Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

48 occurrences of གཙང་
[Clear Hits]


  
  
  
  
  
  
 
  
  
 
 
27   
  
  
སྒྲོལ་མའི་བསང་མཆོད། རྗོ་རྗེ་གྲགས་པ།
  
 
  
  
 
 
 
 
  
  


48 occurrences of གཙང་
[Clear Hits]

 
previousསྒྲོལ་མའི་བསང་མཆོད།རྗོ་རྗེ་གྲགས་པ།next

སྒྲོལ་མའི་བསང་མཆོད།
རྗོ་རྗེ་གྲགས་པ།

ཏྃཿ སངས་རྒྱས་ཀུན་གྱི་ཡུམ་གཅིག་རྗེ་བཙུན་མ། །ཉི་ཤུ་རྩ་གཅིག་ལྷ་མོའི་ཚོགས་དང་བཅས། །ཞི་ཁྲོ་རབ་འབྱམས་ལས་ཀུན་སྒྲུབ་མཛད་མ། །འཁོར་བཅས་གནས་འདིར་སྤྱན་འདྲེན་ད་ཚུར་བྱོན། །དངོས་བཤམས་ཡིད་སྤྲུལ་ལྷ་མིའི་འདོད་ཡོན་དང༌། །བསང་དང་གཏོར་མ་རྫས་ཀྱི་མཆོད་པ་འབུལ། །སྒྲོལ་མ་ཉེར་གཅིག་བསང་ཞིང་བསྐང་བས་མཐུས། །ཁྱད་པར་ཡུལ་ཕྱོགས་དགོན་གནས་འདི་ཉིད་དང༌། །རྣལ་འབྱོར་བདག་ཅག་དཔོན་སློབ་ཐམས་ཅད་ལ། །མི་མཐུན་ཉེར་འཚེ་མ་ལུས་ཞི་བར་མཛོད། །ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས་པ་དང༌། །མདོར་ན་བདག་ཅག་དཔོན་སློབ་ཡོན་མཆོད་ལ། །མཐུན་འཇུག་མངའ་ཐང་ཆབ་སྲིད་བསྟན་པ་དང༌། །བསྟན་འཛིན་སྐུ་ཚེ་ཡར་ངོའི་ཟླ་ལྟར་འཕེལ། །ཡོན་ཏན་རླུང་རྟ་སྙན་གྲགས་རབ་རྒྱས་ཤིང༌། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་རཱ་ལོ་ཙ་པ་རྡོ་རྗེ་གྲགས་པས་མཛད་པའོ། །དགེའོ། །


previousསྒྲོལ་མའི་བསང་མཆོད།རྗོ་རྗེ་གྲགས་པ།next