Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

22 occurrences of གསང་ཕུག་
[Clear Hits]


  
 
  
  
 
  
  
 
 
 
 
  
  
  
  
སྤར་བྱང་།
  
  
  
  
  


22 occurrences of གསང་ཕུག་
[Clear Hits]

 
previousསྤར་བྱང་།next

སྤར་བྱང་།


LT38_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤཱཀྱ་མུ་ན་ཡེ། མཚན་གྱི་ཡི་གེས་མཛེས་པས་མི་མཇེད་ཀྱི། །ཞིང་གི་ཡོན་ཏན་རིན་ཐང་མེད་མཛད་པ། །ཐབས་མཁས་ཐུགས་རྗེ་ཆེ་ལྡན་ཤཱཀྱའི་རྒྱལ། །ཆོས་དང་འཕགས་པའི་དགེ་འདུན་བཅས་ལ་འདུད། ༡ །དོན་དམ་ཅི་ཡང་མ་གསུངས་གདུལ་བྱ་ཡི། །སྣང་ངོར་གང་གསུང་ཡན་ལག་དྲུག་ཅུའི་དབྱངས། །རྟག་ཏུ་ངེས་དོན་བདུད་རྩིའི་ཆར་ཕབ་ཀྱང་། ཁམས་དབང་མོས་པའི་སྣོད་ཀྱི་ཁྱད་པར་ལས། ༢ །ཐེག་གསུམ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་དུ། །སྣང་ཀུན་དགེ་བ་སུམ་ལྡན་བགྲོད་པ་གཅིག །སྒྲོན་མེ་གཞན་གྱིས་སྤངས་པའི་རྩོད་ལྡན་གླིང་། །འདུལ་མཛད་ཐུགས་བསྐྱེད་གོ་ཆའི་ཁྱད་པར་ཡིན། ༣ །དབང་པོ་རབ་ཀྱི་དབང་བྱས་དངོས་པོ་ལྔ། །རང་བཞིན་གསུམ་དང་ཚོགས་བརྒྱད་བདག་མེད་གཉིས། །གཏན་ལ་ཕབ་ནས་རིག་ལམ་འབྲས་བུའི་ཚུལ། །ཇི་བཞིན་སྟོན་པ་ཐེག་ཆེན་མདོ་ཡི་སྡེ། ༤ །ཟབ་ཅིང་རྒྱ་ཆེའི་གནས་རྣམས་ཚིག་ཉུང་ངུས། །ཡོངས་རྫོགས་དོན་སྟོན་མདོ་སྡེ་གསལ་བའི་རྒྱན། །རྒྱལ་ཚབ་སར་བཞུགས་བྱམས་ཆེན་འགྲོ་བའི་མགོན། །མཁྱེན་གཉིས་སྣང་བ་རྒྱས་པའི་དཔལ་ལས་གྲུབ། ༥ །རྒྱལ་བས་འོད་བྱེད་སར་གནས་ལུང་བསྟན་ཅིང་། །ཛམ་གླིང་མཛེས་པའི་རྒྱན་གྱུར་འཕགས་པ་ཆེ། །ཐོགས་མེད་ཞབས་ཀྱིས་བསྒྲུབ་པས་གྲུབ་པའི་


LT38_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས། །མ་ཕམ་ཞལ་གྱི་བདུད་རྩི་དངོས་སུ་ནོད། ༦ །ཛམྦུའི་གླིང་འདིར་ཐེག་ཆེན་ཐུན་མིན་ཚུལ། །འདྲེན་པའི་ཤིང་རྟ་མཆོག་གྱུར་དགོངས་འགྲེལ་དུ། །བྱང་ས་གཙོ་གྱུར་ལེགས་བཤད་པདྨོའི་ཚལ། །ཀུན་མཁྱེན་དབྱིག་གཉེན་སོགས་ཀྱིས་རྒྱས་པར་མཛད། ༧ །སྨོན་ལམ་མཐུ་ཡིས་གངས་ཅན་མུན་གླིང་དུ། །རྒྱལ་བསྟན་ཉིན་བྱེད་འདྲེན་མཛད་བཀའ་དྲིན་ཅན། །ལོ་པ་རྣམས་ཀྱིས་གཞུང་འདི་ལེགས་བསྒྱུར་ཅིང་། །འཆད་ཉན་འགྲེལ་བྱེད་དག་ཀྱང་མང་དུ་བྱུང་། ༨ །སྔོན་བྱེད་གང་ཟག་ཚད་མར་ཡོངས་གྲགས་ཤིང་། །བསྟན་བཅོས་གོ་སླ་དོན་བཟང་དབྱིངས་ཆེ་བས། །རིས་མེད་མཁས་པས་དང་དུ་བླང་འོས་པ། །རྒྱལ་སྲས་ཐོགས་མེད་འགྲེལ་པ་རིན་ཆེན་ཕྲེང་། ༩ །བློ་ལྡན་སྐྱེ་བོའི་མགུལ་པ་མཛེས་ཕྱིར་དང་། །རྒྱལ་དང་རྒྱལ་སྲས་གསུང་རབ་འཕེལ་རྒྱས་བསླད། །ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་པོ་ཡིས། །བཀའ་ལུང་དཔྱིད་ཀྱི་དབྱངས་སྙན་བསྲིངས་པ་ལས། ༡༠ །དད་དང་ལྷག་བསམ་གཏོང་ཕོད་རིགས་ལ་སོགས། །ཡོན་ཏན་བརྒྱད་ལྡན་སྡེ་བཞི་དགེ་བཅུ་ཡི། །ས་སྐྱོང་དབང་མོ་མ་ཡུམ་མཆོག་ཉིད་ཀྱི། །རྣམ་དཀར་མཛད་པའི་རྒྱ་མཚོ་ཆེན་པོ་ལས། ༡༡ །སྐུ་གསུང་ཐུགས་རྟེན་ནོར་བུའི་གྲམ་བུ་ཆ། །ནོར་འཛིན་བཅུད་དུ་བརྡལ་བའི་ཆ་ཤས་སུ། །ངོ་མཚར་ཡི་གེའི་ཕྱི་མོའི་


LT38_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་འདི་ཡང་། །རྒྱལ་ཁབ་ཆོས་མཛོད་ཆེན་པོའི་རྒྱན་དུ་བསྐྲུན། ༡༢ །ཐེག་ཆེན་མདོ་སྡེ་འབྲི་འཆང་ཀློག་པ་ཡི། །བསོད་ནམས་ཇི་སྙེད་འདི་ལའང་མངའ་བའི་ཕྱིར། །དེ་དག་འབྲེལ་བཅས་བྱང་ཆུབ་མཆོག་གི་རྒྱུར། །རྒྱལ་བས་ཇི་ལྟར་བསྔོས་བཞིན་འགྲུབ་གྱུར་ཅིག ༡༣ །སྐྱེ་བ་ཀུན་ཏུ་ཐེག་ཆེན་ཆོས་མཛོད་འཛིན། །དམ་པའི་རིགས་སད་བཟང་པོ་སྤྱོད་ལ་ཞུགས། །ཞིང་ཁམས་ཡོངས་སུ་སྦྱངས་ནས་མི་སློབ་པའི། །ལམ་མཆོག་མཐར་ཕྱིན་སྐུ་གསུམ་མངོན་གྱུར་ཤོག ༡༤ །བསྟན་རྩ་རྒྱལ་ཁམས་འགྲོ་བའི་བདེ་སྐྱིད་འཕེལ། །བསྟན་པ་རིས་མེད་དར་རྒྱས་ཡུན་དུ་གནས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རྟག་བརྟན་ཅིང་། །བསྟན་པའི་སྙིང་པོར་འགྲོ་ཀུན་འཇུག་གྱུར་ཅིག ༡༥ །ཅེས་པའང་མ་ཡུམ་མཆོག་དེས་གསུང་བསྐུལ་ངོར་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ།། །།


previousསྤར་བྱང་།next