Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

20 occurrences of གཏེར་སྲུང་
[Clear Hits]


  
 
  
  
  
  
 
  
 
  
  
 
 
 
  
ཕྲེང་བ་བྱིན་རླབས།
 
  
  
  
  
  
  
 
  
 
  
  
  
  
  
  
 
  
  
  
  
  
  
  
 
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


20 occurrences of གཏེར་སྲུང་
[Clear Hits]

 
previousཕྲེང་བ་བྱིན་རླབས།next

ཕྲེང་བ་བྱིན་རླབས།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་ལས༔ ཀུན་ལ་སྦྱར་དུ་རུང་བ་ཡི༔ སྔགས་ཀྱི་ཕྲེང་བ་བྱིན་རླབས་ནི༔ དངོས་གྲུབ་འབྱུང་བའི་གཏེར་ཁ་ཡིན༔ སྔགས་འདྲེན་རྣལ་འབྱོར་སྙིང་ལ་ཆོངས༔ སྔགས་ཀྱི་དམ་ཚིག་མང་ན་ཡང༔ སྔགས་ཕྲེང་དམ་ཚིག་རྩ་བ་ཡིན༔ ཀུན་གྱི་སྤྱི་ཆིངས་ཨེ་མ་ཧོ༔ ལས་བཞིའི་ཕྲེང་བ་གང་ཡིན་པ༔ བ་ཡི་རྣམ་ལྔ་དྲི་བཟང་དྲུག༔ བསྲེས་པའི་གཙང་ཆུས་ལེགས་བཀྲུས་ཏེ༔ སྭཱ་བྷ་ཝས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་སྔགས་ཕྲེང་དེ༔ ཕྲེང་ཐག་འོད་ལྔའི་ཟེར་ཐིག་ཀློང༔ མདོ་འཛིན་ཡི་དམ་དཔལ་ཆེན་པོ༔ ཕྲེང་བ་འཁོར་གྱི་རྣམ་པར་གསལ༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲང་བསྟིམས༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ས་པ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ན་ཡེ་སྭཱཧཱ༔ དབྱངས་དང་གསལ་བྱེད་རྟེན་འབྲེལ་སྙིང༔ བདུན་བདུན་བརྗོད་པས་སྔགས་ཕྲེང་ལ༔ མེ་ཏོག་འཐོར་ཞིང་རབ་ཏུ་གནས༔ ཤིས་པ་བརྗོད་པས་མཐའ་བརྒྱན་ནོ༔ དེ་ནས་སྔགས་འབྲུ་གཅིག་བགྲང་ཡང༔ བརྒྱ་སྟོང་ཁྲི་འབུམ་འགྱུར་དང་བཅས༔ བྱིན་རླབས་ཡེ་ཤེས་འབྱུང་བར་འགྱུར༔ ས་མ་ཡཱ༔ བཙུན་པ་རིག་འཛིན་དོན་འགྲུབ་ཀྱི༔ ཕྲེང་བ་བྱིན་རླབས་ཆ་རྐྱེན་དུ༔ རྣལ་འབྱོར་ས་ར་ཧི་ཏ་ཡིས༔ ལྷག་བསམ་དག་པས་བྲིས་པ་དགེ༔


previousཕྲེང་བ་བྱིན་རླབས།next