སྤར་ཁའི་ཟབ་བཅོས།
ཟམ་བཅོས་བཞུགས་སོ། །ༀ་གུ་རུ་ཨརྱ་མཉྫཤྲཱི་ཡ། རྒྱ་རྒྱ་རྒྱ། ན་མོ་གུ་རུ་མཉྫཤྲཱི་ཡེ། སྤར་ཁ་ཁཾ་སོགས་ལ་སྤུངས་དང་མང་པོ་སྤུངས་ན། ཟམ་བགོས་བྱས་ན་སྣོད་ནི་ཆེ་བའི་ནང། །ཟམ་ནི་དཀར་ནག་བཙུགས་ལ་ཆུ་ཡིས་བཀང་། །ངར་མི་དཀར་ནག་ཆངས་བུ་ལོ་གྲངས་སམ། །བརྒྱ་དང་དྲི་གླུད་གོས་དུམ་བཀོན་པ་བཤམས། །ཆུས་བྲན་ཟམ་སྔས་ཡོན་བདག་ཕོ་མོ་ལ། །བྱིན་རླབས་ཅི་མཐུན་རུང་། ཧཱུྃ། ང་ནི་འཇམ་དཔལ་དམར་སེར་ཡིན༔ ཡོན་བདག་སྤར་ཁ་ཆུ་ལ་སྤུངས༔ ཆུ་ཟམ་ནག་པོ་གསུམ་སྤུང་འདི༔ བར་མ་དག་ལ་གནོད་བྱེད་རྣམས༔ སྐད་ཅིག་ཁུག་ལ་གླུད་གཏོར་་བཞེས༔ གཤིན་ཟམ་ནག་པོ་བཙུགས་པ་ཡི༔ ཡི་དམ་ཕྱག་མཚན་རལ་གྲིས་གཏུབས༔ ངར་མི་ནག་པོ་ཆུ་ལ་སྒྱུར༔ གནོད་བྱེད་རང་དེངས་མ་གནོད་ཅིག༔ ཡོན་བདག་མི་དང་གླུད་བརྗེའོ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཧཱུྃ༔ རྒྱུ་འབྱོར་ཡོན་བདག་འཁོར་བཅས་ལ༔ འབྱུང་བ་ཆུ་ཡི་གནོད་པ་དང་༔ འཆི་བདག་ནག་པོ་ཟིན་པ་དང་༔ ལྷ་སྲིན་སྡེ་བརྒྱད་ཟམ་པ་རྣམས༔ ཡི་དམ་ཕྱག་མཚན་རལ་གྲིས་གཏུབ༔ ངར་མི་ནག་པོ་ཆུ་ལ་སྒྱུར༔ གནོད་བྱེད་རང་དེངས་མ་གནོད་ཅིག༔ ཡོན་བདག་མི་དང་གླུད་བརྗེའོ༔
འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཧཱུྃ༔ མོ་ངན་རྨི་ལམ་ངན་པ་དང་༔ ཆུ་ནད་ཆུ་འདྲེ་ཐབ་གཞོབ་དང་༔ རྐྱེན་ལས་བྱུང་བའི་ཟམ་ཐུག་དང་༔ ཕོ་མོ་སྤར་ཁ་ཟམ་ཐུག་རྣམས༔ ཡི་དམ་ཕྱག་མཚན་རལ་གྲིས་གཏུབ༔ ངར་མི་ནག་པོ་ཆུ་ལ་སྒྱུར༔ གནོད་བྱེད་རང་དེངས་མ་གནོད་ཅིག༔ ཡོན་བདག་མི་དང་གླུད་བརྗེའོ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཅེས་ཟམ་པ་གྲིས་གཏུབ་ལ་གླུད་ཆུ་ཡི་ནང་དུ་བསྐྱལ། ཕོ་མོ་ཟམ་ཐུག་ཞག་གསུམ་མི་གཏུག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་གསེར་འཕྱང་གི་ལོ་ལ་འཇམ་དཔལ་དམར་སེར་གྱིས་དངོས་སུ་གསུངས་སོ།། །།