Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

6 occurrences of ཆུ་བཟང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
  
  
  
དབེན་གནས་བྱེ་ཐང་ལ་བསྔགས་པ་སྐལ་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
 
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  


6 occurrences of ཆུ་བཟང་
[Clear Hits]

 
previousདབེན་གནས་བྱེ་ཐང་ལ་བསྔགས་པ་སྐལ་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།next

དབེན་གནས་བྱེ་ཐང་ལ་བསྔགས་པ་སྐལ་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།


JSD004_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་གནས་བྱེ་ཐང་ལ་བསྔགས་པ་སྐལ་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱ། རྗེ་རྒྱལ་བའི་རྣམ་འཕྲུལ་བླ་མ་མཆོག །དྲིན་སུམ་ལྡན་ངག་གི་དབང་པོ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །གནས་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །ཕ་གུ་རུས་བྱིན་བརླབས་སྦས་པའི་གནས། །མ་མཁའ་འགྲོ་རང་བཞིན་འདུ་བའི་ཞིང་། །མཚན་སྙན་གྲགས་ཆེ་བ་བྱེ་གླིང་ཐང་། །འདིའི་ཆགས་ཚུལ་འཆད་ལ་དར་ཅིག་གསོན། །ཤར་ཡང་དག་སྒྲུབ་ཕུག་ཞི་བའི་གནས། །ལྷོ་ཉི་ཟླ་རང་བྱོན་རྒྱས་པའི་གནས། །ནུབ་ལྷ་མཚོ་བདུད་མཚོ་དབང་གི་གནས། །བྱང་ཟླ་གམ་གནམ་སྒོ་དྲག་པོའི་གནས། །ཕྱོགས་གནས་ཆེན་བཞི་ཡིས་བསྐོར་བའི་ནང་། །ཕྱི་གངས་དང་དེ་ནང་རྫ་རི་སྟེ། །འོབས་ར་བ་རིམ་པ་གཉིས་ཀྱིས་བསྐོར། །དེའི་དབུས་


JSD004_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བྱེ་ཐང་གནས་ཀྱི་མཐིལ། །དབྱིབས་མི་ལྤགས་བརྒྱངས་འདྲ་རྒྱང་གྲགས་ཙམ། །ཕུ་བྱང་བསྟན་རྫ་ལུང་ཁ་བྲག་ནས། །གངས་ཆུ་དང་རྫ་ཆུའི་རྒྱུན་གཉིས་བབས། །ཐང་དཀྱིལ་དུ་གཉིས་མེད་གཅིག་ཏུ་འདྲེས། །དེ་ལྷོ་ཕྱོགས་རྒྱ་གར་ཡུལ་དུ་འགྲོ། །ཉིན་རི་རྣམས་མཚོན་ཆ་གཟེང་འདྲ་དང་། །སྲིབ་རི་རྣམས་མེ་ལྕེ་མཆེད་པ་འདྲ། །གཡའ་སྤང་གི་གཤོངས་ན་ཕུར་སྲུང་གི། །བླ་རྟེན་གྱི་མཚོ་མོ་ཆེ་ཆུང་ནི། །མར་ཁུ་དང་ཞག་གི་མཚོ་མོ་ཞེས། །མདོག་གཅིག་ཏུ་མ་ངེས་གྲངས་མང་འཁྱིལ། །ཕྱོགས་བཞི་རུ་སྒྲུབ་ཕུག་དུ་མ་ཡང་། །སྔོན་བྱོན་གྱི་གོང་མས་བསྟེན་ཤུལ་བདོག །ཕུ་བྲག་ཆེན་ལོགས་ལ་རང་བྱོན་ནི། དཔལ་ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད། །སྐུ་ཆེ་ཆུང་ཐོག་ཚད་བཞི་ཙམ་པ། །ཆུ་བུར་གྱི་མིག་ལ་མངོན་སུམ་གསལ། །བྱང་གངས་རི་རྩེ་རྒྱལ་མདུན་རོལ་ན།


JSD004_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ངོ་མཚར་ཆུ་མིག་བརྒྱ་རྩའམ། །ཆུ་ཡན་ལག་བརྒྱད་ལྡན་ཞེས་གྲགས་པའི། །ཉམས་དགའ་ལ་རིག་པ་དྭངས་པའི་གནས། །སྤང་རི་དང་ནེའུ་ཐང་མེ་ཏོག་བཀྲ། །ཆུ་ཡན་ལག་བརྒྱད་ལྡན་ལྷུང་ལྷུང་གི། །སྒྲ་དང་བཅས་སྦྲུལ་ནག་འཁྱུག་འགྲོས་འགྲོ། །ལྷ་སྨན་བཙུན་དགྱེས་བསྐྱེད་སྐྱུང་ཀ་ནི། མཆུ་སེར་པོ་ཅན་དང་སྦབ་ཅེས་བྱ། །སྤུ་རྨ་བྱའི་མཛེས་སྡུག་ལ་འགྲན་དང་། །རི་དྭགས་ཀྱང་ཤ་བའི་ཁྱུ་ཚོགས་མཆིས། །ལུ་མ་དང་ལྟེང་ཀ་སྣ་ཚོགས་ཆབ། ། སྔགས་གུ་རུ་སིདྡྷིའི་རང་སྒྲ་ལྡན། །ལར་བྱེ་ཐང་གངས་ཀྱི་ར་བ་འདིར། །རྗེ་པད་འབྱུང་རིག་འཛིན་ཚོགས་བཅས་ཀྱིས། །ཕྱི་རབས་ཀྱི་གང་ཟག་ལ་དགོངས་ནས། །ཆོས་ཟབ་གཏེར་དཔག་ཏུ་མེད་པ་དང་། །ཁྱད་པར་དུ་དྲག་སྔགས་བཀའ་བབ་ཀྱི། །དཔལ་རིག་འཛིན་ཤཱནྟིཾ་གནྡྷའི་གདུང་། །གནས་འདི་ཡི་བྲག་དཀར་


JSD004_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦས་ཚུལ། །བྱང་ལྷ་བྲག་ལུང་གིས་གསལ་བར་གྲུབ། །ས་བཙན་ཞིང་དགྲ་རྐུན་གཅན་གཟན་མེད། །འབྱུང་འཁྲུགས་ཀྱི་ནད་སེལ་སྨན་སྣ་ཚོགས། །རྩ་བ་དང་སྡོང་པོ་མེ་ཏོག་འབྲས། །རོ་ནུས་དང་ལྡན་པ་བརྒྱ་རྩ་འཁྲུངས། །ཁོ་ར་དང་ཁོར་ཡུག་ཐམས་ཅད་དུ། །དྲི་བསུང་གི་སྤོས་ངད་ཐུ་ལུ་ལུ། །ཆུ་ཤིང་དང་ལོ་མ་དཀའ་ཐུབ་ཟས། །མ་བཏབ་པར་སྐྱེས་པ་རྣམ་མང་ཡོད། །གྲོགས་འདབ་ཆགས་མཐིང་རིལ་ཐི་བྱ་དང་། །སྐད་སྙན་གྱི་བྱེའུ་ཆུང་འཇོལ་མོ་སོགས། །གསུང་སྙན་པའི་གླིང་བུ་ཀྱུ་རུ་རུ། །ཡིད་སྐྱོ་བ་སངས་ཤིང་ངེས་འབྱུང་བསྐུལ། །གཞན་ཆགས་སྡང་ཉོན་མོངས་འཕེལ་བྱེད་པའི། །འདུ་འཛི་དང་སྐྱེ་བོའི་རྒྱུ་འགྲུལ་དབེན། །ནང་ཁ་འདོན་དགེ་སྦྱོར་ངང་གིས་འཕེལ། །ལམ་ལྟ་སྒོམ་སྤྱོད་པའི་བོགས་འདོན་དང་། །རུ་ཤན་དང་གཉན་གཅོད་བྱེད་པ་ལ། །གནས་འདི་ལྷག་དེང་


JSD004_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སང་གང་ནའང་མེད། །རྗེ་པདྨའི་སྦས་ཡུལ་རྩོད་མེད་འདི། །རྒྱ་གར་གྱི་དུར་ཁྲོད་བརྒྱད་དང་མཉམ། །ཕྱོགས་མཐའ་ཀུན་ངམ་གྲོག་གཡང ས་ཆེ། །སྤྲིན་ན་བུན་ཆར་པ་རྒྱུན་དུ་ལྡན། །མཚམས་དམ་པོ་རང་བཞིན་བབ་ཀྱིས་བསྡོམ། །གཞི་བདག་ཀྱང་དཀར་ཕྱོགས་དགེ་བསྙེན་ཆེ། །ཐང་ལྷ་དང་རྡོར་ལེགས་སྨན་བཙུན་མ། །དཔལ་ཟླ་བ་ཆ་ཏི་ལ་སོགས་རྣམས། །ཆོས་སྒྲུབ་པ་པོ་ཡི་གྲོགས་དན་མཛད། །ལར་སྙིང་ནས་དམ་ཆོས་དོན་གཉེར་བ། །བརྒྱ་ལ་ན་རེ་འགའ་མཆིས་སྲིད་ན། །ཚེ་གཅིག་གིས་སངས་རྒྱས་ཐོབ་པའི་གནས། །འདིར་ཕེབས་ཞེས་ཁོ་བོས་གཞེན་བསྐུལ་འདེབས། །འདིར་མཆིས་ཀྱི་རྣལ་འབྱོར དཔོན་སློབ་རྣམས། །རྐྱེན་མི་མཐུན་བར་ཆད་དབྱིངས་སུ་སོལ། །དོན་མཐུན་པའི་ལམ་སྣ་ཆོས་ལ་དྲོངས། །དཔལ་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག །ཅེས་


JSD004_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སྦས་ཡུལ་ཡོལ་མོའི་ཡང་ཁྲོད་ཀུན་བཟང་ཆོས་གླིང་གི་ལོ་གསུམ་མཚམས་པ་རྣམས་དམ་བཅའ་མཐར་འཁྱོལ་ནས་རེ་ཞིག་དཔོན་སློབ་ཐམས་ཅད་འཁོར་འདས་རུ་ཤན་གྱི་སྤྱོད་པ་བརྩམ་ཕྱིར་གསང་སྒྲོག་གི་རྩ་ལྟུང་མི་ཕོག་པའི་ལུང་སྟོང་བྱེ་ཐང་གངས་ཀྱི་ར་བར་ལ་ཆུ་འཕྲང་རྣམས་ལ་དོ་ཤི་དོ་ཆད་ཀྱིས་བརྒལ་ནས་སླེབས་སྐབས་ཉེ་གནས་པདྨ་འོད་གསལ་གྱིས་བསྐུལ་ངོར་ཉག་སྤྲང་རྒན་པོ་ཁྲོ་རྒྱལ་རྡོ་རྗེས་བྱེ་ཐང་ཅོག་སྒར་དུ་ས་སྦྲུལ་ཟླ་༥ ཚེས་༢༥ དགེ་བར་བྲིས་པའོ། མངྒ་ལཾ།། །།


previousདབེན་གནས་བྱེ་ཐང་ལ་བསྔགས་པ་སྐལ་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ།next