Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
རྡོ་རྗེ་ཅོད་པཎ་ནོར་བུའི་རྒྱུད་ཀྱི་རྒྱལ་པོའི་སྨོན་ལམ་ཡོངས་འདུས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྡོ་རྗེ་ཅོད་པཎ་ནོར་བུའི་རྒྱུད་ཀྱི་རྒྱལ་པོའི་སྨོན་ལམ་ཡོངས་འདུས།next

རྡོ་རྗེ་ཅོད་པཎ་ནོར་བུའི་རྒྱུད་ཀྱི་རྒྱལ་པོའི་སྨོན་ལམ་ཡོངས་འདུས།

དག་སྣང་ཌཱཀྐིའི་བརྡ་མཛོད་ལསཿ རྡོ་རྗེ་ཅོད་པཎ་ནོར་བུའི་རྒྱུད་ཀྱི་རྒྱལ་པོའི་སྨོན་ལམ་ཡོངས་འདུས་བཞུགསཿ ན་མོ་གུ་རུ་བཛྲ་ཌཱཀྐི་ཎི་ཡེཿ སྐྱབས་གནས་བསླུ་མེད་བླ་མ་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་སྐྱབས་མཆོག་ལཿ བདག་གི་སྨོན་ལམ་འགྲུབ་པའི་དཔུང་མཛོད་ཅིགཿ བསླུ་མེད་གཏན་གྱི་སྐྱབས་གཅིག་རྗེ་བཙུན་མཿ ཀྱེ་མཿ རང་བཞིན་སྟོང་གསལ་མཁའ་སྤྱོད་དག་པའི་ཞིངཿ ལྷག་མཐོང་སྣང་ཆའི་རིག་རྩལ་གཞལ་མེད་དབུསཿ རྒྱལ་ཀུན་ཡོངས་འདུས་རྗེ་བཙུན་རྣལ་འབྱོར་མཿ མི་མངོན་དབྱིངས་ནས་གནས་འདིར་ད་གཤེགས་ཤིགཿ འཇིགས་རུང་ལྔ་བདོའི་སྡུག་བསྔལ་གདུང་བའི་ཚེཿ ཉམས་ཐག་བཟོད་མེད་ཤུགས་ཀྱིས་འོ་དོད་འབོདཿ སྐྱབས་མཆོག་ཁྱེད་ཀྱི་ཐུགས་རྗེས་ད་ཟུངས་ཤིགཿ ཡེ་ནས་རྒྱལ་ཡུམ་ལྷན་སྐྱེས་ཌཱཀྐི་ཁྱོདཿ མཆོག་བསྒྲུབ་བདག་གིས་དཔྲལ་བའི་ཐིག་ལེ་འདིཿ མངོན་སུམ་འཕོས་ཚེ་རྗེས་བཟུང་ཚེ་འདིར་ལུསཿ བརྟན་གཡོ་འཁོར་འདས་དབང་མོའི་བྷ་གའི་སྦུབསཿ ཟུང་འཇུག་བདེ་སྟོང་མཆོག་གི་ས་ཐོབ་ཤོགཿ དེ་བཞིན་རབ་འབྲིང་གྲོལ་བར་མ་ནུས་ནཿ སྐད་ཅིག་སྟོང་གསལ་འཇའ་འོད་ནམ་མཁའི་དབྱིངསཿ དཔའ་བོ་དཔའ་མོས་དགྱེས་བཞིན་བྲོ་གར་འཁྲབཿ སྣ་ཚོགས་སྒྲ་སྙན་རོལ་མོ་རྡོ་རྗེའི་གླུཿ ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་རྗེ་བཙུན་མཿ ཉམས་དང་རྨི་ལམ་ཁྱེད་ཀྱིས་ཞལ་གཟིགས་ནསཿ མཛུབ་མོ་ནས་ཁྲིད་དག་པ་མཁའ་སྤྱོད་ཞིངཿ དབྱེར་མེད་གཅིག་རྫོགས་ཌཱཀྐིའི་ས་ཐོབ་ཤོགཿ གལ་ཏེ་ཚེ་འདིར་གྲོལ་བར་མ་གྱུར་ནཿ འཆི་ཁ་གནད་གཅོད་སྡུག་བསྔལ་རང་ཞི་ནསཿ བེམ་རིག་བྲལ་ནས་བར་དོར་བགྲོད་པའི་ཚེཿ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མངོན་སུམ་བྱོནཿ རིག་འཛིན་དཔའ་བོ་མཁའ་འགྲོས་མདུན་བསུས་ནསཿ དག་པ་མཁའ་སྤྱོད་ཞིང་དེར་འཕོ་བར་ཤོགཿ ཁྱད་པར་བདག་དང་འབྲེལ་ཐོགས་སེམས་ཅན་ཀུནཿ རྗེ་བཙུན་ཁྱེད་ཀྱིས་རྗེས་སུ་མྱུར་བཟུང་སྟེཿ ལྷན་ཅིག་དག་པའི་གནས་མཆོག་མཁའ་སྤྱོད་ཞིངཿ འཇའ་ལུས་འཕོ་ཆེན་ཀློང་དུ་སངས་རྒྱས་ཤོགཿ ས་མ་ཡཱཿ ཨེ་མཿ ལྔ་བདོའི་དུས་ཀྱི་ཐ་མ་ནཿ སྐལ་ལྡན་སྨོན་ལམ་དབང་གིས་ནིཿ དགོངས་རྒྱ་གྲོལ་ཏེ་དུས་བབས་ཚེཿ ཡེ་ཤེས་རྡོ་རྗེའི་ཅོད་པཎ་འདིཿ གདབ་པ་པོ་ཡི་གང་ཟག་དེཿ འདི་དང་ཕྱི་མ་བར་དོ་རུཿ གྲོལ་བར་འགྱུར་རོ་གདོན་མི་ཟཿ འདི་ནི་བཀའ་སྲུང་རྒྱ་མཚོར་གཏདཿ ས་མ་ཡཱཿ ཅེས་བསྐལ་པ་མེ་སྟག་ལོར་བོད་ཡུལ་རང་སྐྱོང་ལྗོངསཿ རྫོང་ཁག་བཅུ་གསུམ་གྱི་ཁྲིམས་ཁངཿ མོན་བུན་རྫོང་གི་ཉེ་འདབསཿ རི་བོ་ཅ་ཧྲན་འདབས་ཕྱོགས་ནས་བདག་གིས་གདུང་བའི་ཤུགས་ཀྱིས་མཆི་མ་འཁྲུགས་བཞིན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསོལ་འདེབས་དང་སྨོན་ལམ་གྱིས་མཚམས་སྦྱར་སྐབསཿ ཆོས་དབྱིངས་ནམ་མཁའི་བརྡ་མཛོད་ལས་ཞལ་ཕྱེས་ཏེ་གར་དབང་བདེ་མཆོག་གླིང་པས་དག་པར་ཕབ་པའོཿ


previousརྡོ་རྗེ་ཅོད་པཎ་ནོར་བུའི་རྒྱུད་ཀྱི་རྒྱལ་པོའི་སྨོན་ལམ་ཡོངས་འདུས།next