་གསུམ། རྟེན་ཡོད་ན། འདིར་ནི་གཟུགས་དང་སོགས། སུ་པྲ་ཏིཥྛས་མེ་ཏོག་འཐོར། མེད་ན་དོར་བ་ཙམ་ཁྱད་པར་རོ། །བསྡུ་ལྡང་། ཧོཿ ཆུ་ལས་ཆུ་འབུར་སོགས། བསྔོ་སྨོན། ཧོཿ དུས་གསུམ་བསགས་པའི་སོགས ལན་previous hit གསུམ། བཀྲ་ཤིས། ཡེ་དྷརྨཱ་སོགས། ཧོཿ རིག་འཛིན་བརྒྱུད next hit་པའི་སོགས་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ། དེ་ནས་ཟངས་མདོག་དཔལ་རིའི་སྨོན་ལམ། བདེན་ཚིགས་གྲུབ་པའི་སྨོན་ལམ། གཞི་ལམ་འབྲས་བུའི་སྨོན་ལམ་རྣམས་དང་། ཕན་བདེ་འབྱུང་བའི་སོགས། དཔལ་ལྡན་བླ་མའི་སྐུ་ཚེ་སོགས། རྒྱལ་བ་ཀུན་གྱི་ཉེ་ལམ་སོགས། ཐུབ་བསྟན་མཛེས་པའི་སོགས་ཀྱིས་མཐའ་རྟེན་པས་ལེགས་པར་གྲུབ་པ་སྟེ། གཞན་ཡང་དབྱངས་དང་རོལ་ཚིག་སོགས་ནི་གསང་སྔགས་ཀྱི་བསྐྱེད་རྫོགས་ལ་མེད་དུ་མི་རུང་བ་མ་ཡིན་ཞིང་ཆོ་


JSD002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གའི་དོན་པོ་སྦྱོར་དངོས་རྗེས་གསུམ་མ་ཚང་ཕྱིན་དབྱངས་རོལ་ཙམ་གྱིས་སྒྲུབ་མཆོད་དུ་མི་འགྲོ་བ་ཤེས་གལ་ཆེ། གལ་ཏེ་དེ་དག་ཤེས་པར་འདོད་ན་སྨིན་གླིང།ཁོ་ནས་སྤར་བཀབ་བྱེད་པ་ལ་མ་ལྟོས་ར་རྡོ་གྲུབ་དང་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་རྣམ་གཉིས་ཀྱིས་མཛད་པའི་རང་ལུགས་དབྱངས་རོལ་གྱི་ཟིན་བྲིས་ལས་རྟོགས་པར་བྱའོ། །འདིར་སྨྲས་པ། སྙིང་ཐིག་བསྟན་པས་འཛམ་གླིང་ཐ་གྲུ་ཁྱབ། །ལུགས་གཅིག་ཁོ་ནའི་སྲོལ་དུ་བཟུང་དཀའ་མོད། །དམན་པའི་བློ་ཅན་འཇུག་པ་བདེ་ཕྱིར་དུ། །རྒྱས་བསྡུས་མཐའ་དང་རང་བཟོའི་སྐྱོན་སྤངས་ཏེ། །ལམ་འདིའི་བཀའ་བབས་ཚད་མར་བླ ཉི་ཟླ་ལྟར། །ཡོངས་གྲགས་ཀུན་བཟང་གཞན་ཕན་མཁྱེན་བརྩེའི་དབང་། །ངག་གི་དབང་པོ་མཚུངས་མེད་དེ་གསུམ་གྱི། །ཟིན་བྲིས་གུང་བསྡེབས་བྲིས་འདིར་ནོངས་མེད་སྙམ། །ལྷག་ཆད་འཁྲུལ་སྐྱོན་དང་མཛའ་མིན་པའི། །རྣམ་དག་ཆོག་ཁྲིགས་ཉིན་བྱེད་གསར་བའི་གཟུགས། །འཆར་བའི་མོད་ལ་ཐེ་ཚོམ་སྒྲིབ་བྲལ་ནས། །གྲུབ་གཉིས་སྣང་བའི་དགའ་སྟོན་རྒྱས་གྱུར་


JSD002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་པའང་རྗེ་བླ་མ་ངག་གི་དབང་པོའི་ཞབས་རྡུལ་ལ་གཏུགས་པའི་རྡོ་རྗེའི་མཆེད་དམ་པ་མི་རྗེ་ཤེལ་གླིང་སྲས་བསོད་ནམས་སྟོབས་རྒྱལ་གྱིས། འདི་ལྟ་བུ་ཞིག དགོས་ཞེས་གསུང་བསྐུལ་ངོར་སྙིང་ཐིག་བརྒྱུད་པའི་གྲལ་མཐའ་ཉག་སྤྲང་བན་ལྡོམ་སངས་རྒྱས་རྡོ་རྗེས་བྱི་བའི་ལོ་རྒྱལ་ཟླ་བ་ལག་པའི་འཕྲོད་སྦྱོར་བཟང་པོ་ལ་མོན་མཚམས་ནགས་མའི་ལྗོངས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་ཀུན་མཁྱེན་ཡབ་སྲས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །མཐོང་བས་དོན་རྟོགས་ཆོག་ཁྲིགས་ཉིན་བྱེད་ཀྱི། །འོད་སྣང་ཕྱོགས་ཀུན་སྤྲོ་ཕྱིར་པར་གྱི་དབྱིག། །ཤེལ་སྲས་ནས་སྒྲུབ་དགེ་བས་འགྲོ་བ་ཀུན། །རྒུད་མུན་རབ་ཞི་གནས་ལུགས་མངོན་འགྱུར་ཤོག །དགེའོ། །དགེའོ། །དགེའོ།། །།


JSD002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརིག་འདུས་ཆོ་གའི་འདོན་འགྲིགས་མཐོང་བས་དོན་རྟོགས།next