Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གུར་རིགས་བསྡུས་ཀྱི་ཆོ་ག་དངོས་གྲུབ་འབྱུང་བའི་སྒོ་ཞེས་བྱ་བ་བཀླག་ཆོག་ཏུ་བཀོད་པ།
   
   
   
   
   


 
previousརྡོ་རྗེ་གུར་རིགས་བསྡུས་ཀྱི་ཆོ་ག་དངོས་གྲུབ་འབྱུང་བའི་སྒོ་ཞེས་བྱ་བ་བཀླག་ཆོག་ཏུ་བཀོད་པ།next

རྡོ་རྗེ་གུར་རིགས་བསྡུས་ཀྱི་ཆོ་ག་དངོས་གྲུབ་འབྱུང་བའི་སྒོ་ཞེས་བྱ་བ་བཀླག་ཆོག་ཏུ་བཀོད་པ།

རྡོ་རྗེ་གུར་རིགས་བསྡུས་ཀྱི་ཆོ་ག་དངོས་གྲུབ་འབྱུང་བའི་སྒོ་ཞེས་བྱ་བ་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །སྙིང་རྗེའི་ཟླ་བ་ཤེས་རབ་ཉི་མའི་གདོང་། །གཅིག་འདྲེས་རིགས་ཀྱི་འོད་ཟེར་འབུམ་ཟིལ་ནས། །འཁོར་མུན་བཅིལ་བ་དགྱེས་པའི་རྡོ་རྗེ་ཡི། །སྣང་བ་མཚར་པོས་ཡིད་མཁར་རོལ་བར་མཛོད།། གུར་ནས་གསུངས་པ་རིགས་བསྡུས་པའི་དཀྱིལ་འཁོར་བསྒོམ་པར་འདོད་པས། ལུས་ཀྱི་ཞེན་པ་ཟློག་པའི་དོན་དུ་བསྐྱེད་པའི་རིམ་པ་བསྒོམ་པ་དང་། ངག་གི་ཞེན་པ་ཟློག་པའི་དོན་དུ་བཟླས་པ་བྱ་བ་དང་། སེམས་ཀྱི་ཞེན་པ་ཟློག་པའི་དོན་དུ་རྫོགས་པའི་རིམ་པ་བསྒོམ་པ་དང་། ཐུན་མཚམས་ཀྱི་ཆོས་སོ། །དང་པོ་ལ། རྒྱུའི་ཧེ་རུ་ཀ་བསྐྱེད་པ་དང་། འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་གཉིས་ལས། དང་པོ་ལ་ཆོས་བཅུ་ལས། བླ་མ་དག་པའི་ཆོ་ག་ནི། ཧེ་བཛྭ། རང་ཉིད་སྐད་ཅིག་གིས་མི་བསྐྱོད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ་ཡུམ་མཱ་མ་ཀི་དང་ཞལ་སྦྱར་བའི་སྐུར་གྱུར། སྲཱིཿལས་སྙིང་པདྨ་དམར་པོ་འདབ་མ་བརྒྱད་པ་ཁ་བྱེ་བའི་དབུས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་དམར་པོ། དེའི་དབུས་སུ་ཧཱུྃ་སྔོན་པོ། ཤར་དུ་བྷཱུྃ་དཀར་པོ། ལྷོར་ཛྭིཾ་སེར་པོ། ནུབ་ཏུ་ཨཾ་དམར་པོ། བྱང་དུ་ཁཾ་ལྗང་ཁུ། འོད་ཟེར་ཁ་དོག་ལྔ་འཕྲོ་བ་དེ་དག་གིས་རང་བཞིན་གྱི་གནས་ནས་དཔལ་དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་དཀྱིལ་འཁོར་ཤར་ཁྱམས་ན་རང་གི་བླ་མ་བཞུགས་པ་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། རང་གི་སྙིང་གའི་ཧཱུྃ་ལས་བྱུང་བའི་གཽ་རཱི་མ་ནག་མོས་བདུད་རྩི་བྱང་ཆུབ་སེམས་ཀྱིས་ཐོད་པ་བཀང་ནས་མཆོད་པར་བསམ། དེ་ཟིན་པའི་བརྡར་སེ་གོལ་གཅིག་གཏོག ཨོཾ་ཙཽ་རཱི་ཙཾ་ཨཱཿཧཱུྃ་སྭཱ་ཧཱ། ཙཽ་རི་མ་དམར་མོས་པདྨ་རཀྟས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་བཻ་ཏཱ་ལཱི་བཾ་ཨཱཿཧཱུྃ་སྭཱ་ཧཱ། བཻ་ཏཱ་ལི་སེར་མོས་བདུད་རྩི་དྲི་ཆུས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་གྷསྨ་རཱི་གྷཾ་ཨཱཿཧཱུྃ་སྭཱ་ཧཱ། གྷསྨ་རཱི་ལྗང་ཁུས་བདུད་རྩི་དྲི་ཆེན་གྱིས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་པུཀྐ་སཱི་པཾ་ཨཱཿཧཱུྃ་སྭཱ་ཧཱ། པུཀྐ་སི་སྔོན་མོས་ཤ་སྣ་ཚོགས་ཀྱིས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་ཤ་ཝ་རཱི་ཤཾ་ཨཱཿཧཱུྃ་སྭཱ་ཧཱ། ཤ་ཝ་རཱི་དཀར་མོས་བདུད་རྩི་སྦྲང་ཆང་གིས་ཐོད་པ་བཀང་ནས་མཆོད་པར་བསམ། ཨོཾ་ཙཎྜྻ་ལཱི་ཙཾ་ཨཱཿཧཱུྃ་སྭཱ་ཧཱ། ཙཎྜྻ་ལི་སྔོན་མོས་ཅང་ཏེའུའི་སྒྲས་མཆོད་པར་བསམ། ཨོཾ་ཌོམྦི་ནཱི་ཌཾ་ཨཱཿཧཱུྃ་སྭཱ་ཧཱ། ཌོམྦི་ནི་ཁྲ་མོས་སྙོམས་འཇུག་གིས་མཆོད་པར་བསམ་མོ། །ཡན་ལག་ལྷག་མ་དྲུག་ཡིད་ཀྱིས་བསྒོམ་ཞིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བྱང་ཆུབ་སེམས་སུ་འདི་བགྱིས་ཏེ། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བདག་གིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཨེ་མ་ཧོ་སེམས་ཅན་ཀུན་མགྲོན་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག། ཅེས་ལན་གསུམ། ཧེ་བཛྭ་མནྜལ་མུཿཚོགས་གསོག་པའི་རྟེན་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། གཉིས་པ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་ན་ཅི་མ་རུང་སྙམ་པའི་བྱམས་པ་དང་། སེམས་ཅན་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་དང་། བདེ་བ་དེ་ཡང་རྒྱུན་བརྟན་ན་ཅི་མ་རུང་སྙམ་པའི་དགའ་བ་དང་། དགྲ་མེད་གཉེན་མེད་བཤེས་མེད་ཟུན་མེད་པའི་བཏང་སྙོམས་ལ་གནས་པར་བྱའོ།། གསུམ་པ་སྟོང་པ་ཉིད་བསྒོམ་པ་ནི། དེ་ནས། སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྣོད་ཀྱི་འཇིག་རྟེན་བཅུད་ལ་བསྡུ། དེ་རང་གི་ལུས་ལ་བསྡུ། དེ་ཡས་འདུས་མས་འདུས་པ་ལས་སྙིང་པདྨ་འདབ་མ་བརྒྱད་པ་ལ་ཐིམ། དེ་ཉི་མ་ལ་ཐིམ། དེ་ས་བོན་ལྔ་ལ། དེ་དག་ཀྱང་རིམ་གྱིས་འདུས་ནས། ནཱ་ད་ལྔར་གྱུར་པ་ལས་རང་སྒྲ་བྱུང་བར་བསམ་མོ། །བཞི་པ་བསྲུང་བའི་འཁོར་ལོ་ནི། དེ་ནས་རང་གི་སེམས་ཉི་མའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། དེ་ལས་འོད་ཟེར་རྩེ་མོ་ལ་རྡོ་རྗེ་རྒྱ་གྲམ་པ་དཔག་ཏུ་མེད་པ་འཕྲོས་པས། འོག་ཏུ་སོང་བས་རྡོ་རྗེའི་ས་གཞི། བར་སྣང་དུ་སོང་བས་རྡོ་རྗེའི་རྭ་བ་དང་དྲྭ་བ། སྟེང་དུ་སོང་བས་རྡོ་རྗེའི་གུར། གཞི་མོའི་ཉི་མ་ལས་མེའི་འོད་ཟེར་ཕྱིར་འཕྲོས་པས་མེ་རི། གཞི་མེའི་རྡོ་རྗེ་རྒྱ་གྲམ་པ་ལས་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེའི་དྲྭ་མིག་རྣམས་བཀག་པར་གྱུར། དེའི་དབུས་སུ་བྷཱུཾ་སེར་པོ། དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་དང་། རྩིབས་ཀྱི་ནང་དུ་དེ་དག་ལ་མ་རེག་པའི་པད་ཉི། དེའི་སྟེང་དུ་ཧཱུྃ་རེ། དེ་ཡོངས་སུ་གྱུར་པ་ལས་དབུས་སུ་རྡོ་རྗེ་ཧཱུྃ་མཛད་མཐིང་ཁ་ཉིད་ཀྱི་ཕྱག་རྒྱ་མཛད་པ། ཤར་དུ་གཤིན་རྗེའི་གཤེད་སྔོན་པོ་ཐོ་བ་བསྣམས་པ། ལྷོར་ཤེས་རབ་མཐར་བྱེད་དཀར་པོ་བེ་ཅོན། ནུབ་ཏུ་རྟ་མགྲིན་དམར་པོ་ཨུཏྤལ་དམར་པོ། བྱང་དུ་བདུད་རྩི་འཁྱིལ་པ་སྔོན་པོ་རྡོ་རྗེ་འཛིན་པ་དག་སྦོམ་ལ་གསུས་པ་ལྡིར་བ། བྱང་ཤར་དུ་འདོད་པའི་རྒྱལ་པོ་ལྕགས་ཀྱུ། མེར་དབྱུག་སྔོན་ཅན་དབྱུག་པ། བདེན་བྲལ་དུ་སྟོབས་པོ་ཆེ་རྩེ་གསུམ། རླུང་དུ་མི་གཡོ་བ་རི་རབ་བསྣམས་པ་བཞི་ཀ་ནག་པོ། སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་དཀར་པོ་འཁོར་ལོ། འོག་ཏུ་གནོད་མཛེས་རྒྱལ་པོ་ནག་པོ་གསལ་ཤིང་བསྣམས་པ། ཤར་དང་སྟེང་ལ་རྣམ་སྣང་། ལྷོར་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ། དབུས་དང་འོག མཚམས་ཀྱི་རྣམས་མི་བསྐྱོད་པས་དབུ་བརྒྱན་པ། ཐམས་ཅད་ཀྱང་དྲག་ཤུལ་ཆེན་པོར་ཁྲོས་པའི་ཞལ། སྤྱན་གསུམ་གསུམ་ཟླུམ་ལ་དམར་བ། སྐྲ་སེར་པོ་གྱེན་དུ་བརྫེས་པ། གཟུགས་བརྗིད་པ། བདུད་རྣམས་བསྡིགས་པར་མཛད་པ། གཡོན་རྣམས་སྙིང་གར་སྡིགས་མཛུབ། སྦྲུལ་གྱིས་བརྒྱན་ཅིང་སྟག་གི་སླག་པ་ཅན་ཞབས་གཡས་བརྐྱང་གིས་བཞུགས་པ་ཉིན་མོར་བྱེད་པའི་འོད་ཅན། འཁོར་ལོ་ཤུགས་དྲག་པོར་འཁོར་ཞིང་ཁྲོ་བོ་རྣམས་མི་གཡོ་བ། དཔག་ཚད་བརྒྱའི་བར་ཚུན་གྱི་བགེགས་ཐམས་ཅད་སེལ་བ། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ལྔ་པ་ཆོས་འབྱུང་ནི། དེ་ནས་ཧཱུྃ་མཛད་དེ་འོད་དུ་ཞུ་ནས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ། ཁ་དོག་དཀར་པོ། དྲུག་པ་འབྱུང་བ་རིམ་བརྩེགས་ནི། དེའི་ནང་དུ་སའི་དཀྱིལ་འཁོར་གྲུ་བཞི། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཟླ་གམ། བདུན་པ་གཞལ་ཡས་ཁང་གདན་དང་བཅས་པ་ནི། འབྱུང་བཞིའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ། འཁོར་ལོ་དེའི་དབུས་སུ་ནཱ་ད་ཆ་གཅིག་ཞུགས། དེ་རྣམས་འདྲེས་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ནང་གི་དབུས་སུ་རྡོ་རྗེའི་འཕྲེང་བས་བཅད་པའི་ལེའུ་ཚེ་ལྔ། རེ་རེའི་ནང་དུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། ལྟེ་བ་རྣམས་སུ་ཚངས་པ་སེར་པོ་དང་དབང་པོ་དཀར་པོ་གཉིས་མགོ་བོ་གཡས་སུ་བལྟ་བ། ཉེ་དབང་ནག་པོ་དང་དྲག་པོ་སྔོན་པོ་གཉིས་མགོ་བོ་གཡོན་དུ་བལྟ་བ། འཁོར་གནས་ཐམས་ཅད་དུ་ཉི་མ། ཨོཾ་སརྦ་ཏ་ཐྭ་ག་ཏ་ཨ་ནཱི་ལ་ཡ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རྣམ་པར་སྣང་མཛད་ཀྱི་ཡན་ལག་གོ །བརྒྱད་པ་མངོན་པར་བྱང་ཆུབ་ལྔས་རྒྱུའི་ཧེ་རུ་ཀ་བསྐྱེད་པ་ནི། ལྟེ་བའི་བདུད་བཞིའི་སྟེང་དུ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཅིག་བརྗོད་པས། ཨཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཟླ་བའི་དཀྱིལ་འཁོར། དེ་མངོན་པར་བྱང་ཆུབ་པ་ན་དང་པོ། ཡེ་ཤེས་ན། མེ་ལོང་ལྟ་བུའི་ཡེ་ཤེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཚར་གཅིག་བརྗོད་པས་དེའི་སྟེང་དུ་ཀཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར། དེ་མངོན་པར་བྱང་ཆུབ་པ་ན་གཉིས་པ། ཡེ་ཤེས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཧཱུྃ་དང་མཱཾ་མཐིང་ནག དེ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་ལས་རིམ་པ་བཞིན་རྡོ་རྗེ་དང་གྲི་གུག་ས་བོན་གྱིས་མཚན་པར་གྱུར། དེ་མངོན་པར་བྱང་ཆུབ་པ་ན་གསུམ་པ། ཡེ་ཤེས་ན། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས་ཉི་མ་ཟླ་བ་ས་བོན་ཕྱག་མཚན་རྣམས་ཀྲུག་གིས་འདྲེས་པ། དེ་བྱང་ཆུབ་པ་ན་བཞི་པ། ཡེ་ཤེས་ན། བྱ་བ་ནན་ཏན་གྱི་ཡེ་ཤེས། ཚུར་འདུས་པ་ལས་དབུས་སུ་རང་ཉིད་རྒྱུའི་ཧེ་རུ་ཀ་བཅོམ་ལྡན་འདས་མི་བསྐྱོད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ། རྩ་བའི་ཞལ་ནག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ་ཆེར་འཇིགས་པ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་སེང་གེ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ་རྣམས་གདོང་ནང་དུ་བསྟན་ཏེ་བསྣམས་པ། གཡོན་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་སའི་ལྷ་མོ་སེར་མོ། གཉིས་པ་ན་ཆུའི་ལྷ་མོ་དཀར་མོ། གསུམ་པ་ན་རླུང་གི་ལྷ་མོ་དུད་ཁ། བཞི་པ་ན་མེའི་ལྷ་མོ་དམར་མོ། ལྔ་པ་ན་ཟླ་བའི་ལྷ་མོ་དཀར་མོ། དྲུག་པ་ན་ཉི་མའི་ལྷ་མོ་དམར་མོ། བདུན་པ་ན་གཤིན་རྗེ་ནག་པོ། བརྒྱད་པ་ན་ནོར་བདག་སེར་པོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་ཐལ་མོ་སྙིང་ཀར་སྦྱར་བ་ཞལ་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། དེའི་ཡུམ་མཱ་མ་ཀཱི་སྔོན་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། དེ་བྱང་ཆུབ་པ་ན་ལྔ་པ། ཡེ་ཤེས་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། དེ་བཞིན་གཞན་འདྲ་བ་ལ། ཤར་གྱི་པདྨའི་ལྟེ་བའི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཅིག་བརྗོད་པས། ཨཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཟླ་བའི་དཀྱིལ་འཁོར། དེ་མངོན་པར་བྱང་ཆུབ་པ་ན་དང་པོ། ཡེ་ཤེས་ན། མེ་ལོང་ལྟ་བུའི་ཡེ་ཤེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཚར་གཅིག་བརྗོད་པས་དེའི་སྟེང་དུ་ཀཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར། དེ་མངོན་པར་བྱང་ཆུབ་པ་ན་གཉིས་པ། ཡེ་ཤེས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་བྷྲཱུྃ་དང་ལཾ་དཀར་པོ་ལས་འཁོར་ལོ་དང་གྲི་གུག་ས་བོན་གྱིས་མཚན་པ། དེ་བྱང་ཆུབ་པ་ན་གསུམ་པ། ཡེ་ཤེས་ན། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། དེ་ལས་འོད་ཟེར་འཕྲོས་འདུས་པས་ཉི་མ་ཟླ་བ་ས་བོན་ཕྱག་མཚན་རྣམས་ཀྲུག་གིས་འདྲེས་པ། དེ་བྱང་ཆུབ་པ་ན་བཞི་པ། ཡེ་ཤེས་ན། བྱ་བ་ནན་ཏན་གྱི་ཡེ་ཤེས། དོན་གཉིས་བྱས། ཚུར་འདུས་པ་ལས་རྒྱུའི་ཧེ་རུ་ཀ་རྣམ་སྣང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དཀར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དམར་བ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན་རིམ་པ་བཞིན་རྨ་བྱ། མ་ཧེ། ཆུ་སྲིན། ཉ། ཉ་ཁྲབ་ཆེན། རུ་སྦལ། ཀླུ་ལྷག་ལྡན། ངང་མོ་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། དྭ་བྱིད། སྦྲུལ་ཁྲ། ནག དཀར་བ། བྱི་བ། འབྲི། བྱ་རྒོད། བཞད་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར།། དེ་བྱང་ཆུབ་པ་ན་ལྔ་པ། ཡེ་ཤེས་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ལྷོ་ཡི་པདྨའི་ལྟེ་བའི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཅིག་བརྗོད་པས། ཨཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཟླ་བའི་དཀྱིལ་འཁོར། དེ་མངོན་པར་བྱང་ཆུབ་པ་ན་དང་པོ། ཡེ་ཤེས་ན། མེ་ལོང་ལྟ་བུའི་ཡེ་ཤེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཚར་གཅིག་བརྗོད་པས་དེའི་སྟེང་དུ་ཀཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར། དེ་མངོན་པར་བྱང་ཆུབ་པ་ན་གཉིས་པ། ཡེ་ཤེས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཛྭིཾ་དང་ཏཱཾ་སེར་པོ་ལས། རིན་ཆེན་དང་གྲི་གུག་ས་བོན་གྱིས་མཚན་པ། དེ་བྱང་ཆུབ་པ་ན་བཞི་པ། ཡེ་ཤེས་ན། བྱ་བ་ནན་ཏན་གྱི་ཡེ་ཤེས། དོན་གཉིས་བྱས། ཚུར་འདུས་པ་ལས་རྒྱུའི་ཧེ་རུ་ཀ་རིན་འབྱུང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་སེར་པོ། གཡས་ཞལ་སྔོ། གཡོན་ཞལ་དཀར་བ། ལྷག་མ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། བྱ་ཀ་ལནྟ་ཀ ངུར་པ། ལུག ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན། སྟོབས་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པད་བཟང་། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་སྒྲོལ་མ་སེར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། དེ་བྱང་ཆུབ་པ་ན་ལྔ་པ། ཡེ་ཤེས་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ནུབ་ཀྱི་པདྨའི་ལྟེ་བའི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཅིག་བརྗོད་པས། ཨཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཟླ་བའི་དཀྱིལ་འཁོར། དེ་མངོན་པར་བྱང་ཆུབ་པ་ན་དང་པོ། ཡེ་ཤེས་ན། མེ་ལོང་ལྟ་བུའི་ཡེ་ཤེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཚར་གཅིག་བརྗོད་པས་དེའི་སྟེང་དུ་ཀཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར། དེ་མངོན་པར་བྱང་ཆུབ་པ་ན་གཉིས་པ། ཡེ་ཤེས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཨཾ་དང་པཾ་དམར་པོ་ལས་པདྨ་དང་གྲི་གུག་ས་བོན་གྱིས་མཚན་པ། དེ་བྱང་ཆུབ་པ་ན་གསུམ་པ། ཡེ་ཤེས་ན། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། དེ་ལས་འོད་ཟེར་འཕྲོས་འདུས་པས་ཉི་མ་ཟླ་བ་ས་བོན་ཕྱག་མཚན་རྣམས་ཀྲུག་གིས་འདྲེས་པ། དེ་བྱང་ཆུབ་པ་ན་བཞི་པ། ཡེ་ཤེས་ན། བྱ་བ་ནན་ཏན་གྱི་ཡེ་ཤེས། དོན་གཉིས་བྱས། ཚུར་འདུས་པ་ལས་རྒྱུའི་ཧེ་རུ་ཀ་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དམར་པོ། གཡས་ཞལ་ནག་པ། གཡོན་ཞལ་དཀར་བ། ལྷག་མ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན་རིམ་པ་བཞིན། དྲེད། བྱ་རྒོད། བསེ། བ་མེན། སྟག སྤྲེའུ། ཆུ་སྲིན། ཅེ་སྤྱང་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན། ཁྭ་ཏ། འུག་པ། ཆུ་བྱ་དཀར་པོ། སེང་གེ བཞད། ལུག ཀྲྀཥྞ་ས་ར། ཕག་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་གོས་དཀར་མོ་དམར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར།། དེ་བྱང་ཆུབ་པ་ན་ལྔ་པ། ཡེ་ཤེས་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །བྱང་གི་པདྨའི་ལྟེ་བའི་གདན་གྱི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཚར་གཅིག་བརྗོད་པས། ཨཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཟླ་བའི་དཀྱིལ་འཁོར། དེ་མངོན་པར་བྱང་ཆུབ་པ་ན་དང་པོ། ཡེ་ཤེས་ན། མེ་ལོང་ལྟ་བུའི་ཡེ་ཤེས། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿཚར་གཅིག་བརྗོད་པས་དེའི་སྟེང་དུ་ཀཱ་ལི་གཡས་སྐོར་གཅིག་དང་གཡོན་སྐོར་གཅིག་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར། དེ་མངོན་པར་བྱང་ཆུབ་པ་ན་གཉིས་པ། ཡེ་ཤེས་ན། མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཁཾ་དང་ཏཱཾ་ལྗང་ཁུ་ལས་རལ་གྲི་དང་གྲི་གུག་ས་བོན་གྱིས་མཚན་པ། དེ་བྱང་ཆུབ་པ་ན་གསུམ་པ། ཡེ་ཤེས་ན། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས། དེ་ལས་འོད་ཟེར་འཕྲོས་འདུས་པས་ཉི་མ་ཟླ་བ་ས་བོན་ཕྱག་མཚན་རྣམས་ཀྲུག་གིས་འདྲེས་པ། དེ་བྱང་ཆུབ་པ་ན་བཞི་པ། ཡེ་ཤེས་ན། བྱ་བ་ནན་ཏན་གྱི་ཡེ་ཤེས། དོན་གཉིས་བྱས། ཚུར་འདུས་པ་ལས་རྒྱུའི་ཧེ་རུ་ཀ་དོན་ཡོད་གྲུབ་པ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་ལྗང་ཁུ། གཡས་ཞལ་ནག་པ། གཡོན་ཞལ་དཀར་བ། ལྷག་མ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན་རིམ་པ་བཞིན་གཟའ་ལྷག་པ། ཕུར་བུ། མཇུག་རིང་། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། དབང་པོ། ཚངས་པ། དྲག་པོ། འདོད་ལྷ། ཐོད་པ་ཅན། གཅེར་བུ། ཐགས་བཟང་རིས། སྟོབས་ལྡན་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། དེ་བྱང་ཆུབ་པ་ན་ལྔ་པ། ཡེ་ཤེས་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། དགུ་པ་རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ནས་སྙོམས་འཇུག་བྱ་བ་ནི། ཡུམ་རྣམས་ཀྱི་གསང་གནས་སྟོང་པ་སྲཱིཿལས་པདྨ་ཨས་ཟེའུ་འབྲུ། ཕཊ྄་སེར་པོ་ཞིག་གིས་བུག་པ་བཀག་པ་ཡབ་ཀྱིས་བསྐུལ་བ། ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་ཙ་ཏུ་རཱ་ག་སི་ན་ཧཱུྃ་ཧཱུྃ་ཧཱུྃ་ཀརྻཾ་ཀུ་རུ་ཥྭ་མེ། ཡབ་རྣམས་ཀྱི་གསང་གནས་སྟོང་པ་ཧཱུྃ་ལས་རྡོ་རྗེ་ཨོཾ་གྱིས་ནོར་བུ་བྱས་པ་ཕཊ྄་ཀྱིས་བུ་ག་བཀག་པ་ཡུམ་གྱིས་བསྐུལ། ཨོཾ་བཛྭ་མཧཱ་དྭེ་ཥ་ཙ་ཏུར་ཨཱ་ནནྡཱ་ཡ་ཀཱ་ཀ་མུ་ཁེ་ཀ་རཱ་སོ་ནཱ་ཐ་ཧཱུྃ་ཧཱུྃ་ཧཱུྃ་ཀརྻཾ་ཀུ་རུ་ཥྭ་མེ། ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་འོད་ཟེར་སྤྲོས་ཏེ། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་བཅུད་ཚུར་བསྡུས་ཏེ་ཡབ་ཀྱི་ཞལ་དུ་ཞུགས། ཨ་བ་དྷུ་ཏཱི་ནས་རྡོ་རྗེ་ནོར་བུར་བྱང་ཆུབ་སེམས་ཀྱི་ངོ་བོ། དབུས་ཀྱི་ཡུམ་གྱི་པདྨར། གཾ་ཙཾ་བཾ་གྷཾ། སཾ་ཤཾ་ཙཾ་ཌཾ་ཛཿཧཱུྃ་བཾ་ཧོཿཤར་གྱི་ཡུམ་གྱི་པདྨར། པཾ་ཙཾ་བྷཾ་ཡཾ། དུཾ་སུཾ་ཨཾ་གཾ །ལྷོའི་ཡུམ་གྱི་པདྨར། སུཾ་ཏཾ་རཾ་བཾ། ལཾ་མཾ་གཾ་ནཾ། ནུབ་ཀྱི་ཡུམ་གྱི་པདྨར། པཾ་ཏཾ་སཾ་ཡཾ། པཾ་ཏཾ་དུཾ་མུཾ། བྱང་གི་ཡུམ་གྱི་པདྨར། ཙཾ་ཏཾ་ཀྵཾ་ཀཾ། མཾ་ལཾ་པཾ་དཾ། རྣམས་སུ་གྱུར་ནས་པདྨར་སྤྲོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རྡོ་རྗེ་སེམས་པའི་ཡན་ལག་གོ །བཅུ་པ་འཁོར་གྱི་ལྷ་མོ་རྣམས་བསྐྱེད་པ་ནི། སོ་སོའི་ས་བོན་དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་མོར་གྱུར་ཏེ། པདྨ་ནས་རིམ་པ་བཞིན་འཐོན་ཏེ་སོ་སོའི་གདན་ལ་འཁོད་པ་ནི། དབུས་ཀྱི་པདྨའི་འདབ་མ་ལ་ཤར་དུ་གཽ་རཱི་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོར་ཙཽ་རཱི་མ་སེར་མོ་ཞགས་པ། ནུབ་ཏུ་བཻ་ཏཱ་ལཱི་དམར་མོ་ལྕགས་སྒྲོག བྱང་དུ་གྷསྨ་རཱི་ལྗང་ཁུ་དྲིལ་བུ། བྱང་ཤར་དུ་པུཀྐ་སཱི་སྔོན་མོ་རི་རབ། ཤར་ལྷོར་ཤ་བ་རཱི་དཀར་མོ་བྱང་སེམས་ཀྱིས་གང་བའི་བུམ་པ། ལྷོ་ནུབ་ཏུ་ཙཎྜྻཱ་ལི་སྔོན་མོ་མེ་ཐབ་གྲུ་གསུམ། ནུབ་བྱང་དུ་ཌོམྦི་ནཱི་ལྗང་ཁུ་རྒྱལ་མཚན། ཤར་སྒོར་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་ཞགས་པ་མ་སེར་མོ་ཞགས་པ། ནུབ་སྒོར་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག བྱང་སྒོར་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་བསྣམས་པ། ཤར་གྱི་འདབ་མ་ལ་རིམ་པ་དེ་ཉིད་ཀྱིས། སྐམ་པ་མོ་དཀར་མོ་སྐམ་པ། ཞགས་ལྡན་མ་སེར་མོ་ཞགས་པ། ཉ་དོལ་མ་དམར་མོ་ཉ་རྒྱ། ལྕགས་ཀྱུ་མ་ལྗང་ཁུ་ལྕགས་ཀྱུ། མེ་ཏོག་མ་དཀར་མོ་མེ་ཏོག་གི་སྣོད། བདུག་སྤོས་མ་དུ་བའི་མདོག་ཅན་བདུག་སྤོས་ཀྱི་སྣོད། མར་མེ་མ་སེར་མོ་མར་མེའི་སྣོད། དྲི་ཆབ་མ་དམར་མོ་དྲིའི་དུང་ཆོས། ལྷོའི་འདབ་མ་ལ་རིམ་པ་དེ་ཉིད་ཀྱིས། ཉི་ཕྱག་མ་དཀར་མོ་ཉི་མ། མར་མེ་མ་སེར་མོ་མར་མེ། སྒྲོལ་མ་དཀར་མོ་རིན་པོ་ཆེ། གློག་ཕྱག་མ་ལྗང་ཁུ་གློག་འཁྱུག་པ། སྒེག་མོ་དཀར་མོ་ཕྱག་གཉིས་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་པ། འཕྲེང་བ་མ་སེར་མོ་ཕྱག་གཉིས་རིན་པོ་ཆེའི་འཕྲེང་བ། གླུ་མ་དམར་མོ་ཕྱག་གཉིས་ཏིང་ཏིང་ཤགས། གར་མ་ལྗང་ཁུ་ཕྱག་གཉིས་རྡོ་རྗེ་དང་བཅས་གར་བྱེད་པ། ནུབ་ཀྱི་འདབ་མར་རིམ་པ་དེ་ཉིད་ཀྱིས། པདྨ་དཀར་མོ་པདྨ། ཆོས་འབྱུང་མ་སེར་མོ་ཆོས་འབྱུང་། ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག། འཁྱུད་འདོབས་མ་ལྗང་ཁུ་དྲིལ་བུ། གླིང་བུ་མ་ཕྱག་གཉིས་གླིང་བུ་འབུད་པ། རྫ་རྔ་མ་ཕྱག་གཉིས་རྫ་རྔ་བརྡུང་བ། ཆ་ལང་མ་ཕྱག་གཉིས་ཆ་ལང་འཁྲོལ་བ། དུང་འབུད་མ་ལྗང་ཁུ་ཕྱག་གཉིས་འབུད་དུང་། བྱང་གི་འདབ་མར་རིམ་པ་དེ་ཉིད་ཀྱིས། རྡོ་རྗེ་སྒོ་ལྕགས་མ་དཀར་མོ་སྒོ་ལྕགས། ལྡེ་མིག་མ་སེར་མོ་ལྡེ་མིག སྒོ་འཛིན་མ་དམར་མོ་སྒོ་གླེགས། ཡོལ་འཛིན་མ་ལྗང་ཁུ་ཡོལ་བ། སྤྱན་མ་སེར་མོ་འཁོར་ལོ། །མཱ་མ་ཀཱི་སྔོན་མོ་རྡོ་རྗེ། གོས་དཀར་མོ་དམར་པོ་པདྨ། སྒྲོལ་མ་ལྗང་ཁུ་ཨུཏྤལ་སྔོན་པོ་བསྣམས་ཤིང་། གཡོན་དམིགས་བསལ་མེད་པ་ཐམས་ཅད་ཐུགས་ཀར་སྡིགས་མཛུབ་མཛད་པ། ལྷ་མོ་དེ་ཐམས་ཅད་ཞལ་གཅིག ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཞབས་གཡོན་བརྐྱང་བ། གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། གཉིས་པ་འབྲས་བུའི་ཧེ་རུ་ཀ་བསྐྱེད་པ་ལ་བཅུ་ལས། དང་པོ་དྲི་ཟ་ཉེ་བར་ཞུགས་པ་ནི། དེ་ནས་ནམ་མཁའི་ནཱ་ད་རྣམས་སྐར་མདའ་འཕོ་བ་བཞིན་བྱུང་ནས་བཅོམ་ལྡན་འདས་སོ་སོའི་ཞལ་དུ་ཞུགས་ནས་ཡུམ་གྱི་པདྨར་ཕབ་པས་ཡུམ་བདེ་བའི་ངོ་བོར་ཞུ། ཡུམ་ཞུ་བས་ཡབ་ཀྱང་བདེ་བའི་རོར་ཞུ་ནས་དངུལ་ཆུའི་རྣམ་པ་ལྟ་བུར་གྱུར། གཉིས་པ་མཚམས་ཀྱི་ལྷ་མོ་བཞིས་གླུས་བསྐུལ་བ་ནི། རང་རང་གི་མཚམས་ཀྱི་ལྷ་མོ་བཞིས་གཙོ་བོ་ཡབ་ཡུམ་མེད་པར་ཤེས་ནས་མྱ་ངན་གྱི་གླུས་བསྐུལ་བ་ནི། ཁྱོད་ནི་རྡོ་རྗེ་སྡང་རྣམས་ཡོངས་སུ་སྐྱོང་མཛད་དག་པའི་ཐུགས། །ཤིན་ཏུ་རྣམ་དག་ཆོས་ཀྱིས་རབ་ཏུ་བརྒྱན་པ་བཟང་པོའི་སྐུ། །སྤོས་མོ་བདག་ལ་དེ་རིང་གཟིགས་ཏེ་སྟོང་པ་དོར་མཛོད་ལ། །འདྲེན་པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེ་བ་བཞེས་མཛོད་ཅིག །ཁྱོད་ནི་འཇིག་རྟེན་གཏི་མུག་ཡོངས་སུ་སྐྱོང་མཛད་དག་པའི་སྐུ། །གཟུགས་བརྙན་ལྟ་བུའི་ཆོས་ཀྱིས་རབ་ཏུ་བརྒྱན་པ་བཟང་པོའི་སྐུ། །རི་ཁྲོད་མ་དག་དེ་རིང་གཟིགས་ཏེ་སྟོང་པ་དོར་མཛོད་ལ། །འདྲེན་པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེ་བ་བཞེས་མཛོད་ཅིག །ཁྱོད་ནི་རྡོ་རྗེ་ཆགས་པས་ཡོངས་སུ་སྐྱོང་མཛད་དག་པའི་གསུངས། །ངེས་པར་སོ་སོར་རྟོག་པས་རབ་ཏུ་བརྒྱན་པ་བཟང་པོའི་སྐུ། །གཏུམ་མོ་བདག་ལ་དེ་རིང་གཟིགས་ཏེ་སྟོང་པ་དོར་མཛོད་ལ། །འདྲེན་པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེ་བ་བཞེས་མཛོད་ཅིག །ཁྱོད་ནི་སངས་རྒྱས་ཐམས་ཅད་སྐྱོང་མཛད་ཐམས་ཅད་གཟུགས། །ཐམས་ཅད་ནན་ཏན་མཉམ་པ་ཉིད་ཀྱིས་རབ་ཏུ་རྒྱས་མཛད་པ། །སྨེ་མོ་བདག་ལ་དེ་རིང་གཟིགས་ཏེ་སྟོང་པ་དོར་མཛོད་ལ། །འདྲེན་པ་འཇིག་རྟེན་པ་ཡི་རྒྱུ་ལས་སྐྱེ་བ་བཞེས་མཛོད་ཅིག །ཅེས་པུཀྐ་སཱི་ལ་སོགས་པ་བཞིས་མི་བསྐྱོད་པ་ལ་བསྐུལ་བར་བསམ། དེ་བཞིན་དུ་སྤོས་མ་ལ་སོགས་པ་བཞིའི་གནས་སུ་རྣམ་སྣང་ལ་རིམ་པ་བཞིན། ཁྱོད་ནི་རྡོ་རྗེ་སྡང་རྣམསྎ ཤིན་ཏུ་རྣམ་དགྎ མེ་ཏོག་མ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་འཇིག་རྟེན་གཏི་མུགྎ གཟུགས་བརྙནྎ བདུག་སྤོས་མ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་རྡོ་རྗེ་ཆགས་པསྎ ངེས་པར་སོ་སོརྎ མར་མེ་མ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་སངས་རྒྱས་ཐམས་ཅདྎ ཐམས་ཅད་ནན་ཏནྎ དྲི་ཆབ་མ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཅེས་མེ་ཏོག་མ་ལ་སོགས་པ་བཞིས་རྣམ་སྣང་ལ་བསྐུལ་བར་བསམ། དེ་བཞིན་དུ་སྒེག་མོ་ལ་སོགས་པ་བཞིའི་གནས་སུ་རིན་འབྱུང་ལ་རིམ་པ་བཞིན། ཁྱོད་ནི་རྡོ་རྗེ་སྡང་རྣམསྎ ཤིན་ཏུ་རྣམ་དགྎ སྒེག་མོ་བདག་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་འཇིག་རྟེན་གཏི་མུགྎ གཟུགས་བརྙན་ལྟ་བུསྎ འཕྲེང་བ་མ་བདག་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་རྡོ་རྗེ་ཆགས་པསྎ ངེས་པར་སོ་སོརྎ གླུ་མ་བདག་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་སངས་རྒྱས་ཐམས་ཅདྎ ཐམས་ཅད་ནན་ཏནྎ གར་མ་བདག་ལ་དེ་རིང་གཟིགས་ཏེ། འདྲེན་པ་འཇིག་རྟེནྎ ཅེས་སྒེག་མོ་ལ་སོགས་པ་བཞིས་རིན་འབྱུང་ལ་བསྐུལ་བར་བསམ། དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་བཞིའི་གནས་སུ་སྣང་མཐའ་ལ་རིམ་པ་བཞིན། ཁྱོད་ནི་རྡོ་རྗེ་སྡང་རྣམསྎ ཤིན་ཏུ་རྣམ་དགྎ གླིང་བུ་མ་ལ་དེ་རིང་གཟིགསྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་འཇིག་རྟེན་གཏི་མུགྎ གཟུགས་བརྙན་ལ་སོགསྎ རྫ་རྔ་མ་བདག་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་རྡོ་རྗེ་ཆགས་པསྎ ངེས་པར་སོ་སོརྎ ཆ་ལང་མ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་སངས་རྒྱས་ཐམས་ཅདྎ ཐམས་ཅད་ནན་ཏནྎ དུང་འབུད་མ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཅེས་གླིང་བུ་མ་ལ་སོགས་པ་བཞིས་སྣང་མཐའ་ལ་བསྐུལ་བར་བསམ། དེ་བཞིན་དུ་སྤྱན་མ་ལ་སོགས་པ་བཞིའི་གནས་སུ་དོན་གྲུབ་ལ་རིམ་པ་བཞིན། ཁྱོད་ནི་རྡོ་རྗེ་སྡངྎ ཤིན་ཏུ་རྣམ་དགྎ སྤྱན་མ་བདག་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེན་པྎ ཁྱོད་ནི་འཇིག་རྟེན་གཏི་མུགྎ །གཟུགས་བརྙནྎ མཱ་མ་ཀཱི་བདག་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་རྡོ་རྗེ་ཆགས་པསྎ ངེས་པར་སོ་སོརྎ གོས་དཀར་མོ་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཁྱོད་ནི་སངས་རྒྱས་ཐམས་ཅདྎ ཐམས་ཅད་ནན་ཏནྎ སྒྲོལ་མ་བདག་ལ་དེ་རིང་གཟིགས་ཏེྎ འདྲེན་པ་འཇིག་རྟེནྎ ཞེས་སྤྱན་མ་ལ་སོགས་པ་བཞིས་དོན་གྲུབ་ལ་ཤིན་ཏུ་སྙན་པའི་གླུས་བསྐུལ་བར་བསམ་མོ། །གསུམ་པ་ཆོ་ག་གསུམ་གྱིས་འབྲས་བུའི་ཧེ་རུ་ཀར་བཞེངས་པ་ནི། སྔོན་གྱི་སྨོན་ལམ་རྗེས་སུ་དྲན་ནས་དངུལ་ཆུའི་རྣམ་པ་ལྟ་བུ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་ཧཱུྃ་དང་མཱཾ་དུ་གྱུར། དེ་ལས་འོད་འཕྲོས་སངས་རྒྱས་མཆོད། རྡོ་རྗེ་སྔོན་པོ་ལྟེ་བ་ཧཱུྃ་གིས་མཚན་པ་དང་། གྲི་གུག་ཡུ་བ་མཱཾ་གྱིས་མཚན་པར་གྱུར། ཕྱག་མཚན་ས་བོན་གྱིས་མཚན་པ་ལས་དགྱེས་པ་རྡོ་རྗེའི་སྐུ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ས་བོན་ཕྱག་མཚན་སྐུ་ཕྲ་མོ་རྣམས་གཅིག་ཏུ་འདྲེས་པ་ལས་རང་ཉིད་འབྲས་བུའི་ཧེ་རུ་ཀ་མི་བསྐྱོད་དགྱེས་པ་རྡོ་རྗེ། སྐུ་མདོག་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ་རྩ་བའི་ཞལ་ནག་པ། གཡས་ཞལ་དཀར་བ། གཡོན་ཞལ་དམར་བ་ཆེར་འཇིགས་པ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་གླང་པོ་ཆེ་དཀར་པོ། གཉིས་པ་ན་རྟ་སྔོན་པོ། གསུམ་པ་ན་བོང་བུ་གྭ་པ། བཞི་པ་ན་གླང་དམར་པོ། ལྔ་པ་ན་རྔ་མོ་ཐལ་ཁ། དྲུག་པ་ན་མི་དམར་པོ། བདུན་པ་ན་སེང་གེ་སྔོན་པོ། བརྒྱད་པ་ན་བྱི་ལ་གྭ་པ་རྣམས་གདོང་ནང་དུ་བསྟན་ཏེ་བསྣམས་པ། གཡོན་པའི་ཐོད་པ་བརྒྱད་ཀྱི་དང་པོ་ན་སའི་ལྷ་མོ་སེར་མོ། གཉིས་པ་ན་ཆུའི་ལྷ་མོ་དཀར་མོ། གསུམ་པ་ན་རླུང་གི་ལྷ་མོ་དུད་ཁ། བཞི་པ་ན་མེའི་ལྷ་མོ་དམར་མོ། ལྔ་པ་ན་ཟླ་བའི་ལྷ་མོ་དཀར་མོ། དྲུག་པ་ན་ཉི་མའི་ལྷ་མོ་དམར་མོ། བདུན་པ་ན་གཤིན་རྗེ་ནག་པོ། བརྒྱད་པ་ན་ནོར་བདག་སེར་པོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་ཐལ་མོ་སྙིང་ཀར་སྦྱར་བ་ཞལ་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཀྱིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། དེའི་ཡུམ་མཱ་མ་ཀི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་དང་མེ་དཔུང་གི་ནང་དུ་བཞུགས་པར་གྱུར། ཤར་དུ་བྷྲུྃ་དང་ལཱཾ་ལས་འཁོར་ལོ་དང་གྲི་གུག་ས་བོན་གྱིས་མཚན་པ་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་པ། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་རྣམ་སྣང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དཀར་པོ། གཡས་ཞལ་ནག་པོ། གཡོན་ཞལ་དམར་བ། ལྷག་མའི་ཞལ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན་རིམ་པ་བཞིན་རྨ་བྱ། མ་ཧེ། ཆུ་སྲིན། ཉ། ཉ་ཁྲབ་ཆེན། རུ་སྦལ། ཀླུ་ལྷག་ལྡན། ངང་མོ་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། དྭ་བྱིད། སྦྲུལ་ཁྲ། ནག དཀར་བ། བྱི་བ། འབྲི། བྱ་རྒོད། བཞད་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་སངས་རྒྱས་སྤྱན་མ་དཀར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ལྷོར་ཛྭིཾ་དང་ཏཱཾ་ལས། རིན་ཆེན་དང་གྲི་གུག་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་རིན་འབྱུང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་སེར་པོ། གཡས་ཞལ་སྔོ། གཡོན་ཞལ་དཀར་བ། ལྷག་མ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་ཀྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། བྱ་ཀ་ལནྟ་ཀ ངུར་པ། ལུག ཙ་ཀོ་ར། བྱེ་ཁྲ། ཧོར་ཁྲ། འོལ་བ། ཉ་ཁྲ་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན། སྟོབས་རྒྱུ། དུང་སྐྱོང་། རིགས་ལྡན། པདྨ། པད་བཟང་། འཇོག་པོ། ནོར་རྒྱས། མཐའ་ཡས་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་སྒྲོལ་མ་སེར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ནུབ་ཏུ་ཨཾ་དང་པཾ་ལས་པདྨ་དང་གྲི་གུག་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དམར་པོ། གཡས་ཞལ་ནག་པ། གཡོན་ཞལ་དཀར་བ། ལྷག་མ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན་རིམ་པ་བཞིན། དྲེད། བྱ་རྒོད། བསེ། བ་མེན། སྟག སྤྲེའུ། ཆུ་སྲིན། ཅེ་སྤྱང་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན། ཁྭ་ཏ། འུག་པ། ཆུ་བྱ་དཀར་པོ། སེང་གེ བཞད། ལུག ཀྲྀཥྞ་ས་ར། ཕག་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་གོས་དཀར་མོ་དམར་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། །བྱང་ཏུ་ཁཾ་དང་ཏཱཾ་ལས་རལ་གྲི་དང་གྲི་གུག་ས་བོན་གྱིས་མཚན་པ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཡོངས་སུ་གྱུར་པ་ལས་འབྲས་བུའི་ཧེ་རུ་ཀ་དོན་ཡོད་གྲུབ་པ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་ལྗང་ཁུ། གཡས་ཞལ་ནག་པ། གཡོན་ཞལ་དཀར་བ། ལྷག་མ་གཉིས་གཉིས་ནག་པ། སྟེང་ཞལ་དུད་ཁ་གཙིགས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་སྤྱན་རྩ་དམར་བ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པ། ཕྱག་གཡས་པའི་ཐོད་པ་བརྒྱད་ན་རིམ་པ་བཞིན་གཟའ་ལྷག་པ། ཕུར་བུ། མཇུག་རིང་། སྒྲ་གཅན། མིག་དམར། པ་སངས། སྤེན་པ། ཁྱབ་འཇུག་རྣམས་གདོང་ནང་དུ་བསྟན་པ། གཡོན་གྱི་ཐོད་པ་བརྒྱད་ན་རིམ་པ་བཞིན། དབང་པོ། ཚངས་པ། དྲག་པོ། འདོད་ལྷ། ཐོད་པ་ཅན། གཅེར་བུ། ཐགས་བཟང་རིས། སྟོབས་ལྡན་རྣམས་གདོང་ཕྱིར་བསྟན་ཏེ་བསྣམས་པ། ཕྱག་དང་པོ་གཉིས་ཡུམ་ལ་འཁྱུད་པ། དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་བརྒྱན་ཅིང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བས་དོ་ཤལ་བྱས་པ། ཐལ་ཆེན་གྱིས་ལུས་ལ་བྱུགས་པ། གར་གྱི་ཉམས་དགུ་དང་ལྡན་པ། ཞབས་བཞིའི་གཡས་པ་གཉིས་བརྐྱང་ཞིང་གཡོན་པ་གཉིས་བསྐུམ་པའི་གར་སྟབས་ཀྱིས་བདུད་བཞིའི་སྙིང་ག་མནན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་གཡས་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་བསྣམས་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་འཕྲེང་བས་དོ་ཤལ་བྱས་པ། ཞབས་གཡས་པ་ཡབ་ལ་འཁྱུད་ཅིང་གཡོན་བརྐྱང་བ། ཡབ་ཡུམ་གཉིས་ཀའི་སྤྱི་བོར་རུས་པའི་འཁོར་ལོ། རྣ་རྒྱན་མགུལ་རྒྱན་ལག་གདུབ་སྐ་རགས་ཏེ་རུས་པའི་རྒྱན་ཆ་ལྔས་བརྒྱན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ཞེས་པའི་བར་རྣམས་གོང་ཇི་ལྟར་བཞིན་དུ་བསྒོམ་མོ།། བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་དང་འདྲ་བ། ཚོན་གང་བ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ། འཁོར་ལོ། རིན་ཆེན། པདྨ། རལ་གྲི་རྣམས་ནས་ཙམ་པའི་ལྟེ་བ་ལ་སྲན་ཆུང་གཤགས་པའི་གའུ་ཙམ་པའི་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་བྷྲཱུྃ་ཛྭཱིཾ་ཨཱཾ་ཁཾ་རྣམས་སྤུས་བྲིས་པ་ཙམ་པ། ཡུམ་རྣམས་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། མཱཾ་ལཱཾ་ཏཱཾ་པཱཾ་ཏཱཾ་རྣམས་འོད་ཟེར་དང་བཅས་པ། བཞི་པ་སྐྱེ་མཆེད་དྲུག་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། གཙོ་བོ་ཧེ་རུ་ཀ་རིགས་ལྔ་རྣམས་ཀྱི་མིག་ཏུ་ཨོཾ་ལས་གཏི་མུག་རྡོ་རྗེ་མ་དཀར་མོ། རྣ་བར་ཧཾ་ལས་ཞེ་སྡང་རྡོ་རྗེ་མ་ནག་མོ། སྣ་ལ་མཾ་ལས་སེར་སྣ་རྡོ་རྗེ་མ་སེར་མོ། ལྕེ་ལ་རཾ་ལས་འདོད་ཆགས་རྡོ་རྗེ་མ་དམར་མོ། དཔྲལ་བར་ཨཾ་ལས་ཕྲག་དོག་རྡོ་རྗེ་མ་ལྗང་ཁུ། སྙིང་གི་ཆ་སྟོད་དུ་ཨ་ལས་དབང་ཕྱུག་རྡོ་རྗེ་མ་སྔོན་མོ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ་མ་དཀར་མོ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ་མ་དམར་མོ། སྙིང་གི་ཆ་སྨད་དུ་ཧཱུྃ་ལས་ཐུགས་རྡོ་རྗེ་མ་སྔོན་མོ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ། གཡས་ན་གྲི་གུག གཡོན་ཐོད་པ། མཆན་ཁུང་དུ་ཁ་ཊྶཱཾ་ག་བཅུག་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་རོའི་གདན་གྱི་སྟེང་ན་བཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ལ་ཝཱ་སི་ནཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ལྔ་པ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་ནི། གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལྔ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ། གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར།། ཅེས་བསྟོད། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དྲུག་པ་དབང་བསྐུར་བ་ནི། དེ་ནས། སླར་ཡང་གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་མི་བསྐྱོད་པ་ལ་རྡོ་རྗེ་སྔོན་པོ། རྣམ་སྣང་ལ་འཁོར་ལོ་དཀར་པོ། རིན་འབྱུང་ལ་རིན་པོ་ཆེ་སེར་པོ། སྣང་མཐའ་ལ་པདྨ་དམར་པོ། དོན་གྲུབ་ལ་རལ་གྲི་ལྗང་ཁ། འཁོར་རྣམས་ལ་རང་རང་གི་གཙོ་བོས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། མི་བསྐྱོད་པའི་ཡན་ལག་གོ །བདུན་པ་བདུད་རྩི་མྱང་བ་ནི། དེ་ནས་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱིས་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། འོད་དཔག་མེད་ཀྱི་ཡན་ལག་གོ །བརྒྱད་པ་མཆོད་པ་ནི། དེ་ནས་གཙོ་བོ་ཧེ་རུ་ཀ་རིགས་ལྔའི་ས་བོན་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་རྣམས་འོད་ཟེར་གྱིས་བསྡུས་ནས་ལྷ་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པར་སྤྲོས་པས། དེ་རྣམས་ཀྱིས་ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་པ་རྣམས་ལ་མཆོད་པ་བྱེད་པར་གྱུར། བཅོམ་ལྡན་དེང་འདིར་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་ལས་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་ནཱི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། །ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་རེའི་དྲི་མཆོག་ནི། །བདགྎ སོ་སོརྎ དྷཱུ་པེྎ གཙང་ཞིང་བཟང་ལ་དགེ་བའི་དྲི། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། །བདགྎ སོ་སོརྎ གནྡྷེྎ གཙང་ཞིང་གཙང་ལ་དགེ་བའི་བཤོས། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། བདགྎ སོ་སོརྎ ནཻ་ཝི་དྱཾྎ དམར་གསལ་སྡུག་པ་དག་ཅིང་གཙང་། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནིྎ སོ་སོརྎ ཨཱ་ལོ་ཀེྎ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་ལྡན། །བདགྎ སོ་སོརྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻཱ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཾ་ཨཱཿཧཱུྃ་སྭཱ་ཧཱ། ཌོམྦི་ནཱིས་འཁྱུད་པ་ལས་བྱུང་བའི་བདེ་བ་ཆེན་པོ་འཁོར་ལོའི་དབང་ཕྱུག་དང་། རྣལ་འབྱོར་མ་རྣམས་དཔའ་བོའི་ཆ་ལུགས་སུ་བསྒྱུར་ཏེ་སྐུ་ཉམས་སུ་བསྟར་བར་གྱུར། ཅེས་དང་། གང་གིས་རྣམ་རྟོག་རྣམས་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམས་བསྒོམ་ཞིང་། །ལུས་དང་སེམས་ནི་རྣམ་དག་པ། །འདི་ནི་དོན་དམ་མཆོད་པ་ཡིན།། ཞེས་པས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། གིས་རྒྱས་བཏབ་བོ། །དོན་ཡོད་གྲུབ་པའི་ཡན་ལག་གོ །དགུ་པ་བསྟོད་པ་ནི། ཨོཾ་མ་ཧཱ་བཛྭ་ཧཱུྃ་ཞེས་པས་རྡོ་རྗེ་གཟུང་། ཨོཾ་བཛྭ་གྷཎྜྻེ་ཨཱ་ཞེས་པས་དྲིལ་བུ་གཟུང་སྟེ། མཆོད་པའི་ལྷ་མོ་དེ་རྣམས་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངང་ནས་ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་བསྟོད་པར་གྱུར། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེ་ཡི་རྡོ་རྗེར་བདག་ཕྱག་འཚལ། །བདག་མེད་མས་ནི་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོའི་གདན་སྟེང་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །གནས་པ་དེ་ལ་གུས་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོ། །སྐྱེས་པ་ཁྱི་དང་མ་ཧེར་བཅས། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་མཛད་སྔོ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡི་བདག་ཉིད་མཛེས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔ་ཡིས་ཡང་དག་བརྒྱན། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། །ཡན་ལག་གནག་ཅིང་གཡོན་ན་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལྎ ཙཾ་ལས་བྱུང་བའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལྎ བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་བསྣམས་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་ཁུ་གྷཾ་ལས་བྱུང་བ་ཡི། །ཕྱག་ན་སྦྲུལ་དང་ཐོད་པས་བྲེལ། །དྲག་པོ་མནན་ལྎ གཤིན་རྗེ་མནན་ཅིང་བཾ་ལས་བྱུང་། །གཡོན་ན་དགྲ་ཧྶ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོན་ལ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་ན་གསིལ་བྱེད་གཡས་པ་ཡིས། །དགེ་སློང་བསྣམས་ལྎ གཏུམ་མོ་ནམ་མཁའི་སྔོ་བསངས་མ། །སྲིན་པོར་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོད་པ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་མནན་ཁྱོད་ལ། །ཌཾ་ལས་བྱུང་བའི་གཡུང་མོ་ནི། །རླུང་མཚམས་ཐགས་བཟང་རིས་སྟེང་གཤེགས། །ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་ནི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་གཡས་པའི་ཕྱག་བཟུང་བའི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་ནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །འདི་ལས་འདི་དག་ཐམས་ཅད་མ་ལུས་པའི། །ཞི་བ་བདེ་སྩོལ་རིག་མ་སྡུད་མཛད་པ། །ཤེས་རབ་ཆགས་པས་བདུད་རྩི་རོ་ཉིད་ཀྱིས། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱཻ་རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག། ཅེས་ཤློ་ཀ་ཉི་ཤུ་པས་བསྟོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། རིན་ཆེན་འབྱུང་ལྡན་གྱི་ཡན་ལག་གོ །བཅུ་པ་བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་རྣམ་དག་དང་བཅས་པ་བསྒོམ་པ་ནི། ཨོཾ་དྷ་ར་དྷ། དྷཱ་ར་ཡ་དྷཱ་ར་ཡ། མརྡ་མརྡ་བཛྭ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཞེས་པས། མི་བསྐྱོད་པ་ཡབ་ཡུམ་དང་། གཽ་རཱི་ལ་སོགས་པ་བརྒྱད་ཀྱི་སྐུ་མདོག་དང་ཕྱག་མཚན་དང་རྒྱན་ཆ་ལུགས་ཤིན་ཏུ་གསལ་བར་གྱུར། དེ་འགྲེས་ཏེ། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཨེ་ཛྲོ་ཧི་ཛི་ན་ཛིཀ་ཕཊ྄་སྭཱ་ཧཱ། རྣམ་པར་སྣང་མཛད་ཡབ་ཡུམ་དང་སྐམ་པ་མ་ལ་སོགས་པ་བརྒྱད་ཀྱི་སོགས། ཨོཾ་བཛྭ་སཱུརྻ་ཏ་མ་བི་དྷ་མ་ན་ས་མ་ཡ་ཧྶཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ྄་སྭཱ་ཧཱ། རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང་ཉི་ཕྱག་མ་ལ་སོགས་པ་བརྒྱད་ཀྱིྎ ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལིཀ་ཕཊ྄་སྭཱ་ཧཱ། སྣང་བ་མཐའ་ཡས་ཡབ་ཡུམ་དང་པདྨ་མ་ལ་སོགས་པ་བརྒྱད་ཀྱིྎ ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི་པྲཛྙྱཱ་དྷྲྀཀ་ཕཊ྄་སྭཱ་ཧཱ། དོན་ཡོད་གྲུབ་པ་ཡབ་ཡུམ་དང་སྒོ་ལྕགས་མ་ལ་སོགས་པ་བརྒྱད་དང་། ལྕགས་ཀྱུ་མ་ལ་སོགས་པ་བཞི་རྣམས་ཤིན་ཏུ་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་བརྗོད་པས། གཞལ་ཡས་ཁང་དུར་ཁྲོད་ཆེན་པོ་བརྒྱད་རྡོ་རྗེའི་ར་བ་མེ་རི་དང་བཅས་པ་ཤིན་ཏུ་གསལ་བར་གྱུར། དེའང་གོང་མ་རྣམས་སུ་སྐབས་ཀྱི་དམིགས་པ་གང་ཡིན་པ་དེ་ལ་སེམས་ཟིན་པ་ཙམ་གྱིས་ཆོག་ལ། འདིར་ནི་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་དང་བཅས་པ་དུས་གཅིག་ཏུ་ཤིན་ཏུ་གསལ་བར་བསྒོམ་པ་གལ་ཆེའོ་གསུངས། དེ་ནས་རྣམ་དག་བསྒོམ་པ། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ། །རྡོ་རྗེ་གསུམ་གྱི་དག་པའི་སྤྱན། །བྱམས་པའི་ཐུགས་ལས་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་ཀྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོར་བྱས། །གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁྲག་སྐྱུག་མཛེ་ནད་གཡན་པ་དང་། །ཁོང་སྐྲན་པགས་པའི་རང་བཞིན་རྣམས། །གླང་པོ་སོགས་པར་རབ་ཏུ་གྲགས། །གཞང་ནད་དང་ནི་འབོག་ནད་དང་། །ཆུ་རྡོའི་ནད་དང་ཁོང་གཟེར་ནད། །རྒྱུ་ནད་སྦོས་ནད་བཀྲེས་ནད་དང་། །མིག་སེར་ནད་རྣམས་དྲེད་མོ་སོགས། །མིག་ཚག་དང་ནི་སོ་ནད་དང་། །ཁྲག་མཁྲིས་དང་ནི་བད་རླུང་དང་། །བད་ཀན་ཁྲག་དང་མཚན་པར་བརྡོལ། །ཆུ་ནད་དང་ནི་འབྲུམ་རྒོད་རྣམས། །རྨ་བྱ་ལ་སོགས་པ་རྣམས་ཡིན། །རྐང་སྐྲངས་ཁོང་སྦོས་མཆུ་སོ་ན། །རྒྱུ་ལྒངས་དང་ནི་ཀླད་གཟེར་དང་། །འཁྲུ་ནད་ཚ་ནད་རྐང་གྲུམ་རྣམས། །ཀ་རན་ཏ་ཀའི་བྱ་སོགས་རྣམས། །རླུང་མཁྲིས་དེ་བཞིན་མ་ཞུ་དང་། །ལིང་ཐོག་རབ་རིབ་ཟ་གུ་ཅན། །གཞོགས་ཕྱེད་ནད་དང་ལྷ་གོར་ནད། །རླུང་སྨྱོན་སོགས་རྣམས་གཟའ་ལྷག་སོགས། །སེན་མོ་སྤུ་དང་དེ་བཞིན་གདུང་། ཁུ་བ་སྣང་བ་མཐའ་ཡས་སོ། །ཁྲག་དང་པགས་པ་བརྗིད་ཆེན་ཏེ། །རྐང་དང་ཚིལ་བུ་རྡོ་རྗེ་འཛིན། །དེ་བཞིན་ཀུན་ནི་རྣམ་སྣང་མཛད། །མགོ་དང་ནུ་མ་རྟ་བདུན་པའོ། །ས་ཁམས་རྣམ་པར་དག་པ་ནི། །སྤྱན་མ་འཁོར་ལོས་མཛེས་པའོ། །དེ་བཞིན་གསལ་བ་རྡོ་རྗེ་དབྱིངས། །མེ་ནི་པདྨའི་བུ་མོའོ། །སྒྲོལ་མ་རླུང་ཁམས་དག་པ་སྟེ། །མཁའ་འགྲོ་སྐམ་པ་མ་ཡིས་ནི། །གདུག་པ་རྣམས་ཀྱིས་འཁུར་བ་འདོན། །གཡས་པའི་ལག་ན་ཞགས་པ་སྟེ། །གདུག་པ་རྣམས་བཅིངས་རྣམ་པར་དགོད། །གཡས་ན་ཉ་རྒྱ་ཟླུམ་པོ་སྟེ། །གདུག་པ་རྣམས་ནི་བཀྲི་བར་འདོད། །ལག་པ་གཡས་པར་ལྕགས་ཀྱུ་སྟེ། །གདུག་པ་རྣམས་ནི་དགུག་པར་འདོད། །ལག་པ་གཡས་པར་ཉི་མ་སྟེ། །གཏི་མུག་མུན་པ་རྣམ་པར་འདྲལ། །ལག་པ་གཡས་པར་པདྨ་ཡང་། །པདྨ་འདོད་ཆགས་སེལ་བར་བརྗོད། །གཡས་པར་བྷ་གའི་པདྨ་ནི། །བདེ་བ་ཆེན་པོ་རྣམ་པར་འཕེལ། །ལག་པ་གཡས་པར་ལྕགས་སྒྲོག་སྟེ། །བྱང་ཆུབ་ཞེན་པ་ཀུན་འཆིང་བ། །བདག་ཉིད་འཁྱུད་པར་འདོད་པ་ཡང་། །བྱང་ཆུབ་ཆགས་པས་རབ་སྒྲུབ་མ། །ལག་པ་གཡས་ན་སྒོ་ལྕགས་ཏེ། །ཡེ་ཤེས་ཀུན་གྱི་སྲུང་བ་མོ། །གཡས་པའི་ལག་ཏུ་ལྡེ་ཀྱོག་ནི། །ཡེ་ཤེས་ཀློང་ན་གཅོད་པ་མོ། །གཡས་པའི་ལག་པས་སྒོ་མོ་ནི། །ཡེ་ཤེས་སྐྱེས་པ་མ་སྤངས་པ། །ལག་པ་གཡས་པར་ཡོལ་བ་ནི། །རང་མཚུངས་བཙུན་མོ་སྲུང་བ་ཉིད། །གཡོན་པས་གདུག་ལ་སྡིགས་མཛུབ་མཛད། །མཁའ་འགྲོ་མ་ཡི་དམ་པའི་ཚོགས། །མཁའ་འགྲོ་ལྔ་ནི་རབ་བསྒྲུབ་ཕྱིར། །མཁའ་འགྲོ་མ་ཡི་རྒྱུ་གསུངས་སོ།། ཞེས་ཀུན་རྫོབ་ལྷ་སོ་སོའི་དག་པ་དང་། དེ་ཐམས་ཅད་ཀྱང་བདེ་སྟོང་དབྱེར་མི་ཕྱེད་པའི་རང་བཞིན་ནོ།། ཞེས་པས་རྒྱས་གདབ་པ་ནི་དོན་དམ་དེ་བཞིན་ཉིད་ཀྱི་དག་པའོ། །གཉིས་པ་ངག་གི་ཞེན་པ་བཟློག་པའི་ཕྱིར་བཟླས་པ་བྱ་བ་ནི། ཨོཾ་ཨཱཿཧཱུྃ་ཞེས་པས་རིགས་སོ་སོའི་འཁོར་གྱི་ལྷ་མོ་བརྒྱད་རང་རང་གི་གཙོ་བོའི་ཞལ་བརྒྱད་དང་། སྒོ་མ་བཞི་མི་བསྐྱོད་དགྱེས་པ་རྡོ་རྗེའི་ཐུགས་ཀར་ཞུགས། ཡུམ་མཱ་མ་ཀིའི་ཐུགས་ཀར་ཟླ་བའི་སྟེང་དུ་མཱཾ་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཞི་རྒྱས་དབང་དྲག་བཞིའི་རིམ་པས། ཐིག་གུ་བསྒྲིལ་བ། རྨ་བྱའི་སྦོམས། ལྕགས་སྒྲོག་འཁྱིལ་བ། མདའི་ཤུགས་ལྟ་བུ་རིམ་པ་བཞིན་སྦྱར་ཏེ། ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས། ཨ་ཝ་དྷཱུ་ཏི་ནས་མར་སོང་། རྡོ་རྗེ་ནོར་བུ་ནས་ཡུམ་གྱི་པདྨར་ཕབ། པདྨ་ནས་བྱུང་སྟེ་ཡང་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་ཞུགས་ཏེ་འཁོར་བར་དམིགས་ལ། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརྡ་མརྡ་བཛྭ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཞེས་བཟླ། མི་བསྐྱོད་པའིའོ། །དེ་བཞིན་རིགས་ལྔ་སོ་སོའི་ཏིང་ངེ་འཛིན་ལ་རེས་འཇོག་གིས་བཟླ་བར་བྱ་བ་སྟེ། རྣམ་སྣང་དགྱེས་པ་རྡོ་རྗེའི་ཡུམ་སངས་རྒྱས་སྤྱན་མའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ལཱཾ་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སོགས་གོང་ལྟར་འགྲེས། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཨེ་ཛྲོ་ཧི་ཛི་ན་ཛིཀ་ཕཊ྄་སྭཱ་ཧཱ། ཞེས་བཟླ། རྣམ་སྣང་གིའོ།། རིན་འབྱུང་དགྱེས་པ་རྡོ་རྗེའི་ཡུམ་སྒྲོལ་མའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཏཱཾ་གྱི་མཐར་སྔགས་ཀྱི་བསྐོར་བ་ལས་འོད་ཟེར་སོགས་གོང་ལྟར་འགྲེས། ཨོཾ་བཛྭ་སཱུརྻ་ཏ་མ་བི་དྷ་མ་ན་ས་མ་ཡ་ཧྶཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཞེས་བཟླ། རིན་འབྱུང་གིའོ།། སྣང་མཐའ་དགྱེས་པ་རྡོ་རྗེའི་ཡུམ་གོས་དཀར་མོའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་པཱཾ་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སོགས་གོང་ལྟར་འགྲེས། ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ། ཧུ་ལུ་ཧུ་ལུ་ཨ་རོ་ལྀཀ་ཕཊ྄་སྭཱ་ཧཱ། ཞེས་བཟླ། འོད་དཔག་མེད་དོ།། དོན་གྲུབ་དགྱེས་པ་རྡོ་རྗེའི་ཡུམ་སྒྲོལ་མའི་ཐུགས་ཀར་ཟླ་དཀྱིལ་གྱི་སྟེང་དུ་ཏཱཾ་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་སོགས་གོང་ལྟར་འགྲེས། ཨོཾ་ཕུཿཕུཿཕུཿཧི་ཧི་ཧི། པྲཛྙྱཱ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཞེས་བཟླ། དོན་གྲུབ་ཀྱིའོ། །བཟླས་པ་ལ་སྐྱོ་ན་དེའི་ཐུན་ཞབས་ཐམས་ཅད་ལ་མཆོད་པ་ལྔ་དང་བསྟོད་པ་བྱ་སྟེ་ཡི་གེ་བརྒྱ་པ་བཟླས་ནས་སྨོན་ལམ་གདབ། མཐར་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་བརྟན་གཡོ་སྣོད་བཅུད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ། དེ་ཡང་རིགས་བཞི་ལ་འདུས། རྣམ་སྣང་སོགས་བཞི་པོ་གཙོ་བོ་མི་བསྐྱོད་དགྱེས་པ་རྡོ་རྗེའི་ཐུགས་ཀར་བསྡུས་ནས་གཙོ་བོའི་ཏིང་ངེ་འཛིན་གྱིས་རྫོགས་རིམ་བསྒོམ། རང་ཧེ་རུ་ཀ་ཕྱག་གཉིས་པར་བསྒྱུར་ཏེ་ནང་བཅུད་ལྷ་དང་ལྷ་མོ། ཕྱི་སྣོད་གཞལ་ཡས་ཁང་གི་རྣམ་པར་བལྟས་ལ་དེ་དག་ཐམས་ཅད་ཀྱང་རྫོགས་རིམ་གྱི་ཉམས་སྐྱེ་མེད་ཀྱིས་རྒྱས་གདབ་བོ།། གསུམ་པ་གཞན་དུ་བཤད་དོ། །བཞི་པ་ཐུན་མཚམས་ཀྱི་ཆོས་ལ། མདུན་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་གི་སྟེང་དུ་པདྨ་དཀར་པོ་དང་། བར་དུ་ནག་པོ་དང་། འོག་ཏུ་དམར་པོ་རྣམས་འདབ་མ་བརྒྱད་པ་བརྩེགས་པ། རང་གི་སྤྱི་བོའི་སྐུ་རྡོ་རྗེ་ལས་འོད་ཟེར་དཀར་པོ་འཕྲོས་པས་གཟུགས་མེད་སྲིད་པའི་ལྷ་ཚོགས་ནས་རྒྱལ་ཆེན་རིགས་བཞིའི་བར་གྱི་ལྷ་ཚོགས་རྣམས་འོད་ཀྱིས་བསྡུས་ནས་མདུན་གྱི་པདྨ་དཀར་པོའི་དབུས་སུ་ཨོཾ་དཀར་པོ་ཅིག་ཏུ་གྱུར། སྙིང་གའི་ཐུགས་རྡོ་རྗེ་ལས་འོད་ཟེར་ནག་པོ་འཕྲོས་པས་ཕྱོགས་སྐྱོང་བཅུ་དང་ཕ་མ་ལ་སོགས་པ་འོད་ཀྱིས་བསྡུས་ནས་པདྨ་ནག་པོའི་དབུས་སུ་ཧཱུྃ་ནག་པོ་ཅིག་ཏུ་གྱུར། མགྲིན་པའི་གསུང་རྡོ་རྗེ་ལས་འོད་ཟེར་དམར་པོ་འཕྲོས་པས་ས་སྟེང་གི་མི། ས་འོག་གི་ཀླུ། དམྱལ་བ་ཡི་དྭགས་བྱོལ་སོང་ཐམས་ཅད་འོད་ཀྱིས་བསྡུས་ནས་པདྨ་དམར་པོའི་དབུས་སུ་ཨཱཿདམར་པོ་ཅིག་ཏུ་གྱུར། ཡི་གེ་གསུམ་པོ་དག་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་འཁོར་ལོ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། རྡོ་རྗེ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། པདྨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱང་བས་བཞུགས་པ། རང་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་འཕྲོས་པས། དམ་ཚིག་སེམས་དཔའ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་གསུམ་སྤྱན་དྲངས། གཽ་རཱི་ཛཿ ཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷསྨ་རཱི་ཧོཿཞེས་དགུག་གཞུག་བཅིང་མཉེས་བྱས་ལ། སླར་ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བས་སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཡང་རང་གི་གནས་གསུམ་གྱི་ལྷ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ་དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། ཨོཾ་ཨིནྡྲ། ཡ་མཱ། ཛཱ་ལ། ཡཀྵ། བྷཱུ་ཏ། བ་ནི། ཝཱ་ཡུ། རཀྵ། ཙནྡྲ། སུརྻ། མཱ་ཏ། པ་བྱཱ་ཏཱ་ལ། པ་ཏཱ་ལ། ཨཥྚ། ས་བྱཱ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛིཾ་ག པུཥྤེ། དྷཱུ་པ། མཾ་ས། བིདྒ། ཨཏྨ། སརྦ། ཀནྫ་སྭཱ་ཧཱ། ཁནྟི། ཁུ་ཏི། བི་ཏ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ལན་གསུམ་བརྗོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་འགྲུབ་པ། །སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་བསྒྲུབས་པའི་ཡིད། །དགྱེས་པ་རྡོ་རྗེ་དཔལ་ལྡན་ཧེ་རུ་ཀ་ལ་བསྟོད།། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། གཏོར་མའི་མགྲོན་རྣམས་མཉེས་ནས་ཧ་ཧ། ཧི་ཧཱི། ཧུ་ཧཱུ། ཧེ་ཧཻ། ཧོ་ཧཽ། ཧཾ་ཧཿཞེས་ཡེ་ཤེས་ཀྱི་གད་མོ་བཅུ་གཉིས་སྒྲོགས་ཤིང་། སྒྲུབ་པ་པོ་ཁྱོད་ཀྱི་ཡིད་ལ་ཅི་འདོད་པ་བདག་ཅག་རྣམས་ཀྱིས་བསྒྲུབ་པར་བྱའོ་ཞེས་ཁས་ལེན་པར་གྱུར། ལྷ་ཆེན་བརྒྱད་པོ་འཁོར་བཅས་དང་། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་། །འཇིག་རྟེན་སྐྱོང་བ་བརྒྱད་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མ་ལུས་དང་། །འབྱུང་པོའི་ཚོགས་རྣམས་མ་ལུས་དང་། །སྲིན་པོའི་ཚོགས་རྣམསྎ ཡི་དྭགས་ཚོགསྎ ཤ་ཟའི་ཚོགསྎ སྨྱོ་བྱེད་ཚོགསྎ བརྗེད་བྱེད་ཚོགསྎ མཁའ་འགྲོའི་ཚོགས་རྣམས་མ་ལུས་དང་། །དེ་ལ་སོགས་པ་འབྱུང་པོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཀུན། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །དབང་དང་མངོན་སྤྱོད་དགྲ་འཇོམས་དང་། །དགར་དང་བསད་དང་དགུག་པ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྟོངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །མཁའ་འགྲོའི་བྱད་སོགས་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་རྒྱས་ཤིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་རྫོགས་ཤོག། ཅེས་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པ་བརྗོད། མུཿགཏོར་མའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཆོས་སྐྱོང་གི་གཏོར་མ་གཏོང་བར་འདོད་ན་སྐབས་འདི་ཉིད་དུ་གཏང་བར་བྱའོ། །དེ་ནས་ཅང་ཏེའུ་དཀྲོལ་ཞིང་། ཀོལླ་ཨི་རེཊྚྷི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལ། གྷ་ཎ་ཀྲི་པི་ཊཱ་ཧོ་བཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨཱི། ག་ཌེཾ་མ་ཨ་ཎཱ་པིཛྫ་ཨ་ཨི། ཧ་ལེ་ཀ་ལིཉྫྱ་ར་པཱ་ཎི་ཨ་ཨི། དུ་ན་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ་ཀཙྪ་རི་སི་། ཀསྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨི་ཨིནྡྷ་ཎ་སཱ་ལི་ཛ། ཏ་ཧེ་བྷི་རུ་ཁ་ཨི་ཨ་ཨི། ཕེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷཎྡྲ་མ་ཎི་ཨ་ཨི། ནི་རཾ་སུ་ཨངྒ་ཙ་ཌི་ཝ། ཏ་ཧིཾ་ཛ་ས་ར་ཝ་པཱ་ཎི་ཨ་ཨི། མཱ་ལ་ཨ་ཙེ་ཀུནྟུ་རུ་བཱ་ཌ་ཨི། ཌཱཾཎྜྻི་མ་ཏ་ཧིཾ་ཎྡྲ་བཛྫ་ཨ་ཨི། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟསཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །དགེ་བ་འདི་ཡིས་ཐོབ་འགྱུར་ཞིང་། །འགྲོ་བ་ལྔས་ཀྱང་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེ་བསྔགས་པ་ཡི། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ཀྱང་དེ་ཉིད་སྤྱོད་པར་ཤོག། མངོན་པར་རྟོགས་པའི་རིམ་པའོ།། །། དབང་གི་ཆོ་ག་རིགས་བསྡུས་པ་དང་བྱེ་བྲག་འདོན་པ་བསྒྱུར་བ་ཙམ་ཁྱད། གཞན་དངོས་གྲུབ་གཏེར་མཛོད་ཇི་ལྟ་བའོ། །ཞེས་གསུངས་པ་ཉིད་བཀླག་ཆོག་ཏུ་དགོད་པར་བྱ་སྟེ།། ༄༅། །དཀྱིལ་འཁོར་གྱི་ལས་རིམ་ལ། ས་ཆོག སྟ་གོན། དཀྱིལ་འཁོར་ཞག་གི་ཆོ་ག་གསུམ་ལས། དང་པོ་ལ་ལྔ་ལས། གནས་བརྟག་པ་ནི། ཚལ་དང་སྐྱེ་བོ་མེད་གནས་དང་། །བྱང་ཆུབ་སེམས་དཔའི་ཁྱིམ་དང་ནི། །དཀྱིལ་འཁོར་ཁང་པའི་ནང་དུ་ཡང་། །དཀྱིལ་འཁོར་དམ་པ་རབ་ཏུ་བཞེང་། །ཞེས་གསུངས་པའི་གནས་སོ། །གཉིས་པ་ས་བསླང་བ་ནི། མཆོད་པ་དང་གཏོར་མ་བཤམས་ལ། སྔོན་དུ་འབྱུང་པོ་ཐམས་ཅད་པའི་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་སོགས་ནས་མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ཞུ་བ་དང་བདུད་རྩིའི་རང་བཞིན་དུ་གྱུར་ཞེས་བྱིན་གྱིས་བརླབ། དྲིལ་བུ་དཀྲོལ་ཞིང་ངག་ཏུ། ཨིནྡྲ་སོགས་སམ་བསྡུས་པར་ཨ་ཀཱ་རོ་ཉིད་ཀྱིས་ཀྱང་རུང་སྟེ་ལན་གསུམ་བརྗོད། ལྷ་ཆེན་བརྒྱད་པོ་འཁོར་དང་བཅས།། ཞེས་པས་འཕྲིན་ལས་བཅོལ། ཡིག་བརྒྱའི་མཐར་མུཿཞེས་བརྗོད། སེ་གོལ་ལན་གསུམ་གཏོག གཏོར་མགྲོན་རང་གནས་སུ་གཤེགས། གཞན་ཡང་གང་དག་གསང་སྔགས་ཟབ་མོ་ཉན་པ་ལ་མི་མོས་ཤིང་ཕྱག་རྒྱ་སྣ་ཚོགས་བལྟ་བ་ལ་མི་དབང་། ཏིང་ངེ་འཛིན་ཟབ་མོ་བསྒོམ་པ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་འབྱུང་པོའི་ཚོགས་ཐམས་ཅད་ལ་གཏོར་མའི་ལྷག་མ་འདི་སྦྱིན་ནོ། །གཏོར་མ་འདིས་ཚིམ་པར་གྱིས་ལ་གནོད་པ་དང་འཚེ་བའི་བསམ་པ་ཐམས་ཅད་ཉེ་བར་ཞི་ནས་ཕན་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་རང་རང་སོ་སོའི་གནས་དང་རྟེན་གང་ཡིན་ལ་ཕར་དེངས་ཤིག སུཾ་བྷ་ནི་བརྗོད་ཅིང་རོལ་མོས་བསྐྲད། དེ་ནས། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། བར་གྱིས། ཡན་ལག་དྲུག་པའི་བསྐྱེད་རིམ་བསྒོམ་སྟེ། མཐར་འཁོར་རྣམས་ཡུམ། ཡུམ་ཡབ་ལ། དེ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཞེས་དཀྱིལ་འཁོར་བསྡུས་ནས་ཕྱག་གཉིས་པའི་ང་རྒྱལ་གྱིས་དཀྱིལ་འཁོར་འབྱུང་བའི་དབུས་སུ་དྲི་ཡི་ཐིག་ལེ་གཅིག་བྱ། མེ་ཏོག་གི་ཚོམ་བུ་གཅིག་དགྲམ། དེ་ལ་བཾ་ལས་སའི་ལྷ་མོ་ལྟེ་བ་ཡན་ཆད་ས་གསེབ་ནས་འཐོན་པ། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་པ་ཁས་ལེན་གྱི་ཕྱག་རྒྱ་དང་། གཡོན་པ་རིན་པོ་ཆེའི་བུམ་པ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས། བདག་གིས་ཅི་བགྱིད་ཟེར་བ་ཅིག་ཏུ་གྱུར། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ལྷ་མོ་ཆེ། །ས་ཡི་ལྷ་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་བའི། །མཆོག་གི་རྒྱན་གྱིས་རབ་ཏུ་བརྒྱན། །མགུལ་དོ་ཞབས་གདུབ་སིལ་སིལ་ཅན། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་མཛོད་ལ། །དཀྱིལ་འཁོར་ལས་རྣམས་རབ་ཏུ་སྒྲུབས། སྲཱིཿཧཱི་ཧཱི་ཧཱི་ཧཱི་བཾ་སྭཱ་ཧཱ། ཞེས་པས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་སྔོན་དུ་འགྲོ་བའི། ཨོཾ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་དྷཱུ་པེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། གནྡྷེྎ ནཻ་ཝིདྱྎ ཨཱ་ལོ་ཀེྎ ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། མཆོད་པ་ལྔ་རོལ་མོ་དང་བཅས་པས་མཆོད། དེ་ནས། གཏོར་མ་བསངས་སྦྱང་། ཨ་ཀཱ་རོ་ལན་གསུམ་གྱིས་བྱིན་གྱིས་རླབས། ཨོཾ་པྲི་ཐི་བཱི་དེ་བཱི་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ་ཀྵྨྱ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀེ་དཾ་བ་ལིཾ་དི་སྭཱ་ཧཱ། ལན་གསུམ་གྱིས་འབུལ། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཀྱཻ་ཡི་རྡོ་རྗེ་ཁྲོ་མཆོད་པའི། །ལྷ་མོ་ཁྱོད་ནི་དཔང་དུ་འགྱུར།། ཆེ་གེ། བདག་ནི་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས། སའི་ལྷ་མོས། སའི་ཕྱོགས་འདིར་ཁྱོད་ཀྱིས་དཀྱིལ་འཁོར་བྲིས་ཤིག་ཅེས་གནང་བ་སྦྱིན་ནས་ཡེ་ཤེས་སེམས་དཔའ་གཤེགས། དམ་ཚིག་སེམས་དཔའ་དེ་ཉིད་དུ་ཐིམ་པར་གྱུར། གསུམ་པ་བྱ་བས་སྦྱང་བ་ནི། ལས་དང་བྱ་བས་སྦྱང་བ། བརྐོས་ལ་སའི་སྐྱོན་ལྔ་བསལ་ནས་སྟེགས་བུ་ངོས་རེར་ཚོན་གསུམ་གྱིས་ལྷག་པའི་ཁྲུ་གསུམ། དབུས་ཅུང་ཟད་མཐོ་བ། མཐའ་བགས་ཀྱིས་དམའ་ཞིང་ཞལ་བས་འཇམ་པར་བྱས་པ། བའི་རྣམ་ལྔའི་དྲི་བཟང་གིས་རྐྱང་ནུལ་ལེགས་པར་བྱའོ། །སྔགས་དང་ཏིང་ངེ་འཛིན་གྱིས་སྦྱང་བ་ནི། དེ་ནས་རང་ཉིད་ཧེ་རུ་ཀའི་ང་རྒྱལ་གྱིས་ལག་པ་གཉིས་ས་ལ་བཞག་ལ་སའི་ཉེས་པའི་སྐྱོན་ཐམས་ཅད་དག་པར་བསམས་ལ། ཨོཾ་དྷཱ་ར་དྷཱ་ར། སོགས་རིགས་ལྔའི་སྔགས་སམ་ཧཱུྃ་བྷྲཱུྃ་ཛྭཱིཾ་ཨཾ་ཁཾ་ཞེས་པའི་ས་བོན་ལན་བདུན་བཟླའོ། །བཞི་པ་ས་སྲུང་བ་ནི། རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་ཧཱུྃ་ལས་རལ་གྲི་དེའི་ལྟེ་བ་ལ་ཧཱུྃ་དེའི་འོད་ཟེར་ལས་རྡོ་རྗེ་རྒྱ་གྲམ་ཕྱོགས་མཚམས་ཐམས་ཅད་དུ་གཏམས་པར་བསམ་ཞིང་། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། བརྗོད་པས་ས་གཞི་བསྲུང་། ཨོཾ་མེ་དི་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་ས་བཀུག་ནས་དེ་ལ་བསྟིམ། ལྔ་པ་ས་གཟུང་བ་ནི། སྟ་གོན་གྱི་ཕྱིར་མཆོད་པ་དང་རྟེན་བཤམ། གནས་ཉེ་བར་བརྒྱན་པར་བྱའོ། །ནུབ་དང་པོའི་འོ། །གཉིས་པ་སྟ་གོན་གྱི་ཆོ་ག་ལ་བཞི་ལས། དང་པོ་བགེགས་བསལ་བ་ནི། གནས་དེར་བུམ་པ་ལ་སོགས་པའི་སྟ་གོན་གྱི་ཡོ་བྱད་དང་། མཆོད་པའི་རྫས་ལག་ལེན་བཞིན་དུ་བཤམས་ཏེ། སློབ་དཔོན་སྟེགས་བུའི་དབུས་སུ་ཕྱག་རྒྱ་དྲུག་གིས་བརྒྱན་ཏེ་ཕྱི་དྲོའི་དུས་སུ་ཨིནྡྲའི་གཏོར་མ་ནས་བཟླས་པའི་བར་བསྙེན་པ་བཞིན་དུ་བྱས་ནས་འཁོར་མི་བསྡུ་བར་བཟླས་པ་ཅི་རིགས་པར་བྱ། མཆོད་གཡོག་པ་བཞི་གཽ་རཱི་མ་སོགས་ལྷ་མོ་བཞིའི་ང་རྒྱལ་གྱིས་རྡོ་རྗེ་དྲིལ་བུ་ཐོགས། ཐོག་མར་ཤར་ནས། རང་ཉིད་སྐད་ཅིག་གིས་གཽ་རཱི་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་གྲི་གུག གཡོན་ཉ་རོ་ཧི་ཏ་བསྣམས་པ། ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཚངས་པའི་གདན་ལ་བཞུགས་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ཅེས་མཆོད་ཡོན་སོགས་དང་རྣམ་ལྔས་མཆོད། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་འགྲུབ་པ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་སྒྲུབ་པའི་ཡིད། །དགྱེས་པ་རྡོ་རྗེ་དཔལ་ལྡན་ཧེ་རུ་ཀ་ལ་བསྟོད།། དེ་ནས་བསྐུལ་བ་ནི། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། ལྷོ་ཕྱོགས་ནས། རང་ཉིད་སྐད་ཅིག་གིས་ཙཽ་རཱི་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་ཅང་ཏེའུ། གཡོན་ཕག་པ་བསྣམས་པ། ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་དབང་པོའི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་གོང་བཞིན་བྱས། བསྐུལ་བ་ནི། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས་ཅད་རྣམ་པར་སྤང་། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ། ནུབ་ཕྱོགས་ནས། རང་ཉིད་སྐད་ཅིག་གིས་བཻ་ཏཱ་ལི་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་རུས་སྦལ། གཡོན་ཐོད་པ་བསྣམས་པ། ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་ཉེ་དབང་གི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་གོང་བཞིན་བྱས། བསྐུལ་བ་ནི། ཞི་བའི་མཆོག་ནི་ཆོས་ལས་བྱུང་། །ཡེ་ཤེས་སྤྱོད་པ་རྣམས་སྦྱོང་བ། །ཀུན་ཏུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། བྱང་ནས། རང་ཉིད་སྐད་ཅིག་གིས་གྷསྨ་རཱི་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། མཆེ་བ་གཙིགས་པ། གཅེར་བུ་ཕྱག་རྒྱ་ལྔ་དང་ལྡན་ཞིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། སྐམ་པོ་ལྔ་བཅུའི་ཕྲེང་བས་བརྒྱན་པ། གཡས་སྦྲུལ། གཡོན་ཐོད་པ་བསྣམས་པ་ཞབས་གཡོན་བརྐྱང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་པདྨ་དང་དྲག་པོའི་གདན་ལ་བཞུགས་པར་གྱུར། མཆོད་བསྟོད་གོང་བཞིན་བྱས། བསྐུལ་བ་ནི། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་གཙོ་བོས་བཤད་དུ་གསོལ།། དེ་ནས་སློབ་དཔོན་གྱིས། ཡུམ་དང་བཅས་པའི་རྟེན་བརྟེན་པར་བཅས་པའི་དཀྱིལ་འཁོར་བདག་ཉིད་ལ་ཐིམ་ཞེས། དཀྱིལ་འཁོར་བསྡུས་ལ། བདག་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པའི་རྐང་མཐིལ་གཉིས་སུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། མིག་གཉིས་སུ་མ་དང་ཊཱ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་དེར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་རེ་རེས་མཚན་པར་གྱུར། རབ་ཏུ་མྱུར་ཞིང་གཡོ་བའི་མིག་གིས་བལྟ་ཞིང་དབུས་སུ་ལངས་ཏེ་ང་རྒྱལ་བསྐྱེད་པ་ནི། ཁ་ཡི་པདྨ་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུནྡ་དཀར་གསལ་སོ་ཡི་འཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །སེམས་ཅན་སྒྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ལ་སོགས་པ་བསྐྲད་པར་བྱ།། ཞེས་བརྗོད་ལ་རྡོ་རྗེ་དྲིལ་བུ་བཅས་པས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བྱས། ཤར་གྱི་ཕྱོགས་ནས་ཁ་ནང་དུ་བསྟན་ཏེ་བགེགས་ལ་བཀའ་བསྒོ་བ་ནི། ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །བསྲུང་བའི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་རྩེ་མོ་འབར་བ་ཡིས། །ལུས་སྲུལ་ལས་སྐྱེས་འགས་བྱས་ཏེ། །རྨོངས་པའི་བདག་ཉིད་གང་འདའ་བ། །ཚལ་པར་དགས་ཀྱིས་གཞན་དུ་མིན། །བདེ་ཆེན་ཡེ་ཤེས་རྫོགས་འཚང་རྒྱ། །རྡོ་རྗེ་སེམས་དཔའ་དངོས་ལས་སྐྱེས། །ལུས་སྲུལ་པོ་ནི་གང་སུ་དག །བགེགས་ཆེན་པོ་རྣམས་སོ་སོར་སོང་། ས་ཡི་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་འདི་ཞེས་བྱ་བས་སློབ་མ་རྣམས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་བ་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལོ་ཞིག་འབྲི་ཡིས། གང་སུ་ཡང་རུང་བ། ས་ཕྱོགས་འདི་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དྭགས་དང་། ཤ་ཟ་དང་། སྨྱོ་བྱེད་དང་། བརྗེད་བྱེད་དང་། འབྱུང་པོ་དང་། གནོན་པོ་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། རིག་པ་འཛིན་པ་ལ་སོགས་པ་རྒན་པོ་དང་། རྒན་མོ་དང་། གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག གང་དག་མི་འགྲོ་བ་དེ་དག་ནི་ཕྱག་ན་རྡོ་རྗེ་རབ་ཏུ་འབར་བ་ཧཱུྃ་ཀ་ར་ཤིན་ཏུ་ཁྲོས་པ་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་ཀུན་ནས་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་དང་། ན་མཿས་མནྟ་བུདྡྷཱ་ཎཱཾ། ན་མཿསམནྟ་དྷརྨཱ་ནཱཾ། ན་མཿསམནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱངྒིར། བཛྭ་ཨུཥྞིུ་ཥ་ཙཀྲ་བརྟི། སརྦ་ཡནྟྲ་མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཾ་བཱ་མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏནྟཱ་ཏྲ། སརྦནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། ཅེས་གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྔགས་དང་། ནམཿས་མནྟ་བུདྡྷེ་བྷྱོ། ན་མོ་བཛྭ་ཀྲོ་དྷཱ་ཡ། མཧཱ་དཾཥྚོ་ཀ་ཊ་བྷེ་ར་བཱ་ཡ། ཨོཾ་ད་ཀ་ཏ། བཛྭ་སནྟོ་ཧཾ། དརྤ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཅེས་དང་། རྩ་སྔགས་ཀྱང་བཟླ། དེ་རྣམས་ལན་གསུམ་བརྗོད་ཅིང་། དང་པོར་རྡོ་རྗེ་གསོར། ཐ་མར་དྲིལ་བུ་དཀྲོལ། དབང་ལྡན་ནས་བརྩམས་ཏེ་ཧཱུྃ་མང་པོ་བརྗོད་ཅིང་གཡས་སྐོར་དུ་ལན་གསུམ་བསྐོར་ཏེ། ཧེ་རུ་ཀའི་ཐུགས་ཀའི་འོད་ཟེར་གྱིས་བགེགས་ཐམས་ཅད་བསྐྲད་པར་བསམ། སླར་ཡང་དབང་ལྡན་གྱི་མཚམས་ནས་རང་ཉིད་བདག་མེད་མའི་སྐུར་གསལ་བར་གྱུར། ཞེས་པའི་ང་རྒྱལ་གྱིས་ཧི་མང་པོ་བརྗོད་ཅིང་གཡོན་སྐོར་དུ་ལན་གསུམ་བསྐོར་ཞིང་། ཡང་ན་དཀྱིལ་འཁོར་གྱི་དབུས་སུ་ཧེ་རུ་ཀའི་ང་རྒྱལ་གྱིས་གཡས་བརྐྱང་གིས་འདུག་སྟེ་རྡོ་རྗེ་དྲིལ་བུ་གཟུང་བའི་ལག་པས་གར་བསྒྱུར་ཞིང་ཧཱུྃ་འབའ་ཞིག་འདོན་པ་དང་། བདག་མེད་མའི་ང་རྒྱལ་གྱིས་གཡོན་བརྐྱང་གིས་འདུག་སྟེ་ཧི་འབའ་ཞིག་བརྗོད་པར་བྱའོ། །སླར་ཡང་། རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གསལ་བར་གྱུར། རང་གི་སེམས་ཉི་མའི་དཀྱིལ་འཁོར་དེ་ཉིད་ཀྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེའི་ལྟེ་བ་ལ་ཧཱུྃ། དེ་ལས་འོད་ཟེར་རྩེ་མོ་ལ་རྡོ་རྗེ་རྒྱ་གྲམ་པ་དཔག་ཏུ་མེད་པ་འཕྲོས་པས། འོག་ཏུ་སོང་བས་རྡོ་རྗེའི་ས་གཞི། བར་སྣང་དུ་སོང་བས་རྡོ་རྗེའི་རྭ་བ་དང་དྲྭ་བ་སྟེང་དུ་སོང་བས་རྡོ་རྗེའི་གུར། གཞི་མོའི་ཉི་མ་ལས་མེའི་འོད་ཟེར་ཕྱིར་འཕྲོས་པས་མེ་རི། གཞི་མོའི་རྡོ་རྗེ་རྒྱ་གྲམ་པ་ལས་རྡོ་རྗེ་རྐྱང་པ་དཔག་ཏུ་མེད་པ་འཕྲོས་པས་རྡོ་རྗེའི་དྲྭ་མིག་རྣམ་བཀག་པར་གྱུར། ཨོཾ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་སྭཱ་ཧཱ། རྡོ་རྗེའི་ས་གཞི་ལ་སོགས་པར་བསམ་མོ།། གཉིས་པ་ལ་གསུམ་ལས། དང་པོ་ལྷ་སྟ་གོན་ནི། སྟང་སྟབས་བྱས་པའི་ས་རྡུལ་འཕྱགས་ལ། ཆང་དང་བདུད་རྩིའི་རིལ་བུ་སྦྱར་བས་གཞལ་ཡས་ཁང་གི་ཚད་ཙམ་ཟླུམ་པོར་བྱུགས། འཆད་འགྱུར་ལྟར་ལས་ཐིག་རྫོགས་པར་གདབ། དབུས་དང་ཕྱོགས་བཞིའི་གཙོ་བོ་ལྔའི་གནས་སུ་དྲིའི་ཐིག་ལེ་གྲུ་བཞི། དེ་རྣམས་ཀྱི་ཕྱོགས་མཚམས་བརྒྱད་བརྒྱད་དང་སྒོ་བཞིར་ཟླུམ་པོར་བླུགས། ཨོཾ་དྷ་ར་ལ་སོགས་པའི་སྔགས་བརྗོད་ཅིང་དབུས་དང་། ཨོཾ་གཾ་སྭཱ་ཧཱ། ཞེས་དང་། དེ་བཞིན་དུ། ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌཾ་ཛཿཧཱུྃ་བཾ་ཧོཿརྣམས་ལ་སྦྱར་བས་དབུས་ཀྱི་ལིང་ཚེའི་ཕྱོགས་མཚམས་བརྒྱད་དང་སྒོ་བཞི། ཤར་དུ་རྣམ་སྣང་གི་སྙིང་པོ་དང་། སཾ་པཱཾ་བཱཾ་ཨཾ་པུཾ་དྷུཾ་ཨཱཾ་གཾ་རྣམས་ཨོཾ་དང་སྭཱ་ཧཱའི་བར་དུ་བཅུག་པས་དེའི་ཕྱོགས་མཚམས་བརྒྱད། ལྷོར་རིན་འབྱུང་གི་སྙིང་པོ་དང་། སཱུཾ་དཱིཾ་རཾ་བིཾ་ལཱཾ་མཱཾ་གཱིཾ་ནྲ་ྀཾརྣམས་ཨོཾ་དང་སྭཱ་ཧཱའི་བར་དུ་བཅུག་ལ་བརྗོད་ཅིང་དེའི་ཕྱོགས་མཚམས་བརྒྱད། ནུབ་ཏུ་སྣང་མཐའི་སྙིང་པོ་དང་། པཾ་དྷཾ་སྦོཾ་ཨཱཾ་བཾ་ཌོཾ་ཏཾ་ཕུཾ་རྣམས་ཨོཾ་དང་སྭཱ་ཧཱའི་བར་དུ་བཅུག་པས་དེའི་ཕྱོགས་མཚམས་བརྒྱད། བྱང་དུ་དོན་གྲུབ་ཀྱི་སྙིང་པོ་དང་། ཏཾ་ཀུཾ་ཀཾ་པཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་ཨོཾ་དང་སྭཱ་ཧཱའི་བར་དུ་བཅུག་པས་བརྗོད་ཅིང་དེའི་ཕྱོགས་མཚམས་བརྒྱད་རྣམས་སུ་མེ་ཏོག་གི་ཚོམ་བུ་དགྲམ། མར་མེ་ལྷ་བཤོས་སྤོས་ཀྱི་རེང་བུ་མེ་ཏོག་གིས་བཀང་བའི་སྣོད་དྲི་བཟང་པོ་སྦྱར་བའི་ཆབ་རྣམས་རེ་རེ་བཞིན་བཞི་བཅུ་རྩ་དགུའམ། མ་འཛོམ་ན་ཆ་དྲུག་བཤམ། གུར་གྱི་སྲོག་ཤིང་གི་དགོངས་དོན་ལྟར་ཅུང་ཟད་བསྡུས་པའི་དབང་དུ་མཛད་ནས་རྔོག་པ་རྣམས་ས་བོན་ནམ་སྙིང་པོ་བརྗོད་པ་ཙམ་གྱིས་རྟེན་བརྟེན་པ་བསྐྱེད་པར་བཞེད་ཅིང་། དེ་ལས་བསྡུ་ན། རྟེན་མི་བསྐྱེད་པའི་ལུགས་ཀྱང་ཡོད་ལ། ལུགས་དེ་ལྟར་བྱེད་ན། སྙིང་པོ་ནི་གཙོ་བོ་ལྔ་དཀྱུས་ལྟར་དང་། དབུས་ཀྱི་ལྷ་མོ་བརྒྱད་ནི། ཨོཾ་ཨཱཿགཽ་རཱི་ཧཱུྃ་ཕཊ྄ཿ འབྲུ་གསུམ་ཕཊ྄་བཅས་པ་རིགས་འགྲེས་སུ་སྦྱར་ཏེ། ཙཽ་རཱི། བཻ་ཏཱ་ལི། པུཀྐ་སཱི། གྷསྨ་རཱི། ཤ་བ་རི། ཙཎྜྻ་ལཱི། ཌོམྦི་ནཱི། ཤར་ནི། སནྟ་ཤཱ། པཱ་ཤི་ནཱི། བཱ་གུ་རཱ། ཨཾ་ཀུ་ཤཱ། པུཥྤུ། དྷཱུ་པཱ། དཱི་པཱ། གནྡྷཱ། ལྷོ་ནི། སཱུརྻ་ཧཧྶ། དཱི་པ། རཏྣོ་ལྐཱ། ཏ་ཌི་ཏ་ཀ་ཏ་རཱ། ལཱ་ཀྵྼ། མཱ་ལཱ། གཱི་ཏཱ། ནྲྀ་ཏྱཱ། ནུབ་ནི། པདྨཱ། དྷརྨོ་ད་ཡཱ། ཀྵྨྱོ་ཊཱ། སུ་ཤླེ་ཥཱ། བཾ་ཤྭ། མུ་ར་ཛྷ། ཏ་ལི་ཤ་རྭ། ཕུངྒེ། བྱང་ནི། ཏཱ་ལཱ། ཀུ་ཉྩྨི་ཀཱ། ཀ་པཱ་ཊཱ། པ་ཊ་དྷཱ་རི་ཎཱི། ལོ་ཙ་ནཱ། མཱ་མ་ཀཱི། པཱཎྜྻ་རཱ། ཏཱ་རེ། སྒོ་མ་བཞི་ནི། ཨཾ་ཀུ་ཤཱ། པཱ་ཤཱ། སྤོ་ཊཱ། གཎྛཱ། ཞེས་རྣམས་ཏེ་དེ་ཙམ་གྱིས་དཀྱིལ་འཁོར་འཁོར་ལོ་སྐད་ཅིག་ལ་བསྐྱེད་ནས་ཡེ་ཤེས་པ་སྤྱན་འདྲེན་པ་ལ་འཇུག་པ་ཡིན་ནོ། །འོན་ཀྱང་ད་ལྟའི་ཕྱག་ལེན་དུ་མངོན་རྟོགས་ཀྱི་ཚིག་རྒྱས་པར་བརྗོད་ནས་གསལ་འདེབས་པར་མཛད་དེ་དེ་ལྟར་ན་ཚོམ་བུ་བཤམས་ཟིན་པའི་རྗེས་དེ་ཉིད་དུ། སངས་སྦྱངས། ཚོམ་བུའི་དཀྱིལ་འཁོར་འདི་ཉིད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ནས་ཨཱཏྨ་ཀཱོཧཾ། བར་དང་། དབུས་ཀྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཧཱུྃ་དང་མཱཾ་མཐིང་ག་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ཤར་གྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་བྷྲཱུྃ་དང་ལཾ་དཀར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ལྷོ་ཡི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཛྭིཾ་དང་ཏཱཾ་སེར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་འབྱུང་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ནུབ་ཀྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཨཱཾ་དང་པཾ་དམར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། བྱང་གི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཁཾ་དང་ཏཱཾ་ལྗང་ཁུ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་དོན་གྲུབ་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། དབུས་ཀྱི་པདྨའི་འདབ་མ་བརྒྱད་དང་སྒོ་བཞིར་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌཾ། ཛཿཧཱུྃ་བཾ་ཧོཿརྣམས་ལས་ཤར་དུ་གཽ་རཱི་མ་དཀར་མོ་གཡས་ལྕགས་ཀྱུ་སོགས་ནས་དྲིལ་བུ་བསྣམས་པ་བར་དང་། ཤར་གྱི་པདྨའི་འདབ་མ་བརྒྱད་ལ་པཾ་ཙཾ་བྷཾ་ཡཾ་དུཾ་སུཾ་ཨཾ་གཾ་རྣམས་ལས་རིམ་པ་དེ་ཉིད་ཀྱིས་སྐམ་པ་མོ་དཀར་མོ་སོགས་ནས་དྲི་ཡི་དུང་ཆོས་བར། ལྷོ་ཡི་པདྨའི་འདབ་མ་བརྒྱད་ལ་སུཾ་ཏཾ་རཾ་བཾ། ལཾ་མཾ་གཾ་ནཾ་རྣམས་རིམ་པ་དེ་ཉིད་ཀྱིས་ཉི་ཕྱག་མ་དཀར་མོ་སོགས་ནས་རྡོ་རྗེ་དང་བཅས་གར་བྱེད་པ་བར། ནུབ་ཀྱི་པདྨའི་འདབ་མ་བརྒྱད་ལ་པཾ་ཏཾ་སཾ་ཡཾ། པཾ་ཏཾ་དུཾ་མུཾ་རྣམས་ལས་རིམ་པ་དེ་ཉིད་ཀྱིས་པདྨ་དཀར་མོ་པདྨ་སོགས་ནས་ཕྱག་གཉིས་འབུད་དུང་བར། བྱང་གི་པདྨའི་འདབ་མ་བརྒྱད་ལ་ཙཾ་ཏཾ་ཀྵཾ་ཀཾ་མཾ་ལཾ་པཾ་དཾ་རྣམས་ལས་རིམ་པ་དེ་ཉིད་ཀྱིས་རྡོ་རྗེ་སྒོ་ལྕགས་མ་སོགས་ནས་སྡིགས་མཛུབ་མཛད་པ་བར། ལྷ་མོ་དེ་ཐམས་ཅད་སོགས་ནས་མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། བཅོམ་ལྡན་འདས་རིགས་ལྔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་རང་འདྲ་བ་ཚོན་གང་བ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ། འཁོར་ལོ་སོགས་ཏཱཾ་རྣམས་ལས་འོད་ཟེར་དང་བཅས་པ། གཙོ་བོ་ཧེ་རུ་ཀ་རིགས་ལྔ་རྣམས་ཀྱི་མིག་ཏུ་ཨོཾ་ལས་སོགས་རོ་ཡི་གདན་གྱི་སྟེང་དུ་བཞུགས་པའོ། །གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལྔ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། རྡོ་རྗེ་བསང་གཏོར་གྱི་ཆུའི་ནང་དུ་བཅུག་ལ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེགས་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། དེ་ནས་ལག་པ་གཡོན་པས་དྲིལ་བུ་དཀྲོལ་ཞིང་གཡས་པས་མཆོད་རྫས་གང་ཡིན་དེ་བླངས་ལ་བཏབ་པའི་ཚུལ་གྱིས་འབུལ། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻ་ཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱི་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་མཆོད། རྡོ་རྗེ་དྲིལ་བུ་གཟུང་ལ། ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །སེར་སྣ་རྡོ་རྗེས་བདག་ལ་སྐྱོབས། །འདོད་ཆགས་རྡོ་རྗེ་བདག་ལ་སྩོལ། །ཕྲག་དོག་རྡོ་རྗེ་ང་རྒྱལ་ཏེ། །སྒྱུ་འཕྲུལ་རྡོ་རྗེ་མགོན་པོ་ཀུན། །ལས་ཀུན་རབ་ཏུ་སྒྲུབ་བྱེད་པ། །ཐམས་ཅད་རྡོ་རྗེའི་བདག་མགུར་འགྱུར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། དབང་བསྐུར་བ་ནི། དེ་ནས། སླར་ཡང་གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་མི་བསྐྱོད་པ་ལ་རྡོ་རྗེ་སྔོན་པོ། རྣམ་སྣང་ལ་འཁོར་ལོ་དཀར་པོ། རིན་འབྱུང་ལ་རིན་པོ་ཆེ་སེར་པོ། སྣང་མཐའ་ལ་པདྨ་དམར་པོ། དོན་གྲུབ་ལ་རལ་གྲི་ལྗང་ཁུ། འཁོར་རྣམས་ལ་རང་རང་གི་གཙོ་བོས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་ནས་མཆོད་རྫས་རྣམས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་གི་རང་བཞིན་དུ་བྱིན་གྱིས་བརླབས། དེ་ནས། གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལྔ་ལས་འོད་འཕྲོས་པས་འཇིག་རྟེན་གྱི་ཁམས་ན་གཟུགས་སྡུག་པ་སོགས་ནས། དེ་རྣམས་ཀྱིས་ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་ལ་མཆོད་པ་བྱེད་པར་གྱུར། མཆོད་པ་ནི། ཡན་ལག་བདུན་ལྡན་ཨརྒྷའི་རྒྱུན་སོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཨཱཏྨ་ཀཱོཧཾ། ཞེས་པའི་བར་མདུན་བསྐྱེད་བཞིན་ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་རྒྱས་བཏབ་བཅས། བསྟོད་པ། ཐམས་ཅད་དངོས་པོའི་རང་བཞིན་མཆོག། སོགས་ནས། དེས་ནི་འཇིག་རྟེན་དེ་མཚུངས་ཤོག། བར་དང་། རྒྱས་པར་སྤྲོ་ན། གང་དང་གང་གིས་ཐབས་མཁས་ཀྱིས།། སོགས་མཐར་སྔགས་ཀྱི་རྒྱས་གདབ་བཅས་བྱའོ། །དེ་ནས། བདུད་རྩིའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་སོགས་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་བདུད་རྩི་མྱང་བའི་རྒྱས་བཏབ་གྱི་བར་བྱས་ནས། སྤོས་ཀྱི་རེང་བུ་ཐོགས་ཏེ་གསོལ་བ་གདབ་པ་ནི། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་གྲུབ་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །བདག་མེད་མ་དང་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་མ། །རིག་པའི་ལྷ་མོ་རྫུ་འཕྲུལ་ལྡན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ།། ཞེས་གསོལ་བ་གདབ་བོ།།༼སྟ་གོན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམས་ནམ་མཁར་བཞུགས་པར་གྱུར། ཞེས་བྱའོ།།༽ གཉིས་པ་བུམ་པ་སྟ་གོན་ནི་བུམ་པ་མཚན་ཉིད་དང་ལྡན་པ་རྒྱས་པར་བཞི་བཅུ་རྩ་དགུ། བསྡུས་པར་བུམ་པ་ལྔ། ལས་བུམ་དང་བཅས་ཕྱི་ནང་ཐམས་ཅད་བཀྲུ། གུ་གུལ་གྱིས་བདུག ཡུངས་ཀར་ལ་བདུད་རྩི་འཁྱིལ་བའི་སྔགས་བརྗོད། བགེགས་བསྐྲད། རང་རང་གི་མཚན་མ་བྲིས། ནང་དུ་གསེར། དངུལ། མུ་ཏིག མུ་མེན། བྱུ་རུ་སྟེ་རིན་པོ་ཆེ་ལྔ་དང་། ཀནྜ་ཀཱ་རི། དནྜོ་ཏྤ་ལ། གུ་གུལ་དཀར་པོ། དབང་ལག པདྨའི་རྩ་བ་སྟེ་སྨན་ལྔ། ནས། གྲོ། ཏིལ། འབྲས། མཱ་ཤ་སྟེ་འབྲུ་ལྔ་དང་། ཙནྡན་དཀར་པོ། ཛཱ་ཏི། ག་པུར། གུར་གུམ། གླ་རྩི་སྟེ་དྲི་ལྔ། བདུད་རྩི་ལྔ་དང་། སློབ་དཔོན་རྟོགས་པ་དང་ལྡན་ན་ཤ་ལྔ་ཡང་གཞུག ཆུ་གཙང་གིས་དགང་། རས་ཁ་ཚར་མ་ཉམས་པས་མགུལ་པ་བཅིངས། ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་འདབ་མ་འབྲས་བུར་བཅས་པས་ཁ་བརྒྱན། རས་དཀར་དྲི་མ་མེད་པའི་སྟེང་དུ་མེ་ཏོག་གཅལ་དུ་བཀྲམ་པ་ལ་ལྷ་དགོད་པའི་གོ་རིམ་བཞིན་དུ་བཞུགས་སུ་གསོལ། བསྡུས་པའི་སྐབས་བུམ་པ་ལྔ་ཕྱོགས་བཞི་དབུས་ལྔ་དང་། ལས་ཐམས་ཅད་པའི་བུམ་པ་བྱང་ཤར་མཚམས་སུ་བཞག བུམ་པའི་གྲངས་དང་མཉམ་པའི་མཆོད་པ་ལྔ་ཚང་བར་བཤམ། དེ་ནས་གཙོ་བུམ་གྱི་ཤིང་ལོའི་ཁར་བདུད་རྩི་དང་ཆང་སྦྱར་བས་བཀང་བའི་ཐོད་པ་བཞག དེའི་སྟེང་དུ་རྡོ་རྗེའི་ལྟེ་བར་མེ་ཏོག་གི་འཕྲེང་བ་བརྒྱུས་པའི་གཟུངས་ཐག་བཏགས་ཏེ། རྒྱས་པའི་ཕྱོགས་ལ་གཙོ་འཁོར་རྣམས་སོ་སོ་བཞིན་བསྐྱེད་ཅིང་དྲངས་བསྟིམ། མཆོད་བསྟོད་བཟླས་པ་འོད་ཞུ་བཅས་ལྷ་རེ་རེ་བཞིན་བྱ་དགོས་ལ། བསྡུས་པར་ན་བུམ་པ་ཤུ་ནྱ་ཏཱས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ཡིག་ལྔ་ཞུ་བ་ལས་རིན་པོ་ཆེའི་བུམ་པ་ལྔ་ཕྱིའི་དབྱིབས་བུམ་པ། ནང་གཞལ་ཡས་ཁང་འོད་ལྷག་གེ་ལྷང་ངེར་གྱུར་པའི་དབུས་ཀྱི་བུམ་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་མི་བསྐྱོད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞེས་པ་ནས་མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། འདབ་མ་བརྒྱད་ལ་ཤར་དུ་གཽ་རཱི་མ་དཀར་མོ་གཡས་ལྕགས་ཀྱུ། ལྷོར་ཙཽ་རཱི་མ་སེར་མོ་ཞགས་པ། ནུབ་ཏུ་བཻ་ཏཱ་ལཱི་དམར་མོ་ལྕགས་སྒྲོག བྱང་དུ་གྷསྨ་རཱི་ལྗང་ཁུ་དྲིལ་བུ། བྱང་ཤར་པུཀྐ་སཱི་སྔོན་མོ་རི་རབ། ཤར་ལྷོར་ཤ་བ་རཱི་དཀར་མོ་བྱང་སེམས་ཀྱིས་གང་བའི་བུམ་པ། ལྷོ་ནུབ་ཏུ་ཙཎྜྻཱ་ལི་སྔོན་མོ་མེ་ཐབ་གྲུ་གསུམ། ནུབ་བྱང་དུ་ཌོམྦི་ནཱི་ལྗང་ཁུ་རྒྱལ་མཚན། པདྨའི་ཕྱི་ཡི་ཤར་དུ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོར་ཞགས་པ་མ་སེར་མོ་ཞགས་པ། ནུབ་ཏུ་ལྕགས་སྒྲོག་མ་དམར་མོ་ལྕགས་སྒྲོག བྱང་དུ་དྲིལ་བུ་མ་ལྗང་ཁུ་དྲིལ་བུ་བསྣམས་པ། ཤར་གྱི་བུམ་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་རྣམ་སྣང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དཀར་པོ་སོགས་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པ། འདབ་མ་བརྒྱད་ལ་རིམ་པ་བཞིན་སྐམ་པ་མ་དཀར་མོ་སྐམ་པ་སོགས་ནས་དྲི་ཡི་དུང་ཆོས་བར། ལྷོ་ཡི་བུམ་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་རིན་འབྱུང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་སེར་པོ་སོགས་ནས་མེ་རི་དང་མེ་དཔུང་གི་ནང་བཞུགས་པ། འདབ་མ་བརྒྱད་ལ་རིམ་པ་བཞིན་ཉི་ཕྱག་མ་དཀར་མོ་ཉི་མ་སོགས་ནས་ཕྱག་གཉིས་རྡོ་རྗེ་དང་བཅས་གར་བྱེད་པ། ནུབ་ཀྱི་བུམ་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་དམར་པོ་སོགས་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པ། འདབ་མ་བརྒྱད་ལ་རིམ་པ་བཞིན་པདྨ་དཀར་མོ་པདྨ་སོགས་ནས་ཕྱག་གཉིས་འབུད་དུང་བར། བྱང་གི་བུམ་པའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་དོན་ཡོད་གྲུབ་པ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་ལྗང་ཁུ་སོགས་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པ། འདབ་མ་བརྒྱད་ལ་རིམ་པ་བཞིན་རྡོ་རྗེ་སྒོ་ལྕགས་མ་དཀར་མོ་སོགས་ནས་ཐུགས་ཀར་སྡིགས་མཛུབ་མཛད་པ། འཁོར་གྱི་ལྷ་མོ་དེ་ཐམས་ཅད་ཞལ་གཅིག་སོགས་ནས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལྔ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ཅེས་པའི་བར་གྱིས་བསྐྱེད། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར། ཡང་གཙོ་བོ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པའི་ལྷ་ལ་དབང་བསྐུར་བས་གཙོ་བོ་ལྔ་ལ་རང་རང་གི་རིགས་ཀྱི་ཕྱག་མཚན་དང་། འཁོར་རྣམས་ལ་རང་རང་གི་གཙོ་བོས་དབུ་བརྒྱན་པར་གྱུར། མཆོད་པ་ནི། ཧཱུྃ་གིས་མཆོད་རྫས་ཀྱི་བགེགས་བསལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས། མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས་ནས་མཆོད་པར་གྱུར། མེ་ཏོག་བཟང་པོ་མཛེས་ཤིང་གཙང་། །གཙང་མའི་གནས་སྐྱེས་འདི་རྣམས་ནི། །བདག་ནི་གུས་པས་འབུལ་ལགས་ཀྱིས། །སོ་སོར་བཞེས་ཏེ་དགྱེས་པར་མཛོད། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། །ཡིད་དགའ་སྙིང་པོ་རོ་མཆོག་ལྡན། །བདུག་པ་བླ་རེའི་དྲི་མཆོག་ནི། །བདགྎ སོ་སོརྎ དྷཱུ་པེྎ གཙང་ཞིང་བཟང་ལ་དགེ་བའི་དྲི། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། །བདགྎ སོ་སོརྎ གནྡྷེྎ གཙང་ཞིང་གཙང་ལ་དགེ་བའི་བཤོས། །སྐྱེས་གནས་གཙང་མར་ལྡན་འདི་རྣམས། བདགྎ སོ་སོརྎ ནཻ་ཝི་དྱཾྎ དམར་གསལ་སྡུག་པ་དག་ཅིང་གཙང་། །དགེ་ཞིང་མུན་སེལ་མར་མེ་འདི། །བདག་ནིྎ སོ་སོརྎ ཨཱ་ལོ་ཀེྎ དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་སྒྲ་སྙན་ཡིད་འོང་ལྡན། །བདགྎ སོ་སོརྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ་སྭཱ་ཧཱ། བསྟོད་པ་ནི། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱིས་ཁྱོད་དགོངས་འགྲུབ། །ཁྱོད་ནི་རྒྱུ་དང་མི་རྒྱུ་འཁོར་བ་ཀུན་འགྲུབ་པ། །སྙིང་རྗེའི་ཤུགས་ཀྱིས་སེམས་ཅན་བྱང་ཆུབ་ཏུ། །ཀུན་རྫོབ་སྒྱུ་མ་བྱང་ཆུབ་བསྒྲུབས་པའི་ཡིད། །དགྱེས་པ་རྡོ་རྗེ་དཔལ་ལྡན་ཧེ་རུ་ཀ་ལ་བསྟོད། ཞེས་པས་བསྟོད། བདུད་རྩི་འབུལ་བ་ནི། བདུད་རྩིའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ། དེའི་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བས་ཤིན་ཏུ་མཉེས་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏཱ་སྭ་ད་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་བདུད་རྩི་ཕུལ། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་བུམ་པའི་ནང་དུ་སོང་ཞིང་། གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང་ལྷ་མོ་རྣམས་ཀྱི་བྷ་གའི་རྡུལ་གྱིས་བུམ་པ་གང་བར་གྱུར། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརྡ་མརྡ་བཛྭ་དྷྲྀཀ་ཕཊ྄་སྭཱ་ཧཱ། མི་བསྐྱོད་པའིའོ།། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཨེ་ཛྲོ་ཧི་ཛི་ན་ཛིཀ་ཕཊ྄་སྭཱ་ཧཱ། རྣམ་སྣང་གིའོ།། ཨོཾ་བཛྭ་སཱུརྻ་ཏ་མ་བི་དྷ་མ་ན་ས་མ་ཡ་ཧྶཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ྄་སྭཱ་ཧཱ། རིན་འབྱུང་གིའོ།། ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལིཀ་ཕཊ྄་སྭཱ་ཧཱ། ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི་པྲཛྙྱཱ་དྷྲྀཀ་ཕཊ྄་སྭཱ་ཧཱ། དོན་གྲུབ་ཀྱིའོ། །གཙོ་བོ་ལྔ་ཡི་སྙིང་པོ་ལན་བརྒྱ་རྩ་བརྒྱད་བཟླ། དེ་བཞིན་དུ། ཨོཾ་ཨཱཿདྭེ་ཥ་རཱ་ཏི་ཧཱུྃ་ཕཊ྄་སྭཱ་ཧཱ། དེ་བཞིན་དུ། མོ་ཧ་རཱ་ཏིྎ རཏྣ་རཱ་ཏིྎ རཱ་ག་རཱ་ཏིྎ བཛྭ་རཱ་ཏིྎ ཅེས་ཡུམ་ལྔའི་སྔགས་ཀྱང་ཅུང་ཟད་རེ་བཟླ། མཐར་ཐོད་པའི་བདུད་རྩི་བུམ་པར་བླུག་པས་བཅོམ་ལྡན་འདས་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུར་གྱུར། ལས་བུམ་ཤཱུ་ནྱ་ཏཱས་བསངས་སྦྱངས། སྟོང་པའི་ངང་ལས་བྷྲུྃ་ཞུ་བ་ལས་རིན་པོ་ཆེའི་བུམ་པ་ཕྱི་དབྱིབས་བུམ་པ་ནང་གཞལ་ཡས་ཁང་འོད་ལྷག་གེ་ལྷང་ངེ་བར་གྱུར་པའི་ནང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་སྔོན་པོ་གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ། ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་ཉིའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ་སོགས། ནཻ་ཝཱིདྱ་ཨཱཿཧཱུྃ་བར་གྱིས་མཆོད་པ་ལྔས་མཆོད། ཐུགས་ཀར་ཉི་དཀྱིལ་ལ་ཧཱུྃ་སྔོན་པོ་ལས་སྔགས་ཀྱིས་བསྐོར་བར་གྱུར། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄་ཅེས་བརྒྱ་རྩ་བརྒྱད་བཟླ། ཁྲོ་བོ་བདུད་རྩི་འཁྱིལ་བ་མི་བཞུ་བར་སྐུ་ལས་བདུད་རྩི་བབས་པས་བུམ་པ་གང་ལྷ་དེ་ཉིད་དཀྱིལ་འཁོར་གྱི་བྱང་ཤར་མཚམས་སུ་བཞུགས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་ལས་མ་གྲུབ་ཀྱི་བར་དུ་བགེགས་མ་རུངས་པ་རྣམས་སྲུང་བར་མཛད་དུ་གསོལ།། ཞེས་འཕྲིན་ལས་བཅོལ་ལོ། །གྲུབ་ན་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྦྱིན་བསྲེག་བྱའོ། །གསུམ་པ་སློབ་མ་སྟ་གོན་ལ་ཆོས་བཅུ་གཉིས་ལས། དང་པོར་སློབ་མའི་བར་ཆད་ཞི་བའི་ཕྱིར་ཨིནྡྲའི་སྔགས་ཀྱིས་གཏོར་མ་བཏང་། དེ་ནས་ཡོལ་བའི་ཕྱི་རོལ་ཏུ་ལས་ཐམས་ཅད་པའི་ཆུས་ཁྲུས་བྱ་གོས་གཙང་མ་གྱོན་བླ་མ་ལ་མཎྜྻལ་ཕུལ་ཏེ། གཉིས་པ་གསང་སྔགས་ཀྱི་ཆོས་ལ་མོས་པ་འཇུག་པ་ནི། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གནས་པ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །སླར་ཡང་དད་དང་ལྡན་པ་ཡིས། །འཇིག་རྟེན་ཕ་རོལ་ལ་དམིགས་ཏེ། །བློ་ལྡན་དཀྱིལ་འཁོར་གཞུག་པར་བྱ། །འདི་ཡི་འབྲས་བུ་མི་གཉེར་ཏེ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ།། གསུམ་པ་ཐུན་མོང་མ་ཡིན་པའི་སེམས་བསྐྱེད་ཀྱི་དོན་དུ་གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ།། ཞེས་ལན་གསུམ་གསོལ་བ་གདབ་ཏུ་གཞུག བཞི་པ་སློབ་དཔོན་གྱིས་གསང་སྔགས་ཀྱི་ཐེག་པར་བློ་དགུག་པར་བྱ་བ་ནི། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །གསང་སྔགས་སྤྱོད་ཚུལ་ཆོག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །གང་དག་དེ་བཞིན་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀ །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག། ཅེས་བརྗོད། ལྔ་པ་ཉན་པར་རྣ་བ་གཏད་པར་བསྐུལ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོས་ལེགས་པར་ཉོན། །བརྗེད་ངས་བློ་ལ་ཧེ་རུ་ཀ་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ།། ཅེས་བརྗོད། དྲུག་པ་རྒྱུད་དག་པར་བྱ་བའི་དོན་དུ་ལྔ་རྣམ་དག་བྱ་བ་ནི། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །སྒོམ་དང་བཟླས་བརྗོད་བསོད་རྣམས་ལ། །དེ་ལ་བདག་ནི་ཡི་རང་ངོ་། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་གྲོལ། །སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་ཉིད་དུ་ནི་སེམས་བསྐྱེད་དོ།། ཞེས་ལན་གསུམ་བརྗོད་དུ་གཞུག བདུན་པ་སློབ་མ་རབ་གནས་ནི། སློབ་མ་སྐད་ཅིག་གིས་ཧེ་རུ་ཀ་ཕྱག་གཉིས་པར་བསྐྱེད་ལ། སློབ་དཔོན་གྱིས་དྲི་བཟང་པོའི་ཆུ་དང་བཅས་པའི་རྡོ་རྗེ་ལག་ཏུ་ཐོགས་ནས་གནས་གསུམ་དུ་མས་རིམ་གྱིས་གཏུག་ཅིང་། སྙིང་གར་ཧཱུྃ་སྔོན་པོ། མགྲིན་པར་ཨཱཿདམར་པོ། སྤྱི་བོར་ཨོཾ་དཀར་པོ་ཅིག་སྒོམས་ཤིག་ཅེས་བརྗོད་དོ། །ཡང་རྡོ་རྗེ་ཡས་རིམ་གྱིས་གཏུག་ཅིང་། ཧཱུྃ་དེ་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། ཨཱཿདེ་པདྨ་དམར་པོ་ཨཱཿས་མཚན་པ། ཨོཾ་དེ་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པར་སྒོམས་ཤིག་ཅེས་བྱ་སྟེ། ཕྱག་མཚན་ས་བོན་དང་བཅས་པ་དེའི་འོད་ཟེར་གྱི་ལྕགས་ཀྱུས་སྐུ་གསུང་ཐུགས་རྡོ་རྗེ་བཀུག་རང་རང་གི་ས་བོན་ལ་བཅུག་པར་སྒོམས་ཤིག དེ་ལ་སློབ་དཔོན་གྱི་མཆོད་པ་ལྔ་རོལ་མོ་དང་བཅས་པས་མཆོད་པར་བྱའོ། །བརྒྱད་པ་དངོས་གྲུབ་ཀྱི་ལྟས་བརྟག་པའི་དོན་དུ་སོ་ཤིང་སྦྱིན་པ་ནི། མཆོད་སྦྱིན་གྱི་ཤིང་ལྕང་མའམ་ཤུག་པའམ་འོམ་བུ་ལ་སོགས་པ་འབུས་མ་ཟོས་ཤིང་མ་ཡོ་བ་དང་གས་པ་དང་ཆག་པའི་སྐྱོན་དང་བྲལ་བའི་སོ་ཤིང་སོར་བཅུ་གཉིས་པའི་ཚད་དྲིའི་ཆུས་བརླན་ཞིང་མེ་ཏོག་གི་འཕྲེང་བས་བརྒྱན་པ་ཨོཾ་ཨཱཿཧཱུྃ་བཟླས་ཏེ་སློབ་མའི་ཐལ་མོ་སྦྱར་བའི་བར་དུ་སྦྱིན། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། མི་སྨྲ་བ་ནི་སོ་ཤིང་བཅའ། །བཅའ་ཞིང་དེ་བཞིན་མི་དགས་ཤིང་། །ཕན་ཚུན་དུ་ཡང་མི་འདོར་རོ། །སོ་ཤིང་མདུན་དུ་དྲང་པོར་དོར།། ཞེས་བཤད་པས་ཁ་ཤར་ཕྱོགས་སུ་བལྟས་ལ་སོ་ཤིང་གི་རྩ་བ་ཅུང་ཟད་འཇིབ་པའི་ཚུལ་དང་། དེ་ནས་མགོ་མཇུག་བསྒྱུར་ལ་རྩེ་མོ་འཇིབ་པའི་ཚུལ་དང་། དེ་ནས་རྩ་བས་སོ་དྲུད་པའི་ཚུལ་དུ་གྱིས་ལ་རྩེ་མོ་གྱེན་དུ་བསྟན་པ་མཎྜྻལ་གྱི་དབུས་སུ་དོར་ཞིག དེ་ནས་དངོས་གྲུབ་ཀྱི་ལྟས་བརྟག་པ་ནི། དེ་ཡི་ཚེ་ན་མཚན་མ་ནི། །དེ་ཚེ་བདག་ལ་བལྟ་བ་དང་། །རྩེ་མོ་གྱེན་དུ་བསྒྲེང་གྱུར་ན། །དེ་ནི་དངོས་གྲུབ་མཆོག་ཅེས་བཤད། །དེ་བཞིན་ཤར་དུ་བལྟ་ན་ནི། །དེ་ནི་དངོས་གྲུབ་འབྲིང་དུ་བཤད། །མཚམས་དང་བྱང་དུ་ཁ་བལྟས་ན། །འཇིག་རྟེན་པ་ཡི་དངོས་གྲུབ་འཐོབ། །སོ་ཤིང་འདོར་བ་རྒྱ་ཞིག་ལ། །གལ་ཏེ་ཐུར་དུ་ཁ་བལྟས་ན། །དེ་ནི་ངེས་པར་ས་འོག་གི །དངོས་གྲུབ་དེ་ལ་ཐེ་ཚོམ་མེད།། ཅེས་པའི་ཚུལ་གྱིས་བརྟག་པར་བྱའོ། །དགུ་པ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་པོའི་ཆུ་ཁྱོར་བར་ལན་གསུམ་སྔགས་འདིས་འཐུང་དུ་གཞུག་སྟེ། ཨོཾ་སྲཱིཿབི་ཤུདྡྷ་སརྦ་དྷརྨཱཿསརྦྦ་པཱ་པ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦྦ་བི་ཀལྤན་ཨ་པ་ནཱ་ཡ་ཧཱུྃ། དེས་རྣམ་པར་རྟོག་པ་ཐམས་ཅད་སྦྱང་བར་བྱའོ། །བཅུ་པ་རྨི་ལམ་གྱི་ལྟས་བརྟག་པའི་དོན་དུ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཆུན་པོ་དྲི་ཆུས་བསངས་ལ། ཨོཾ་ཨཱཿཧཱུྃ་བཟླས་པའི་ཉུང་བ་སྔས་དང་མང་བ་སྟན་གྱི་དོན་དུ་སྦྱིན་ནོ། །བཅུ་གཅིག་པ་བར་ཆད་བསྲུང་བའི་དོན་དུ་སྲུང་སྐུད་གདགས་པ་ནི། སྐུད་པ་དམར་པོ་ལ་རྩ་བའི་སྔགས་ཀྱིས་བཏབ་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་གདགས། དེ་ལ་དྲིའི་ཆུས་བྱུག བཅུ་གཉིས་པ་སྤྲོ་བ་བསྐྱེད་པའི་ཕྱིར་ཟབ་རྒྱས་ཀྱི་ཆོས་བཤད་པ་ནི། འཇིག་རྟེན་ཁམས་ནི་མ་ལུས་པར། །ཐམས་ཅད་མཁྱེན་པ་འབྱུང་མི་འགྱུར། །ཨུ་དུམ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཚུལ་འདིས། །སེམས་ཅན་སངས་རྒྱས་བྱེད་པ་ཡིན། །བསྐལ་པ་གྲངས་མེད་མང་པོར་ནི། །སྔོན་དུ་བྱས་པའི་རྣམ་སྨིན་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ།། ཞེས་བརྗོད། ནུས་ན་དགེ་སྦྱོར་གྱིས། མི་ནུས་ན་སེང་གེའི་ཉལ་སྟབས་སུ་དགྱེས་པ་རྡོ་རྗེ་ཡིད་ལ་གྱིས་ལ་ཉོལ་ལ་རྨི་ལམ་དུ་གང་རྨིས་པ་དེ་ནང་པར་ང་ལ་སྨྲོས་ཤིག་ཅེས་བརྗོད་ལ་གནས་ཁང་དེ་ཉིད་དུ་ཉལ་དུ་གཞུག་གོ །དེ་ནས་སློབ་དཔོན་ཡོལ་བའི་ནང་དུ་ཞུགས་ཏེ་དཀྱིལ་འཁོར་གྱི་ལྷ་ལ་མཆོད་བསྟོད། དགེ་བ་བསྔོ་བ། འདོད་དོན་གསོལ་བ་རྣམས་བྱས་ཏེ་ཡི་གེ་བརྒྱ་པ་ཅི་ནུས་བཟླ། མར་མེ་དང་སྤོས་མཚན་ཐུབ་ཕུལ་ཏེ་ཅི་བདེ་བར་ཉལ་ལོ། །ནང་པར་སློབ་དཔོན་གྱིས་རྨི་ལམ་ཅི་རྨིས་ཞེས་དྲིས། དེས་ཀྱང་ཇི་ལྟར་རྨིས་པ་སྨྲའོ། །ལྟས་བརྟག་པ་ནི་རྨི་ལམ་སངས་རྒྱས་མཐོང་བ་ན། ཞེས་སོགས་བྱུང་ན་བཟང་། མུན་ནག་བཙོན་རར་ཚུད་པ་སོགས་བྱུང་ན་ངན་པས་དེ་རྣམས་བཟློག་པའི་ཐབས་ནི། བའི་རྣམ་ལྔ་དང་བསྲེས་པའི་བཏུང་བ་ལ་བདུད་རྩི་འཁྱིལ་པའི་སྔགས་བཏབ་པ་འཐུང་དུ་བཅུག་པས་ཀྱང་བཟློག བདུད་རྩི་ལྔའི་ཆུ་འཐུང་དུ་བཅུག་པ་དང་། ཆོས་ཐམས་ཅད་རྨི་ལམ་ལྟར་ཡིད་ལ་བྱེད་དུ་བཅུག་པ་དང་། དྲག་པོའི་སྦྱིན་སྲེག་རྣམས་ཀྱིས་ཀྱང་བཟློག་གོ །གསུམ་པ་དཀྱིལ་འཁོར་ཞག་གི་ཆོ་ག་ལ་བཞི་ལས། དང་པོ་ཐིག་ཚོན་གྱི་ཆོ་ག་ནི། དཀྱིལ་འཁོར་གྱི་ལྷ། སྔར་བཏེགས་མེད་ན་བཛྭོད་ཏིཥྛ་ཞེས་པས་ནམ་མཁར་བཏེག དེ་ནས་བསྐྱེད་རིམ་ཡན་ལག་དྲུག་ལྡན་བསྒོམས་ཏེ། དཀྱིལ་འཁོར་བསྡུས་ལ་ལས་ཀྱི་ཧེ་རུ་ཀར་གྱུར་ནས་ཤེས་རབ་མ་མཚན་དང་ལྡན་པའམ། སྒྲུབ་པའི་གྲོགས་མཆོག་གིས་བཀལ་བའི་དཀྱིལ་འཁོར་གྱི་ཉིས་འགྱུར་ལོངས་པའི་ཚོན་སྣ་ལྔའི་སྐུད་པ། སློབ་དཔོན་རྟོགས་པ་དང་ལྡན་ན་ཨོཾ་ཨཱཿཧཱུྃ་གིས་བདེ་སྟོང་གི་ངོ་བོར་བྱིན་གྱིས་བརླབ། རྣམ་པར་རྟོག་པ་ཤས་ཆེ་ན་ཐོད་པའི་ནང་དུ་བཞག དེས་ཤཱུ་ནྱ་ཏཱས་བསངས། སྟོང་པའི་ངང་ལས་སྐུད་པ་སྔོན་པོ་ཧཱུྃ་ལས་མི་བསྐྱོད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་སོགས་ནས་བདུད་བཞིའི་སྙིང་ག་མནན་པ་བར། དཀར་པོ་བྷྲུྃ་ལས་རྣམ་སྣང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དཀར་པོ་སོགས་ནས་བདུད་བཞིའི་སྙིང་ག་མནན་པ་བར། སེར་པོ་ཛྭིཾ་ལས་རིན་འབྱུང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་སེར་པོ་སོགས་ནས་བདུད་བཞིའི་སྙིང་ག་མནན་པ་བར། དམར་པོ་ཨཾ་ལས་སྣང་མཐའ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་དམར་པོ་སོགས་ནས་བདུད་བཞིའི་སྙིང་ག་མནན་པ་བར། ལྗང་ཁུ་ཁཾ་ལས་དོན་གྲུབ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་ཞལ་ལྗང་ཁུ་སོགས་ནས་བདུད་བཞིའི་སྙིང་ག་མནན་པ་བར། ཧེ་རུ་ཀ་རིགས་ལྔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་རིགས་ལྔ་སྤྱན་དྲངས། གཽ་རཱི་ཛཿཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷསྨཱ་རཱི་ཧོཿཨོཾ་ཛཿཧཱུྃ་སོགས་མཆོད་ཡོན་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔས་མཆོད། ཞེ་སྡང་རྡོ་རྗེ་སོགས་ཀྱིས་བསྟོད། ཨོཾ་ཨཱཿཧཱུྃ་གིས་རིགས་ལྔ་འོད་དུ་ཞུ་ནས་ཐིག་ཏུ་གྱུར། ཐིག་སྐུད་རྣམས་གྲོགས་དང་བཅས་ཏེ་བསྒྲིལ་ནས་ཡེ་ཤེས་ཀྱི་ཐིག་གདབ་པ་ནི། སློབ་དཔོན་ཤར་ན་གནས་པས་ཛཿཛཿཞེས་ཐིག་གི་སྣ་གྲོགས་ཀྱི་ལག་ཏུ་གཏད། དེས་ཀྱང་སྐུད་པའི་སྣ་གཟུང་ལ་རྒྱབ་ནས་བསྐོར་ཏེ་ནུབ་ཏུ་སོང་ལ། ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུྃ་ཞེས་བརྗོད་ཅིང་། ཐིག་སྐུད་ཀྱི་སྒྲས་འཇིག་རྟེན་གྱི་ཁམས་ཀྱི་བདེ་བར་གཤེགས་པ་ཐམས་ཅད་ལ་ཁྱེད་ཀྱིས་སེམས་ཅན་གྱི་དོན་མཛད་པའི་དུས་ཡིན་ནོ་ཞེས་བསྐུལ་བར་བསམས་ལ་ཚངས་ཐིག་དང་པོ་གདབ། དེ་བཞིན་དུ་བསྐོར་ཏེ་གྲོགས་ལྷོ་དང་སློབ་དཔོན་རྒྱབ་ནས་བསྐོར་ཏེ་བྱང་དུ་གནས་པས་གཉིས་པ། དེ་ནས་གྲོགས་ཀྱིས་རྒྱབ་ནས་བསྐོར་ཏེ་དབང་ལྡན་དང་། སློབ་དཔོན་གྱིས་བསྐོར་ཏེ་མེར་འདུག་ལ་ཤར་གྱི་ལོགས་ཐིག སློབ་མས་བསྐོར་ཏེ་བདེན་བྲལ་དང་། སློབ་དཔོན་གྱིས་བསྐོར་ཏེ་རླུང་དུ་གནས་པས་ནུབ་ཀྱི་ལོགས་ཐིག སློབ་དཔོན་དེ་ཉིད་དང་གྲོགས་ཀྱིས་བསྐོར་ཏེ་དབང་ལྡན་དུ་གནས་པས་བྱང་གི་ཐིག སློབ་དཔོན་གྱིས་རྒྱབ་ནས་བསྐོར་ཏེ་མེ་དང་གྲོགས་ཀྱིས་བསྐོར་ཏེ་བདེན་བྲལ་དུ་གནས་པས་ལྷོ་ཐིག སློབ་དཔོན་དེ་ཉིད་དང་གྲོགས་རླུང་དུ་གནས་པས་ཟུར་ཐིག་དང་པོ། སློབ་དཔོན་བདེན་བྲལ་དང་གྲོགས་དབང་ལྡན་དུ་གནས་པས་ཟུར་ཐིག་གཉིས་པ་རྣམས་གདབ་ཅིང་ཆད་པ་དང་རིང་ཐུང་ཕྱོགས་འཁྲུལ་སོགས་ཉེས་སྐྱོན་དང་བྲལ་བར་བྱ། དེ་ལྟར་ཐིག་ཆེན་བརྒྱད་གནམ་ཐིག་ཏུ་གདབ་བོ། །ཐིག་སྐུད་ཀྱི་ཡེ་ཤེས་པ་གཤེགས། ལས་ཐིག་མན་ངག་བཞིན་གདབ། ཚོན་ཐིག་བཞིན་བྱིན་གྱིས་བརླབ། པྲ་བརྟག་པ་ནི་འཁོར་ལོའི་དབུས་སུ་འདུག་སྟེ་ཁ་ཕྱིར་བལྟ་བས་བྱང་ཤར་གྱི་མཚམས་སུ་ཕྱི་མཐར་དཀར་པོ། དེ་ནས་སེར་དམར་ལྗང་ནག་པོ་རྣམས་འཁྱིག་གང་ཙམ་གཡོན་པས་འཐེན། ཐོད་པ་སྟེང་དུ་བཀབ་སྟེ་དེའི་སྟེང་དུ་རྡོ་རྗེ་བཞག་ལ། ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་བ། །རྒྱལ་ཆེན་དགྱེས་པ་རྡོ་རྗེ་ཡི། །དཀྱིལ་འཁོར་རབ་ཏུ་བྲི་བར་བྱ།། ཞེས་བརྗོད་དེ་མེ་ཏོག་གཅིག་གཏོར་ལ། ཐམས་ཅད་མཉམ་ཞིང་བར་ཆད་མེད། །ངན་པ་དང་ནི་ཉམས་པ་དང་། །མ་སྙོམས་པ་དང་བར་ཆད་ན། །གནོད་པ་མང་པོ་འབྱུང་བར་འགྱུར། །ཞེས་པ་ལྟར་ཚོན་པྲ་བརྟག དེ་ནས་ལྟེ་བ་ནས་རིམ་པར་མན་ངག་བཞིན་བྲིས་ནས་ཐིག་སྐུད་དང་ཚོན་ལྷག་མའི་ཡེ་ཤེས་པ་གཤེགས་པར་བྱའོ། །དེ་ནས་ལག་ལེན་བཞིན་བྲི། གཉིས་པ་དཀྱིལ་འཁོར་གྱི་གནས་ཉེ་བར་བརྒྱན་པ་ནི། མཆོད་པའི་རྫས། རྣལ་འབྱོར་གྱི་ཡོ་བྱད་ཚང་བར་བསགས་ལ་ལག་ལེན་བཞིན་དུ་ཉེ་བར་བརྒྱན་པར་བྱའོ། །གསུམ་པ་དཀྱིལ་འཁོར་བསྒྲུབ་པ་ལ་གསུམ་ལས། དང་པོ་མདུན་བསྐྱེད་ནི། སློབ་དཔོན་བདག་ཉིད་ཁྲུས་བྱས། ཁར་བདུད་རྩི་རིལ་བུ་བཅུག རུས་པའི་རྒྱན་ཆ་ལྔས་བརྒྱན་ཏེ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྟན་ནང་ཚངས་ཅན་བཏིང་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་འདུག་སྟེ། འབྱུང་གཏོར་བྱིན་གྱིས་བརླབ་པ་ནས། བདག་དང་གནས་དང་རྣལ་འབྱོར་བསྲུང་བའི་བར་དཀྱིལ་ཆོག་གི་གོང་དུ་འབྱུང་བ་ལྟར་བྱ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་བདུད་རྩིའི་བསངས་གཏོར་དཀྱིལ་འཁོར་ལ་བྱས་པས། ཐུགས་ཕྱག་མཚན་རྣམས་བཀོད་པ་ལ་ཕོག་པས་བདུད་རྩིའི་ཐིག་ལེར་གྱུར། དེ་ལས་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་ངང་ནས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པ་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ། ཁ་དོག་དཀར་པོ། དེའི་ནང་དུ་སའི་དཀྱིལ་འཁོར་གྲུ་བཞི། དེའི་སྟེང་དུ་ཆུའི་དཀྱིལ་འཁོར་ཟླུམ་པོ། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཟླ་གམ། འབྱུང་བཞིའི་སྟེང་དུ་བྷྲཱུཾ་ལས་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ། འཁོར་ལོ་དེའི་དབུས་སུ་ནཱ་ད་ཆ་གཅིག་ཞུགས། དེ་རྣམས་འདྲེས་པ་ལས་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། ནང་གི་དབུས་སུ་རྡོ་རྗེའི་ཕྲེང་བས་བཅད་པའི་ལེའུ་ཚེ་ལྔ། རེ་རེའི་ནང་དུ་པདྨ་འདབ་བརྒྱད་ལྟེ་བ་དང་བཅས་པ། ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད། ལྟེ་བ་རྣམས་སུ་ཚངས་པ་སེར་པོ་དང་དབང་པོ་དཀར་པོ་གཉིས་མགོ་བོ་གཡས་སུ་བལྟ་བ། ཉེ་དབང་ནག་པོ་དང་དྲག་པོ་སྔོན་པོ་གཉིས་མགོ་བོ་གཡོན་དུ་བལྟ་བ། འཁོར་གནས་ཐམས་ཅད་དུ་ཉི་མ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནཱི་ལ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དབུས་ཀྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཧཱུྃ་དང་མཱཾ་མཐིང་ག་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ཤར་གྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་བྷྲཱུྃ་དང་ལཾ་དཀར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རྣམ་སྣང་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ལྷོ་ཡི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཛྭིཾ་དང་ཏཱཾ་སེར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་འབྱུང་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། ནུབ་ཀྱི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཨཱཾ་དང་པཾ་དམར་པོ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། བྱང་གི་པདྨའི་ལྟེ་བར་བདུད་བཞིའི་གདན་གྱི་སྟེང་དུ་ཁཾ་དང་ཏཱཾ་ལྗང་ཁུ་ལས་འོད་ཟེར་འཕྲོས་དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་དོན་གྲུབ་དགྱེས་པ་རྡོ་རྗེ་ཞེས་པ་ནས། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། དབུས་ཀྱི་པདྨའི་འདབ་མ་བརྒྱད་དང་སྒོ་བཞིར་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌཾ། ཛཿཧཱུྃ་བཾ་ཧོཿརྣམས་ལས་ཤར་དུ་གཽ་རཱི་མ་དཀར་མོ་གཡས་ལྕགས་ཀྱུ་སོགས་ནས་དྲིལ་བུ་བསྣམས་པ་བར་དང་། ཤར་གྱི་པདྨའི་འདབ་མ་བརྒྱད་ལ་པཾ་ཙཾ་བྷཾ་ཡཾ་དུཾ་སུཾ་ཨཾ་གཾ་རྣམས་ལས་རིམ་པ་དེ་ཉིད་ཀྱིས་སྐམ་པ་མོ་དཀར་མོ་སོགས་ནས་དྲི་ཡི་དུང་ཆོས་བར། ལྷོ་ཡི་པདྨའི་འདབ་མ་བརྒྱད་ལ་སུཾ་ཏཾ་རཾ་བཾ། ལཾ་མཾ་གཾ་ནཾ་རྣམས་རིམ་པ་དེ་ཉིད་ཀྱིས་ཉི་ཕྱག་མ་དཀར་མོ་སོགས་ནས་རྡོ་རྗེ་དང་བཅས་གར་བྱེད་པ་བར། ནུབ་ཀྱི་པདྨའི་འདབ་མ་བརྒྱད་ལ་པཾ་ཏཾ་སཾ་ཡཾ། པཾ་ཏཾ་དུཾ་མུཾ་རྣམས་ལས་རིམ་པ་དེ་ཉིད་ཀྱིས་པདྨ་དཀར་མོ་པདྨ་སོགས་ནས་ཕྱག་གཉིས་འབུད་དུང་བར། བྱང་གི་པདྨའི་འདབ་མ་བརྒྱད་ལ་ཙཾ་ཏཾ་ཀྵཾ་ཀཾ་མཾ་ལཾ་པཾ་དཾ་རྣམས་ལས་རིམ་པ་དེ་ཉིད་ཀྱིས་རྡོ་རྗེ་སྒོ་ལྕགས་མ་སོགས་ནས་སྡིགས་མཛུབ་མཛད་པ་བར། ལྷ་མོ་དེ་ཐམས་ཅད་སོགས་ནས་མེ་རི་མེ་དཔུང་གི་ནང་ན་བཞུགས་པར་གྱུར། བཅོམ་ལྡན་འདས་རིགས་ལྔའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རང་རང་འདྲ་བ་ཚོན་གང་བ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ། འཁོར་ལོ་སོགས་ཏཱཾ་རྣམས་ལས་འོད་ཟེར་དང་བཅས་པ། གཙོ་བོ་ཧེ་རུ་ཀ་རིགས་ལྔ་རྣམས་ཀྱི་མིག་ཏུ་ཨོཾ་ལས་སོགས་རོ་ཡི་གདན་གྱི་སྟེང་དུ་བཞུགས་པའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁེ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷཱུ་ཙ་རི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏཱ་ལ་ཝཱ་སི་ནཱི་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་གཉིས་སུ་མེད་པར་བསྲེ་བ་ནི། གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལྔ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དགྱེས་པ་རྡོ་རྗེ་རིགས་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས། ནམ་མཁར་གནས་པའི་སྟ་གོན་གྱི་ལྷ་ཚོགས་རྣམས་ཀྱང་གཽ་རཱི་ཛཿཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷསྨ་རཱི་ཧོཿམདུན་བསྐྱེད་དང་གཉིས་སུ་མེད་པར་གྱུར། ལྷ་སྟ་གོན་མ་བྱས་ན་སྟ་གོན་གྱི་ལྷ་བསྟིམ་པ་འདི་མི་དགོས། ཞེས་མདུན་བསྐྱེད་བསྒྲུབ། དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུགས་པའི་དོན་དུ། གཉིས་པ་བདག་བསྐྱེད་ནི། ཧེ་བཛྭ། རང་ཉིད་སྐད་ཅིག་གིས་མི་བསྐྱོད་དགྱེས་པ་རྡོ་རྗེ་སོགས། ཚོགས་བསགས་ནས་བརྩམས། ཨོཾ་ཨཱཿཧཱུྃ ཞེས་པས། རིགས་སོ་སོའི་འཁོར་གྱི་ལྷ་མོ་བརྒྱད་རང་རང་གི་གཙོ་བོའི་ཞལ་བརྒྱད་དང་། སྒོ་མ་བཞི་མི་བསྐྱོད་དགྱེས་པ་རྡོ་རྗེའི་ཐུགས་ཀར་ཞུགས། ཞེས་པའི་བར་མངོན་རྟོགས་བཞིན་ལ་གཙོ་བོ་ཡབ་ཡུམ་གྱི་ཏིང་ངེ་འཛིན་ལ་གནས་པར་བྱའོ། །འདིའི་དཀྱིལ་ཆོག་དཀྱུས་སུ་བཟླས་པ་མི་གསལ་ཡང་། བླ་མ་གོང་མ་རྣམས་ཀྱིས་བཟླས་པ་མཛད་པར་སྣང་བ་ལྟར་ན། ཡུམ་མཱ་མ་ཀིའི་ཐུགས་ཀར་ཟླ་བའི་སྟེང་དུ་མཱཾ་གྱི་མཐར་སོགས་ནས་གཙོ་འཁོར་གྱི་བཟླས་པ་རྫོགས་པའི་བར་བྱའོ། །གསུམ་པ་མངལ་འབྱིན་ནི། རང་ཉིད་གཙོ་བོ་ཡབ་ཡུམ་ལྔ་པོ་ཏིང་ངེ་འཛིན་ལ་སྙོམས་འཇུག་བྱས་པས་སིད་ཀྱི་སྒྲས་རིགས་ལྔའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་དག་པར་བཀུག་སྟེ་བདག་ཉིད་ཀྱི་ཁའི་ལམ་དུ་བཅུག་ནས། རྡོ་རྗེའི་ལམ་ནས་བྱུང་སྟེ་ལྷ་མོའི་པདྨར་ཕྱུང་ལ། དེ་ནས་དཀྱིལ་འཁོར་དེ་ནམ་མཁའི་ཕྱོགས་སུ་འཐོན་ཏེ་བཞུགས་པར་གྱུར། ཧཱུྃ་གིས་བགེགས་བསྐྲད། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན། དྷུ་པེྎ གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་ཐོག་མཐའ་འདྲ་བས། ཙཽ་རཱི་ཙཾྎ བཻ་ཏཱ་ལི་བཾྎ གྷསྨ་རཱི་གྷཾྎ པུཀྐ་སཱི་པཾྎ ཤ་ཝ་རི་ཤཾྎ ཙཎྜྻཱ་ལཱི་ཙཾྎ ཌོམྦི་ནཱི་ཌཱཾྎ ཞེས་ལྷ་མོ་བརྒྱད་ཀྱི་སྔགས་འབའ་ཞིག་གིས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད། ཐུགས་རྗེ་ཐབས་མཁས་འགྲོ་བའི་དོན་མཛད་ཕྱིར། །ཆགས་པས་འདུལ་མཛད་བདག་མེད་མ་ལ་འཁྱུད། །གདུལ་བྱའི་དབང་གིས་གར་དགུའི་རོལ་པ་མཛད། །བཅོམ་ལྡན་དགྱེས་རྡོར་སྐུ་ལ་ཕྱག་འཚལ་བསྟོད། །མགོན་པོ་བདེ་ཆེན་སྐུ་དང་གཉིས་མེད་ཡུམ། །ལྷ་མོ་བདག་མེད་མཁའ་འགྲོའི་དབང་ཕྱུག་གཙོ། །བྷ་གའི་དབྱིངས་ནས་ལྷ་མོའི་ཚོགས་སྤྲུལ་མ། །རྡོ་རྗེ་བདག་མེད་མ་ལ་ཕྱག་འཚལ་བསྟོད། །གཟུགས་སོགས་ཕུང་པོ་བཞི་ནི་རྣམ་དག་ཅིང་། །ཡེ་ཤེས་རྣམ་པ་བཞི་ཡི་རང་བཞིན་ཅན། །ཞེ་སྡང་ལ་སོགས་ཉོན་མོངས་བཞི་སྦྱོང་བ། །གཽ་རཱི་མ་སོགས་སྒོ་མ་བཞི་ལ་བསྟོད། །ས་སོགས་འབྱུང་བ་བཞི་ནི་རྣམ་དག་ཅིང་། །བྱམས་སོགས་ཚད་མེད་བཞི་ཡི་རང་བཞིན་ཅན། །མགོན་པོ་བདེ་ཆེན་ཐུགས་ནི་སྐུལ་མཛད་མ། །པུཀྐ་སཱི་སོགས་མཚམས་མ་རྣམས་ལ་བསྟོད།། དེ་ནས་དམ་ཚིག་གི་ལྷར། གཽ་རཱི་ཛཿདམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ། གཞུག བཻ་ཏཱ་ལཱི་བཾ། བཅིང་། གྷསྨ་རཱི་ཧོཿམི་དགྱེས་པ་མེད་པར་དགྱེས་པར་གྱུར།། ཅེས་དགུག་གཞུག་བྱས། དབང་བསྐུར་བ་ནི། དེ་ནས། སླར་ཡང་གཙོ་བོ་རིགས་ལྔའི་ཐུགས་ཀའི་ས་བོན་ལས་འོད་ཟེར་ནག་པོ་ལྕགས་ཀྱུའི་རྣམ་པའི་ཚུལ་གྱིས་ཕྱུང་ནས་དེས་ཁམས་གསུམ་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་ལྷ་མོ་བརྒྱད་ཀྱི་སྔགས་གོང་ལྟར་གྱིས་མཆོད། ཨོཾ་ཨ་བྷི་ཥིཉྩྨ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ། ཞེས་གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པས་དབང་བསྐུར། དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླངས་བར་བྱའོ། །དབང་བསྐུར་ནས་ཆུ་ཅུང་ཟད་ཡར་འཁྱིལ་བ་ལས་མི་བསྐྱོད་པ་ལ་རྡོ་རྗེ་སྔོན་པོ། རྣམ་སྣང་ལ་འཁོར་ལོ་དཀར་པོ། རིན་འབྱུང་ལ་རིན་པོ་ཆེ་སེར་པོ། སྣང་མཐའ་ལ་པདྨ་དམར་པོ། དོན་གྲུབ་ལ་རལ་གྲི་ལྗང་ཁ། འཁོར་རྣམས་ལ་རང་རང་གི་གཙོ་བོས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། དེ་ནས་མདུན་བསྐྱེད་ལ་མཆོད་པ་རྒྱས་པར་བྱ་བ་སྟེ། རྡོ་རྗེ་བསང་གཏོར་གྱི་ཆུ་ཡི་ནང་དུ་བཅུག་པ་དེས་མཆོད་རྫས་ལ་གཏོར་ཞིང་། ཧཱུྃ་ཞེས་བརྗོད་པས་མཆོད་རྫས་ཀྱི་བགེག་བསྐྲད། དེ་ནས་ལག་པ་རྡོ་རྗེ་དང་ལྡན་པས་མཆོད་རྫས་ལ་བསྐོར་ཞིང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབ། དེས་ནས་མཆོད་པ་ནི། ཡན་ལག་བདུན་ལྡན་ཨརྒྷའི་རྒྱུན། །གདུང་བ་མ་ལུས་ཞི་བྱེད་མ། །རྒྱ་མཚོའི་ཁྱོན་དང་མཉམ་པ་འདི། །དད་པས་དཀྱིལ་འཁོར་ལྷ་ལ་འབུལ། །ཨོཾ་ཨཱཿཨརྒྷཾ་ཧཱུྃ་ཧཱུྃ་ཕཊ྄། ཞབས་ཀྱི་པདྨོའི་རྙོག་སེལ་མ། །ལྷ་ཡི་དྲི་བཟང་དག་གི་གཏེར། །གཱདྒའི་རྒྱུན་གྱིས་རྗེས་འགྲོ་བ། །དད་པསྎ ཨོཾ་ཨཱཿཔཱདྱཾྎ སྦྱིན་པའི་རང་བཞིན་མེ་ཏོག་ཆར། །སངས་རྒྱས་ཞིང་དུ་འཐོར་བྱེད་པ། །ཟླ་བའི་མདོག་འཛིན་འཛུམ་ཞལ་མ། །བདེ་བ་འབར་བའི་གར་གྱིས་མཆོད། །ཨོཾ་ཨཱཿཔུཥྤེྎ ཚུལ་ཁྲིམས་རང་བཞིན་བདུག་སྤོས་ཀྱིས། །འཇིག་རྟེན་མ་ལུས་ཁྱབ་བྱེད་པ། །གནམ་ཀའི་ལུས་ལྡན་འགྱིང་ཚུལ་མ། །བདེ་བྎ ཨོཾ་ཨཱཿདྷཱུ་པེྎ བརྩོན་འགྲུས་རང་བཞིན་བྱུག་པའི་དྲི། །ཆོས་རྣམས་ཐམས་ཅད་དག་བྱེད་མ། །མར་གད་མདངས་འཛིན་སྙེམས་པ་མ། །བདེ་བྎ ཨོཾ་ཨཱཿགནྡྷེྎ ཐབས་ཀྱི་རང་བཞིན་ཞལ་ཟས་ཀྱིས། །རྣལ་འབྱོར་ཅན་རྣམས་བདེ་བྱེད་པ། །གསེར་སྦྱངས་འོད་ལྡན་སྒེག་པ་མ། །བདེ་བྎ ཨོཾ་ཨཱཿནཻ་ཝི་དྱཾྎ བཟོད་བསམ་ཤེས་རབ་རང་བཞིན་འོད། །ཕྱི་ནང་མུན་རྣམས་སེལ་བྱེད་པ། །འཆར་ཀའི་གཟུགས་ཅན་མཚར་སྡུག་མ། །བདེ་བྎ ཨོཾ་ཨཱཿདཱི་པཾྎ སྟོབས་སྨོན་ཡེ་ཤེས་རང་བཞིན་སྒྲས། །ཆོས་ཀྱི་ཕུང་པོ་སྟོན་བྱེད་པ། །ཉི་མའི་བཀྲག་ལྡན་དབྱངས་སྙན་མ། །བདེ་བྎ ཨོཾ་ཨཱཿཤཔྟྎ དཀྱིལ་འཁོར་གྱི་ཡོ་བྱད་ཀུན་ཡིད་ཀྱིས་ཕུལ། རང་གི་སྙིང་ག་ནས་བདེ་སྟོང་ལས་བྱུང་བའི་འདོད་པའི་ཡོན་ཏན་ལྔ་ལྡན་གྱི་རིག་མ་བཅུ་དྲུག་གི་མཆོད་པར་གྱུར། པི་ཝང་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྔ་བོ་ཆེ། །བཞད་མ་སྒེག་མོ་གླུ་གར་མ། །མེ་ཏོག་མ་དང་སྤོས་འཆང་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་རྣམས་ཀྱིས། །དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི། །ཨོཾ་བཛྭ་བཱི་ཎི་ཧཱུྃ་ཧཱུྃ་ཕཊ྄། ཝཾ་ཤེྎ མུ་རཉྫྱེྎ མྲྀ་ཏཾ་གེྎ ཧཱ་ཀྵྼྎ ལཱ་ཀྵྼྎ གཱིརྟིྎ ནྲཱིརྟིྎ པུཥྤེྎ དྷཱུ་པེྎ དཱི་པཾྎ གནྡྷེྎ རཱུ་པྎ ར་ཀྵྼེྎ སྤརྴེྎ དྷཱརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཕཊ྄། རྒྱས་པར་སྤྲོ་ན་རིན་ཆེན་སྣ་བདུན་འབུལ་བ་སྟེ། འཛམ་བུའི་གསེར་ལས་རང་བྱུང་ལྟེ་བ་ཟླུམ། །རྩིབས་སྟོང་མུ་ཁྱུད་མཆོག་ཏུ་རྣམ་འཕྲུལ་བ། །མཁའ་ལ་རབ་འཕགས་ཕྱོགས་ལས་རྒྱལ་བྱེད་པའི། །འཁོར་ལོ་རིན་ཆེན་ནམ་མཁའ་བཀང་སྟེ་འབུལ། ཨོཾ་ཙཀྲ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཐལ་དཀར་མཆེ་བ་དྲུག་པ་ཟླ་འོད་ཅན། །ཆུ་ཞེང་ཕུན་ཚོགས་ཡུད་ཀྱིས་མཁའ་ལམ་ནས། །ས་ཆེན་རྒྱ་མཚོའི་སྐ་རགས་ཅན་སྐོར་བའི། །གླང་པོ་རིན་ཆེནྎ ཨོཾ་ཧསྟི་རཏྣ་སོགས་གོང་བཞིན། སྤུ་ཁ་རྨ་བྱའི་མགྲིན་འདྲ་ཡིད་འོང་ཞིང་། །གསེར་གྱི་རྒྱན་ལྡན་མགྱོགས་པ་ཡིད་ལྟ་བུས། །ཐོ་རངས་ས་རྣམས་བསྐོར་ཏེ་སླར་ལྡོག་པའི། །རྟ་མཆོག་རིན་ཆེནྎ ཨོཾ་ཨ་ཤྭ་རཏྣྎ ཀུན་ཏུ་སྔོ་བ་སྣང་བྱེད་བཻཌཱུརྻ། །ཉིན་མོར་བྱེད་པ་འོད་ཀྱིས་རྣམ་གནོན་ཅིང་། །བསམ་པ་རྫོགས་བྱེད་ལེགས་སྦྱང་ཆ་བརྒྱད་པ། །ནོར་བུ་རིན་ཆེནྎ ཨོཾ་མ་ཎི་རཏྣྎ འཆི་མེད་བུ་མོ་བཞིན་དུ་གཟུགས་མཛེས་ཤིང་། །རེག་བྱ་མཆོག་གིས་ལུས་སེམས་བདེ་བྱེད་པ། །སྒྱུ་རྩལ་ཀུན་ཤེས་སྨྲ་མཁས་དྲི་བཟང་གཏེར། །བཙུན་མོ་རིན་ཆེནྎ ཨོཾ་ཧླིུ་རཏྣྎ ཕུར་བུའི་བློ་ལྡན་མཛངས་ཤིང་ཡིད་གཞུངས་པ། །འཁོར་ཡུག་གཏེར་གྱི་འདོད་དགུར་འཛུད་བྱེད་ཅིང་། །དེས་པ་སྙན་པའི་ཚིག་འབྱིན་ལྷ་མིག་ཅན། །ཁྱིམ་བདག་རིན་ཆེནྎ ཨོཾ་པུ་རུ་ཥ་རཏྣྎ སྲེད་མེད་བུ་ཡི་སྟོབས་ལྡན་དཔའ་བ་དང་། །རཏལ་ཕོད་ཡིད་ལ་བརྒྱུས་པའི་དོན་རྣམས་ཀུན། །མོད་ལ་སྒྲུབ་ཅིང་ཕས་རྒོལ་མེད་བྱེད་པའི། །བློན་པོ་རིན་ཆེནྎ ཨོཾ་ཁཱུ་རཏྣྎ འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ། །མཐུ་ལྡན་མཆིལ་ལཧྭམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམས་ཆྎ ཨོཾ་ཨུ་པ་རཏྣ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ལྷ་མོ་བརྒྱད་ཀྱི་མཆོད་པ་ནི། ཕུང་པོའི་བདུད་འཇོམས་རྡོ་རྗེ་གཽ་རཱི་མ། །སྟོང་ཉིད་རྣམ་ཐར་ཞལ་གྱི་སྒོ་སྐྱོང་མ། །ག་པུར་ཟླ་བ་བདུད་རྩིས་གདུངས་སེལ་བྱེད། །རྡོ་རྗེ་མ་མོའི་མཆོད་པས་དེང་དགྱེས་མཛོད། ཨོཾ་གཽ་རཱི་གཾ་སྭཱ་ཧཱ། ཉོན་མོངས་བདུད་འཇོམས་རྡོ་རྗེ་ཙཽ་རཱི་མ། །མཚན་མེད་རྣམ་ཐར་ཞལ་གྱི་སྒོ་སྐྱོང་མ། །སི་རང་བྱུང་ཉི་མས་ཉིན་མོར་བྱེད། །རྡོ་རྗེྎ ཨོཾ་ཙཽ་རཱི་ཙཾྎ འཆི་བདག་བདུད་འཇོམས་རྡོ་རྗེ་བཻ་ཏཱ་ལཱི། །སྨོན་མེད་རྣམ་ཐར་ཞལ་གྱི་སྒོ་སྐྱོང་མ། །མི་བསྐྱོད་རྣམ་དག་བདུད་རྩིས་ཚེ་འཛིན་བྱེད། །རྡོ་རྗེྎ ཨོཾ་བཻ་ཏཱ་ལཱི་བཾྎ ལྷའི་བདུད་འཇོམས་རྡོ་རྗེ་གྷསྨ་རཱི། །རྩོལ་མེད་རྣམ་ཐར་ཞལ་གྱི་སྒོ་སྐྱོང་མ། །སྣང་མཛད་མཆོག་གི་སྨན་གྱིས་ཉེས་སེལ་བྱེད། །རྡོ་རྗེྎ ཨོཾ་གྷསྨ་རཱི་གྷཾྎ གཤིན་རྗེའི་གདོན་འཇོམས་རྡོ་རྗེ་པུཀྐ་སི། །བྱམས་པའི་ཐུགས་ཀྱིས་འགྲོ་ལ་རྗེས་ཆགས་མ། །སྒྲོན་མ་ལྔ་ཡི་བཟའ་བས་ཡིད་སིམ་བྱེད། །རྡོ་རྗེྎ ཨོཾ་པུཀྐ་སཱི་པཾྎ གནོད་སྦྱིན་གདོན་འཇོམས་རྡོ་རྗེ་ཤ་ཝ་རཱི། །སྙིང་རྗེའི་ཐུགས་ཀྱིས་འཇིག་རྟེན་རྗེས་འཛིན་མ། །ཤེས་རབ་རང་བཞིན་ཆང་ལྔས་མྱོས་པར་བྱེད། །རྡོ་རྗེྎ ཨོཾ་ཤ་ཝ་རཱི་ཤཾྎ སྲིན་པོའི་གདོན་འཇོམས་རྡོ་རྗེ་ཙཎྜྻཱ་ལི། །དགའ་བའི་ཐུགས་ཀྱིས་འགྲོ་ལ་བདེ་སྦྱིན་མ། །སྣ་ཚོགས་རོལ་མོའི་སྦྱོར་བས་རྣ་སྙན་བྱེད། །རྡོ་རྗེྎ ཨོཾ་ཙཎྜྻ་ལཱི་ཙཾྎ ལྷ་མིན་གདོན་འཇོམས་རྡོ་རྗེ་ཌོམྦི་ནཱི། །མཉམ་ཉིད་ཐུགས་ཀྱིས་ཀུན་ཏུ་ཕན་མཛད་མ། །ཡང་དག་སྦྱོར་བས་མཐའ་ཡས་བདེ་སྟེར་བྱེད། །རྡོ་རྗེ་མ་མོའི་མཆོད་པས་དེང་དགྱེས་མཛོད། །ཨོཾ་ཌོམྦི་ནཱི་ཌཾ་སྭཱ་ཧཱ། ཁྱད་པར་གྱི་མཆོད་པ་འདི་ཉིད་ཀྱི་རྒྱུད་ལས་གསུངས་པ་ནི། གླུ་ནི་རྡོ་རྗེ་ཅན་ལ་དབུལ། །གར་ནི་སངས་རྒྱས་རྣམས་ལ་དབུལ། །དེ་བཞིན་དྲི་ནི་ཉི་མ་ལའོ། །འཇིག་རྟེན་མཆོག་ལ་བཟའ་དང་བཅའ། །གོས་ཀྱི་མཆོད་པ་རྟ་མཆོག་ལ། །འདི་རྣམས་མཆོད་པ་དམ་པ་སྟེ། །རྡོ་རྗེ་མཆོད་པ་བྱས་པ་ཡིས། །རྡོ་རྗེ་ཅན་ཀུན་མཉེས་པར་བྱེད། །ཨ་ཀ་རུ་ནག་ཀྱེ་རྡོ་རྗེ། །དམར་པོ་འཇིག་རྟེན་རྗེ་ལ་དབུལ། །གུར་གུམ་རྡོ་རྗེ་སྣང་བ་ལ། །བདུན་གྱི་རྒྱལ་པོ་ཐམས་ཅད་དེ། །ཧཱུྃ་རྡོ་རྗེ་ལས་བྱུང་བའི་དྲི། །འདི་རྣམས་དྲི་ཡི་རབ་སྦྱོར་བས། །དམ་པའི་སངས་རྒྱས་ཉིད་ཐོབ་བོ། །ཁ་དང་ཚ་བ་རྡོ་རྗེར་དབུལ། །མངར་བ་རྡོ་རྗེ་རྟག་པ་ལ། །སྐྱུར་བ་རྡོ་རྗེ་ཉི་མ་ལའོ། །དེ་བཞིན་ལན་ཚྭ་འཇིག་རྟེན་དབང་། །རྟ་ཡི་རྒྱལ་པོ་ཐམས་ཅད་དམ། །བསྐ་བ་ཡང་ནི་རབ་བརྟག་བྱ། །ཀྱཻའི་རྡོ་རྗེ་རྡོར་ཅན་གྱི། །མེ་ཏོག་མདོག་གནག་རྐང་འཐུང་འབྱུང་། །མལླི་ཀཱ་དང་མཱ་ལ་ཏཱི། །ཀུནྡ་སངས་རྒྱས་རྟག་པར་དབུལ། །ཤིང་གི་དབང་མཆོག་དྲི་མེད་མཆོག །སྣང་བྱེད་ལ་ནི་སྦྱོར་བར་བྱ། །དབང་མཆོག་དམར་པོའི་ཆུ་སྐྱེས་དང་། །བན་དུ་དམར་པོ་པཱ་ཊ་ལཾ། །པདྨ་གར་གྱི་དབང་ལ་དབུལ། །རྟ་མཆོག་རྡོ་རྗེ་ཅན་ལ་ཀུན། །རྡོ་རྗེ་ཐེག་པས་མཉེས་བྱེད་པ། །འདི་ནི་དོན་དམ་མཆོད་པ་ཡིན།། ཞེས་པ་རྣམས་ཀྱིས་མཆོད་དོ། །ནང་གི་མཆོད་པ་ནི། དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །གྷསྨ་རཱི་ནི་སྨན་འཛིན་ཞིང་། །པུཀྐ་སཱི་ནི་རྡོ་རྗེའི་ལག །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་ནི་གཙོ་བོ་མཆོད། །འདོད་ཆགས་ཆེན་པོའི་རྗེས་ཆགས་པས། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཙཽ་རཱི་ཙཾྎ བཻ་ཏཱ་ལཱི་བཾྎ གྷསྨ་རཱི་གྷཾྎ པུཀྐ་སཱི་པཾྎ ཤ་བ་རཱི་ཤཾྎ ཙཎྜྻ་ལཱི་ཙཾྎ ཌོམྦི་ནཱི་ཌཾྎ གསང་བའི་མཆོད་པ་ནི། ཌོམྦི་ནཱི་ཡིས་འཁྱུད་པ་ལས་བྱུང་བའི། །འཕོ་མེད་ལྷན་ཅིག་སྐྱེས་དགའི་བདེ་ཆེན་པོས། །འཁོར་ལོའི་དབང་ཕྱུག་དགྱེས་མཛད་རིགས་ལྔ་དང་། །ཐབས་ཀྱི་སྐུར་བཞེངས་མཁའ་འགྲོའི་འཁོར་ལོ་མཆོད། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་པཱ་ར་མཧཱ་སུ་ཁཾ་པཱུ་ཛ་ཨཱཿཧཱུྃ། དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། བདེ་བ་ཆེན་པོའི་ཉམས་མྱོང་དྲན་པར་བྱས་ལ། གང་གིས་རྣམ་རྟོག་རྣམས་སྤངས་ཏེ། །བྱང་ཆུབ་སེམས་ནི་རྣམ་བསྒོམ་ཞིང་། །ལུས་དང་སེམས་ནི་རྣམ་དག་པ། །འདི་ནི་དོན་དམ་མཆོད་པ་ཡིན། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཚོགས་ཀྱི་མཆོད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པ་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། བར་གྱིས་བྱིན་གྱིས་བརླབ། ལྷ་རྣམས་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ་དེ་ལས་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ཏེ་གསོལ་བར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཕུད་དཀྱིལ་འཁོར་ལ་ཕུལ། གཏོར་མ་རྣམས་ལའང་བྲན་ནོ། །བསྟོད་པ་ནི། ཨོཾ་མཧཱ་བཛྭ་ཧཱུྃ། རྡོ་རྗེ་དང་། ཨོཾ་བཛྭ་གཎྜྻེ་ཨཱཿདྲིལ་བུ་གཟུང་ལ། ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་རྣམ་སྦྱོང་ཞིང་། །སངས་རྒྱས་ཀྱི་ཆོས་ཐམས་ཅད་པ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་ལོ། །འགྲོ་བ་སྡང་བས་ནོན་གཟིགས་ནས། །གཏི་མུག་ཀུན་ཏུ་ཟད་བྱའི་ཕྱིར། །མགོན་པོ་རྒྱལ་བ་རྣམ་སྣང་མཛད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །བུད་མེད་ཀྱིས་འདུལ་འགྲོ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་གྱུར། །ཕྱག་འོས་ཐུབ་པ་ཕ་རོལ་ཕྱིན། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་བསྟོད། །འགྲོ་བ་རྨོངས་པས་གཟིར་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །འགྲོ་བ་ཁེངས་པས་གཟིར་གཟིགས་ནས། །ང་རྒྱལ་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །རྡོ་རྗེ་དྲེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཆགས་པས་གཟིར་གཟིགས་ནས། །ཆགས་པ་ཐམས་ཅད་ཟད་མཛད་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །རྡོ་རྗེ་ཆགས་པར་ཕྱག་འཚལ་བསྟོད། །འགྲོ་བ་ཕྲག་དོག་གཟིར་གཟིགས་ནས། །ཐམས་ཅད་ཀྱིས་ནི་ཟད་མཛད་པ། །རྟ་བདུན་རྒྱལ་པོ་རྒྱལ་པོ་ཆེ། །ཐམས་ཅད་གཟུགས་ལ་ཕྱག་འཚལ་བསྟོད།། ཅེས་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར།། ཞེས་དང་། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཀྱེ་ཡི་རྡོ་རྗེར་བདག་ཕྱག་འཚལ། །བདག་མེད་མས་ནི་མགུལ་ནས་འཁྱུད། །དབུ་སྐྲ་སེར་པོ་གྱེན་དུ་འབར། །ཞལ་བརྒྱད་པ་ལ་སྤྱན་གསུམ་པ། །མགོན་པོ་དེ་ལ་གུས་ཕྱག་འཚལ། །སྤྱི་བོའི་གདན་སྟེང་ནག་པོ་མཛེས། །དཀར་དང་དམར་པོ་གཡས་དང་གཡོན། །གང་གི་ལྷག་མའི་ཞལ་རྣམས་ནི། །གནས་པ་དེ་ལ་གུས་ཕྱག་འཚལ། །གླང་པོ་རྟ་བོང་གླང་རྔ་མོ། །སྐྱེས་པ་ཁྱི་དང་མ་ཧེར་བཅས། །གཡས་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ས་དང་ཆུ་དང་རླུང་དང་མེ། །ཟླ་ཉི་གཤིན་རྗེ་གསང་བ་པ། །གཡོན་པའི་ཕྱག་བརྒྱད་ལ་གནས་པའི། །ཐོད་པ་འཛིན་ལ་བདག་ཕྱག་འཚལ། །ཞབས་བཞི་ཡིས་ནི་བདུད་བཞི་པོ། །མཉམ་པར་མནན་ཅིང་གཅེར་བུ་ཉིད། །ཉི་མར་ཞབས་གཡས་བརྐྱང་མཛད་སྔོ། །གར་མཛད་དེ་ལ་བདག་ཕྱག་འཚལ། །འཁོར་ལོ་བཞི་ཡི་བདག་ཉིད་མཛེས། །འཛག་པའི་མགོ་བོས་རྣམ་པར་བརྒྱན། །དེ་བཞིན་གཤེགས་པ་རྣམ་དག་པའི། །ཕྱག་རྒྱ་ལྔ་ཡིས་ཡང་དག་བརྒྱན། །སྣ་ཚོགས་རྡོ་རྗེས་སྤྱི་བོར་མཚན། །དཔྲལ་བར་རིགས་ཀྱི་བདག་པོ་ཉིད། །དམ་པའི་དགའ་བ་ཡང་དག་ཐོབ། །བདེ་ཆེན་དེ་ལ་བདག་ཕྱག་འཚལ། །གཾ་ལས་སྐྱེས་པའི་གཽ་རཱི་ཤར། །ཡན་ལག་གནག་ཅིང་གཡོན་ན་ཉ། །གཡས་པ་ན་ནི་གྲི་གུག་འཛིན། །ཚངས་པ་མནན་ལྎ ཙཾ་ལས་བྱུང་བའི་ཆོམ་རྐུན་མ། །བཙོད་ཀྱི་ཁ་དོག་ལྷོ་ཕྱོགས་སུ། །ཕྱག་ན་ཕག་དང་ཅང་ཏེའུ་བསྣམས། །དབང་པོ་མནན་ལྎ བཾ་ལས་སྐྱེས་པའི་སེར་མོ་ནུབ། །རོ་ལངས་མ་ནི་ཉེ་དབང་མནན། །ཕྱག་གཡོན་ལྷུང་བཟེད་གཡས་པ་ཡིས། །རུས་སྦལ་བསྣམས་ལ་བདག་ཕྱག་འཚལ། །གྷསྨ་རཱི་ནི་བྱང་གི་སྒོར། །ལྗང་ཁུ་གྷཾ་ལས་བྱུང་བ་ཡི། །ཕྱག་ན་སྦྲུལ་དང་ཐོད་པས་བྲེལ། །དྲག་པོ་མནན་ལྎ གཤིན་རྗེ་མནན་ཅིང་བཾ་ལས་བྱུང་། །གཡོན་ན་དགྲ་ཧྶ་སེང་གེ་གཡས། །དབང་ལྡན་དུ་ནི་འཇིགས་གཟུགས་མ། །ཕྱག་འཚལ་པུཀྐ་སཱི་སྔོན་ལ། །རི་ཁྲོད་མ་དཀར་ཤཾ་ལས་བྱུང་། །མེ་རུ་གནོད་སྦྱིན་སྟེང་དུ་གནས། །གཡོན་ན་གསིལ་བྱེད་གཡས་པ་ཡིས། །དགེ་སློང་བསྣམས་ལྎ གཏུམ་མོ་ནམ་མཁའི་སྔོ་བསངས་མ། །སྲིན་པོར་ཙཾ་ལས་བྱུང་བ་ཡི། །གཡོན་ན་ཐོད་པ་འཁོར་ལོ་གཡས། །ཕྱག་འཚལ་སྲིན་པོ་མནན་ཁྱོད་ལ། །ཌཾ་ལས་བྱུང་བའི་གཡུང་མོ་ནི། །རླུང་མཚམས་ཐགས་བཟང་རིས་སྟང་གཤེགས། །ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། །སྣ་ཚོགས་མདོག་ལ་བདག་ཕྱག་འཚལ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཅེར་བུ་སྤྱན་གསུམ་ཐམས་ཅད་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཕུང་པོ་ཁམས་ནི་རྣམ་དག་པ། །བྱང་ཆུབ་སེམས་ལས་བྱུང་བ་ཡི། །བདེ་རབ་སྟེར་ནི་ཐམས་ཅད་ལ། །དངོས་པོ་ཀུན་གྱིས་ཕྱག་འཚལ་ལོ། །ཉིད་ཀྱི་གཡས་པའི་ཕྱག་བཟུང་བའི། །ཕྱག་མཚན་ས་བོན་ལས་བྱུང་བའི། །བདེ་ཆེན་འདོད་པ་ཐམས་ཅད་ལ། །རྟག་ཏུ་ཡང་དག་ཕྱག་འཚལ་ལོ། །གང་ཞིག་ཉི་ཟླ་ཁ་སྦྱོར་ནས་ས་བོན། །གཉིས་ལས་སྐྱེས་པའི་གཙོ་བོ་རིག་མར་བཅས། །ཉིད་ཀྱིས་ཉིད་ཀྱི་དཀྱིལ་འཁོར་འདི་ལ་ནི། །འཇིག་རྟེན་གསུམ་པོ་སྤྲུལ་པར་མཛད་དང་ལྡན། །འདི་ལས་འདི་དག་ཐམས་ཅད་མ་ལུས་པའི། །ཞི་བ་བདེ་སྩོལ་རིག་མ་སྡུད་མཛད་པ། །ཤེས་རབ་ཆགས་པས་བདུད་རྩིའི་རོ་ཉིད་ཀྱིས། །གནས་སུ་ཞི་བ་དེ་ལ་ཕྱག་འཚལ་ལོ། །མཁའ་འགྲོ་མ་གཙོ་ཀྱཻ་རྡོ་རྗེ། །ལྷ་མོ་འཁོར་ལོ་བཅས་བསྟོད་པས། །བདག་གིས་བསོད་ནམས་གང་ཐོབ་པ། །དེས་ནི་འཇིག་རྟེན་དེ་མཚུངས་ཤོག། རྒྱས་པར་སྤྲོ་ན། གང་དང་གང་གི་ཐབས་མཁས་ཀྱིས། །སེམས་ཅན་རྣམས་ནི་འདུལ་གྱུར་བ། །དེ་དང་དེ་ཡི་ཆོ་ག་ཡིས། །ཆོས་ནི་སྟོན་པར་མཛད་ལ་འདུད། །ཞེ་སྡང་གཏི་མུག་ང་རྒྱལ་དང་། །སྐྱེ་བོ་ཆགས་ལྡན་ཕྲག་དོག་ཅན། །སྒྲིབ་པ་ལྔ་པོ་འཇོམས་བརྩོན་པའི། །དཔལ་ཧེ་རུ་ཀ་ལྔར་ཕྱག་འཚལ། །ཤིན་ཏུ་གདུག་ཅིང་དྲག་པ་ལ། །ཞི་བས་ཉེ་བར་མི་སྦྱོར་བ། །མི་བསྐྱོད་ཡེ་ཤེས་འབྱུང་གནས་ཆེ། །རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ། །ཆད་པའི་སྟོང་པར་ཞེན་རྣམས་དང་། །མེད་པའི་བརཏལ་ཞུགས་འཛིན་པ་ནི། །འདུལ་ཕྱིར་རྫོགས་པའི་སངས་རྒྱས་གྱུར། །རྟག་ཏུ་ཕན་མཛད་ལ་ཕྱག་འཚལ། །རྣམ་པར་རྟོག་པའི་རི་རབ་དང་། །ང་རྒྱལ་ཆེན་པོའི་མུན་པ་འཇོམས། །རྡོ་རྗེ་ཉི་མ་རྒྱལ་ཆེན་པོ། །རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ། །སྐྱེ་བོ་ཆགས་བྲལ་འདོད་ཆེན་སོགས། །འགྲོ་བ་མ་ལུས་བདེ་ཆེན་གྱི། །ཆགས་པས་བྱང་ཆུབ་མཆོག་སྩོལ་བ། །པདྨ་གར་དབང་ལ་ཕྱག་འཚལ། །ཐེག་པ་གཞན་གྱིས་ངེས་འབྱུང་རྣམས། །ཀུན་མཁྱེན་ལམ་ལ་བརྟེན་ནས་ནི། །རྡོ་རྗེ་མྱུར་འགྲོ་རང་བྱུང་གཙོ། །རྟ་བདུན་རྒྱལ་པོ་ལ་ཕྱག་འཚལ། །ཡེ་ཤེས་ལྔ་ལ་རབ་དགའ་ཞིང་། །ཁམས་ལྔའི་རང་བཞིན་རྣམ་པར་དག །ཉ་དོལ་མ་དང་ལྕགས་ཀྱུ་འཆང་། །མེ་ཏོག་མ་སོགས་མཚམས་སུ་གནས། །རྣམ་སྣང་འཁོར་རྣམས་ལ་ཕྱག་འཚལ། །ཉི་མ་འཛིན་དང་མར་མེ་མ། །རིན་ཆེན་སྒྲོལ་མ་གློག་གི་ཕྱག །སྒེག་མོ་ལ་སོགས་གྲྭ་བཞིར་གནས། །རིན་ཆེན་འཁོར་རྣམས་ལ་ཕྱག་འཚལ། །པདྨ་འཛིན་དང་ཆོས་དབང་ཕྱུག །ལྕགས་སྒྲོག་དང་ནི་རང་ཉིད་འཁྱུད། །གླིང་བུ་མ་སོགས་གྲྭ་བཞིར་གནས། །པདྨའི་འཁོར་རྣམས་ལ་ཕྱག་འཚལ། །རྡོ་རྗེ་སྒོ་ལྕགས་ལྡེ་མིག་དང་། །སྒོ་གླེགས་ཐོགས་དང་གོས་འཛིན་མ། །སྤྱན་མ་ལ་སོགས་གྲྭ་བཞིར་གནས། །ལས་ཀྱི་འཁོར་རྣམས་ལ་ཕྱག་འཚལ། །གདུལ་བྱ་ཤིན་ཏུ་རྨོངས་པའི་ཚོགས། །ཉེ་བར་བཟུང་བ་སྟོན་པའི་ཕྱིར། །སྐམ་པ་ལ་སོགས་ཕྱག་མཚན་བསྣམས། །གཏི་མུག་འདུལ་མཛད་ལ་ཕྱག་འཚལ། །རབ་ཏུ་གཟི་བརྗིད་འབར་བ་ཡིས། །དྲེགས་པའི་མུན་ནག་སེལ་སླད་དུ། །ཉི་མའི་དཀྱིལ་འཁོར་ལ་སོགས་བསྣམས། །ང་རྒྱལ་འདུལ་མཛད་ལ་ཕྱག་འཚལ། །ཆགས་པའི་ཆུ་ཡིས་མ་གོས་ཤིང་། །འདོད་ཆགས་ཆོས་ཀྱིས་བདེ་བསྒྲུབ་པས། །པདྨ་ལ་སོགས་ཕྱག་མཚན་བསྣམས། །ཆགས་ཅན་འདུལ་མཛད་ལ་ཕྱག་འཚལ། །ཕྲག་དོག་ཆེན་པོས་བསྒྲིབས་པའི་མཐུས། །ཡོན་ཏན་སྒོ་ནི་མི་སྣང་ལ། །སྒོ་ལྕགས་ལ་སོགས་ཕྱག་མཚན་བསྣམས། །སེར་སྣ་འདུལ་མཛད་ལ་ཕྱག་འཚལ། །དགུག་པའི་ལས་བྱེད་ལྕགས་ཀྱུ་མ། །ཞགས་པ་ལྕགས་སྒྲོག་དྲིལ་བུ་ཡིས། །འཆིང་སྡོམ་འབེབས་ཤིང་དབང་མཛད་པས། །སྒོ་མ་བཞི་པོ་ལ་ཕྱག་འཚལ། །མཁའ་དང་བེམ་པོ་དང་བ་དང་། །གོ་སྐབས་མེད་དང་རབ་འབྱེད་པ། །སྣ་ཚོགས་རྡོ་རྗེའི་གཞིར་གནས་པའི། །གཞལ་ཡས་ཁང་པ་ལ་ཕྱག་འཚལ། །འདིར་ནི་རང་བྱུང་བཅོམ་ལྡན་འདས། །མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །ལྷག་པའི་ལྷ་ཉིད་གཅིག་པུ་ལས། དུ་མར་སྣང་ལ་གུས་ཕྱག་འཚལ།། ཞེས་རྒྱུད་ཀྱི་ངེས་པ་ལ་བརྟེན་པའི་བསྟོད་པ་རྒྱས་པ་ཡང་བྱ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། བསྟོད་པའི་རྒྱས་གདབ་བྱ། བཟླས་པ་བྱ་བ་ནི། རྔོག་ལུགས་སུ་གསལ་ཁ་མ་གསུངས་ཀྱང་ཕྱག་ལེན་ཏུ་སྐབས་འདིར་མཛད་དེ། ཨོཾ་ཨཱཿཧཱུྃ་རིགས་སོ་སོའི་འཁོར་གྱི་ལྷ་མོ་བརྒྱད་རང་རང་གི་གཙོ་བོའི་ཞལ་བརྒྱད་དང་སོགས་བདག་མདུན་ཐུན་མོང་སྒྲུབ་ཐབས་ལྟར་སྡུད་ཅིང་སྔགས་འཁོར་བཀོད་ལ། རིགས་ལྔ་འཁོར་བཅས་ཀྱི་བཟླས་པ་སྟ་གོན་དུ་བཤད་པ་ལྟར་ཅི་འགྲུབ་བྱས་པའི་རྗེས་སུ་མདུན་བསྐྱེད་ལ་དམིགས་ཏེ། སླར་ཡང་སོ་སོའི་འཁོར་གྱི་ལྷ་མོ་རྟེན་དང་བཅས་པ་གསལ་བར་གྱུར། ཞེས་དང་། བདག་ལ་དམིགས་ཏེ། ཐུགས་ཀའི་ས་བོན་གྱི་འོད་ཀྱིས། ཞེས་པ་ནས། རང་ཉིད་གཙོ་བོ་ཡབ་ཡུམ་དུ་གསལ་བར་གྱུར། བཞི་པ་ཐུན་མཐར་གཏོར་མ་བཏང་བ་ནི། མགྲོན་བསྐྱེད་པ་ནས་སྨོན་ལམ་གདབ་པ་ཡན་སྒྲུབ་ཐབས་ལྟར་བྱའོ། །རྔོག་ལུགས་ཟང་མ་བྱེད་ན་བསྟོད་པའི་རྗེས་སུ་བདེན་པ་བསྐུལ་བ་ལ་འཇུག་པས་འཐུས་ཀྱི་ནང་གཏོར་ཡང་མ་བཤད་དོ། །ལྔ་པ་སྒྲུབ་མཆོད་ཞག་མང་དུ་སྦྲེལ་ན་སྐབས་འདིར་བུམ་བསྐྱེད། བཟླས་པ། ལས་བུམ་ཕྲིན་ལས་བཅོལ་བའི་བར་སྟ་གོན་སྐབས་ལྟར་བྱའོ། །དེ་ནས་སློབ་མ་དཀྱིལ་འཁོར་དུ་གཞུག་པའི་དོན་དུ་གསོལ་བ་གདབ་པ་ནི། སྤོས་ཀྱི་རེང་བུ་ཐོགས་དྲིལ་བུ་བསིལ་ཞིང་། དམ་ཚིག་གི་གླུས་ཉེ་བར་སྤྱོད་པར་བྱ་བ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་བརྟག་པ་སྟེ། །འདོད་ཆགས་ཀུན་གྱིས་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་གི་བདག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བ། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པས། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག། དེ་ནས་བདེན་པ་བསྒྲག་པར་བྱ་སྟེ། ཤེས་རབ་ཐབས་དང་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་སྐོང་གྱུར་ཅིག། ཅེས་བརྗོད་དོ།།དམ་ཚིག་གླུས་བསྐུལ་འདི་བདག་འཇུག་གི་རྗེས་སུ་མཛད་པའང་ཕྱག་བཞེས་ཁུངས་མར་འབྱུང་། བཞི་པ་སློབ་དཔོན་བདག་འཇུག་ནི། དེ་ནས་བདག་ཉིད་ཀྱི་བར་ཆད་ཞི་བའི་ཕྱིར་ཕྱི་རོལ་ཏུ་འབྱུང་པོ་ལ་གཏོར་མ་བཏང་བ་སྟེ། སྒྲུབ་པའི་གྲོགས་རྩ་སྔགས་བཟླ་བཞིན་དུ་དཀྱིལ་འཁོར་གྱི་སྲུང་བར་བཞག སློབ་དཔོན་སོགས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཕྱིན་ཅིང་ས་ཕྱོགས་གཙང་མར་དབུས་སུ་མཆོད་གཏོར། གཡས་སུ་ཆུ་གཉིས། གཡོན་དུ་མདུན་ནས་རྒྱབ་ཏུ་བརྩམས་ཏེ་ཉེར་སྤྱོད་ཕྲེང་ཚར། མདུན་དུ་ནང་མཆོད་ཆུ་སྣོད་སོགས་འདུ་བྱས་ལ། མདུན་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་ནང་གི་སྟེང་དུ་པདྨ་དཀར་པོ་དང་། བར་དུ་ནག་པོ་དང་། འོག་ཏུ་དམར་པོ་རྣམས་འདབ་མ་བརྒྱད་པ་བརྩེགས་པ། རང་གི་སྤྱི་བོའི་སྐུ་རྡོ་རྗེ་ལས་འོད་ཟེར་དཀར་པོ་འཕྲོས་པས་གཟུགས་མེད་སྲིད་པའི་ལྷ་ཚོགས་ནས་རྒྱལ་ཆེན་རིགས་བཞིའི་བར་གྱི་ལྷ་ཚོགས་རྣམས་འོད་ཀྱིས་བསྡུས་ནས་མདུན་གྱི་པདྨ་དཀར་པོའི་དབུས་སུ་ཨོཾ་དཀར་པོ་ཅིག་ཏུ་གྱུར། སྙིང་གའི་ཐུགས་རྡོ་རྗེ་ལས་འོད་ཟེར་ནག་པོ་འཕྲོས་པས་ཕྱོགས་སྐྱོང་བཅུ་དང་ཕ་མ་ལ་སོགས་པ་འོད་ཀྱིས་བསྡུས་ནས་པདྨ་ནག་པོའི་དབུས་སུ་ཧཱུྃ་ནག་པོ་ཅིག་ཏུ་གྱུར། མགྲིན་པའི་གསུང་རྡོ་རྗེ་ལས་འོད་ཟེར་དམར་པོ་འཕྲོས་པས་ས་སྟེང་གི་མི། ས་འོག་གི་ཀླུ། དམྱལ་བ་ཡི་དྭགས་བྱོལ་སོང་ཐམས་ཅད་འོད་ཀྱིས་བསྡུས་ནས་པདྨ་དམར་པོའི་དབུས་སུ་ཨཱཿདམར་པོ་ཅིག་ཏུ་གྱུར། ཡི་གེ་གསུམ་པོ་དེ་དག་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། ཧཱུྃ་ལས་རྡོ་རྗེ་ནག་པོ་ཧཱུྃ་གིས་མཚན་པ། ཨཱཿལས་པདྨ་དམར་པོ་ཨཱཿཡིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས་ནས་ཚུར་འདུས་པ་ལས་འཁོར་ལོ་ལས་སྐུ་རྡོ་རྗེ་སྐུ་མདོག་དཀར་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། རྡོ་རྗེ་ལས་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་རང་འོད་ཀྱི་རིག་མ་དང་ཞལ་སྦྱར་བ། པདྨ་ལས་གསུང་རྡོ་རྗེ་སྐུ་མདོག་དམར་པོ་རང་འོད་ཀྱི་རིགས་མ་དང་ཞལ་སྦྱར་བ། དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ། གཡོན་དྲིལ་བུ་བསྣམས་པ། ཞབས་གཡས་བརྐྱང་བས་བཞུགས་པ། རང་གི་གནས་གསུམ་གྱི་ལྷ་ལས་འོད་ཟེར་འཕྲོས་པས། དམ་ཚིག་སེམས་དཔའ་རང་འདྲ་བའི་ཡེ་ཤེས་སེམས་དཔའ་གསུམ་སྤྱན་དྲངས། གཽ་རཱི་ཛཿ ཙཽ་རཱི་ཧཱུྃ། བཻ་ཏཱ་ལཱི་བཾ། གྷ་སྨ་རཱི་ཧོཿཞེས་དགུག་གཞུག་བཅིང་མཉེས་བྱས་ལ། སླར་ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བས་སྐུ་རྡོ་རྗེ་ལ་རྣམ་པར་སྣང་མཛད། ཐུགས་རྡོ་རྗེ་ལ་མི་བསྐྱོད་པ། གསུང་རྡོ་རྗེ་ལ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཡང་རང་གི་གནས་གསུམ་གྱི་ལྷ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། གཏོར་མའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དུད་ཁ་གཞུའི་དབྱིབས་ལྟ་བུ་ཐ་མ་གཉིས་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ། ནང་གི་དབུས་སུ་མིའི་ཤ་དང་བྱང་ཆུབ་ཀྱི་སེམས། ཤར་དུ་གླང་པོ་ཆེའི་ཤ་དང་དྲི་ཆེན། ལྷོར་རྟའི་ཤ་དང་དྲི་ཆུ། ནུབ་ཏུ་བ་ལང་གི་ཤ་དང་རཀྟ། བྱང་དུ་ཁྱིའི་ཤ་དང་བརྒྱུངས་པ། དེ་རྣམས་ཀྱི་ཕྱིའི་རྣམ་པ་ཨོཾ། སྲོག་ཨཱཿདེའི་སྟེང་དུ་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ལ་ཧཱུྃ་གིས་མཚན་པ། མགོ་ཐུར་དུ་བལྟ་བ། རླུང་གིས་མེ་སྦར་ཐོད་པར་བསྲོས། ཤ་ལྔ་བདུད་རྩི་ལྔ་ཁོལ་བས། ཨོཾ་དང་ཨཱཿལས་འོད་ཟེར་སྤྲོས་ཏེ་ཟླ་ཕྱེད་རྡོ་རྗེ་ཧཱུྃ་དང་བཅས་པ་ལས་ཡེ་ཤེས་ཀྱི་བདུད་རྩི་ཕབ། དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། མཐར་ཟླ་ཕྱེད་རྡོ་རྗེ་ཡང་ཐོད་པའི་ནང་དུ་ལྷུང་སྟེ་ཞུ་བས་བདུད་རྩིའི་རང་བཞིན་དུ་གྱུར། གཏོར་མའི་མགྲོན་ཐམས་ཅད་ཀྱི་ལྗགས་ཀྱི་རྩེ་མོ་ལས་རྡོ་རྗེ་ནས་འབྲུ་ཙམ་པ་དེ་ལས་འོད་ཟེར་སྦུ་གུ་ཅན་བྱུང་བས་གཏོར་མ་ལ་རེག་སྟེ་འོད་ཟེར་གྱི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། ཨོཾ་ཨིནྡྲ། ཡ་མཱ། ཛ་ལ། ཡཀྵ། བྷཱུ་ཏ། བ་ནི། ཝཱ་ཡུ། རཀྵ། ཙནྡྲ། སུརྻ། མཱ་ཏ། པ་བྱཱ་ཏཱ་ལ། པ་ཏཱ་ལ། ཨཥྚ། ས་བྱཱ་སྭཱ་ཧཱ། ཨི་དཾ། བ་ལིཾ། བྷུཉྫྱ། ཛིཾ་ག པུཥྤེ། དྷཱུ་པ། མཾ་ས། བིདྒ། ཨཏྨ། སརྦ། ཀཉྫྱ་སྭཱ་ཧཱ། ཁནྟི། ཁུ་ཏི། པེ་ཏ་ག་ཏ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ལན་གསུམ་བརྗོད་པས་ཕུལ་ལ། དབང་པོ་མཐར་བྱེད་ཆུ་བདག་དང་། །ནོར་སྦྱིན་དྲི་ཟ་བདེན་བྲལ་རླུང་། །འབྱུང་པོ་ས་ལྷ་འཁོར་དང་བཅས། །ཚངས་དང་ཟླ་ཉི་ལ་སོགས་གཟའ། །གཞན་ཡང་ཚངས་རིས་དམ་པ་དང་། །ཚངས་པའི་མདུན་ན་འདོན་པ་ཉིད། །དགའ་ལྡན་དང་ནི་འཐབ་བྲལ་བ། །རྒྱལ་པོ་ཆེན་པོ་བཞི་ཡི་རིས། །གཞན་འཕྲུལ་དབང་བྱེད་པ་རྣམས་དང་། །གང་ཞིག་འཕྲུལ་དགའ་ཡི་ནི་ལྷ། །གཙང་མའི་གནས་ན་གང་དག་གནས། །བདེ་བ་ཅན་ན་གནས་རྣམས་དང་། །འོག་མིན་གནས་ན་གནས་པ་དང་། །འོད་ཟེར་ཅན་གྱི་འཇིག་རྟེན་གནས། །སུམ་ཅུ་རྩ་གསུམ་གནས་པ་རྣམས། །ཀླུ་ཆེན་སྟོབས་རྒྱུ་དུང་སྐྱོང་དང་། །དེ་བཞིན་མཐའ་ཡས་ནོར་རྒྱས་ཉིད། །འཇོག་པོ་དང་ནི་རིགས་ལྡན་ཏེ། །པད་ཆེན་པདྨ་བཟང་པོ་ཅན། །ལྷ་མིན་སེམས་ཅན་དམྱལ་བར་བཅས། །རྡོ་རྗེ་གསུམ་གྱི་རང་བཞིན་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ།། སོགས་ནས། ཡིད་ལ་འདོད་པ་ཀུན་རྫོགས་མཛོད།། ཅེས་པས་ལས་བཅོལ། ཡི་གེ་བརྒྱ་པ་བརྗོད། མུཿ གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཉེ་རེག་བྱ་ཞིང་ནང་དུ་འོང་ནས་འཁོད་ལ། ཁྲུས་བྱས་ཏེ་མཎྜྻལ་ཕུལ་ནས། དཀྱིལ་འཁོར་གྱི་གཙོ་བོས་བདག་ཉིད་ལ་ཚིག་རྣམས་བརྗོད་པ་དང་དབང་བསྐུར་བར་བསམ་ཞིང་། དངོས་སུ་བདག་ཉིད་ཀྱིས་སློབ་མ་ལ་ཇི་ལྟར་བསྐུར་བ་བཞིན་དཀྱིལ་འཁོར་དུ་འཇུག་པའི་དབང་བླང་ངོ་།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡི། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ།། ཞེས་ལན་གསུམ་གྱི་རྗེས་ལ། ཨོཾ་ཨཱཿཧཱུྃ་གིས་གདོང་གཡོག་བསངས་ལ་བཅིངས་ཏེ། རྡོ་རྗེ་ལག་ཏུ་གཏད་དེ་ཡོལ་བའི་ནང་ཁྲིད་པར་མོས་ལ། སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བ་དཔག་ཏུ་མེད་པ་སྤྲོས་ཏེ་དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་བར་དུ་གཅོད་པ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་གྱུར། ཨོཾ་བཛྭ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཞེས་དང་། གཙུག་ཏོར་འཁོར་ལོས་བསྒྱུར་བའི་སྔགས། ན་མཿས་མནྟ་བུདྡྷཱ་ཎཱཾ། ན་མཿསམནྟ་དྷརྨཱ་ཎཱཾ། ན་མཿསམནྟ་སཾ་གྷཱ་ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་པྲ་ཏྱངྒིར། བཛྭ་ཨུཥྞིུ་ཥ་ཙཀྲ་བརྟི། སརྦ་ཡནྟྲ་མནྟྲ། མཱུ་ལ་ཀརྨ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཾ་བཱ་མ་མ་ཀྲྀ་ཏེ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏནྟཱ་ཏྲ། སརྦནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མཱ་ར་མཱ་ར། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་ཕཊ྄། ཅེས་བརྗོད་ཅིང་གུ་གུལ་གྱི་དུད་པས་བདུག ཡུངས་ཀར་གྱིས་བརྡེག་ཅིང་བགེགས་བསྐྲད། སློབ་དཔོན་གྱིས། ཁྱོད་སུ་ཡིན་ཞེས་དྲིས་ལ། སློབ་མས་བདག་སྐལ་བ་བཟང་པོ་ཅན་ལགས། ཞེས་ལན་གསུམ་བརྗོད། དེ་ནས་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ལྷ་ལ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་བདག་ཉིད་རབ་ཏུ་གཞུག་པར་བགྱི།། ཞེས་ལན་གསུམ་གྱིས་གསོལ་བ་གདབ་བོ། །དེ་ནས་ཁྱེད་རང་རྣམས་དང་པོར་ཤར་ཕྱོགས་ཀྱི་སྒོ་ཡིད་ཀྱིས་ཕྱེ་སྟེ་ཤར་གྱི་ལྷ་སྣམ་དུ་འདུག་པར་མོས་ལ་དཀྱིལ་འཁོར་གྱི་ལ་ཕྱག་མཛོད་ཅིག ཨོཾ་ན་མཱསྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མཱ་མི་ཧཱུྃ། དེ་བཞིན་དུ་ལྷོ། ནུབ། བྱང་རྣམས་ནས་ཀྱང་ཕྱག་བྱའོ། །སེམས་རིགས་ལྔའི་ལྷ་དགུའི་ཞབས་ལ་བཏུད་པའི་ཕྱག་བྱས་པས་ཤིན་ཏུ་མཉེས་པར་བསམ་མོ། །སླར་ཤར་གྱི་ལྷ་སྣམ་དུ་འདུག་པར་མོས་ལ་ལྔ་རྣམ་དག་བྱ་སྙམ་པས་རྗེས་ཟློས་མཛོད། དེ་ཡང་དང་པོ་སྡིག་པ་བཤགས་པ་ནི། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི།། རྗེས་སུ་ཡི་རང་བ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱི། །སྒོམ་དང་བཟླས་བརྗོད་བསོད་ནམས་ལ། །དེ་ལ་བདག་ནི་ཡི་རང་ངོ་།། དགེ་བའི་རྩ་བ་བསྔོ་བ་ནི། བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་འཚང་རྒྱ་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་སྒྲོལ།། སྐྱབས་སུ་འགྲོ་བ་ནི། སེམས་བསྐྱེད་མངོན་པར་སངས་རྒྱས་དང་། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི།། སེམས་བསྐྱེད་པ་ནི། སངས་རྒྱས་འབྱུང་བ་ཇི་ལྟ་བ། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། དེ་བཞིན་དུ་ནི་སེམས་བསྐྱེད་དོ།། ཞེས་ལན་གསུམ་བརྗོད་ལ། རིགས་ལྔའི་སྡོམ་པ་འབོགས་པ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་གྱུར་པ་འོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་གྱིས། །མཆོད་པའི་ལས་ཀྱང་ཅི་ནུས་བྱ།། ཞེས་པའི་རིགས་ལྔའི་སྡོམ་པ་དང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པ་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་ལ་ནི་ཇི་བཞིན་བརྙེས། །མི་བསྟེན་པ་དེ་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །སྔགས་པས་འདི་དག་སྤངས་ན་ནི། །དངོས་གྲུབ་ངེས་པར་ཐོབ་པར་འགྱུར།། ཞེས་རྩ་བའི་དམ་ཚིག་ཀྱང་དབོག་གོ །དེ་ལྟར་དམ་ཚིག་དང་སྡོམ་པ་བསྒྲགས་པ་ཙམ་གྱིས་མི་ཆོག་ངེས་པར་ཁས་བླངས་པའི་སྒོ་ནས་བསྲུང་དགོས་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་འདིར་ནི་བདག་ལ་གསོན། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་གཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད།། ཅེས་པས་སྡོམ་པ་ཁས་ལེན་དུ་གཞུག དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་མི་བསྐྱོད་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཞལ་བརྒྱད་ཞབས་བཞི་ཕྱག་བཅུ་དྲུག་པ་སོགས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པ་གསལ་ཐོབ་བྱས་ལ། ལས་ཐམས་ཅད་པའི་སྔགས་དང་། ལས་བུམ་གྱི་ཆུས་བསངས་པའི་མེ་ཏོག་འཕྲེང་བ། ཨོཾ་ཨཱཿཁཾ་བཱི་ར་ཧཱུྃ། ཞེས་ཐལ་མོའི་བར་དུ་བྱིན་ལ་སྙིང་གར་བཅང་། སློབ་དཔོན་གྱིས་སྙིང་གར་རྡོ་རྗེའི་དྲི་ཆུ་དང་བཅས་པ་གཟུང་སྟེ། ཨོཾ་བཛྭ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཨོཾ་སུ་ར་ཏེ་ས་མ་ཡ་ཧྶཾ། བོ་དྷི་ཙིཏྟ་བཛྭ་ཡ་ཐཱ་སུ་ཁཾ། ཞེས་རྣལ་འབྱོར་དུ་སེམས་བསྐྱེད། ཞེས་བརྗོད་ནས་སྤྱི་བོར་རྡོ་རྗེ་བཞག་ལ་ལྷའི་དམ་བསྒྲག་པ་འདི་བརྗོད་པར་བྱ་སྟེ། དེ་རིང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ནང་དུ་ཞུགས་ཀྱིས། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཁྱོད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་འདི་མ་མཐོང་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་སྙིང་གར་རྡོ་རྗེ་བཞག་སྟེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་མཛད། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། མནའ་ཆུ་བླུད་པ་བདུད་རྩི་རིལ་བུ་ཆང་དང་སྦྱར་བ་ཐོད་པར་བླུག་སྟེ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏོ་ད་ཀ་ཧཱུྃ། དེ་ནས་སློབ་དཔོན་གྱིས་དམ་བསྒྲག་པ་ནི། སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། ངས་གང་བྱོས་ཤིག་བྱ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པའི་ལས་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏ་རེ། དེ་ནས་ཡེ་ཤེས་དབབ་པའི་དོན་དུ་གསོལ་བ་གདབ་པ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ལ། དཔལ་ཧེ་རུ་ཀ་བདག་ལ་ཕོབ་ཅིག ཅེས་ལན་གསུམ་བརྗོད་དུ་བཅུག་ལ། བདུད་རྩི་ལྔའི་ཆུ་སྦྱིན་ལ། འོ་ཁྱོད་རང་མི་བསྐྱོད་དགྱེས་པ་རྡོ་རྗེ་ཡབ་ཡུམ་དུ་གསལ་བའི་སྙིང་གར་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ཧཱུྃ་སྔོན་པོ་འོད་ཟེར་ལྔ་དང་བཅས་པ་དེའི་མཐའ་ན་སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་ལྟར་དམར་ལྷག་ལྷག་པ་གསལ་བར་སྒོམས་ཤིག དར་ཞིག་ཁ་རོག་བསྡད་དེ། དེ་ནས་དཀྱིལ་འཁོར་གྱི་དབུས་ཕ་གི་ན་བཅོམ་ལྡན་འདས་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ཐུགས་ཀའི་ས་བོན་ཧཱུྃ་སྔོན་པོ་དང་། འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་བྲེང་མ་ཆད་པ་ན་ར་ར་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཞུགས་པས་དེས་རྐྱེན་བྱས་ཁྱེད་རང་གི་ལུས་འོད་དུ་མེར་མེར་ཞུ་བ་ལ་ཤེས་པ་གཏོད་ལ། གཞན་གང་ལའང་སེམས་ཡེངས་སུ་མ་འཇུག་ཅིག་ཅེས་བརྗོད་ལ་དྲིལ་བུ་གསིལ་ཞིང་མཁའ་འགྲོ་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སེམས་ལ་ཤར་བར་བསམ། གུ་གུལ་གྱིས་བདུག རོལ་མོའི་རྒྱུན་དང་ལྡན་པས། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརྡ་མརྡ་བཛྭ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཨ་ཨཱཿཞེས་བཏགས་པ་བརྗོད་དེ་ཡེ་ཤེས་དབབ། དེ་ནས་ཁྱེད་རང་རྣམས་རྣམ་སྣང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་དཀར་པོ་སོགས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་བྷྲུྃ་དཀར་པོ་འོད་ཟེར་ལྔ་དང་བཅས་པ་དེའི་མཐའ་ན་སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་ལྟར་དམར་ལྷག་ལྷག་པ་གསལ་བར་སྒོམས་ཤིག དར་ཞིག་ཁ་རོག་བསྡད་དེ། དེ་ནས་དཀྱིལ་འཁོར་གྱི་ཤར་གྱི་ལེའུ་ཚེའི་དབུས་སུ་བཞུགས་པའི་རྣམ་སྣང་དགྱེས་པ་རྡོ་རྗེ་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ཐུགས་ཀའི་ས་བོན་བྷྲཱུྃ་དཀར་པོ་ལས་འོད་ཟེར་དཀར་པོ་བྲེང་མ་ཆད་པ་ན་ར་ར་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཞུགས་པས་དེས་རྐྱེན་བྱས་ཁྱེད་རང་གི་ལུས་འོད་དུ་མེར་མེར་ཞུ་བར་བསམ་ལ། ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཨེ་ཛྲོ་ཧི་ཛི་ན་ཛིཀ་ཕཊ྄་སྭཱ་ཧཱ། ཨ་ཨཱཿཞེས་ཡེ་ཤེས་དབབ། དེ་ནས་ཁྱེད་རང་རྣམས་རིན་འབྱུང་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་སེར་པོ་སོགས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཛྭིཾ་སེར་པོ་འོད་ཟེར་ལྔ་དང་བཅས་པ་དེའི་མཐའ་ན་སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་ལྟར་དམར་ལྷག་ལྷག་པ་གསལ་བར་སྒོམས་ཤིག དར་ཞིག་ཁ་རོག་བསྡད་དེ། དེ་ནས་དཀྱིལ་འཁོར་གྱི་ལྷོ་ཡི་ལེའུ་ཚེའི་དབུས་སུ་བཞུགས་པའི་རིན་འབྱུང་དགྱེས་པ་རྡོ་རྗེ་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ཐུགས་ཀའི་ས་བོན་ཛྭིཾ་སེར་པོ་ལས་འོད་ཟེར་སེར་པོ་བྲེང་མ་ཆད་པ་ན་ར་ར་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཞུགས་པས་དེས་རྐྱེན་བྱས་ཁྱེད་རང་གི་ལུས་འོད་དུ་མེར་མེར་ཞུ་བར་བསམ་ལ། ཨོཾ་བཛྭ་སཱུརྻ་ཏ་མ་བི་དྷ་མ་ན་ས་མ་ཡ་ཧྶཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཨ་ཨཱ་ཞེས་ཡེ་ཤེས་དབབ། དེ་ནས་ཁྱེད་རང་རྣམས་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་དམར་པོ་སོགས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཨཾ་དམར་པོ་འོད་ཟེར་ལྔ་དང་བཅས་པ་དེའི་མཐའ་ན་སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་ལྟར་དམར་ལྷག་ལྷག་པ་གསལ་བར་སྒོམས་ཤིག དར་ཞིག་ཁ་རོག་བསྡད་དེ། དེ་ནས་དཀྱིལ་འཁོར་གྱི་ནུབ་ཀྱི་ལེའུ་ཚེའི་དབུས་སུ་བཞུགས་པའི་སྣང་བ་མཐའ་ཡས་དགྱེས་པ་རྡོ་རྗེ་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ཐུགས་ཀའི་ས་བོན་ཨཾ་དམར་པོ་ལས་འོད་ཟེར་དམར་པོ་བྲེང་མ་ཆད་པ་ན་ར་ར་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཞུགས་པས་དེས་རྐྱེན་བྱས་ཁྱེད་རང་གི་ལུས་འོད་དུ་མེར་མེར་ཞུ་བར་བསམ་ལ། ཨོཾ་བཛྭ་དྷརྨ་ས་མ་ཡ་ཧྶཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལིཀ྄་ཕཊ྄་སྭཱ་ཧཱ། ཨ་ཨཱ་ཞེས་ཡེ་ཤེས་དབབ། དེ་ནས་ཁྱེད་རང་རྣམས་དོན་ཡོད་གྲུབ་པ་དགྱེས་པ་རྡོ་རྗེ་སྐུ་མདོག་དང་རྩ་བའི་ཞལ་ལྗང་ཁུ་སོགས་མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཁཾ་ལྗང་ཁུ་འོད་ཟེར་ལྔ་དང་བཅས་པ་དེའི་མཐའ་ན་སྙིང་པོའི་སྔགས་མེ་མར་གྱི་རྣམ་པ་ལྟར་དམར་ལྷག་ལྷག་པ་གསལ་བར་སྒོམས་ཤིག དར་ཞིག་ཁ་རོག་བསྡད་དེ། དེ་ནས་དཀྱིལ་འཁོར་གྱི་བྱང་གི་ལེའུ་ཚེའི་དབུས་སུ་བཞུགས་པའི་དོན་ཡོད་གྲུབ་པ་དགྱེས་པ་རྡོ་རྗེ་སེམས་དཔའ་སུམ་བརྩེགས་སུ་བཞུགས་པའི་ཐུགས་ཀའི་ས་བོན་ཁཾ་ལྗང་ཁུ་ལས་འོད་ཟེར་ལྗང་ཁུ་བྲེང་མ་ཆད་པ་ན་ར་ར་བྱུང་ནས་ཁྱེད་རང་གི་སྙིང་ཁར་ཞུགས་པས་དེས་རྐྱེན་བྱས་ཁྱེད་རང་གི་ལུས་འོད་དུ་མེར་མེར་ཞུ་བར་བསམ་ལ། ཨོཾ་ཕུ་ཕུ་ཕུ་ཧི་ཧི་ཧི་པྲཛྙྱཱ་དྷྲྀཀ་ཕཊ྄་སྭཱ་ཧཱ། ཨ་ཨཱ་ཞེས་ཡེ་ཤེས་དབབ། སྐུ་གསུང་ཐུགས་ཕེབས་པའི་རྟགས་བྱུང་ན་དང་། མ་བྱུང་ན་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཡེ་ཤེས་པ་ཡང་དང་ཡང་དུ་བཅུག་ནས་གོང་བཞིན་ཕབ་ན་ཕེབས་པར་འགྱུར་རོ། །ཕེབས་ན་དེ་སྣང་མཐའ་ལྕེ་ལ་ཨ་དམར་པོ་ཅིག་བསྒོམས་ཏེ། སྨོས་ཤིག་བུ་ཡིས་དགེ་མི་དགེ ཞེས་བརྗོད་པས་དགེ་མི་དགེ་ཐམས་ཅད་སྟོན་པར་འགྱུར་རོ། །སློབ་དཔོན་གྱིས་སྤོས་ཆུས་བརླན་པའི་ལག་པ་རྡོ་རྗེ་དང་བཅས་པ་སྤྱི་བོར་བཞག་ནས། ཏིཥྛ་བཛྭ་ཞེས་བརྗོད་པས་བརྟན་པར་བྱས་ནས། སློབ་མ་དཀྱིལ་འཁོར་གྱི་རྩར་ཁྲིད་དེ། དཀྱིལ་འཁོར་གྱི་ཁ་དོག་ཇི་ལྟ་བུ་མཐོང་ཞེས་དྲི། དེས་ཀྱང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། ནག་པོ་དང་། ཁྲ་བོར་མཐོང་ཞེས་སྨྲ་ན། རིམ་པ་བཞིན་དུ། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། ལས་ཐམས་ཅད་པ་འགྲུབ་པའི་སྣོད་དུ་འགྱུར་རོ། །ཞེས་ལུང་བསྟན་ནོ། །དེ་ནས་འདི་སྐད་དུ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པར་བྱ། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །པྲ་ཏཱིཙྪ་བཛྭ་ཧོཿཞེས་བརྗོད་ལ་མེ་ཏོག་གི་འཕྲེང་བ་དཀྱིལ་འཁོར་གྱི་དབུས་སུ་དོར་རོ། །དེ་ཡང་གཙོ་བོ་རིགས་ལྔ་ལ་ཕོག་ན་མཆོག་གི་དངོས་གྲུབ། འཁོར་རྣམས་ལ་ཐུན་མོང་གི་དངོས་གྲུབ། ཕོ་བྲང་གི་ནང་དུ་ཚུད་ན་འཇིག་རྟེན་པའི་དངོས་གྲུབ་ཐོབ་པ་ཡིན་ལ། ལན་གསུམ་བསྐྱར་ཡང་ཕོ་བྲང་གི་ནང་དུ་མ་ཚུད་ན་ངེས་པར་སྐལ་པ་མེད་པའོ། །དེ་ནས་མེ་ཏོག་གི་འཕྲེང་བ་བླངས་ལ། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་བགྱི།། ཅེས་པས་མེ་ཏོག་གི་འཕྲེང་བ་མགོ་ལ་བཅིངས། སློབ་མའི་མིག་འབྲས་གཉིས་སུ་ཨོཾ་རེ་བསྒོམས་ཏེ། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད།། ཅེས་བརྗོད་པས་གདོང་གཡོགས་བཀྲོལ་ལ། སློབ་དཔོན་གྱིས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པར་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་ཏེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀྱང་། །ཐམས་ཅད་འདི་ལ་མངོན་དུ་འགྱུར། །དངོས་གྲུབ་ཐོབ་ཕྱིར་དམ་ཚིག་སྐྱོང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། དཀྱིལ་འཁོར་དབུས་ཀྱི་ལིང་ཚེའི་པདྨའི་ལྟེ་བ་ལ་བཅོམ་ལྡན་འདས་མི་བསྐྱོད་དགྱེས་པ་རྡོ་རྗེ་ཡབ་ཡུམ་བཞུགས། འདབ་མ་བརྒྱད་ལ་གཽ་རཱི་ལ་སོགས་པ་ལྷ་མོ་རྣམས་བཞུགས། དཀྱིལ་འཁོར་ཤར་གྱི་ལིང་ཚེའི་པདྨའི་ལྟེ་བར་རྣམ་སྣང་དགྱེས་པ་རྡོ་རྗེ་ཡབ་ཡུམ་བཞུགས། འདབ་མ་བརྒྱད་ལ་སྐམ་པ་མོ་ལ་སོགས་པའི་ལྷ་མོ་རྣམས་བཞུགས། དཀྱིལ་འཁོར་ལྷོའི་ལིང་ཚེའི་པདྨའི་ལྟེ་བ་ལ་རིན་འབྱུང་དགྱེས་པ་རྡོ་རྗེ་ཡབ་ཡུམ་བཞུགས། འདབ་མ་བརྒྱད་ལ་ཉི་ཕྱག་མ་ལ་སོགས་པའི་ལྷ་མོ་རྣམས་བཞུགས། དཀྱིལ་འཁོར་ནུབ་ཀྱི་ལིང་ཚེའི་པདྨའི་ལྟེ་བ་ལ་སྣང་མཐའ་དགྱེས་པ་རྡོ་རྗེ་ཡབ་ཡུམ་བཞུགས། འདབ་མ་བརྒྱད་ལ་པདྨ་མ་ལ་སོགས་པའི་ལྷ་མོ་རྣམས་བཞུགས། དཀྱིལ་འཁོར་བྱང་གི་ལིང་ཚེའི་པདྨའི་ལྟེ་བར་དོན་གྲུབ་དགྱེས་པ་རྡོ་རྗེ་ཡབ་ཡུམ་བཞུགས། འདབ་མ་བརྒྱད་ལ་སྒོ་ལྕགས་མ་ལ་སོགས་པའི་ལྷ་མོ་རྣམས་བཞུགས། དཀྱིལ་འཁོར་གྱི་ཤར་སྒོ་ན་ལྕགས་ཀྱུ་མ། ལྷོ་སྒོ་ན་ཞགས་པ་མ། ནུབ་སྒོ་ན་ལྕགས་སྒྲོག་མ། བྱང་སྒོ་ན་དྲིལ་བུ་མ་རྣམས་བཞུགས། རྟེན་དཀྱིལ་འཁོར་ཆེན་པོའི་ལྷ་སྣམ། པཉྩྨ་རེ་ཁཱའི་རྩིགས་པ། སྒོ་རྟ་བབས་དང་བཅས་པ། འདོད་ཡོན་གྱི་སྣམ་བུ། རིན་ཆེན་ཕ་གུ། དྲ་བ་དྲྭ་ཕྱེད། དུར་ཁྲོད་བརྒྱད། རྡོ་རྗེའི་ར་བ་དང་ཕྱི་རོལ་ཏུ་མེ་རི་འབར་བའི་ཁོར་ཡུག་ཡིན་ནོ། །དེ་ལས་ཀྱང་ཁྱོད་ཀྱི་མེ་ཏོག་ཕོག་པའི་ལྷ་ནི་འདི་ཡིན་ནོ།། ཞེས་དཀྱིལ་འཁོར་ལ་དབྱུག་གུ་སོགས་གཏད་ཅིང་བསྟན་ནོ། །དེ་ནས་དབང་གི་དོན་དུ་མཎྜྻལ་ཕུལ་ནས། དབང་བཞི་ལས་བུམ་དབང་གི་དོན་དུ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །དེ་ལྟར་ཡོན་ཏན་འབྱུང་ལ་སོགས། །དེ་བཞིན་བདག་ལའང་དེང་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད།། ཅེས་ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་སྟེགས་ཀྱི་སྟེང་དུ། སྟེང་དུ་གདུགས། གཡས་གཡོན་དུ་རྒྱལ་མཚན་བ་དན་སོགས་ཀྱིས་བརྒྱན་པ་ལ་རོལ་མོའི་སྒྲ་དང་བཅས་པས་འཁོད་པར་མོས་ཤིག ལས་སྔགས་ཀྱིས་བསངས། རཀྵས་བསྲུངས་ལ། སློབ་མ་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཁྱེད་རང་ཧཱུྃ་ལས་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ཞལ་ཅིག་ཕྱག་གཉིས་གཡས་རྡོ་རྗེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་མཱ་མ་ཀི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གྱུར་པ་ལ་མཁའ་འགྲོ་མའི་ཕྱག་ན་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པས་དབང་བསྐུར་བར་བསམ་ལ། འཁོར་གྱི་བུམ་པའི་ཆུ་རྣམས་གཙོ་བོའི་བུམ་པར་བསྡུས་ཏེ་དངོས་སུ་སློབ་དཔོན་གྱིས་ཐོགས་ཏེ། དབང་བསྐུར་རྡོ་རྗེ་ཆེན་པོ་པ། །ཁམས་གསུམ་ཀུན་གྱིས་ཕྱག་འཚལ་བའི། །སངས་རྒྱས་ཀུན་གྱི་གསང་གསུམ་ལས། །རབ་ཏུ་བྱུང་བ་སྦྱིན་པར་བྱ། ཨོཾ་དྷ་ར་དྷ་ར་སོགས་རིགས་ལྔའི་སྔགས་ཚན་རེ་རེའི་ཤམ་དུ་ཨོཾ་བཛྭ་ཨ་བྷི་ཥིཉྩྨ་མཱཾ། ཞེས་སློབ་མའི་མགོ་བོར་བཞག་ཅིང་ཆུ་བླུག་པ་དང་། ཁ་གདོང་བཀྲུ་བ་དང་། ཁྱོར་གང་འཐུང་དུ་གཞུག འོ་ཁྱོད་ལ་ཆུའི་དབང་བསྐུར་བས་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་ནས་མེ་ལོང་ལྟ་བུའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། སློབ་མ་དང་དབུ་རྒྱན་ལས་བུམ་གྱི་ཆུས་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་ཨཾ་ལས་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་རིན་པོ་ཆེ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རིན་ཆེན་སྒྲོན་མ་སེར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། དབང་རྫས་ལ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཡིད་ཀྱིས་མཆོད། སྭ་རཏྣ་དྷྲྀཀ རིན་ཆེན་འབྱུང་ལྡན་ཡབ་ཡུམ། སླར་དབུ་རྒྱན་གྱི་གཟུགས་སུ་གྱུར་པ་ལག་ཏུ་གཟུང་སྟེ་མཁའ་འགྲོ་མ་དཔག་ཏུ་མེད་པས་དབུ་རྒྱན་གྱི་དབང་བསྐུར་བར་བསམ་ལ། ཐོར་ཚུགས་ཅོད་པན་གྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་རཏྣ་ཨ་བྷི་ཥིཉྩྨ་མཱཾ། ཞེས་མགོར་བསྐོན། ཁྱོད་ལ་དབུ་རྒྱན་གྱི་དབང་བསྐུར་བས་ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། དེ་ནས་སློབ་མ་དང་རྡོ་རྗེ་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་པདྨ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་གོས་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿསྣང་བ་མཐའ་ཡས་ཡབ་ཡུམ་སླར་རྡོ་རྗེའི་གཟུགས་སུ་གྱུར་པ་ལག་ཏུ་གཟུང་སྟེ། མཁའ་འགྲོ་མ་དཔག་ཏུ་མེད་པས་རྡོ་རྗེ་གཏོད་པར་བསམས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོངས།། ཞེས་ལག་པ་གཡས་པར་གཏད་ལ། རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་ནས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། སློབ་མ་དང་དྲིལ་བུ་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་དམ་ཚིག་སྒྲོལ་མ་ལྗང་ཁུ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿདོན་ཡོད་གྲུབ་པ་ཡབ་ཡུམ་སླར་དྲིལ་བུའི་གཟུགས་སུ་གྱུར་པ་ལག་ཏུ་གཟུང་སྟེ། མཁའ་འགྲོ་མ་དཔག་ཏུ་མེད་པས་དྲིལ་བུ་གཏད་པར་བསམས། སངས་རྒྱས་ཀུན་གྱི་དྲིལ་བུའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབ་ཕྱིར། །དྲིལ་བུ་འདི་ནི་ཁྱོད་ཀྱིས་ལོངས། །ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མཱཾ། ཏིཥྛ་བཛྭ་ས་མ་ཡ་སྟཾ། ཞེས་ལག་པ་གཡོན་པར་གཏད་ལ། དྲིལ་བུའི་དབང་སྐུར་བས་སྒོ་ལྔའི་རྣམ་པར་ཤེས་པ་གནས་གྱུར་ནས་བྱ་བ་གྲུབ་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ།། སློབ་མ་བསངས་ལ། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་འཁོར་ལོ། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་སྤྱན་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའི་བརྡར། མཁའ་འགྲོ་མ་དཔག་ཏུ་མེད་པས་མིང་གི་དབང་བསྐུར་བར་བསམ། ཨོཾ་བཛྭ་སཏྭ་ཧྶཾ་ཨ་བྷི་ཥིཉྩྨ་མཱཾ། བཛྭ་ན་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་ཞེས་བྱའོ།། དེའང་དབུས་ཀྱི་ལིང་ཚེ་ལ་མེ་ཏོག་ཕོག་ན། སློབ་མ་སྐྱེས་པ་ལ་རྡོ་རྗེ་བཞད་པ། རྡོ་རྗེ་རྣམ་པར་སྒེག་མ། རྡོ་རྗེ་ལྡེམ་པ་དང་གསུམ། བུད་མེད་ལ། རྡོ་རྗེ་སྙེམས་མ། རྡོ་རྗེ་མཚོན་ཆ་མ། རྡོ་རྗེ་ཨེ་མའོ་བདེ་མ། རྡོ་རྗེ་བདག་མེད་མ་དང་བཞི་པོ་གང་རུང་ཞིག་གདགས། དེ་བཞིན་དུ་ཤར་གྱི་ལེའུ་ཚེ་ལ་ཕོག་ན། སྐྱེས་པ་ལ། རྡོ་རྗེ་རོལ་པ། རྡོ་རྗེ་བདེ་བ། རྡོ་རྗེ་བདེ་བའི་མྱུ་གུ་དང་གསུམ། བུད་མེད་ལ་རྡོ་རྗེ་སྤྱན་མ། རྡོ་རྗེ་མཁའ་འགྲོ་མ། རྡོ་རྗེ་སེར་མོ། རྡོ་རྗེ་སྒྱུ་འཕྲུལ་མ། རྡོ་རྗེ་འབར་མ། རྡོ་རྗེ་ལྕུགས་མ་མོ། རྡོ་རྗེ་ཤུགས་ཅན་མ། རྡོ་རྗེ་རོ་ལངས་མ་དང་བརྒྱད། ལྷོའི་ལེའུ་ཚེ་ལ་ཕོག་ན། སྐྱེས་པ་ལ། རྡོ་རྗེ་ཡིད་བཞིན་ནོར་བུ། རྡོ་རྗེ་ཡན་ལག་མེད་པ། རྡོ་རྗེ་ཤེས་རབ་མྱུ་གུ། རྡོ་རྗེ་སྙིང་རྗེའི་མྱུ་གུ། རྡོ་རྗེ་མཆོག་ཏུ་དགའ་བ། རྡོ་རྗེ་དགའ་བ་བདེ་བ། རྡོ་རྗེ་རྣམ་པར་སྣང་བྱེད་དང་བདུན། བུད་མེད་ལ་རྡོ་རྗེ་ལྕགས་ཀྱུ་མ། རྡོ་རྗེ་སྐོར་མ། རྡོ་རྗེ་ཕྲེང་བ་མོ། རྡོ་རྗེ་སྒེག་མོ། རྡོ་རྗེ་བཞད་པ་མོ། རྡོ་རྗེ་སྟོབས་མ། རྡོ་རྗེ་ཁ་གྱེས་མ་དང་བདུན། ནུབ་ཀྱི་ལེའུ་ཚེ་ལ་ཕོག་ན། སྐྱེས་པ་ལ། རྡོ་རྗེ་པདྨ། རྡོ་རྗེ་པདྨའི་མྱུ་གུ། རྡོ་རྗེ་ཨ་ལ་ལ། རྡོ་རྗེ་པདྨའི་ལྕགས་ཀྱུ། རྡོ་རྗེ་ཡེ་ཤེས་དང་ལྔ། བུད་མེད་ལ་རྡོ་རྗེ་པད་མོ། རྡོ་རྗེ་འབྱུང་གནས་མ། རྡོ་རྗེ་གོས་གཏེར་མ། རྡོ་རྗེ་ཆགས་པ་མ་དང་བཞི། བྱང་གི་ལེའུ་ཚེ་ལ་ཕོག་ན། སྐྱེས་པ་ལ། རྡོ་རྗེ་འབེབས་པ། རྡོ་རྗེ་ནམ་མཁའ། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ། རྡོ་རྗེ་ཆགས་པ་དང་བཞི། བུད་མེད་ལ་རྡོ་རྗེ་སྒྲོལ་མ། རྡོ་རྗེ་དོ་ཤལ་མ། རྡོ་རྗེ་རྣམ་པར་སྒེག་མ། རྡོ་རྗེ་བློ་ལྡན་མ། རྡོ་རྗེ་ཀང་ཀ་མ། རྡོ་རྗེ་ཁ་ཆུ་མ། རྡོ་རྗེ་དབུགས་འབྱིན་མ། རྡོ་རྗེ་ལག་པ་མོ་དང་བརྒྱད་པོ་གང་རུང་ཞིག་འདག་གོ། དེ་ལྟར་མིང་གི་དབང་བསྐུར་བས་མིང་གཞིའི་ཕུང་པོ་གནས་གྱུར་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེས་མ་རིག་པ་ལྔ་གནས་གྱུར་ཏེ་རིག་པའི་ཡེ་ཤེས་ལྔ་མངོན་དུ་བྱེད་པས་རིག་པའི་དབང་ངོ་།། དེ་ནས་ཁྱེད་རང་རྣམས་སྟོང་པའི་ངང་ལས་སྣ་ཚོགས་པདྨའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་བདུད་བཞིའི་གདན་གྱི་སྟེང་དུ་སྐད་ཅིག་གིས་བཅོམ་ལྡན་འདས་མི་བསྐྱོད་དགྱེས་པ་རྡོ་རྗེ་ཞེས་སོགས་ནས་བཞུགས་པར་གྱུར་བར་སྒྲུབ་ཐབས་བཞིན་སྒོམ་དུ་བཅུག་ལ། གྲི་གུག་དང་ཐོད་པ་དྲིལ་བུ་བཏགས་པའི་ཁ་ཊྶཱཾ་ག་དང་འབྲེལ་བའི་ཚངས་སྐུད་ཌཱ་མ་རུ་རྣམས་བསངས་སྦྱངས་ལ། ཨ་ལས་བྱུང་བའི་གྲི་གུག་ཤེས་རབ་ཀྱི་རང་བཞིན་ལག་པ་གཡོན་དང་། ཧཱུྃ་ལས་བྱུང་བའི་ཐོད་པ་ཐབས་བདེ་བའི་རང་བཞིན་ལག་པ་གཡས་སུ་གཏད། ཁ་ཊྶཱཾ་ག་གྲུ་མོར་བཞག་ལ། ཧེ་རུ་ཀ་དཔལ་ཁ་ཊྶཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྶཱཾ་རྡོ་རྗེ་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོག་ཅིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །གྲི་གུག་དང་ནི་ཀ་པཱ་ལ། །དཔའ་བོ་ཆེན་པོས་བླང་བར་གྱིས། །དེ་རྣམས་དང་ལྡན་པ་ནི། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་དང་། བསྐྲད་པ་དང་། རྨོངས་པར་བྱ་བ་དང་། དགྲའི་སྡེ་འཇིགས་པ་དང་བསད་པ་ལ་སོགས་པ་དེ་རྣམས་ལ་ཐོགས་པ་མེད་པ་སྒྲུབ་པར་བྱོས་ཤིག མཆིལ་ལཧྭམ་བགོ་བ་དང་། ཆར་དབབ་པ་དང་། ཉི་མ་དང་ཟླ་བ་གཟུང་བ་ལ་སོགས་པ་མཁའ་འགྲོ་མའི་དངོས་གྲུབ་ཐམས་ཅད་ནི་ཅི་དགའ་བར་སྒྲུབ་པར་གྱིས་ཤིག དེ་ནི་ལས་ཀྱི་ཚོགས་དང་ཐུན་མོང་དངོས་གྲུབ་རྗེས་སུ་གནང་བའོ།། དེ་ནས་དམ་ཚིག་གསུམ་གྱི་དབང་སྦྱིན་པ་ནི། སློབ་མ་རྣམས་པད་ཟླའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་སྒོམས་ཤིག རྡོ་རྗེ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེར་གྱུར། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ།། ལག་པ་གཡས་པར་སྦྱིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དབྱེར་མེད་དུ་རྟོགས་པར་བྱ་བའི་བློས་ཟུང་ཞིག སྙིང་ཁར་འཛིན་དུ་བཅུག ཐུགས་ཀྱི་དམ་ཚིག་གོ། དྲིལ་བུ་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་དྲིལ་བུར་གྱུར། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཤད། །སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་དངོས་མེད་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར།། ལག་པ་གཡོན་དུ་གཏད། དེས་ཀྱང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་ཐམས་ཅད་ལ་སྒྲོག་པར་བྱའོ་སྙམ་པའི་བློས་དཀྲོལ། གསུང་གི་དམ་ཚིག་གོ། ཁྱེད་རང་རྣམས་མེ་ཏོག་ཕོག་པའི་ཡི་དམ་གྱི་ལྷར་སྐད་ཅིག་གིས་སྒོམས་པར་གསུངས་ཀྱང་སྤྱི་ཁྱབ་ཏུ་སློབ་མ་བཅོམ་ལྡན་འདས་མི་བསྐྱོད་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་སྐུར་སྐད་ཅིག་གིས་སྒོམས་ཤིག ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །དམ་ཚིག་ཡིད་ནི་བརྟན་པ་གང་། །དེ་ཕྱིར་ཕྱག་རྒྱར་རབ་ཏུ་གྲགས།། ཞེས་བརྗོད་ལ་འཁྱུད་པའི་ཕྱག་རྒྱ་བྱེད་དུ་བཅུག་ལ། དུས་འདི་ནས་གཟུང་ནས་ཡི་དམ་གྱི་ལྷ་དང་སྐད་ཅིག་ཀྱང་མི་འབྲལ་བར་གྱིས་ཤིག སྐུའི་དམ་ཚིག་གོ། དེ་ནས་རིགས་ལྔའི་རྗེས་གནང་སྦྱིན་པ་ལ་སོ་སོའི་ཕྱག་རྒྱ་བྱེད་དུ་གཞུག་པའམ། ཕྱག་མཚན་གཏད་ཀྱང་རུང་སྟེ། སླར་ཁྱེད་རང་རྣམས་རྣམ་པར་སྣང་མཛད་ཀྱི་སྐུར་གསལ་ཐོབ་ཅིག འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག དེ་བཞིན་དུ། མི་བསྐྱོད་པ། རིན་འབྱུང་། སྣང་མཐའ། དོན་གྲུབ་རྣམས་སུ་སྒོམས་ཤིག་བྱས་ལ། འཇིག་རྟེན་ཁམས་ནི་ཞེས་སོགས་དང་། རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་ཞེ་སྡང་ཅན་རྣམས་ཀྱི་དོན་གྱིས་ཤིག དེ་བཞིན་འགྲེས་ཏེ། རིན་ཆེན་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་སེར་སྣ་ཅན་རྣམས་ཀྱི་དོན་གྱིས་ཤིག པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་གདུལ་བྱ་འདོད་ཆགས་ཅན་རྣམས་ཀྱི་དོན་གྱིས་ཤིག ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཁྱོད་ཀྱིས་གདུལ་བྱ་ལེ་ལོ་ཅན་རྣམས་ཀྱི་དོན་གྱིས་ཤིག དེ་དག་ནི་རིགས་ལྔའི་རྗེས་སུ་གནང་བ་ལྔ་སྟེ། སངས་རྒྱས་ནས་གདུལ་བྱ་དུག་ལྔ་དང་བཅས་པའི་སེམས་ཅན་རྣམས་ལ་རིགས་ལྔའི་གཟུགས་གཟུང་ནས་གདུལ་བྱའི་དོན་ཚེགས་མེད་པར་འབྱུང་ངོ་།། དེ་ནས་སློབ་དཔོན་གཡོན་པས་དྲིལ་བུ་དང་བཅས་པའི་སྣམ་སྦྱར་གྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བྱས་ལ། གཡས་རྡོ་རྗེ་དང་བཅས་པས་མི་འཇིགས་པའི་ཕྱག་རྒྱ་བྱས་ནས། ཨོཾ་འདིར་ནི་ངས་ཁྱེད་ལུང་བསྟན་ཡིན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། ཤྲཱི་ཧེ་རུ་ཀ་ནཱ་མ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་ཡ་སྟཾ། བྷུརྦྷ་ཝཿསྭ། ཁྱོད་ཀྱི་གཟུགས་ཀྱི་ཕུང་པོ་དང་གཏི་མུག་རྣམ་པར་དག་པ་ནི་གཽ་རཱི་མའོ། །ཚོར་བའི་ཕུང་པོ་དང་སེར་སྣ་རྣམ་པར་དག་པ་ནི་ཙཽ་རཱི་མའོ། །འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་པར་དག་པ་ནི་བཻ་ཏཱ་ལཱིའོ། །འདུ་བྱེད་ཀྱི་ཕུང་པོ་དང་ཕྲག་དོག་རྣམ་པར་དག་པ་ནི་གྷསྨ་རཱིའོ། །རྣམ་པར་ཤེས་པའི་ཕུང་པོ་དང་ཉོན་མོངས་པ་ཞེ་སྡང་རྣམ་པར་དག་པ་ནི་ཡུམ་བདག་མེད་མའོ། །འབྱུང་བ་ས་རྣམ་པར་དག་པ་ནི་པུཀྐ་སཱིའོ། །ཆུ་རྣམ་པར་དག་པ་ནི་ཤ་ཝ་རཱིའོ། །མེ་རྣམ་པར་དག་པ་ནི་ཙཎྜྻ་ལཱིའོ། །རླུང་རྣམ་པར་དག་པ་ནི་ཌོམྦི་ནིའོ། །མིག་གི་དབང་པོ་དང་མིག་གི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེ་མའོ། །རྣ་བའི་དབང་པོ་དང་རྣ་བའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཞེ་སྡང་རྡོ་རྗེ་མའོ། །སྣའི་དབང་པོ་དང་སྣའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་སེར་སྣ་རྡོ་རྗེ་མའོ། །ལྕེའི་དབང་པོ་དང་ལྕེའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་འདོད་ཆགས་རྡོ་རྗེ་མའོ། །ལུས་ཀྱི་དབང་པོ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་ཕྲག་དོག་རྡོ་རྗེ་མའོ། །ཡིད་ཀྱི་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་རེག་བྱ་རྡོ་རྗེ་མ་ཡིན་པས་ཁྱོད་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་ལུང་བསྟན་པའོ།། དེ་ལྟར་ལུང་མ་བསྟན་པར་སྔོན་བདག་གིས་མ་ཤེས། རང་གི་ཕུང་པོ་ཁམས་སྐྱེ་མཆེད་ཐམས་ཅད་ལྷ་དང་ལྷ་མོར་འདུག་པས་དེ་རེ་དགའ་སྙམ་དུ་མཛོད། །ཅེས་གཟེངས་བསྟོད། བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་འདས་པའོ། །ཁྱོད་ནི་ཚེ་ཐོག་མ་མེད་པ་ནས་ཁམས་གསུམ་འཁོར་བར་འཁོར། ངལ་བ་དོན་མེད་འབའ་ཞིག་ཏུ་སོང་། ད་ནི་བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་དང་། དམ་ཚིག་དང་སྡོམ་པ་ནི་ཐོབ་པས་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇིགས་པ་མེད་པར་བྱོས་ཤིག ཐབས་བསྐྱེད་རྫོགས་གཉིས་བསྒོམ་པས་ངེས་པར་འཚང་རྒྱའོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི། རྡོར་དྲིལ་གཏད་ལ་འཁྱུད་པའི་ཚུལ་བྱེད་དུ་གཞུག་ཅིང་། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱར་བ། །སློབ་དཔོན་དབང་དུ་རབ་ཏུ་བརྗོད།། ཅེས་སློབ་དཔོན་གྱི་དབང་གི་ངོ་བོ་བསྟན། རྡོ་རྗེ་རབ་གནས་རྡོ་རྗེ་ཉིད། །ཆེ་དང་དྲིལ་བུ་ཆེན་པོ་གཟུང་། །དེ་རིང་རྡོ་རྗེ་སློབ་དཔོན་འགྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས།། ཞེས་སློབ་མའི་ལག་ཏུ་རྡོ་རྗེ་དྲིལ་བུ་གཏད་དེ། དེས་ཀྱང་། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཤད་ཅིང་སློབ་མ་བསྡུ་བར་བྱའོ་སྙམ་པའི་བློས། རྡོ་རྗེ་གསོར་ཞིང་དྲིལ་བུ་གསིལ་བར་བྱའོ། །དེ་ནི་རྡོ་རྗེ་སློབ་དཔོན་གྱི་གནང་བ་རྗེས་སུ་སྦྱིན་པའོ། །སླར་ཡང་སློབ་མ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པ་ལ་སློབ་དཔོན་གྱིས་རྡོ་རྗེ་གཏད། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརཏལ་ཞུགས་བརྟེན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྭ་ས་མ་ཡ་ཏིཥྛ་ཨེ་ཀ་ཡ་ཧྶཾ་དྷཱ་ར་ཡཱ་མི། ཧི་ཧི་ཧི་ཧི་ཧཱུྃ་ཞེས་སློབ་མའི་ལག་པ་གཡས་པར་གཏད་ལ། དེ་ལན་གསུམ་དུ་གསོར་ཏེ་སྙིང་གར་བཟུང་དུ་བཅུག་ལ། འོ་ཁྱོད་ཀྱིས་འཇིག་རྟེན་པའི་སྤྱོད་པ་ཐམས་ཅད་བརཏལ་ནས་གསང་སྔགས་ཀྱི་སྤྱོད་པ་ལ་འཇུག་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱོས་ཤིག དེ་ལྟར་བུམ་པའི་དབང་བསྐུར་བས་སྤྱིར་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཁྱད་པར་ལུས་ཀྱི་དྲི་མ་དག་ནས་རྒྱུད་ཉན་པ་དང་བཤད་པ་དང་བསྐྱེད་རིམ་བསྒོམ་པ་དང་། བཟླས་པ་བྱ་བ་དང་། གཏོར་མ་གཏང་དུ་རུང་བའི་རྗེས་སུ་གནང་བ་ཐོབ་པའོ། །དེ་ནས་གསང་བའི་དབང་གི་དོན་དུ་མཎྜྻལ་དང་རིག་མ་ཕུལ་ལ། གསང་བའི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཁྱོད་ནི་ཧེ་རུ་ཀ་དཔལ་ཏེ། །བདེ་གཤེགས་རྣམས་ཀྱིས་བདེ་སྩོལ་མཛད། །བྱང་ཆུབ་སེམས་དཔའ་ཆེ་རྣམས་ཀྱི། །ཡང་དག་དོན་མཆོག་རྣམས་དག་པ། །ཇི་ལྟར་དེ་ཉིད་བདུད་རྩི་ཡིས། །མཆོག་གི་དབང་ནི་བསྐུར་བ་བཞིན། །དེ་བཞིན་བདག་ལ་འཁོར་བ་ཡི། །སྡུག་བསྔལ་དག་ནི་བསལ་བར་མཛོད། །རྣལ་འབྱོར་བདུད་རྩི་དྲི་མེད་མཆོག །མ་རིག་ཉེས་པའི་རབ་རིབ་འཇོམས། །གང་གི་བླ་མེད་བྱང་ཆུབ་པ། །དེ་འདིར་བདག་གིས་ཐོབ་པར་མཛོད།། ཅེས་ལན་གསུམ་བརྗོད་ལ། སློབ་དཔོན་བདག་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མཱ་མ་ཀི་སྐུ་མདོག་སྔོན་མོ། ཁྲོ་བའི་ཞལ་གཅིག་སྤྱན་གསུམ་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་ཟངས་ཀྱི་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཁ་ཊྶཱཾ་ག་མཆན་ཁུང་གཡོན་ལ་བརྟེན་པ། སྟག་གི་པགས་པས་སྨད་དཀྲིས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་ཅིང་། ཞབས་གཡས་པའི་མཐིལ་གཡོན་པའི་བརླ་ལ་གཏད་དེ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་མེ་ཕུང་གི་ནང་ན་བཞུགས་པར་གྱུར། རང་གི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ལྷ་མོ་རང་དང་འདྲ་བ་སྤྱན་དྲངས། གཽ་རི་ཛཿ དམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ་གཞུག བཻ་ཏཱ་ལཱི་བཾ་བཅིངས། གྷསྨ་རཱི་ཧོཿ མི་དགྱེས་པ་མེད་པ་དགྱེས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་ཆུ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བས་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཡང་རང་གི་གནས་གསུམ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དྷཱུ་པེྎ གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བསྐྱེད་ཅིང་། དེ་ལ་ཡེ་ཤེས་ཀྱི་ལྷ་མོ་བསྟིམ་པ་དང་། དབང་བསྐུར་ནས་མཆོད། དེ་ནས་དེའི་སྙིང་ག ལྟེ་བ། གསང་གནས། ལྐོག་མ། སྨིན་མཚམས། སྤྱི་གཙུག་ཏུ་དྲིའི་ཐིག་ལེ་བྱས། དེ་རྣམས་སུ་རིམ་པ་བཞིན་མི་བསྐྱོད་པ་སྔོན་པ་རྡོ་རྗེ་དྲིལ་བུ་འཛིན་པ། དོན་གྲུབ་ལྗང་ཁུ་རལ་གྲི་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རྡོ་རྗེ་འཆང་དཀར་པོ་རྡོ་རྗེ་དྲིལ་བུ་འཛིན་པ། སྣང་མཐའ་དམར་པོ་པདྨ་དང་པདྨས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རིན་འབྱུང་སེར་པོ་རིན་པོ་ཆེ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ་ཐམས་ཅད་ཀྱང་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསྒོམས་ལ་མཆོད། ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ནས་ཤཔྟའི་བར་གྱིས་མཆོད། ལུས་ཀྱི་དཀྱིལ་འཁོར་མ་མཐོང་བ་མཚོན་པའི་ཕྱིར་གདོང་རས་དམར་པོས་བཅིངས་ལ། ཡིད་ཀྱིས་སློབ་དཔོན་སྒྱུ་མ་ལྟ་བུའི་སྐུ་ལ། མོས་གུས་རྩེ་གཅིག་པས་གཡོན་བསྐོར་ལན་གསུམ་བྱས་པར་སོམས་ཤིག་བྱས་ལ་ཡེ་ཤེས་པ་དབབ་པའི་དོན་ནི་རང་བྱིན་གྱིས་བརླབ་པ་བསྟན་པ། ཀྱཻ་ཡི་རྡོ་རྗེ་མཁའ་འགྲོ་མ། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པའི། །དེ་བཞིན་བདག་གིས་སད་མཛད་པ། །རྡོ་རྗེ་མཆོད་པའི་བྱིན་རླབས་ཀྱིས། །བཤད་ཀྱིས་འདོད་པས་རབ་ཏུ་ཉོན། །ལྷ་མོ་ཐམས་ཅད་དགའ་བར་འགྱུར། །རངས་པར་གྱུར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བས་བཏུད་དེ་བཅོམ་ལྡན་འདས་ཀྱི་གསུང་ཉན་ཏོ།། ཞེས་བཤད། པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་མེ་ཏོག་གཏོར་ལ། སེམས་ཅན་སྟོབས་ཅན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་གཟུང་བར་བགྱི།། ཞེས་སླར་སྦྱིན། འབྲུ་གསུམ་གྱིས་གདོང་གཡོགས་དཀྲོལ། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པ་ནི། །འཁོར་བ་མྱ་ངན་འདས་པར་འགྱུར།། ཞེས་དང་། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར།། ཞེས་གསུངས་པས། བུམ་པའི་དབང་གི་དུས་སུ་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཡིན་ལ་དེ་བས་ཟབ་པ་འདི་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ། སཾ་པུ་ཊ་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་ཡིན། །ཞེས་པས། སློབ་དཔོན་བདག་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་ཡབ་ཡུམ་དུ་གནས་པའི་ཐུགས་ཀ་ན་མི་བསྐྱོད་པ། དཔྲལ་བ་ན་རིན་ཆེན་འབྱུང་ལྡན། ལྟེ་བ་ན་དོན་ཡོད་གྲུབ་པ། མགྲིན་པ་ན་སྣང་བ་མཐའ་ཡས། གསང་བའི་གནས་ན་རྡོ་རྗེ་འཆང་། སྤྱི་བོ་ན་རྣམ་པར་སྣང་མཛད་བཞུགས་པ་ཡིན་ནོ།། ཞེས་ལུས་ཀྱི་ལྷ་ངོ་བསྟན་ལ་སྔར་གྱི་མེ་ཏོག་ཕོག་པའི་མིང་གིས་གདགས་སོ།། དེ་ནས་སློབ་དཔོན་བདག་ཉིད་ཧེ་རུ་ཀར་གསལ་བས་འོད་ཀྱི་རིག་མ་དང་སྙོམས་པར་འཇུག་པ་བྱས་ཏེ་ཐིག་ལེ་ཕྱུང་བར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོཧཾ། ཞེས་ང་རྒྱལ་བྱས་ལ་འོ་མ་དང་བདུད་རྩི་ལྔ་སྦྱར་ཏེ་མཐེབ་སྲིན་གྱིས་སློབ་མའི་ལྕེ་ལ་བཞག་ཅིང་། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་གསང་བའི་སེམས་རྒྱུན་གྱིས། །དོ་ནུབ་ཁྱོད་ལ་དབང་བསྐུར་རོ། །ཨ་ཧོཿསུ་ཁ། ཞེས་བརྗོད་ལ། བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ཁྱོད་རང་རྣམ་པའི་ལྕེ་ཐོག་ཏུ་སྐྱ་ཕུང་ཡོད་པར་སྒོམས་ལ་ལྕེ་ཡར་རྐན་ལ་སྦྱར་ཏེ། རྩ་ཨ་ཝ་དྷཱུ་ཏི་མདའ་སྨྱུག་ཙམ་པའི་མར་སྣ་རྡོ་རྗེ་ནོར་བུའི་རྩེ་མོ་དང་། ཡར་སྣ་ལྕེའུ་ཆུང་ལ་ཟུག་པའི་ནང་ན་མར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལྕེ་ཐོག་ཏུ་སྐྱ་ཆི་ལི་ལི་སོང་བས་ལུས་ཐམས་ཅད་ལ་བདེ་བ་ཕྲི་ལི་ལི་སྐྱེས་པར་བསྒོམ། ཟག་པ་མེད་པའི་བདེ་སྟོང་དབྱེར་མེད་ཀྱི་དོན་ལ་ཤེས་པ་ལྷན་ནེ་གཏོད་ཅིག ཁྲག་ཆེན་པོ་ནི་ག་པུར་བཅས། །ཙན་དན་དམར་དང་ཡང་དག་སྦྱར། །དེ་བཞིན་རྡོ་རྗེ་ཆུ་དང་བཅས། །ལྔ་པ་སེམས་ལས་བྱུང་བར་བཤད། །སངས་རྒྱས་ཀུན་དང་མཐུན་པར་གསུངས། །དམ་ཚིག་འདི་ནི་བླ་ན་མེད། །བཟང་པོ་ཁྱོད་ཀྱིས་བསྐྱང་བར་བྱ།། ཞེས་དམ་ཚིག་ཕོག་ལ་མིག་དར་བསལ་ལོ།། དེས་སྤྱིར་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཁྱད་པར་ངག་གི་དྲི་མ་དག་ནས་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་དང་། ཟས་ཀྱི་རྣལ་འབྱོར་བྱར་རུང་བ་དང་། རྩ་རླུང་བྱང་ཆུབ་སེམས་ཀྱི་རྫོགས་རིམ་བསྒོམ་དུ་རུང་བའི་རྗེས་སུ་གནང་བ་ཐོབ་པའོ།། དབང་གསུམ་པའི་དོན་དུ་བྱང་ཆུབ་སེམས་ཀྱིས་བྱུགས་པའི་མཎྜྻལ་ཆོས་འབྱུང་གྲུ་གསུམ་ཟླུམ་སྐོར་གཉིས་ཀྱི་ནང་མཛེས་པར་ལྷ་མོ་བཅོ་ལྔའི་ཚོམ་བུ་བཀོད། མཐར་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་བཤམས། མཎྜྻལ་བསངས་སྦྱངས། སྟོང་པའི་ངང་ལས་ཆོས་འབྱུང་གི་ནང་དུ་པདྨ་འདབ་མ་བཞི་པ་དང་བརྒྱད་པ་རིམ་པ་གཉིས་ཀྱི་ལྟེ་བ་དང་འདབ་མ་རྣམས་ལ་རོ་དང་ཉི་མའི་གདན་ལ་ལྷ་མོ་བཅོ་ལྔར་སྐད་ཅིག་གིས་གསལ་བ་ནི། དབུས་སུ་མཱ་མ་ཀཱི། ཕྱོགས་བཞིའི་ཤར་དུ་རྡོ་རྗེ་མ། ལྷོར་བསང་བའི་གཽ་རཱི། ནུབ་ཏུ་ཆུའི་རྣལ་འབྱོར་མ། བྱང་དུ་རྡོ་རྗེ་མཁའ་འགྲོ་མ། ཕྱི་སྐོར་གྱི་ཤར་དུ་དཀར་མོ། ལྷོར་ཆོམ་རྐུན་མ། ནུབ་ཏུ་རོ་ལངས་མ། བྱང་དུ་གྷསྨ་རཱི། བྱང་ཤར་དུ་པུཀྐ་སཱི། ཤར་ལྷོར་རི་ཁྲོད་མ། ལྷོ་ནུབ་ཏུ་གདོལ་པ་མ། ནུབ་བྱང་དུ་ཌོམྦི་ནཱི། འོག་ཏུ་ས་སྤྱོད་མ། སྟེང་དུ་མཁའ་སྤྱོད་མ་རྣམས་སྐུ་མདོག་ནག་པོ། ཁྲོ་མོའི་ཆ་བྱད་ཅན། རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། ཞལ་གཅིག་པ། སྤྱན་གསུམ་པ་དམར་བ། ཕྱག་གཉིས་པ། གཡས་པ་རྣམས་གྲི་གུག་དང་། གཡོན་པ་རྣམས་ན་ཐོད་པ་ཁྲག་གིས་བཀང་བ་བསྣམས་པ། ཁ་ཊྶཱཾ་ག་མཆན་ཁུང་དུ་བཅུག་པ། སྟག་གི་ལྤགས་པས་སྨད་དཀྲིས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། པདྨ་དམར་པོ་དང་ཉི་མ་ལ་གནས་པའི་རོའི་སྟེང་ན་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། མེ་རི་དང་མེ་དཔུང་གི་ནང་ན་བཞུགས་པར་གྱུར། གཙོ་མོའི་ཐུགས་ཀའི་འོད་ཟེར་གྱིས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་ཀྱི་ལྷ་མོ་སྤྱན་དྲངས། གཽ་རཱི་ཛཿ དམ་ཚིག་སེམས་དཔའི་མགོ་ཐོག་ཏུ་ཡེ་ཤེས་སེམས་དཔའ་དགུག ཙཽ་རཱི་ཧཱུྃ་གཞུག བཻ་ཏཱ་ལཱི་བཾ་བཅིངས། གྷསྨ་རཱི་ཧོཿ མི་དགྱེས་པ་མེད་པ་དགྱེས་པར་གྱུར། ཡང་འོད་ཟེར་འཕྲོས་པས་ལྷ་མོ་བདུད་རྩིའི་བུམ་པ་ཐོགས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་རྣམས་ཀྱིས་དབང་བསྐུར་བས། གཙོ་མོ་ལ་མི་བསྐྱོད་པ། འཁོར་རྣམས་ལ་རང་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ཡང་རང་གི་གནས་གསུམ་ལས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་གྱུར། ཨོཾ་ཛཿཧཱུྃ་བཾ་ཧོཿ ཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དྷཱུ་པེྎ གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་མཆོད། ཚོགས་ཀྱི་མཆོད་པ་རྒྱས་པར་རམ་བསྡུ་ན་ཨོཾ་ཨ་ཨཱ་སོགས་དབྱངས་ཡིག་བཅུ་དྲུག་གི་མཐར་ཨོཾ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་ཀྵྨྱ་ར་ཎ་ས་མ་ཡེ་ཧཱུྃ། ཅེས་ཚོགས་ཀྱི་མཆོད་པ་ཕུལ་ནས་མཉེས་པར་བྱས། དེ་ནས་སློབ་མས་ཡོན་དུ་མཎྜྻལ་ཕུལ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་ཅི་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་རྣལ་འབྱོར་ལས་བྱུང་བ། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལ་དེ་སྩོལ་ཅིག །འཁོར་བ་འདམ་གྱི་ཚོགས་དག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས།། ཞེས་ལན་གསུམ་བརྗོད་ལ་ཆོས་འབྱུང་གི་དཀྱིལ་འཁོར་མ་མཐོང་བ་མཚོན་པའི་ཕྱིར་གདོང་གཡོགས་བཅིངས་ལ། ཆོས་འབྱུང་གི་དཀྱིལ་འཁོར་ལ་གཡོན་སྐོར་ལན་གསུམ་ཡིད་ཀྱིས་བྱས་པར་མོས་ལ་ཡེ་ཤེས་དབབ་པ་ནི། ཁྱེད་རང་རྣམ་པའི་རྐང་པ་གཉིས་གཤིབས་ཀྱིས་གཤིབས་ལ་ལངས་ཏེ་ལུས་ཐང་ཤ་བཅད་ལ་ཐལ་མོ་སྦྱར་ནས་དམིགས་པ་འདི་བཞིན་དུ་མཛོད། དབང་པོ་ལྔའི་འཇུག་ཤེས་བསྡུས་ཏེ། རང་གི་སྙིང་གར་ཟླ་བའི་དབུས་སུ་མི་ཤིགས་པའི་ཐིག་ལེ་ཡུངས་འབྲུ་ཙམ་དེ་ལ་རླུང་བཅུག་སྟེ་མ་ཡེངས་པར་བྱའོ།། དེའི་དོན། སྙིང་གའི་དབུས་ན་ཟླ་བ་གནས། །ཟླ་བའི་གཟུགས་ལས་མི་ཤིགས་པ། །སྣ་ཚོགས་འོད་ཀྱི་རྣམ་འཁྲིགས་ལྡན། །དེས་ན་རྡོ་རྗེ་རྣམ་པར་བསྒོམས། །རྡོ་རྗེ་བདག་མེད་མ་མཁའ་འགྲོ། །བསྐུལ་བའི་ཆོ་ག་བསྒོམ་པར་བྱའོ། །མཁའ་འགྲོ་མ་ཡི་སྣ་རྩེར་ནི། །ཡུངས་ཀར་རྣམ་པར་གནས་པར་བསྒོམ། །ཁམས་གསུམ་རྒྱུ་དང་མི་རྒྱུ་བའི། །འགྲོ་བ་མ་ལུས་ཡུངས་ཀར་དུའོ། །དེ་ལྟ་བུར་ནི་བསྒོམས་གྱུར་ན། །རང་བྱིན་བརླབ་པ་རབ་ཏུ་འགྲུབ།། ཅེས་པ་སྟེ་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་གི་སྙིང་གར་མཱ་མ་ཀཱི་སྐུ་མདོག་སྔོན་མོ་གཡས་ན་ཟངས་ཀྱི་གྲི་གུག་དམར་ཡག་གེ་བ། གཡོན་ན་ཐོད་པ་དཀར་ཙེ་རེ་བ་ཁྲག་གིས་དམར་ཕྱུར་རེ་བཀང་བ་བསྣམས་པ། རུས་པའི་རྒྱན་ཆས་དཀར་ཆབས་སེ་བརྒྱན་པ་ཚོན་གང་བ་ཅིག་སྒོམས་ཤིག ཅེས་ཡང་ཡང་བྱའོ། །སློབ་དཔོན་གྱི་ཐུགས་ཀ་ནས་མཱ་མ་ཀཱི་སྐུ་མདོག་སྔོན་མོ། གཡས་ན་གྲི་གུག་དམར་ཡག་གེ་བ། གཡོན་ན་ཐོད་པ་ཀར་ཙེ་རེ་བ་ཁྲག་གིས་དམར་ཕྱུར་རེ་བཀང་ནས་བསྣམས་པ་ཉུང་འབྲུ་ཙམ་མང་པོ་བྱུང་སྟེ། ཁྱོད་རང་གི་ལུས་མེ་རེ་རེ་གང་བས་བདེ་བ་སྐྱེས་པར་སྒོམས་ཤིག ཅེས་ཡང་ཡང་བརྗོད། སྔགས་གོང་གསལ་བརྗོད་ཅིང་སྤོས་དང་རོལ་མོས་བྱིན་དབབ། མ་ཕེབས་ན་སྤོག་པའི་ཆོ་ག་ནི། ཁྱོད་རང་གི་སྨིན་མཚམས་སུ་རུས་པའི་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་ཅིག་སྒོམས་ཤིག དེའི་ནང་དུ་གཡུང་དྲུང་རིས་དམར་པོ་ཅིག་དམར་སྒ་ར་ར་འཁོར་བར་སྒོམས་ཤིག ཅེས་སྔགས་སོགས་བསྐྱར་བས་ཕེབས་པར་འགྱུར་རོ།། པྲ་ཏཱིཙྪ་བཛྭ་ཧོཿཞེས་པས་ཆོས་འབྱུང་གི་དཀྱིལ་འཁོར་དུ་མེ་ཏོག་དོར་ལ་གདོང་གཡོག་དཀྲོལ། དེ་ནས་ལྷ་ངོ་བསྟན་པ་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ་ཞེས་པ་དང་། གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། ཞེས་གསུངས་པས། །གསང་དབང་གི་དུས་སུ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ཡིན་ཏེ། དེ་བས་ཟབ་པ་འདི་ཆོས་འབྱུང་གི་དཀྱིལ་འཁོར་ཡིན། དེ་ཡང་ཆོས་འབྱུང་གིས་ནི་བདེ་སྟོང་མཚོན་ལ། དེ་ན་བཞུགས་པའི་ལྷ་ཡང་བདེ་སྟོང་དབྱེར་མེད་ལས་མ་འདས་པར་བསྟན་ཏོ།། ཞེས་ཆོས་འབྱུང་གི་དཀྱིལ་འཁོར་དུ་ལྷ་ངོ་བསྟན་ལ། རྡོ་རྗེ་སྙེམས་མ་ཞེས་སོགས་ཀྱི་མིང་གིས་གདགས་སོ། །ཤེར་དབང་དངོས་ནི། དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེ་ཞལ་ཕྱག་རྒྱན་ཆ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཀྱི་རིག་མ་ལྷ་མོ་མཱ་མ་ཀཱི་ཕྱག་ན་གྲི་གུག་དང་ཐོད་པ་བསྣམས་པ་ཤིན་ཏུ་མཛེས་ཤིང་གཞོན་ཤ་ཆགས་པ་བཅུ་དྲུག་ལོན་པའི་ན་ཚོད་ཙམ་པ་ཞིག་བྱུང་ནས་ཁྱེད་རང་རྣམས་ལ་གཏད་པར་གྱུར། ལྷ་མོ་དགའ་སྦྱིན་གནས་སྦྱིན་མ། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས།། ཞེས་བརྗོད་ལ། དེ་དང་སྙོམས་པར་འཇུག་པ་བྱས་པས་དགའ་བ་བཞི་ཉམས་སུ་མྱོང་བ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་སྒོམས་ཤིག ཡང་ཁྱེད་རང་རྣམ་པའི་ལྟེ་བ་ན་གཏུམ་མོ་ཡེ་ཤེས་ཀྱི་མེ་རེག་བྱ་ཚ་བ་རྣོ་བ་གདུང་བ་ཅིག་དམར་ནར་གྱིས་འབར་བ་ལ་ཤེས་པ་གཏོད་ལ་བདེ་བ་ཕྲི་ལི་ལི་སྐྱེས་པར་སྒོམས་ཤིག་བྱས་ལ། སློབ་དཔོན་གྱི་མཐེབ་སྲིན་གྱིས་སློབ་མའི་རྩ་རྦ་རླབས་བཙིར་ལ་སྒོམ་དུ་བཅུག་པས་རྟོགས་པའི་སྒྲོ་འདོགས་གཅོད་ཅིང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་བས་དབང་བསྐུར་བ་ཞེས་བྱའོ། །དེ་ལྟར་ཆགས་གྲོལ་གཉིས་ཀའི་མཚོན་བྱེད་དུ་མཛད་ཅིང་། སྤྱིར་ད་ལྟ་ཕྱག་ལེན་དུ་གྲོལ་ལམ་ཁོ་ནའི་དབང་དུ་བྱས་པ་སྟེ་བཤད་རྒྱུད་ཀྱི་དངོས་བསྟན་ཆགས་ལམ་གཙོ་བོར་བྱས་པ་ནི་མན་ངག་བརྒྱུད་པ་ལས་ཤེས་པར་བྱའོ། །དེས་སྤྱིར་ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཁྱད་པར་སེམས་ཀྱི་དྲི་མ་དག་ནས་ཆགས་ཅན་གྱིས་ལས་ཀྱི་ཕྱག་རྒྱ་བསྟེན་པ་དང་། ཆགས་བྲལ་གྱིས་ལྷ་ཞལ་སྦྱར་གྱི་བསྐྱེད་རིམ་དང་གཏུམ་མོ་བསྒོམ་པའི་རྗེས་སུ་གནང་བ་ཐོབ་པའོ།། དབང་བཞི་པའི་ཡོན་དུ་མཎྜྻལ་ཕུལ་ལ་ཚིག་དབང་གི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཆང་ཆེན་བཀའ་དྲིན་གྱིས། །འདིར་ནི་དབང་བསྐུར་རྣམ་གསུམ་ཐོབ། །སྟོང་ཉིད་ཤེས་རབ་མཛེས་པ་ཡི། །བཞི་པའི་བཀའ་དྲིན་སྩལ་ཏུ་གསོལ།། ཞེས་ལན་གསུམ་བརྗོད་ལ། དེ་ལྟར་དབང་གསུམ་པའི་དུས་སུ་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་གཏན་ལ་ཕབ་ནས། བཞི་པར་ཚིག་གིས་གཏན་ལ་དབབ་པ་ནི། ཕྱི་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང་། །འཁོར་བ་རྣམ་པར་བྱང་བ་དག །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མཆོག་དགར་བསྒོམ་པ་མེད་ཅིང་སྒོམ་པ་པོ་ཡང་མེད། །ལུས་ཀྱང་མེད་ཅིང་གཟུང་བ་མེད་ཅིང་འཛིན་པའང་མེད། །ཤ་དང་ཁྲག་ཀྱང་མེད་ཅིང་བཤང་དང་གཅི་བའང་མེད། །སྐྱུག་བྲོ་རྨོངས་མེད་གཙང་སྦྲ་མཆོད་ཕྱིར་ཐོགས་མེད་དང་། །ཆགས་མེད་སྡང་བ་མེད་དང་རྨོངས་མེད་ཕྲག་དོག་མེད། །སེར་སྣ་མེད་དང་ང་རྒྱལ་མེད་ཅིང་མཐོང་བྱ་མེད། །བསྒོམ་དང་སྒོམ་པ་མེད་ཅིང་བཤེས་དང་དགྲ་མེད་དང་། །རློམ་སེམས་མེད་པའི་ལྷན་ཅིག་སྐྱེས་པ་སྣ་ཚོགས་ཉིད།། ཅེས་པ་དང་། ཡེ་ཤེས་འདི་ནི་ཆེ་ཕྲ་ཞིང་། །རྡོ་རྗེ་ནམ་མཁའ་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་འབྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ།། ཞེས་གསུངས་སོ། །དབང་འདིའི་ཁྱད་པར་ཀྱི་དམ་ཚིག་ཀྱང་། རྩ་རྒྱུ་རྟག་པ་གཉིས་པའི་ལེའུ་གསུམ་པ་ལས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བ་དང་། །ཁྱོད་ཀྱིས་མ་བྱིན་པར་ཡང་ལོངས། །ཕ་རོལ་བུད་མེད་བསྟེན་པར་གྱིས། །སེམས་ཀྱི་སྲོག་ཆགས་གསོད་པ་ཉིད། །གང་ཕྱིར་སྲོག་ནི་སེམས་སུ་བརྗོད། །འཇིག་རྟེན་བསྒྲལ་བ་ཞེས་བྱ་བ། །རྫུན་གྱི་ཚིག་ཏུ་རབ་ཏུ་བརྗོད། །བཙུན་མོའི་ཁུ་བ་མ་བྱིན་པར། །གཞན་གྱི་བུད་མེད་རང་ཉིད་མཚུངས།། ཞེས་ངེས་པའི་དོན་རྒྱ་ཆེར་གསུངས་པས་ཤེས་བྱའོ།། དེ་ལྟར་དབང་བཞི་པ་བསྐུར་བས་ལུས་ངག་ཡིད་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོ་སྒོམ་དུ་རུང་བའི་རྗེས་སུ་གནང་བ་ཐོབ་པའོ། །དབང་བཞི་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜྻལ་ཕུལ་ལ། དེ་ནས་གཏོར་མ་འབུལ་བ་ལ། མདུན་དུ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་པའི་སྟེང་དུ་པདྨ་དཀར་པོ་དང་སོགས་ནས་གཏོར་མའི་མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། བར་སྒྲུབ་ཐབས་ལྟར་བཏང་། དེ་ནས་ཆོས་སྐྱོང་ལྕམ་དྲལ་གྱི་གཏོར་མ་གཏོང་། ཚོགས་ཀྱི་མཆོད་པ་གོང་དུ་མ་གཏང་ན་འདིར་བྱའོ། །དེ་ནས་ལས་ཀྱི་ཧེ་རུ་ཀས་ཐོད་པ་བདུད་རྩིས་གང་བ་ཐོགས་ཏེ། ཀྱཻ་གཟིགས་ཤིག་མཛེས་པ་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་ཕག །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ།། ཞེས་ལན་གསུམ་གྱིས་རྟོག་པ་དགྲོལ། སློབ་དཔོན་གྱིས། བདེ་བར་གཤེགས་པ་ཆོས་ཀྱི་མཆོག །འདོད་ཆགས་དྲི་མ་མེད་པ་འདི། །གཟུང་འཛིན་རྣམ་པར་གྲོལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོཿསུ་ཁཾ། བརྗོད་ཅིང་ཚོགས་ལ་ལོངས་སྤྱད། ལྷག་མ་བསྡུས། སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་། བདུད་རྩིའི་ཁ་ཕྲུ་བཏབ་ལ། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་ཁ་ཁ་ཁཱ་ཧི་ཁཱ་ཧི། མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་དང་བཅས་པ་རྣམས་ཀྱིས་ལྷག་མའི་གཏོར་མ་རྒྱ་ཆེན་པོ་འདི་ཧབ་དི་རི་རི་གསོལ་བར་གྱུར། དུར་ཁྲོད་བདག་མོ་བརྗོད་གཏོར་མ་གཙང་སར་དོར། ཤིན་ཏུ་ལྷག་མ་བསྡུས་ཏེ་བདུད་རྩི་བྲན་ལ། ཨོཾ་ཨཱཿཧཱུྃ་དང་། ཨ་ཀཱ་རོ་ལན་གསུམ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད། འབྱུང་པོ་ཕུད་ལ་མི་རེ་ཞིང་ལྷག་མ་ལ་དབང་བ་ཕྱི་རོལ་སྒོ་གདོང་ན་གནས་པ་རྣམས་ལ་སྦྱིན་ནོ། །སོ་སོ་ཟས་སྐོམ་གྱིས་ཚིམས་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག། དེ་ནས། ཀོལླ་ཨི་རེཊྚྷི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལ། གྷ་ཎ་ཀྲི་པི་ཊཱ་ཧོ་བཛྫ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལ། ཏ་ཧིཾ་བ་ལ་ཁཱཛྫ་ཨཱི་ག་ཌེཾ་མ་ཨ་ཎཱ་པིཛྫ་ཨ་ཨི། ཧ་ལེ་ཀ་ལིཉྫྱ་ར་པཱ་ཎི་ཨ་ཨི། དུ་ན་དྷུ་ར་བཛྫ་ཨ་ཨི། ཙ་ཨུ་ས་མ་ཀཙྪ་ཏུ་རི་སི་་ཀསྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨི་ཨིནྡྷ་ཎ་སཱ་ལི་ཛ། ཏ་ཧེ་བྷི་རུ་ཁ་ཨི་ཨ་ཨི། ཕེཾ་ཁ་ཎ་ཁེ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷཎྡྲ་མ་ཎི་ཨ་ཨི། ནི་རཾ་སུ་ཨངྒ་ཙ་ཌི་ཝི། ཏ་ཧིཾ་ས་ར་ཝ་པཱ་ཎི་ཨ་ཨི། མཱ་ལ་ཨ་ཙོ་ཀུནྟུ་རུ་བཱ་ཌ་ཨི་ཌཾ་ཎྜྻི་མ་ཏེ་ཧིཾ་ཎྡྲ་བཛྫ་ཨ་ཨི། ཅེས་མངོན་རྟོགས་བཞིན་དུ་རྡོ་རྗེའི་གླུ་བླང་། ཡིག་བརྒྱ་བརྗོད། སློབ་མ་རྣམས་ཀྱིས་བླ་མ་དང་། དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱ་ཞིང་ཡིག་བརྒྱ་བརྗོད། དེ་ནས་དཀྱིལ་འཁོར་གྱི་ལྷ་ལ་མཆོད་པར་བྱ་སྟེ། ཧཱུྃ་ཞེས་བརྗོད་པས་བགེགས་བསྐྲད། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་མཆོད་རྫས་ཐམས་ཅད་བདེ་སྟོང་དུ་བྱིན་གྱིས་བརླབས། ཨོཾ་ཛཿཧཱུྃ་བཾ་ཧོཾཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། མཆོད་ཡོན། ཨོཾ་ནི་རི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སྭཱ་ཧཱ། ཞབས་བསིལ། ཨོཾ་བཛྭ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྭ་དྷཱུ་པེ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པེའི་གནས་སུ་གནྡྷེྎ ནཻ་ཝི་དྱྎ ཨཱ་ལོ་ཀེྎ ལྔས་མཆོད། ཨོཾ་གཽ་རཱི་གཾ་ཨཱཿཧཱུྃ་སྭཱ་ཧཱ། ཐོག་མཐའ་འདྲ་བས། ཨོཾ་ཙཽ་རཱི་ཙཾྎ ཨོཾ་བཻཏཱ་ལཱི་བཾྎ ཨོཾ་གྷསྨ་རཱི་གྷཾྎ ཨོཾ་པུཀྐ་སཱི་པཾྎ ཨོཾ་ཤ་ཝ་རཱ་ཤཾྎ ཨོཾ་ཙཎྜྻ་ལཱི་ཙཾྎ ཨོཾ་ཌོམྦི་ནཱི་ཌཾྎ ཞེས་མཆོད། སྒྲུབ་མཆོད་ཀྱི་ཉིན་ཐ་མར་ཚིགས་བཅད་བཅས་རྒྱས་པར་བྱའོ།། ཀུན་ཏུ་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་རྣམ་སྦྱོང་ཞིང་། །སངས་རྒྱས་ཀྱི་ཆོས་ཐམས་ཅད་པ། །རྡོ་རྗེ་མཁའ་འགྲོར་ཕྱག་འཚལ་ལོ། །འགྲོ་བ་སྡང་བས་ནོན་གཟིགས་ནས། །གཏི་མུག་ཀུན་ཏུ་ཟད་བྱའི་ཕྱིར། །མགོན་པོ་རྒྱལ་བ་རྣམ་སྣང་མཛད། །གཏི་མུག་རྡོ་རྗེར་ཕྱག་འཚལ་བསྟོད། །བུད་མེད་ཀྱིས་འདུལ་འགྲོ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་ཉིད་གྱུར། །ཕྱག་འོས་ཐུབ་པ་ཕ་རོལ་ཕྱིན། །སྒྱུ་མའི་ཕྱག་རྒྱ་ཕྱག་འཚལ་བསྟོད། །འགྲོ་བ་རྨོངས་པས་གཟིར་གཟིགས་ནས། །གཏི་མུག་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་སེམས་དཔའ་རྒྱལ་པོ་ཆེ། །ཞེ་སྡང་རྡོ་རྗེར་ཕྱག་འཚལ་བསྟོད། །འགྲོ་བ་ཁེངས་པས་གཟིར་གཟིགས་ནས། །ང་རྒྱལ་ཐམས་ཅད་ཟད་མཛད་པ། །རྡོ་རྗེ་ཉི་མ་རྒྱལ་པོ་ཆེ། །རྡོ་རྗེ་དྲེགས་ལ་ཕྱག་འཚལ་བསྟོད། །འགྲོ་བ་ཆགས་པས་གཟིར་གཟིགས་ནས། །ཆགས་པ་ཐམས་ཅད་ཟད་མཛད་པ། །རྟ་མགྲིན་རྒྱལ་པོ་ཆེན་པོ་སྟེ། །རྡོ་རྗེ་ཆགས་པར་ཕྱག་འཚལ་བསྟོད། །འགྲོ་བ་ཕྲག་དོག་གཟིར་གཟིགས་ནས། །ཐམས་ཅད་ཀྱིས་ནི་ཟད་མཛད་པ། །རྟ་བདུན་རྒྱལ་པོ་རྒྱལ་པོ་ཆེ། །ཐམས་ཅད་གཟུགས་ལ་ཕྱག་འཚལ་བསྟོད།། ཅེས་དང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར།། ཞེས་པས་བསྟོད། དེ་ནས་ལྷག་ཆད་བསྐོང་བའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་དང་། གཙོ་བོ་ནུས་པ་མཆིས་ཤིང་། །མ་ཚང་བ་དང་ལྷག་གྱུར་དང་། །གང་ཡང་འགལ་བར་གྱུར་པ་རྣམས། །དེ་ཀུན་བཟོད་པར་མཛད་པར་རིགས། །གསང་སྔགས་ཉམས་དང་བྱ་བ་ཉམས། །ཆོ་ག་ཉམས་པར་གྱུར་པ་གང་། །དེ་ཡང་ཁྱོད་ཀྱིས་བཟོད་པར་མཛོད།། ཅེས་བཟོད་པར་གསོལ། རིགས་སུ་སྐྱེས་དང་དམ་ཚིག་ཅན། །སྨྱོ་མེད་ཀྱཻ་ཡི་རྡོ་རྗེར་སྟོན། །བླ་མ་ལ་གུས་སྙིང་རྗེར་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །དགེ་བ་འདི་ཡིས་ཐོབ་འགྱུར་ཞིང་། །འགྲོ་བ་ལྔས་ཀྱང་ཐོབ་པར་ཤོག །བྱང་ཆུབ་རྡོ་རྗེ་བསྔགས་པ་ཡི། །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་དང་། །རྫོགས་སངས་རྒྱས་ཀྱི་སྤྱོད་པ་གང་། །བདག་ཀྱང་དེ་ཉིད་སྤྱོད་པར་ཤོག། ཅེས་བརྗོད་རང་དོན་གྱི་ཐུན་མཚམས་ཐམས་ཅད་ཀྱི་མཐར་ཡེ་ཤེས་སེམས་དཔའ་མི་གཤེགས་ལ། གཞན་དོན་ཐམས་ཅད་ཀྱི་ཐུན་མཚམས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ་བ་རྗེ་བཙུན་ནཱ་རོ་པའི་བཞེད་པ་ཐུན་མོང་མ་ཡིན་པའོ། །དེ་ནས། ཧེ་བཛྭ་མཎྜྻལ་མུཿམདུན་བསྐྱེད་ཀྱི་ཡེ་ཤེས་པ་རྣམས། །འདིར་ནི་གཟུགས་དང་སོགས་ཀྱི་རྟེན་ལ་བསྟིམ་པའམ་རང་བཞིན་གྱི་གནས་སུ་གཤེགས། རྡུལ་ཚོན་གྱི་ནུབ་ཐ་མ་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྭ་མུ། ཞེས་པ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ནས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་བར་མངོན་རྟོགས་བཞིན་ནོ། །རྡུལ་ཚོན་ཨ་ཀཱ་རོའི་སྔགས་ཀྱིས་འཕྱག་ལ་ཀླུ་ཆོག་གིས་ཆུ་བོར་དོར། ཐིག་དང་བུམ་པའི་མཚན་མ་རྣམས་མི་མངོན་པར་བྱའོ། །བླ་མ་ལ་ཡོན་ཕུལ། བཀྲ་ཤིས་བརྗོད་པ་ནི། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་གྲུབ་པ། །དགྱེས་པ་རྡོ་རྗེ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་བདག་མེད་པདྨ་ལ་ནི་རྡོ་རྗེས་རོལ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་པདྨ་དམར་པོ་གེ་སར་བཅས། །འདབ་བརྒྱད་ལ་གནས་ལྷ་མོ་ཞལ་བརྒྱད་ལ་ཕྱོགས་ཤིང་། །རོལ་ཐབས་སྣ་ཚོགས་ཀྱིས་ནི་གཙོ་བོ་མཉེས་པར་བྱེད། བདེན་པྎ རབ་དམར་སྤྱན་གྱིས་དུས་གསུམ་གདུལ་བྱ་ལ་གཟིགས་ཤིང་། །ནང་སྟོང་ལ་སོགས་བཅུ་དྲུག་ཕྱག་གིས་དུག་གསུམ་སེལ། །བསྡུ་དངོས་ཞབས་བཞི་ཡིས་ནི་བདུད་བཞི་འཇོམས་མཛད་པ། །བདེན་པ་དེསྎ ལོག་རྟོག་བསལ་ཕྱིར་དབུ་སྐྲ་དམར་སེར་གྱེན་དུ་འབར། །སྒེག་པ་ལ་སོགས་རོལ་དགུའི་ཆ་བྱད་རབ་ཏུ་གསལ། །འཁོར་ལོ་ལ་སོགས་ཕྱག་རྒྱ་ལྔ་ཡིས་རབ་ཏུ་བརྒྱན། བདེན་པ་དེསྎ མེ་ལོང་ལ་སོགས་ཡེ་ཤེས་བཞི་ལས་གྲུབ་པའི་སྐུ། །གཽ་རཱི་ལ་སོགས་ཕྱོགས་ཀྱི་པདྨ་ལ་གནས་པ། །ཚངས་པ་ལ་སོགས་བདུད་བཞི་ཞབས་ཀྱིས་གནོན་མཛད་པ། བདེན་པ་དེསྎ བྱམས་པ་ལ་སོགས་ཚད་མེད་བཞི་ལས་གྲུབ་པའི་སྐུ། །པུཀྐ་སཱི་སོགས་མཚམས་ཀྱི་པདྨ་ལ་གནས་པ། །གཤིན་རྗེ་ལ་སོགས་བདུད་བཞི་ཞབས་ཀྱིས་གནོན་མཛད་པ། བདེན་པ་དེསྎ བཀྲ་ཤིས་གང་ཞིག་དཀྱིལ་འཁོར་ཆེན་པོའི་སྒོར་གནས་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ལྷ་མོ་བཞི། །ཡེ་ཤེས་དགུག་གཞུག་འཆིང་དང་དབྱེར་མེད་ཉིད་མཛད་པ། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་རྣམ་པར་སྣང་མཛད་ཀྱེ་རྡོ་རྗེ། །སྤྱན་མ་དང་བཅས་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །གཟུགས་དང་གཏི་མུག་རྣམ་དག་མེ་ལོང་ཡེ་ཤེས་ཉིད། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་རིན་ཆེན་འབྱུང་ལྡན་ཀྱེ་རྡོ་རྗེ། །རིག་མ་དང་བཅས་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །ཚོར་བ་ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ཉིད། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་སྣང་བ་མཐའ་ཡས་ཀྱེ་རྡོ་རྗེ། །གོས་དཀར་དང་བཅས་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །འདུ་ཤེས་འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་ཉིད། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་དོན་ཡོད་གྲུབ་པ་ཀྱེ་རྡོ་རྗེ། །སྒྲོལ་མ་དང་བཅས་ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར། །འདུ་བྱེད་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ཉིད། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་དྲན་པ་ཉེར་བཞག་བཞི་རྣམས་དང་། །ཡང་དག་སྤོང་བ་རྫུ་འཕྲུལ་དབང་པོ་སྟོབས་ལ་སོགས། །བྱང་ཆུབ་ཕྱོགས་རྣམས་སུམ་ཅུ་རྩ་བདུན་ཡོངས་རྫོགས་པ། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་རིན་ཆེན་ཕ་གུས་མཛེས་པའི་གཞལ་ཡས་ཁང་། །འདོད་པ་ལྔ་ཡི་ལོངས་སྤྱོད་མཆོག་ནི་རབ་ཏུ་བཀོད་པ་དང་། མུ་ཏིག་དྲྭ་བ་རིན་ཆེན་ཉི་ཟླ་གསེར་གྱི་དྲིལ་བུ་དཔྱངས། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་རྟ་བབས་པདྨ་འཁོར་ལོ་གདུགས་ཀྱིས་ཕུབ། །མཛེས་པའི་རི་དྭགས་བ་དན་བཅུ་དྲུག་ལེགས་བརྐྱང་བ། །རླུང་གིས་བསྐྱོད་པའི་དྲིལ་བུ་དམ་པའི་ཆོས་སྒྲ་སྒྲོགས། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་དུར་ཁྲོད་བརྒྱད་ཀྱིས་ལེགས་བསྐོར་བ། །ཤཱིརྵ་ལ་སོགས་བྱང་ཆུབ་ཤིང་བརྒྱད་གནས་པ་ལ། །གླང་ཆེན་གདོང་ཅན་ལ་སོགས་བརྒྱད་པོ་གནས་པ་ཡི། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་རྣམ་ཤེས་ཚོགས་བརྒྱད་དག་པ་ཡི། །རྣམ་པར་མི་རྟོག་ཡེ་ཤེས་མཆོག་གི་དུར་ཁྲོད་དུ། །འཇིག་རྟེན་ཆོས་བརྒྱད་དག་པའི་ཕྱོགས་སྐྱོང་ཚོགས་གནས་པ། བདེན་པ་དེསྎ བཀྲ་ཤིས་གང་ཞིག་སྒྱུ་མའི་དཔེ་བརྒྱད་རང་བཞིན་གྱི། །ལྗོན་ཤིང་ལ་གནས་བྱང་ཆུབ་སེམས་ཀྱི་ཞིང་སྐྱོང་མཆོག །བསམ་གཏན་རི་བོ་ལྷག་མཐོང་རྡོ་རྗེའི་མཆོད་རྟེན་བཅས། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་བྱམས་པའི་ཡན་ལག་སྤྲིན་ཚོགས་འཁྲིགས། ཐུགས་རྗེའི་ཆུ་བོར་རྟག་ཏུ་དགའ་བདེའི་ཀླུ་དབང་གནས། །དངོས་གྲུབ་བརྒྱད་ཀྱི་བདག་ཉིད་གྲུབ་ཆེན་དུ་མ་བཞུགས། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་ཤེས་རབ་སྣང་བའི་མེ་རྣམས་འབར། ཀུན་རྟོགས་སྣ་ཚོགས་དག་པ་སྒྱུ་མའི་རྣམ་འཕྲུལ་གྱི། །མཁའ་ལྡིང་འབྱུང་པོ་ཤ་ཟ་ཡི་དྭགས་རོ་ལངས་རྒྱུ། །བདེན་པ་དེསྎ བཀྲ་ཤིས་གང་ཞིག་རྣམ་ཐར་སྒོ་གསུམ་མཚོན་པ་ཡི། །ཆོས་འབྱུང་དབུས་སོན་དྲི་མེད་པདྨ་འདབ་བརྒྱད་ལྡན། རྟེན་འབྲེལ་བཅུ་གཉིས་དག་པ་སྣ་ཚོགས་རྡོ་རྗེའི་གཞི། །བདེན་པས་དེསྎ བཀྲ་ཤིས་གང་ཞིག་མི་ཤིགས་སྲུང་བའི་འཁོར་ལོ་ནི། །བདེན་གཉིས་ཟུང་འཇུག་རྡོ་རྗེའི་ས་གཞི་ར་བ་གུར། །ཡེ་ཤེས་མེ་ཡི་འོད་ཀྱིས་བདུད་དང་ཉོན་མོངས་སྲེག །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག། ཅེས་བཀྲ་ཤིས་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་ནས་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་བྱའོ། །དེ་ལྟར་རྗེ་བཙུན་མར་རྔོག་གི་ཕྱག་བཞེས་རྡོ་རྗེ་གུར་རིགས་བསྡུས་ཀྱི་ཆོ་ག་འདི་ཡང་། པདྨ་དཀར་པོས་གུར་གྱི་སྲོག་ཤིང་བཞིན་རྩེ་ཆེན་ཕོ་བྲང་དུ་སྦྱར་བ་ཐམས་ཅད་མཆོག་གི་དངོས་གྲུབ་ལ་འཇུག་པའི་སྒོ་ཆེན་པོར་གྱུར་ཅིག གུར་རིགས་བསྡུས། ཀླུ་སྒྲུབ། ཏིལླི། ནཱ་རོ་མར་རྔོག་གཉིས། རམ་རྡོ་རྗེ་གྲགས། བཀའ་ལུང་གཉན་སྒོམ་པ། མངའ་རིས་པ་བྱང་ཆུབ་ཚུལ་ཁྲིམས། རྒྱ་ཕོ་བ་ལུང་བ། བླ་མ་རྒྱལ་བོ་དགའ། བླ་མ་སེང་གེ་སྒྲ། བླ་མ་ཆོས་ཀྱི་རྒྱལ་མཚན། རྔོག་དོན་གྲུབ་དཔལ། བྱང་ཆུབ་དཔལ། རྒྱལ་དབང་རྗེ། ཨ་ཝ་དྷཱུ་ཏི་པ། ཆོས་ཀྱི་གྲགས་པ། བླ་ཆེན་ཚེ་བདག དེས་བདག་ལའོ།། །། དེ་ལྟར་གུར་རིགས་བསྡུས་ཀྱི་ཆོ་ག་ཀུན་མཁྱེན་ཆེན་པོའི་གསུང་སོར་བཞག་དང་། དབང་དང་དཀྱིལ་འཁོར་གྱི་ཆོ་ག་ཀྱེ་རྡོར་ལྷ་དགུའི་སྒྲུབ་དཀྱིལ་དངོས་གྲུབ་གཏེར་མཛོད་ལ་བྱེ་བྲག་དམིགས་བསལ་རྣམས་འདོན་པ་བསྒྱུར་བའི་ཁྱད་པར་ཙམ་དུ་གསུངས་པ་ལྟར་དབང་དང་སྒྲུབ་མཆོད་སོགས་ལ་འཇུག་པ་བདེ་བར་ཁྲིགས་ཆགས་བཀླག་ཆོག་ཏུ་ངག་དབང་མཐུ་སྟོབས་ཚུལ་ཁྲིམས་བསྟན་འཛིན་གྱིས་ཁུངས་ལྡན་གྱི་ཡིག་རིགས་དག་ལ་གོ་བསྟུན་ནས་བཀོད་པའི་དགེ་བས་འགྲོ་ཀུན་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་མཆོག་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousརྡོ་རྗེ་གུར་རིགས་བསྡུས་ཀྱི་ཆོ་ག་དངོས་གྲུབ་འབྱུང་བའི་སྒོ་ཞེས་བྱ་བ་བཀླག་ཆོག་ཏུ་བཀོད་པ།next