Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གཉན་ཆེན་མཐའ་ལ་གཏད་པ་དང་། མཐའ་གཏད་ཆུའི་གཟེར་བུ་གཉིས།
   
   
   
   
   
   


 
previousགཉན་ཆེན་མཐའ་ལ་གཏད་པ་དང་། མཐའ་གཏད་ཆུའི་གཟེར་བུ་གཉིས།next

གཉན་ཆེན་མཐའ་ལ་གཏད་པ་དང་། མཐའ་གཏད་ཆུའི་གཟེར་བུ་གཉིས།


CMR052_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

༼ཕ༽ །གཉན་ཆེན་མཐའ་ལ་གཏད་པ་དང་། མཐའ་གཏད་ཆུའི་གཟེར་བུ་གཉིས་བཞུགས་སོ། །


CMR052_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ན་པཱ་ར་མི་ཏཱ་ཡེ། ཡུམ་ཆེན་ཌཱཀིའི་ཚོགས་ལ་ཕྱག་འཚལ་ནས། །གཅོད་ཀྱི་མཐའ་གཏད་ཕྱག་ལེན་གསལ་བཀོད་བྲི། །ཌཱཀི་ཆོས་བདག་རྣམས་ཀྱིས་གནང་བ་སྩོལ། །དེ་ཡང་རི་ཁྲོད་འགྲིམ་པའི་རྣལ་འབྱོར་པས། །ལྷོང་གསུམ་འདྲེས་པའི་ནུབ་མོ་ལ། །ལུས་གདོན་གནས་ལ་གཏད་པའི་ཕྱིར། །མི་བྱེད་ཁ་མེད་འདི་ལྟར་བྱ། །ཞེས་གསུངས་པས་རང་ན་བའམ། ནད་པའི་དོན་དུ་གཅོད་ཚོགས་ཞག་འགའ་བྱས་པས། ཕྱི་ལྷོང་ལྷ་འདྲེའི་རྟགས་རྩུབ་པ་དང་། ནང་ལྷོང་ནད་པ་ཐུ་བ་དང་། གསང་ལྷོང་ཉོན་མོངས་ཆེར་སྐྱེས་པ་དང་། གནས་གདོན་ལུས་གདོན་རྣམས་ཀྱི་རྨིས་ལྟས་ཆེར་སོང་ན་འདི་བྱའོ། །ལྷོང་མ་བྱུང་བར་བྱས་ན་ཕན་མི་ཐོགས། ལྷོང་བྱུང་ཡང་མ་བྱས་ན་ཆོད་མི་ཐུབ་


CMR052_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། ས་མཚམས་ཟིན་པ་གལ་ཆེ། བཅའ་ཐབས་ལ། ནད་པ་ཁག་ཆེ་བ་ཡིན་ན་སྤེན་ནེའམ་སུ་རུའམ་ཤིང་སྤྱན་གང་རུང་ལ། ནད་པའི་ལུས་ཚད་ཁྲེས་ལུ་བཅིངས། དེའི་གསེབ་ཏུ་ནད་པའི་ལུས་བཀྲུས་ཁུ་བས་བརྫིས་ཤིང་ནད་པའི་ཆངས་བུ་བརྒྱའམ་ལོ་གྲངས་བཅུག །ཡོད་ན་ཤ་དུམ་དང་རུས་པ་གང་རྙེད་མང་དུ་བཅུག །ཟན་ནམ་འདམ་སའི་ནད་པའི་མགོ་འདྲ་བའི་འབག་བཙུགས། ལུས་དེ་ནད་པའི་གོས་རྙིང་པ་གཅིག་གིས་བཏུམ་ལ་བཅིངས་ནས་སྤུར་འདྲ་བ་གཅིག་བཅས་ལ། དེ་དང་མཚུངས་པའི་ཆ་བཅིངས་པའི་ཁར་བཞག །དེ་ཙམ་མ་ཐུབ་ན་མདའ་ཚད་དམ། གྲུ་གང་ཙམ་བཅའ། དེ་ཡང་མ་ལྕོགས་ན། ལུས་བཀྲུས་པའི་ཁུ་བས་ངར་མི་མཐོ་གང་བཅས་ལ་གོས་དུམ་གྱིས་དཀྲིས་ལ། དེ་དང་མཚུངས་པའི་ཆའི་གཟུགས་ཀྱི་ཁར་


CMR052_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེ་སྣོད་གང་རུང་དུ་བཞག་པའི་མཐའ་མར་ཆང་བུ་ལོ་གྲངས་སམ། ཉེར་གཅིག་གིས་བསྐོར། ཤ་དུམ། རུས་དུམ། ནད་པའི་སྐྱ་སེན་མོ་ཡང་དེ་ལ་སྦྱར། དེ་གང་བྱེད་ཀྱང་གཅོད་པ་རང་གི་ཡོང་སྒྲ་སེན་དུམ་བུ་སྟེང་དུ་བཞག །དེ་ནས་སྨྱོན་པའམ་ནད་པ་འགྲོ་ཐུབ་ན་དུར་ཁྲོད་དམ། གཉན་ས་གཅིག་ཏུ་སྲོད་ལ་འགྲོ། ཐག་རིང་མ་ཕྱིན་ན། གྲོང་པ་དེའི་བྲག་སྣའམ། ཕ་བོང་རྟགས་ཅན་ནམ། ལམ་རྒྱ་གྲམ་མམ། སྒོ་མང་པོ་འདུས་སའམ། མི་མང་པོ་ཚོགས་མལ་ལམ། བུད་མེད་འཕང་ར་རུ་བྱ། དེ་ཙམ་དུ་ཡང་འགྲོ་མི་སྤྲོའམ། ནད་པ་འགྲོ་དཀའ་ན། ཁང་པའི་ཐོག་ནས་མཚོའམ། རི་གཉན་མཐོང་ས་གཅིག་ཏུ་བྱ། ཡང་ན་ཁྱིམ་དེའི་རྒྱ་སྒོའི་རྩ་བའམ། ནང་སྒོའི་སྒོ་ཐེམ་རྩ་བའམ། སྒོ་མང་པོའི་མདོའམ། མཆོད་ཁང་སྒོག་པའི་སྒོར་རྩར་ཡང་རུང་། ཁྱིམ་འདྲེ་ཅན་ཡིན་ན་མི་ཤི་མལ་ལམ། གཉའ་བ་བཅིངས་མལ་ལམ། ཐན་བྱུང་མལ་ལམ། ཁྱིམ་དེར་རྣམ་རྟོག་གང་ཡོད་ས་དེར་བྱའོ། །གང་དུ་བྱེད་ཀྱང་རོ་བཞག་པའི་ཚུལ་གྱིས་རྡོ་ཁྲི་རྡོ་གོར་འདྲ་བ་བྱས། དེའི་ནང་དུ་རོ་བསྲེགས་པའི་ཚུལ་གྱིས་ཤིང་ནག་དང་ཚེར་མ་ཅན་གྲུ་བཞིར་བརྩིགས། མེ་ཚང་བཅས་ལ། དེའི་སྟེང་དུ་སྤུར་ཆ་དང་བཅས་པ་བཞག །ནད་པའི་ཁྲུས་ཆུ་ཁྱེར་བས་བྲན། ནད་པ་ཡང་དྲུང་ཕ་གིར་བསྙལ། སྐེ་ལ་ཐག་པ་བཏགས་ཤིང་། ཤིང་གཉན་ནམ་ཕ་བོང་བྲག་མཆུ་ལ་བཏགས། མཚོ་ཡིན་ན་ཐག་སྣེ་ལ་རྡོ་བརྟགས་ཆུ་ནང་དུ་འཕོངས། རང་གིས་ལག་ཏུ་གཡང་གཞི་དང་། ཌཱ་དྲིལ་རྐང་དུང་


CMR052_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་དོམ་རའམ་མ་རལ་དབུ་རྒྱན་གྱོན་ལ། དང་པོ་གཅོད་ཚོགས་མགོའི་ཁྲོས་མའི་དབང་སྡུད་དེ་བྱས་ལ། དབང་དུ་སྡུས་ཟེར་བ་དང་། ཁུག་ཟེར་དུས་གཡང་གཞི་རྡེབ་ཅིང་འདོན། དེ་ནས་རྐང་དུང་བཏང་ལ་འོ་དོད་ཆེན་པོས། འོ་འོ་ཉོན་ཅིག །ལན་གསུམ། འོ་འོ་དགོངས་སུ་གསོལ་ལོ། །ལན་གསུམ། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །མཐོ་སྲིད་པའི་རྩེ་མོ་མན་ཆད་དང་། དམའ་མནར་མེད་ཀྱི་དམྱལ་ཁམས་ཡན་ཆད་འདིར་འདུས་ཤིག །ལྷ་གནས་གཞན་འཕྲུལ་དབང་བྱེད་མན་ཆད་དང་། འདྲེ་སྲིན་བྱུར་གསུམ་གྱི་གནས་ཡན་ཆད་འདིར་འདུས་ཤིག །སུམ་ཅུ་རྩ་གསུམ་གྱི་གནས་མན་ཆད་དང་། ལྷ་འཆི་འཕོ་ལྟུང་བྱེད་ཀྱི་ཚོགས་དང་བཅས་པ་ཐམས་ཅད་འདིར་འདུས་ཤིག །གཞན་ཡང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གློ་བུར་དགུ་བཅུ་རྩ་གཅིག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ། གདོན་རིགས་སྟོང་ཕྲག་བརྒྱད་ཅུ་ཐམས་ཅད་འདིར་འདུས་ཤིག །ཀླུ་རིགས་སུམ་བརྒྱ་དྲུག་ཅུ། ཡམ་ཤུད་དམར་པོ་ལ་སོགས་བཙན་གྱི་སྡེ་ཚོགས། ཕྱུ་མ་ཡེ་སེང་ལ་སོགས་ཕྲུ་ཡི་སྡེ་ཚོགས། ནག་པོ་བཀྲག་མེད་ལ་སོགས་བདུད་ཀྱི་སྡེ་ཚོགས། ཆུ་བྱི་གུང་སྔོན་ལ་


CMR052_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དགྲ་བླའི་སྡེ་ཚོགས་ཐམས་ཅད་འདིར་འདུས་ཤིག །གཞན་ཡང་བདུད་ཀྱི་ཞགས་ཐོགས། གཤིན་རྗེའི་ཁྲམ་ཐོགས། ལྷ་འདྲེའི་དམག་ཚོགས་ཐམས་ཅད་འདིར་འདུས་ཤིག །བེ་དཀར་ནག་ལ་སོགས་རྒྱལ་འགོང་གི་སྡེ་ཚོགས། ཧ་ལ་ནག་པོ་ལ་སོགས་རྒྱལ་འདྲེའི་སྡེ་ཚོགས། དམ་སྲི་དཀར་ནག་ལ་སོགས་དམ་སྲིའི་སྡེ་ཚོགས། ལྟེ་ཕུར་ནག་མོ་ལ་སོགས་འདྲེ་མོའི་སྡེ་ཚོགས། ཡུལ་འདྲེ་ཡུལ་གདོན། །ཟ་འདྲེ་ཤི་གཤེད། གྲི་བོ་གྲི་མོ། བསེ་རག་གོད་འདྲེ། ཆུང་སྲི་ཆུང་བདུད། དར་སྲི་གཞོན་སྲི། ནད་འདྲེ་གཏོང་སྲི། སྲོག་གཅོད་དབུགས་ལེན་ཚེ་ལེན་བླ་ཁྱེར་བྱེད་པ་ཐམས་ཅད་འདིར་འདུས་ཤིག །ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། རྐང་དུང་གསུམ་བཏང་ངོ་། །འོ་འོ་ཉོན་ཅིག །ལན་གསུམ། འོ་འོ་དགོངས་སུ་གསོལ་ལོ། །ལན་གསུམ། འོ་འོ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་གསན་ཅིང་དགོངས་སུ་གསོལ་ལོ། །གཉན་ས་འདིའི་ལྷ་འདྲེ་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །གཞན་ཡང་སྟེང་ཕྱོགས་དཀར་པོ་ལྷའི་སྡེ་ཚོགས་ཐམས་ཅད་སྙན་གསན་ཅིང་དགོངས་སུ་གསོལ་ལོ། །བར་ཁྲ་བོ་གཉན་གྱི་སྡེ་ཚོགས་ཐམས་ཅད་


CMR052_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གསན་ཅིང་དགོངས་སུ་གསོལ་ལོ། །འོག་ནག་པོ་ཀླུ་དང་ས་བདག་གི་སྡེ་ཚོགས་ཐམས་ཅད་གསན་ཅིང་དགོངས་སུ་གསོལ་ལོ། །ཤར་ཕྱོགས་དྲི་ཟ་ཐམས་ཅད་ཉོན་ཅིག །ལྷོ་ཕྱོགས་གཤིན་རྗེ་ཐམས་ཅད་ཉོན་ཅིག །ནུབ་ཕྱོགས་ཀླུ་རིགས་ཐམས་ཅད་ཉོན་ཅིག །བྱང་ཕྱོགས་གནོད་སྦྱིན་ཐམས་ཅད་ཉོན་ཅིག །ཤར་ལྷོའི་དྲང་སྲོང་ཐམས་ཅད་ཉོན་ཅིག །ལྷོ་ནུབ་ཀྱི་སྲིན་པོ་ཐམས་ཅད་ཉོན་ཅིག །ནུབ་བྱང་གི་རིག་འཛིན་ཐམས་ཅད་ཉོན་ཅིག །བྱང་ཤར་གྱི་བགེགས་དང་འབྱུང་པོ་ཐམས་ཅད་ཉོན་ཅིག །བར་སྣང་གི་གཟའ་དང་རྒྱུ་སྐར་ཐམས་ཅད་ཉོན་ཅིག །གངས་རི་དཀར་པོ་ལ་གནས་པའི་ལྷ་རིགས་ཐམས་ཅད་ཉོན་ཅིག །བྲག་རི་ནག་པོ་ལ་གནས་པའི་བདུད་རིགས་ཐམས་ཅད་ཉོན་ཅིག །བྲག་རི་དམར་པོ་ལ་གནས་པའི་བཙན་རིགས་ཐམས་ཅད་ཉོན་ཅིག་སྤང་རི་ལ་གནས་པའི་གཞི་བདག་ཡུལ་ལྷ་ཐམས་ཅད་ཉོན་ཅིག །བྲག་ཕུག་ས་ཕུག་ལ་གནས་པའི་ཐེའུ་རང་ཐམས་ཅད་ཉོན་ཅིག །ཆུ་བོ་ཆུ་མདོ་ལ་གནས་པའི་ཀླུ་བདུད་ཐམས་ཅད་ཉོན་ཅིག །མཚོ་མོ་དལ་ཆེན་ལ་གནས་པའི་མཚོ་སྨན་ཐམས་ཅད་ཉོན་ཅིག །ཆུ་མིག་ནེའུ་སེང་


CMR052_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་ཀླུ་རིགས་ཐམས་ཅད་ཉོན་ཅིག །རྒྱལ་རིགས་དཀར་པོའི་ཚོགས་ཐམས་ཅད་ཉོན་ཅིག །རྗེ་རིགས་སེར་པོའི་ཚོགས་ཐམས་ཅད་ཉོན་ཅིག །བྲམ་ཟེ་དམར་པོའི་ཚོགས་ཐམས་ཅད་ཉོན་ཅིག །གདོལ་པ་ནག་པོའི་ཚོགས་ཐམས་ཅད་ཉོན་ཅིག །ཤིང་དང་ནགས་ཚལ་ལ་གནས་པའི་གཉན་རིགས་ཐམས་ཅད་ཉོན་ཅིག །སྤང་ལྗོངས་སྐྱེད་ཚལ་ལ་གནས་པའི་སྨན་རིགས་ཐམས་ཅད་ཉོན་ཅིག །གྲི་དུར་ལ་བཙས་ལ་གནས་པའི་གྲི་བཙན་ཐམས་ཅད་ཉོན་ཅིག །གསས་མཁར་གཏོར་ཁུ་ལ་གནས་པའི་ཕ་མཚུན་དགྲ་བླ་ཐམས་ཅད་ཉོན་ཅིག །ལྷ་ཁང་དང་དགོན་པ་ལ་གནས་པའི་རྒྱལ་འགོང་ཐམས་ཅད་ཉོན་ཅིག །སྒྲུབ་གནས་སྒོག་པོ་ལ་གནས་པའི་དམ་སྲི་ཐམས་ཅད་ཉོན་ཅིག །མཚེར་རྙིང་རེ་རྡུལ་ལ་གནས་པའི་མཚེར་སྲིན་ཐམས་ཅད་ཉོན་ཅིག །ཁང་སྟོང་སྒོག་པོ་ལ་གནས་པའི་ཡུལ་འདྲེ་ཐམས་ཅད་ཉོན་ཅིག །འོ་སྣང་སྲིད་ཀྱི་ལྷ་འདྲེ་མཐུ་ཆེ་བ། རྩོལ་དྲག་པ། མྱུར་མགྱོགས་དང་ལྡན་པ། སྟོབས་ཤུགས་དང་ལྡན་པ། གཏུམ་ལ་རྔམ་པ། དྲག་ལ་རྩུབ་པ་ཁྱེད་རྣམས་ཉོན་ཅིག །ངེད་དཔོན་སློབ་ཡོན་མཆོད་གཉན་ས་འདི་ན་འོང་བ་དེ། །


CMR052_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་སྣང་ཞིང་སྲིད་པའི་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་ལ། ཕོད་བཙུག་ཏུ་འོང་བ་མིན། དོ་བསྡོ་རུ་འོང་བ་མིན། འགྲས་ཚོལ་དུ་འོང་བ་མིན། ངེད་རྣམས་འདིར་མི་འོང་བའི་དབང་མ་བྱུང་། ནད་པ་འདིའི་ལུས་གདོན་འདིས་ངེད་གཉན་ས་འདི་ན་བཏང་བ་ཡིན། ནད་པ་འདི་ནད་ཡུན་རིང་དྲགས། སྨན་དང་རིམ་གྲོས་མ་ཕན། ད་ཅིས་ཕན་བྱས་ནས། ཕུ་མོ་མ་ལ་མོ་བཏབ། མདའ་ཕྱུ་པ་ལ་ཕྱུ་བརྡར། བོད་ཀྱི་བདེན་པ་བརྡར། རྒྱ་ཡི་ཆུ་ཞགས་བཏབ། ཞང་ཞུང་གི་ཇུ་ཐིག་མདུད། མེ་ཉག་གི་སོག་མོ་བཏབ། ཕྲེང་བའི་རྡོག་མོ་བརྩིས། རྒྱ་དཀར་ནག་གི་རྩིས་བྱས་པས། ཐམས་ཅད་ཀྱིས་ནད་པ་འདི་ཤི་ན་ཕན་ཟེར། གཉན་ས་འདི་ན་ཤི་ན་ཕན་ཟེར། ས་ཆ་འདི་ན་ཤི་ན་ཕན་ཟེར། ཉལ་ས་འདི་ན་ཤི་ན་ཕན་ཟེར། དེ་རིང་ཤི་ན་ཕན་ཟེར། དོ་ནུབ་ཤི་ན་ཕན་ཟེར། ད་ལྟ་ཤི་ན་ཕན་ཟེར། སྐད་ཅིག་ཉིད་ལ་ད་ལྟ་ཤི་ན་ཕན་ཟེར་བས། ནད་པ་འདི་ད་ལྟ་ཤི་བའི་ཕྲིན་ལས་མཛོད། མལ་ས་འདི་ན་ཤི་བའི་ཕྲིན་ལས་མཛོད། སྐད་ཅིག་ཉིད་ལ་ཤི་བའི་ཕྲིན་ལས་མཛོད། རྐང་ལག་བརྐྱང་བསྐུམ་བྱེད་ལོང་མེད་པར་ཤི་བའི་


CMR052_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛོད། དབུགས་དབྱུང་རྔུབ་བྱེད་ལོང་མེད་པར་ཤི་བའི་ཕྲིན་ལས་མཛོད། འབྱུང་བའི་ཐིམ་རིམ་སྡུད་ལོང་མེད་པར་ཤི་བའི་ཕྲིན་ལས་མཛོད། སྣང་བ་དཀར་ལམ་དམར་ལམ་འཆར་ལོང་མེད་པར་ཤི་བའི་ཕྲིན་ལས་མཛོད། བེམ་རིག་བྲལ་ལོང་མེད་པར་ཤི་བའི་ཕྲིན་ལས་མཛོད། ལུས་ཤ་ཁྲག་གི་ཕུང་པོ་འདི་ད་ལྟ་ཉིད་དུ་ཟོ་ལ། སྐད་ཅིག་ཉིད་དུ་དངོས་པོ་མེད་པར་འཇའ་ཡལ་བ་བཞིན་དུ་ཐོངས། སེམས་རིག་པ་དངོས་མེད་འདི་བསྐལ་པའི་མེས་བསྲེགས། རྒྱ་མཚོ་ཆེན་པོའི་སྟེང་དུ་འཕོངས། དབུས་ཀྱི་རི་བོ་མཆོག་རབ་ཀྱི་འོག་ཏུ་ནོན། ཆུ་སྲིན་ཆེན་པོའི་གྲེ་ཕུག་ཏུ་བརྗོངས། སེམས་རིག་པ་འདི་ཡང་རྡུལ་དུ་རློགས་ལ་ད་ཕྱིན་ཆད། རིགས་དྲུག་གང་དུ་ཡང་སྐྱེ་མ་བཅུག་ལ་ཡུ་མེད་རྗེས་མེད་དུ་ཐོང་ཞིག །ཁྱེད་ལྷ་འདྲེ་ཚོ་རེམ། འོ་འོ་ནད་པ་འདི་ལུས་རྣག་གི་རྐྱལ་པ་ནི་བོ་ཚར། ཞེ་སྡང་རུས་པའི་བྲག་རི་ནི་ཞིག་ཚར། ལུས་པོ་དུག་གི་སྡོང་པོ་ནི་འགྱེལ་ཚར། འདོད་ཆགས་ཁྲག་གི་རྒྱ་མཚོ་ནི་སྐམ་ཚར། ད་ནི་ཡུན་རིང་པོ་འདི་བས་ཤི་ཡུན་ཐུང་ན་དགའ། ད་ལྟ་ཉིད་དུ་ཤི་ན་དགའ། སྐད་ཅིག་ཉིད་ལ་ཤི་ན་དགའ། འདི་ཤི་ན་ནད་པ་ཁོ་


CMR052_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། གཅོད་པ་ང་དགའ། གཉེན་ཉེ་དུ་དགའ། ཡུལ་མི་ཁྱིམ་མཚེས་དགའ། འདི་ན་དགའ་ཡིན། འདི་ཤི་སྐྱིད་ཡིན། འོ་ནད་པ་འདི་ཤི་ན་ཤ་ཐམས་ཅད་དང་མཛེ་ཤ་བསྲེས་ནས་དབུས་རི་བོ་མཆོག་རབ་མན་ཆད་དང་། གཉན་ཆེན་སྡེ་བཞི་ཡན་ཆད་ཀྱི་རི་གཉན་ཐམས་ཅད་ཀྱི་རྩེ་རུ་སྤུངས། དུག་ཤིང་ཆ་མ་ཆོ་དགུ་དེ་ཐུ། མཛེ་རོ་གྲི་རོ་ལྷོག་རོ་རབས་ཆད་ཕོ་མོའི་རོ་དམེ་རོ་ཚོ་དང་། མི་འདིའི་རྩིབ་ཁོག་རྣམས་བསྡུས་ནས་གཉན་ས་འདི་ན་བསྲེགས། རོ་དུད་ཐམས་ཅད་ཀྱིས་ནམ་མཁའ་བཀང་། ལྷ་ཆེན་ཐམས་ཅད་དེ་འཚུབས་ནས་འཆི། ལྷ་བྲན་ཐམས་ཅད་དེ་མྱོས་ནས་འཆི། རོ་དུད་དེས་བར་སྣང་ཐམས་ཅད་དེ་བཀང་། གཟའ་དང་རྒྱུ་སྐར་ཐམས་ཅད་དེ་བརྒྱལ་ནས་འཆི། མཛེ་ཁྲག་དང་དམེ་ཁྲག་དང་བཙོས་ཁྲག་དང་རྒྱ་ཁྲག་དང་། ཡུགས་ས་ལན་དགུ་མའི་མངལ་ཁྲག་དང་། ཁྱི་ཁྲག་དང་། མི་ཁྲག་དང་རྟ་ཁྲག་དང་བརྗེ་བཀའ་ལོག་གི་ཁྲག་དང་། མཛེ་ཕོའི་རྣག་ཁྲག་དང་། མི་འདིའི་སྙིང་ཁྲག་བསྲེས་ནས། རྒྱ་མཚོ་ཆེན་པོའི་ནང་དུ་བླུགས། ཀླུ་ཆེན་ཐམས་ཅད་དེ་འཚུབས་ནས་འཆི། ཀླུ་བྲན་ཐམས་ཅད་དེ་མྱོས་ནས་


CMR052_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

འཆི། འདིའི་རུས་པ་ཞེ་སྡང་སྤུ་གྲིའི་སོ་དང་འདྲ་བ་འདི་ལ། ཁྲག་སྣ་ཆ་མ་ཆོ་དགུ། རི་དུག་བཙན་དུག་སྦྱར་དུག །རྨ་བྱའི་སྒོང་དུག །མ་ཧེའི་རྩི་དུག །དུག་སྦྲུལ་གྱི་ཁ་ཆུ་རྣམས་བླུགས་ནས་གཉན་སའི་ས་གཞི་ཐམས་ཅད་གྲམ་པ་ལྟར་བརྡལ། སྣང་སྲིད་ཀྱི་ལྷ་འདྲེ་ས་བདག་ཐམས་ཅད་འདུག་པའི་ཡུལ་མེད། ནད་པ་འདིའི་རྐང་ལག་གི་ལྡེབ་བཞི་དང་དུག་སྣ་ཁྲག་སྣ་ཤ་སྣ་ཐམས་ཅད་བསྲེས་ནས། ལག་ལྡེབ་གཡས་པ་དེ་ཤར་ཕྱོགས་ན་འཕེན། ཤར་ཕྱོགས་དྲི་ཟའི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །རྐང་ལྡེབ་གཡས་པ་དེ་ལྷོ་ཕྱོགས་ན་འཕེན། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །ལག་ལྡེབ་གཡོན་པ་དེ་ནུབ་ཕྱོགས་ན་འཕེན། ནུབ་ཕྱོགས་ཀླུ་ཡི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །རྐང་ལྡེབ་གཡོན་པ་དེ་བྱང་ཕྱོགས་ན་འཕེན། བྱང་ཕྱོགས་གནོད་སྦྱིན་གྱི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །ལག་ངར་གཡས་པ་དེ་ཤར་ལྷོར་འཕེན། ཤར་ལྷོ་མེ་ལྷའི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །རྐང་མགོ་གཡས་པ་དེ་ལྷོ་ནུབ་ཏུ་འཕེན། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །ལག་མགོ་གཡོན་པ་


CMR052_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནུབ་བྱང་དུ་འཕེན། ནུབ་བྱང་རླུང་ལྷའི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །རྐང་མགོ་གཡོན་པ་དེ་བྱང་ཤར་དུ་འཕེན། བྱང་ཤར་དབང་ལྡན་གྱི་གྲོང་ཁྱེར་དེ་ཐམས་ཅད་རྡུལ་དུ་བརླག །རྒྱུ་མ་དེ་མཛེ་ཁྲག་དང་མཛེ་ཤས་གཡོས་ནས་བྲག་གཉན་ཐམས་ཅད་ཀྱི་རྩེ་ནས་འགེལ། ཤིང་གཉན་ཐམས་ཅད་ལ་ཐག་ལྟར་བྲན། འོ་དེ་ལྟར་བྱེད་དགོས་པའི་དོན་ནི་ལུས་གདོན་འདིས་བྱེད་བཅུག་པ་ཡིན་ནོ། །འོ་འོ་དེ་ལྟར་མི་བྱེད་ན་ཁྱོད་ལྷ་འདྲེ་ཚོས་དམག་སྡུས་གོ་གྱོན་མཚོན་ཐོགས་ལ། ནད་པ་འདིའི་ལུས་གདོན་ནད་འདྲེ་གཅོང་སྲི་ལ་དམག་རྒྱོབ། ལུས་དང་ལུས་གདོན་ཕྲོལ། ནད་ནད་བདག་དང་བཅས་པ། གདོན་སྣ་འདྲེན་དང་བཅས་པ་འདི། ད་ལྟ་ཉིད་དུ་སོད་ཆིངས་རྒྱོབ། ལུས་གདོན་དང་ནད་འདྲེ་གཅོང་སྲི་འདི་ད་ལྟ་ཉིད་དུ་ཚར་ཆོད་ཅིག །འོ་འོ་དེ་གཉིས་གཅིག་ཀྱང་མི་བྱེད་ན་ནི་ང་མ་ལན་ཁྱོད་ལྷ་འདྲེ་ལན་པས། ང་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གནས་འདི་ན་སྐད་ཅིག་ཀྱང་གཡོ་འགུལ་མེད་པར་འདུག །ནམ་མཁའ་འདི་གདན་དུ་བཏིང་། ས་གཞི་འདི་གདུགས་ལྟར་ཕུབ། ཁྱོད་ལྷ་འདྲེའི་གནས་ཁང་ཕོ་བྲང་དང་བཅས་པ་


CMR052_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་མཇུག་ལྡོག །རི་ཆེན་ཚོ་རྦབ་ཏུ་བསྒྲིལ། རི་ཆུང་ཚོ་ཚོགས་པོར་འཕེན། རྒྱ་མཚོ་འདི་ཧུབ་ཀྱིས་འདེབས། ཆུ་ཆེན་ཚོ་གྱེན་དུ་ལྡོག །ཉི་ཟླ་གཉིས་བཙོན་དུ་བཟུང་། །ཁྲོས་མ་ནག་མོའི་དམག་སྒར་འདེབས། ཡེ་ཤེས་ཁྲོ་བཅུའི་དམག་སྡུས། ནམ་མཁའ་བར་སྣང་བྱ་ཁྱུང་གིས་བཀང་། བྱེ་ཚན་གྱི་ཆར་པ་འབེབས། གནམ་ལྕགས་རྡོ་རྗེའི་སེར་བ་ཕབ། བསྐལ་བའི་མེ་དཔུང་གི་གློག་དམར་འཁྱུག །དྲག་སྔགས་གདུག་པའི་འབྲུག་སྒྲ་ལྡིར། འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། གནམ་ལྕགས་རལ་གྲིའི་རྩེ་ལ་བསྐྱོན། མཚོན་ཆ་སྣ་ཚོགས་ཀྱི་བུ་ཡུག་འཚུབ། མཛེ་ཁྲག་གི་རྒྱ་མཚོ་བསྐྱིལ། མཛེ་རུས་ཀྱི་ཕོ་བྲང་བརྩིགས། མཛེ་ལྤགས་ཀྱི་བླ་བྲེ་བྲེས། མཛེ་རྐང་གི་ཕུར་པ་བརྡེབས། །མཛེ་རྒྱུའི་ཆོན་ཐག་འཐེན། མཛེ་མགོ་རུས་པའི་གསེར་ཏོག་འཛུགས། མཛེ་རོ་དང་ལྷོག་རོ་དང་དམེ་རོའི་བསང་བཏང་། རྫས་ངན་སྣ་ཚོགས་ཀྱི་གཏེར་སྦས། རྫས་རྒོད་ཀྱི་དུད་པ་བདུག །ཁྱོད་ལྷ་འདྲེ་སྡེ་བརྒྱད་ཐམས་ཅད་དང་། ཁྱད་པར་ཁྱོད་གཉན་ས་འདིའི་གནས་པོ་ཁྱོད་རྩ་རྩ་ལག་དང་བཅས་པ་རྩད་ནས་གཅོད། རྨོངས་ནས་བསྐྱེལ། ཐལ་


CMR052_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྡུལ་དུ་བརླག །གནམ་ལྕགས་ཐོག་གི་རལ་གྲིའི་སྤྱི་བོ་ནས་བཀས། ལུས་དུམ་བུ་སྟོང་དུ་གཏུབ། སྙིང་དུམ་བུ་བརྒྱ་རུ་གཏུབ། ང་ཡི་ཕྲིན་ལས་མ་བསྒྲུབས་ན། རྫོགས་པའི་སངས་རྒྱས་ཀྱི་བཀའ་བཅག་པ་ཡིན། ཡེ་ཤེས་མཁའ་འགྲོའི་དམ་བཀྲལ་བ་ཡིན་པས། ཁྱོད་ཀྱི་རྣམ་པར་ཤེས་པ་ཡང་མནར་མེད་པའི་དམྱལ་ཁམས་བཅོ་བརྒྱད་འགྲིམ་དགོས་པ་ལ་ཐེ་ཚོམ་ཡོད་རེ་ན་ར་ཀན། འོ་འོ་དེ་བས་ལས་དེ་འདྲ་ལ་མ་ཐུག་པར། དོན་ཆུང་ངུ་ལ་ཉན་ཆེན་པོ་མ་བསྡོ་བར། ལུས་གདོན་ནད་དང་བཅས་པ་འདི་ད་ལྟ་ཉིད་དུ་ཁྱེར། ཕཊ་ཕཊ་ཕཊ། རང་ན་བ་ཡིན་ན་དང་། ནད་པ་ཡིན་ན་ནད་པའི་རྣམ་ཤེས་སྤར་ལ། བེམ་པོ་དང་ངར་མི་དབྱེར་མེད་དུ་བསྒོམས་ཏེ་རོ་ལ་མེ་སྦར་བར་བསྒོམས་ལ། ངར་མི་བསྲེག་ཅིང་། ཀྱཻ། །ཉོན་ཅིག་ལྷ་དམག་བྱེ་བ་རྣམས། །འདིར་འདུས་ལྷ་འདྲེའི་དམག་ཚོགས་འདུས། །གཉན་སའི་ལྷ་འདྲེ་ཚུར་འདུས་ཤིག །ལྷ་ཀླུ་གཞི་བདག་ཚུར་འདུས་ཤིག །གནོད་བྱེད་ཡམས་འདྲེ་ཚུར་འདུས་ཤིག །མཐུ་ཆེན་རྩལ་དྲག་ཁྱོད་ཡིན་པས། །མཐུ་དང་ནུས་པ་དུས་འདིར་བསྐྱེད། །མི་འདིའི་ལུས་ལ་གནོད་བྱུང་བས། །གཉན་ས་འདི་རུ་འོང་བ་ཡིན། །


CMR052_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་ལྷ་འདྲེ་སྟོབས་ཆེན་རྣམས། །མི་འདིའི་ལུས་གདོན་བེམ་པོར་བཅས། །ད་ལྟ་ཉིད་དུ་གཏད་པས་ཁྱེར། །བེམ་པོའི་གདོན་འདི་མ་བླངས་ན། །གཉན་ས་འདི་རུ་ཤི་བར་བྱེད། །མགོ་བོ་རི་བོའི་རྩེ་ལ་སྐྱེལ། །རྒྱུ་མ་རྩི་ཤིང་བྲག་ལ་བཀལ། །ཤ་ཁྲག་གཉན་ས་འདི་རུ་གཏོར། །མཛེ་ཁྲག་མཛེ་ཤ་དུག་ཤིང་དང་། །དུག་ཚེར་བསྲེགས་ནས་སྡེ་བརྒྱད་མི་སྐམ་རེ། །མཛེ་ཁྲག་ཆུ་ལ་མི་བླུགས་རེ། །ང་ཤི་ཁྱོད་འགྱེལ་མི་བྱེད་རེ། །དེ་བས་བེམ་པོ་གདོན་དང་བཅས། །དོ་ནུབ་ད་ལྟ་ཉིད་དུ་ཁྱེར། །ཕཊ། རྐང་དུང་དྲག་འབུད་བྱ། གཡང་གཞིས་ནད་པར་བྲབ་ནས་སྟོང་ཉིད་ངང་ལ་ཡུན་རིང་བསྡད། སྐབས་སུ་སྐབས་སུ་ཕཊ་སྒྲ་རྐང་དུང་མང་དུ་གཏོང་། མཐའ་གཏད་འདིའི་ནད་བྱིང་ཆེན་གདོན་ཆེ་བ་ཆོད་པར་འགྱུར་རོ།། ༈ ༼མ༽ །།ཡང་མཐའ་གཏད་ཆུའི་གཟེར་བུ་བྱེད་ན། མཚོའམ་ཆུ་མིག་གམ་རྫིང་བུ་ན་ཁ་སོགས་ཀླུ་ཡོད་ས་གཅིག་ཏུ་འགྲོ་ལ། ནད་པའི་གླུད་ཟན་ཆངས་བུ་བརྒྱའམ་ལོ་གྲངས་སམ་ཉེར་གཅིག་བྱས་ལ་རི་དང་ཆུ་ལ་གཏོར་ནས། གཉན་འབོད་ཐམས་ཅད་གོང་ལྟར་ཐམས་ཅད་འདོན། ངར་མི་སྲེག་མི་དགོས། དེ་ནས་རང་དང་ནད་པ་གཉིས་ཀ་གཅེར་བུར་བུད་ལ། ཆུ་མིག་གམ་མཚོ་དེ་ལ་ལུས་བཀྲུས་ནས་ཕྱོགས་ཐམས་ཅད་དུ་གཏོར། ཆུ་པུས་ནུབ་ཙམ་འབོག་བསྡིགས་


CMR052_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཤལ་ལ་ཆུ་ནང་དུ་བླུགས། སྨྱོན་པ་ཡིན་ན་སྐེད་པ་ལ་ཐག་པ་དམ་པོར་བཏགས་ལ། ཆུ་འཁོར་ཁུག་དལ་བའི་སར་ཁྲིད། དེ་ལྟར་བྱེད་རྒྱུ་གསང་ལ། ཆུ་ནང་ཟུར་ཙམ་དུ་འཕོང་ལ་ཕཊ་སྒྲ་བརྗོད་སྦྲགས་བསྔངས་ཆེན་པོ་འདོན། ནད་པ་གཞན་ལ་ཡང་ངོ་ལ་ཆུ་ལྕགས་བརྒྱབ་ལ་བསྔངས་འཇུག །ནད་ཐུ་མོ་མིན་ན་ཆུ་ཆུང་ཙམ་འབོག་ལ། མཚོ་དཀྱིལ་དུ་འགྲོ་ནས་ང་ཡིས་ཤ་ཁྲག་གཏོར་རྒྱུ་ཡིན་བརྗོད་ནས་མཆོང་བསྡིགས་བྱེད། གཞན་གྱིས་བར་བྱེད་ནས་ཚུར་ཁྲིད། དམིགས་པ་ནི། ཕཊ། རང་དང་ནད་པའི་ལུས་འདི་སྐད་ཅིག་ལ། །རྒྱ་མཚོ་ཆེན་པོ་རྣམ་པ་ལྔ་རུ་གྱུར། །རང་གི་རིག་པ་གནམ་ལྕགས་འབར་བ་ཡི། །རྡོ་རྗེ་རྩེ་དགུ་ཉི་མ་སྟོང་བས་ཚ། །རེ་འགའ་རྒྱ་མཚོའི་ཞབས་སུ་མར་འཛུལ་བས། །རྒྱ་མཚོ་ཐམས་ཅད་སྐམ་ནས་ཧག་ཧག་སོང་། །ཐང་རེ་རྡོ་རྗེ་རྒྱ་མཚོའི་ཁ་ནས་འབུད། །རྒྱ་མཚོ་ལྔ་ཡང་ཕྱུར་བུར་འཕྱུར་བར་གྱུར། །ཕཊ་ཕཊ། དམིགས་པ་མང་དུ་བཟུང་ནས་རྐང་དུང་གསུམ་བཏང་ངོ་། །འོ་འོ་སྣང་སྲིད་ཀྱི་ལྷ་འདྲེ་གཞི་བདག །གཉན་ས་འདིའི་ལྷ་འདྲེ་སྡེ་བརྒྱད་མཚོ་དང་ཆུ་མིག་ཆུ་བོའི་ནེའུ་སིང་འདི་ལ་གནས་པའི་ཀླུ་རྒྱལ་རིགས། རྗེ་རིགས། དམངས་རིགས། བྲམ་ཟེའི་རིགས་གདོལ་པ་ཀླུ་བདུད། ཀླུ་གཉན་ས་བདག་གི་རིགས་སུ་གྱུར་པ་


CMR052_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ། ངའི་ལུས་པོ་ཤ་ཁྲག་གི་ལོངས་སྤྱོད་རྒྱ་ཆེན་པོ་འདི་ཚོགས་སོགས་བདུད་རྩི་ལོངས་སྤྱོད་དུ་འབུལ་ལོ། །ཁྱེད་རྣམས་ཟད་མེད་ཀྱི་གཏེར་ལ་ལོངས་སྤྱོད་པར་གྱུར་ཅིག །ཕཊ་ཕཊ་ཕཊ། སྟོང་ཉིད་ངང་ལ་ཡུད་ཙམ་བཞག །ཆུ་ཡི་གཟེར་བུ་འདི་གཉན་ནད་དང་། ཀླུ་ས་བདག་གི་ནད་རྣམས་འཕྲལ་དུ་ཆོད་པར་མ་གཅིག་གིས་གསུངས་སོ། །གཅིག་བརྒྱུད་མ་གཏོགས་བཀའ་རྒྱ་མཛོད། མཐའ་གཏད་གཉིས་པོ་སོ་སོར་བྱེད་རྒྱུ་ཡིན་ཀྱང་། ནུབ་གཅིག་ལ་ས་གཅིག་ཏུ་བྱས་ཀྱང་རུང་། གཉིས་ཀ་ཕར་མུན་རུག་ཡག་ལ་འགྲོ། གཉན་འབོད་མཐའ་གཏད་ཚེ་མེ་འབུད་དགོས་པས་དཔེ་ཆོག་ཀྱང་རུང་། མཐའ་གཏད་ཚར་ནས་མེ་དང་མར་མེ་མེད་པར་བྱས་ལ། ལུས་སྦྱིན་བློ་ནས་ཚར་གཅིག །དེ་ནས་དཀར་འགྱེད་དམར་འགྱེད་དམིགས་པ་ཅི་མང་བྱས་ལ། ཕཊ་བསྒྲང་མཐར་ནད་དང་ནད་པ་གདོན་དང་གཅོད་པ་ལྷ་འདྲེ་མ་གཅིག་ཐམས་ཅད་དབྱེར་མེད་དུ་བསྲེས་ལ་སྟོང་ཉིད་ལྟ་བའི་ངང་ལ་སྙེམས་དང་ཁུ་འཕྲིགས་མེད་པར་ཉལ། ནད་པ་ཡང་ཉལ་འཇུག །སྨྱོན་པ་སོགས་འགྲོ་དོགས་ལ་དམ་པའི་ལྕགས་དྲྭ་སོགས་ཆིངས་ཀྱི་དམིགས་པ་གསེང་དམིགས་མང་དུ་བྱ། གཞན་སྟོང་ཉིད་ཁོ་ན་བསྒོམ་ཞིང་བསྡད་ལ། ཐོ་རངས་ནམ་མ་ལངས་ཙམ་ལ་གཞན་གྱིས་མ་མཐོང་བར་ཚུར་འོང་། འདི་ལ་གཉན་ཐོག་ལྟ་བུའི་རྗེས་གཅོད་སོགས་ནི་མི་དགོས་སོ། ་།དེ་ཡང་གཉན་སར་མ་ཕྱིན་ནས་ཁྱིམ་ཁང་ཐོག་ནས་རི་གཉན་མཚོ་སོགས་མཐོང་བས་མཐའ་


CMR052_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

གཏད་བྱེད་ན། ཁྱིམ་གྱི་ནད་པ་ཉལ་ས་དང་ངར་མི་བསྲེས་པ་དེ་ཉིད་རིའི་དེའི་རྩེའམ། མཚོ་དེའི་དཀྱིལ་ཡིན་པར་བསྒོམ་ཆོག །རི་རྩེ་དང་མཚོ་ལ་ཆངས་བུ་དང་ཁྲུས་ཆུ་བསྐུར་ལ་གཏོར་ཏེ། དྲི་ཆུ་བཀྲུ་བསྐྱེལ་ཡང་ཟེར་རོ། །གཉན་སར་ཞག་གཅིག་དེ་ལ་ལྷོང་ཚད་ཆོད་ཚད་ཚར་ཚད་གསུམ་ཀ་འོང་སྟེ། དང་པོ་ཕྱིན་ནས་དངོས་སམ། ཉམས་སྣང་ངམ། རྨི་ལམ་ཟ་ཟི་ལ་འབྲུག་གློག །སེར་བ། རླུང་ཐོག་ཟབ། འུར་སྒྲ། བཤུད་པ་ངར་སྐད་འབོད་སྒྲ། གཟུགས་སྣ་ཚོགས་མཐོང་བ་དང་། འཇིགས་སྐྲག་སྐྱེ་བ། མཚོ་ཕྱུར་བ་བསྡུར་བ་སོགས་ལྷོང་ཚད། ནད་ཅུང་ཞིག་ཐུ་བ། ལུས་ལ་ཤ་མགུལ། ཚ་ཚག་ཚིག་པ་ཟ་བ། འཛིང་འདོད་པ་ནང་ལྷོང་གསང་ལྷོང་ངོ་། །ཞེ་སྡང་དང་འདོད་ཆགས་བློ་བུར་དུ་སྐྱེའོ། །དེ་ནས་ཆོད་ཚད་ནད་པའི་རྨི་ལམ་དུ་རུ་བ་མགྲོན་པོ་བཀྱགས་སོང་བ། འུར་ཚེ་མ་བྲོས་ཞོག་ཤིང་ཆག །ཆུ་སྐམ། ཟས་ནོར་ལུས་བཅས་མིས་ཁྱེར་ཤོར་བ། གོས་ཧྲུལ་ཕུད་ཁྲུས་བྱས་གཅེར་བུར་བུད། །དུད་འགྲོས་རྨུགས་སམ་བརྡུངས། མཚོན་བརྒྱབས་པས་རྣག་ཁྲག་ཟག་པ། སྐྱུགས་པ་བཤལ་བ། ཤ་ཉེའམ་མི་དལ་པོ་ཤི་རོ་བསྲེགས་པ་རྨིས། གཅོད་པའི་ཉམས་སྣང་རྨི་ལམ་དུ། དུམ་བྱས་ཕོ་བྲང་བཏབ། ཕྱག་འཚལ་བསྙེན་བཀུར་ཞབས་ཏོག་བྱས། ཆོས་བཤད་ཉི་ཟླ་ཤར་བ་རང་ཉིད་ཁྲི་ལ་འདུག་པ་སོགས་རྨིས། ཉམས་རྟོགས་གསལ་ཡིད་དགའོ། །སྔར་ཁྱིམ་དུ་འོང་བའི་གདོན་རྟགས་ལུས་གདོན་ཡིན། སྔར་མི་འོང་བའི་གདོན་རྟགས་ནི་གནས་གདོན་


CMR052_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཤ་ཁྲག་རློན་པ་ཁྲབ་ལྕགས་སྤྱད་བལ་ནག་ཚྭ་སྒོག་ཕུལ་བ་ཆོ་འཕྲུལ་ཡིན། རང་གི་ཁང་སྦྲ་འགྱེལ་ལམ་མེས་ཚིག །དུག་ཟོས་ཁྱུང་ངམ་ཉའམ་སྦྲུལ་གྱིས་མིད། རང་གི་སྙིང་ཟོས་གཞན་ལ་སྦྱིན། ལུས་རྡུལ་ཕྲན་ལྟར་དུ་གཏོར་བ། ཆོ་འཕྲུལ་འདྲ་ཡང་ཚར་ཚད་ཡིན། གཉན་ས་སྟོབས་ཆེ་ན་སྔོན་དུ་གཉན་སའི་ཆོ་འཕྲུལ་འོང་ཞིང་ལུས་གདོན་རྟགས་མེད་པར་འོང་། ལུས་གདོན་ཆོ་འཕྲུལ་སྔར་ལྟར་འོང་ཞིང་ཆོད་ཚད་མ་བྱུང་ན། གནས་པོ་དེས་ལུས་གདོན་མི་ཐུབ་བས། ཕྱིར་ནུབ་དེ་བས་གཉན་ས་དྲག་པ་གཅིག་ཏུ་འགྲོའོ། །གཉན་སའི་ཆོ་འཕྲུལ་འོང་། །ལུས་གདོན་རྟགས་མེད་ཅིང་ཆོད་ཚད་མ་བྱུང་ན། དེ་ནི་ཕྱིར་ནུབ་ཡང་འོང་ལ་མཐའ་གཏད་བྱའོ། །ཚར་ཚད་ལེགས་པར་བྱུང་ན་ད་དུང་ཡང་ལྷོ། མཐའ་གཏད་ཝིག་ན་ནད་གཞན་ནི་འོང་བས་མི་བྱའོ། །ཁྱིམ་དུ་ཡིན་ན་མཐའ་གཏད་རིགས་མི་གཅིག་པ་ཐམས་ཅད་རེས་མོས་སུ་ནུབ་གསུམ་བཞི་བྱེད་ཆོག་གོ །རིའི་མཐའ་གཏད་ཡག་ཉེས་ཡང་ཚེ། ལར་མཐའ་གཏད་གཉན་ཅིང་ཉེས་པ་ཡང་ཅུང་ཟད་ཡོད་པས་གལ་ཆེ་ན་མ་གཏོགས་ནམ་ཡིན་མི་བྱའོ། །ཞེས་ཨ་རཱ་གས་གཅོད་ཚོགས་ཀྱི་ལྷན་ཐབས་སུ་བཀོད་པ་ལ་ཉེས་པ་གང་མཆིས་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་བདུད་བཞིའི་གཡུལ་ལས་རྒྱལ་བར་གྱུར་ཅིག །མངྒ་ལཾ། །དགེའོ།། །། ༈ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousགཉན་ཆེན་མཐའ་ལ་གཏད་པ་དང་། མཐའ་གཏད་ཆུའི་གཟེར་བུ་གཉིས།next