Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།

36 occurrences of གཏེར་སྲུང་
[Clear Hits]


 
  
  
  
 
  
  
  
  
  
  
  
 
  
  
 
སྐྱེས་བུ་ཆེན་པོའི་མངའ་གསོལ།
  
  
  
 
 
 
  
  
  
  
  
  
  
  
 
 
 
 
 
 
  
  
 
  
 
 
  
 


36 occurrences of གཏེར་སྲུང་
[Clear Hits]

 
previousསྐྱེས་བུ་ཆེན་པོའི་མངའ་གསོལ།next

སྐྱེས་བུ་ཆེན་པོའི་མངའ་གསོལ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྐྱེས་བུ་ཆེན་པོའི་མངའ་གསོལ་བཞུགསཿ དཔལ་ཆེན་པོ་ཧེ་རུ་ཀ༔ ལ་ཕྱག་འཚལ་ལོ༔ སྐྱེས་བུ་ཆེན་པོ་མཆོད་ཅིང་མངའ་གསོལ་པའི་རིམ་པ་ནི༔ བཤོས་བུ་ཛ་གད་ཤ་སྣ་སྙིང་སྣ་རིན་ཆེན་བརྡར་བའི་གསེར་སྐྱེམས་འབྲུ་སྣ་སྤོས་སོགས་ཚོགས་ཚད་བཤམས༔ འབོད་སྔགས་ཀྱིས་ཁུག་པར་འབོདཿ ར་གསུར་གཏོང་ཞིང་རྔ་གླིང་རོལ་མོ་འཁྲོལ་ཏེ་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ གསང་བདག་གཏུམ་པོའི་ཐུགས་ལས་སྤྲུལ༔ རྡོ་རྗེ་ཐོད་ཕྲེང་དམ་ཚིག་ཅན༔ རིག་འཛིན་ཡོངས་ཀྱི་དགྲ་ལྷ་ཆེ༔ སེར་ཆགས་ཡོངས་ཀྱི་སྲུང་མ་མཆོག༔ བླ་མེད་བཀའ་ཡི་བྱ་ར་བ༔ previous hit གཏེརསྲུང next hit་ཆེན་པོ་རྡོ་རྗེ་འབར༔ མགར་བ་ནག་པོ་གཤེགས་སུ་གསོལ༔ ཨ་ཇོ་ཆེན་པོ་གཤེགས་སུ་གསོལ༔ དགྲ་ལྷ་ཆེན་པོ་གཤེགས་སུ་གསོལ༔ སྐྱེས་བུ་ཆེན་པོ་གཤེགས་སུ་གསོལ༔ ཚོང་དཔོན་ཆེན་པོ་གཤེགས་སུ་གསོལ༔ ཇག་དཔོན་ཆེན་པོ་གཤེགས་སུ་གསོལ༔ དམག་དཔོན་ཆེན་པོ་གཤེགས་སུ་གསོལ༔ ཐུགས་ཀྱི་དགྱེས་སྡེ་གངས་དཀར་སྨན༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ འཁོར་གྱི་སྡེ་བརྒྱད་ཐམས་ཅད་དང་༔ སྤྲུལ་པ་སུམ་བརྒྱ་དྲུག་ཅུའི་ཚོགས༔ ཐམས་ཅད་མ་ལུས་གཤེགས་སུ་གསོལ༔ དུར་ཁྲོད་གསང་བའི་ཕོ་བྲང་འདིར༔ བྷ་ལིང་གཏོར་མ་རི་ལྟར་སྤུང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ མཾ་ས་ཤ་ཆེན་རྫ་ལྟར་སྙིལཿ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ རཀྟའི་ཨརྒྷཾ་མཚོ་ལྟར་བསྐྱིལ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ ཛ་གད་སྨན་མཆོག་རྫིང་ལྟར་བསགས༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ ཙིཏྟ་སྙིང་སྣ་གྲམ་ལྟར་སྤུང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ བྷ་སུ་རྒྱུ་མ་ཞགས་ལྟར་བྲེས༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ ཤྭ་ཏྲ་རྣམ་ལྔ་སྐར་ལྟར་བཀྲམ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ གོ་རོ་ཙ་ན་འདམ་ལྟར་བསྲུབ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ མི་ལྤགས་གཡང་གཞི་ཐང་ལྟར་བཀྲམ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ གསུར་ཆེན་དུད་པ་སྤྲིན་ལྟར་གཏིབ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ ཞུན་ཆེན་མར་མེ་ཉི་ལྟར་འབར༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ རྔ་དུང་རོལ་མོ་འབྲུག་ལྟར་ལྡིར༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ ཕྱི་ནང་མཆོད་རྫས་བཀོད་རེ་ལེགས༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ རིན་ཆེན་འབྲུ་ནོར་རྒྱ་རེ་ཆེ༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ ར་སྐྱེས་ཁམ་པ་འགྱིང་རེ་བཟང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ བྱ་རོག་རྒྱལ་མཚན་ལྷུན་ཆེ་ཆགས༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ མདའ་མོ་སྨྱུག་རྒོད་མདངས་རེ་ལེགས༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ དར་ཚོན་སྤྱན་གཟིགས་ནམ་མཁའ་གང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ གོ་མཚོན་རལ་གྲིས་ས་གཞི་གང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ བ་དན་རྒྱལ་མཚན་བར་སྣང་གང་༔ དམ་ཅན་སྐྱེས་བུ་འཁོར་དང་བཅས༔ མཆོད་ཅིང་བསྟོད་དོ་མངའ་གསོལ་ལོ༔ མངའ་གསོལ་བྱས་སོ་གཟི་བརྗིད་བསྐྱེད༔ མངའ་གསོལ་བྱས་སོ་དབུ་འཕང་བསྟོད༔ མངའ་གསོལ་བྱས་སོ་མཐུ་མ་ཆུང་ཿ མངའ་གསོལ་བྱས་སོ་སྟོབས་མ་ཞན༔ མངའ་གསོལ་བྱས་སོ་རྩལ་མ་ཆུང་༔ མངའ་གསོལ་བྱས་སོ་ཕྲག་མ་དོག༔ མངའ་གསོལ་བྱས་སོ་བང་མ་བུལ༔ མངའ་གསོལ་བྱས་སོ་བརྗིད་མ་ཆུང་༔ མངའ་གསོལ་བྱས་སོ་མདངས་མ་ངན༔ མངའ་གསོལ་བྱས་སོ་དཔུང་མ་ཉུང་༔ མངའ་གསོལ་བྱས་སོ་ལས་མ་འགྱང་༔ མངའ་གསོལ་བྱས་སོ་རྟགས་མ་རིང་༔ མངའ་གསོལ་བྱས་སོ་ངང་མ་རིང་༔ མངའ་གསོལ་བྱས་སོ་དམ་ལ་དགོངས༔ མངའ་གསོལ་བྱས་སོ་ཆེད་དོན་སྒྲུབས༔ མངའ་གསོལ་བྱས་སོ་འཕྲིན་ལས་མཛོད༔ དགྱེས་སྡེ་ཡུམ་རྣམས་མངའ་གསོལ་ལོ༔ འཁོར་ཚོགས་སྡེ་བརྒྱད་མངའ་གསོལ་ལོ༔ བསྟན་མ་ལས་བྱེད་མངའ་གསོལ་ལོ༔ སྤྲུལ་པ་ཡང་སྤྲུལ་མངའ་གསོལ་ལོ༔ མཆེད་ཟླ་འཁོར་བཅས་མངའ་གསོལ་ལོ༔ ཕོ་ཉའི་ཚོགས་རྣམས་མངའ་གསོལ་ལོ༔ ཟ་བྱེད་ཚོགས་རྣམས་མངའ་གསོལ་ལོ༔ གསོད་བྱེད་ཚོགས་རྣམས་མངའ་གསོལ་ལོ༔ དམ་ཅན་རྒྱ་མཚོ་མངའ་གསོལ་ལོ༔ བསྟན་བསྲུང་རྒྱ་མཚོ་མངའ་གསོལ་ལོ༔ མཆོད་ཅིང་མངའ་གསོལ་བྱས་པའི་མཐུས༔ སྔོན་ཚེ་ཨོ་རྒྱན་སྤྱན་སྔ་རུ༔ ཁས་བླངས་དམ་ཚིག་རྗེས་དགོངས་ལ༔ དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས༔ བླ་མེད་བཀའ་ཡི་བྱ་ར་མཛོད༔ གཙུག་ལག་ཁང་གི་བསྲུང་མ་མཛོད༔ རིག་འཛིན་ཡོངས་ཀྱི་སྲོག་ཤིང་མཛོད༔ རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་མཛོད༔ དུག་གསུམ་ནད་ཀྱི་སྨན་པ་མཛོད༔ ཉིན་མཚན་དུས་དྲུག་མེལ་ཚེ་མཛོད༔ གཞི་བྱེས་ཀུན་ཏུ་སྡོངས་གྲོགས་མཛོད༔ དགྲ་བགེགས་ཟློག་ལ་ཉམས་པ་སྒྲོལ༔ གོད་ཀ་ཟློག་ལ་རྐྱེན་ངན་སོལ༔ ནད་ཡམས་ཟློག་ལ་འཆི་བ་བཤོལ༔ བྱད་ཁ་ཟློག་ལ་རྦོད་གཏོང་བསྒྱུར༔ སྲིའུ་གསོས་ལ་ཆུང་སྲི་སོད༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བར་ཆད་ཐམས་ཅད་ཞི་བར་མཛོད༔ དངོས་གྲུབ་མ་ལུས་དུས་འདིར་སྩོལ༔ བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་སྔགས་བཀའ་ཡི་སྲུང་མ་འདི༔ སྲུང་མ་ཀུན་གྱི་མཐར་ཐུག་ཡིན༔ མཆོད་ཅིང་གསོལ་ཁ་འདིར་འབད་ན༔ འགོ་ཞིང་སྡོངས་གྲོགས་ངེས་པར་བྱེད༔ བསྒྲུབ་སོགས་ཚུལ་བཞིན་དགོས་རྒྱུ་ཆུང་༔ ཅི་ཕྱིར་འདི་ནི་རྡོ་རྗེ་འཛིན༔ ལས་སྤྲུལ་བཀའ་ཡི་ཕོ་ཉ་ཆེ༔ དེ་ཕྱིར་གཏེར་ཆེན་མང་པོ་བཅོལ༔ ཁྱད་པར་འཁོར་ལོ་བདེ་མཆོག་གི༔ བཀའ་ཡི་བསྲུང་མ་འདི་ཁོ་ན༔ ཟབ་ཕྱིར་རིན་ཆེན་གཏེར་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་ཉི་མ་གྲགས་པའི་གཏེར་མའོ། །མངྒ་ལཾ། །


previousསྐྱེས་བུ་ཆེན་པོའི་མངའ་གསོལ།next