Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
   
   
   
   
   
   
   
བཤད་པ་ཡོངས་སུ་རྫོགས་པའི་བྱ་བ།
   


 
previousབཤད་པ་ཡོངས་སུ་རྫོགས་པའི་བྱ་བ།next

བཤད་པ་ཡོངས་སུ་རྫོགས་པའི་བྱ་བ།

གསུམ་པ་བཤད་པ་ཡོངས་སུ་རྫོགས་པའི་བྱ་བ་ནི་མཛད་བྱང་སྨོས་པ་ལ་སོགས་ཏེ་གོ་སླའོ། །ཚུལ་འདིར་སྒོ་གསུམ་འབད་སོགས་རྣམ་དཀར་འབྲས། །ཇི་སྙེད་མཆིས་ཀུན་ཡོངས་སུ་སྨིན་པའི་མཐུས། །རིགས་ཀུན་ཁྱབ་བདག་དོན་གྱི་ཐམས་ཅད་མཁྱེན། །སྐལ་བཟང་རྒྱ་མཚོ་བསྐལ་བརྒྱར་ཞབས་བརྟན་ཤོག །ལུང་རིགས་རྒྱ་མཚོའི་གྲུ་རྫིངས་ལ་ཞུགས་ཏེ། །མཁྱེན་གསུམ་ནོར་བུའི་ཕྲེང་བ་སྦྱོར་བ་བཞིའི། །སྲད་བུར་རྣམ་དཔྱོད་བློ་ཡིས་བརྒྱུས་ཟིན་གྱིས། །བློ་གསལ་སྒེག་མོའི་རྒྱན་དུ་ད་ལོངས་ཤིག །སྨྲ་བསམ་བརྗོད་འདས་ཕ་རོལ་ཕྱིན་པའི་དོན། །ཤིང་རྟའི་སྲོལ་འབྱེད་ཟུང་གིས་གསལ་བྱས་གང་། །སྐུ་གསུམ་གཏན་ལ་འབེབས་བྱེད་ཉེར་ལེན་དུ། །མཚུངས་མོད་སྦས་དོན་མངོན་རྟོགས་ཚུལ་གྱིས་འཕགས། །རྒྱ་ཆེན་ཐོས་པའི་ཆུ་གཏེར་མ་བརྒལ་ཡང་། །བླ་མའི་དྲིན་གྱིས་བདག་རྒྱུད་བྱིན་རླབས་པས། །ཤེར་ཕྱིན་ཉུང་ངུའི་ཚིག་གིས་གསལ་བྱས་གང་། །ཤེས་རབ་གསུམ་གྱི་ཞིང་ས་གཤིན་པོ་རུ། །དངོས་བརྒྱད་ལུས་ཀྱི་ལྗོན་ཤིང་རྩ་བ་བརྟན། །མཚོན་བྱེད་ཡན་ལག་མེ་ཏོག་བདུན་ཅུའི་གྲངས། །ལྡན་པའི་རྒྱན་འགྲེལ་སྡོང་པོ་གཡུར་ཟ་བ། །བློ་ལྡན་འཆི་མེད་སྒེག་མོའི་དཔལ་དུ་བསྐྲུན། །ཚུལ་འདིར་མ་རྟོགས་ལོག་རྟོག་ནོངས་པའི་ཆ། །འཕགས་དང་མཁས་པའི་ཚོགས་ཀྱིས་བཟོད་མཛད་རིགས། །འདི་ལས་རྣམ་དཀར་དགེ་ཚོགས་གང་མཆིས་མཐུས། །འགྲོ་ཀུན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །


previousབཤད་པ་ཡོངས་སུ་རྫོགས་པའི་བྱ་བ།next