Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཕུར་བའི་རྒྱུན་ཁྱེར་གསང་བ་ཡོངས་རྫོགས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousཕུར་བའི་རྒྱུན་ཁྱེར་གསང་བ་ཡོངས་རྫོགས།next

ཕུར་བའི་རྒྱུན་ཁྱེར་གསང་བ་ཡོངས་རྫོགས།

ཕུར་བའི་རྒྱུན་ཁྱེར་གསང་བ་ཡོངས་རྫོགས་བཞུགས་སོ༔

བརྡ་ཡིག །ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཧཱུྃ༔ སྣང་སྲིད་དུར་ཁྲོད་རོལ་པའི་མཁར༔ བརྡ་རྟགས་ཕུན་ཚོགས་གཞན་ཡས་དབུས༔ རྡོ་རྗེའི་བྲག་སྟེང་བྱོལ་སོང་གིས༔ རིན་ཆེན་ཉི་མ་པདྨ་བམ༔ བཏེགས་པའི་ཁྲི་ལ་བདག་པོས་བརྒྱན༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ རྒོད་གཤེ་རྔམ་པའི་རང་བཞིན་ཞལ༔ གཡས་གཡོན་སྟེང་ནས་རིམ་འགྱེད་དུ༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་བ༔ ཁ་ཊྭཱྃ་ཀ་དང་མེ་དཔུང་བསྣམས༔ ཐ་གཉིས་རི་རབ་ཕུར་བ་འདྲིལ༔ ཞབས་བཞི་བདུད་བཞི་ཁྱོ་ཤུགས་ཟུང་༔ བསྣོལ་མནན་སྦྱོར་བའི་ཡུམ་མཆོག་མ༔ འཁོར་ལོ་རྒྱས་འདེབས་མཐིང་སྐྱའི་མདོག༔ ཨུཏྤལ་དུང་ཁྲག་ཡབ་སྟོབས་ཅིང་༔ ཞབས་གཡོན་ཡབ་འཁྱུད་གཡས་བརྐྱང་གིས༔ འཁོར་བའི་སྒོ་འཕར་གནོན་མཚོན་འགྱིང་༔ གནས་ལྔར་ཀཱི་ལ་རིགས་ལྔ་དང་༔ དབང་ཤེས་ཁྲོ་བཅུ་ཟ་གསོད་ཚོགས༔ ཡན་ལག་སྒོ་སྐྱོང་མོ་རྣམས་དང་༔ ཉིང་ལག་བདག་ཉིད་ཤྭ་ན་མ༔ ས་བདག་སྐྱེས་གིང་དབང་ཕྱུག་སོགས༔ མ་འདྲེས་ཡོང་སུ་རྫོགས་པར་བསྐྱེད༔ འོད་འཕྲོས་དབྱིངས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ སྒོ་གསུམ་གུས་པས་བདག་ཕྱག་འཚལ༔ དངོས་ཡིད་སྲིད་ཞིའི་མཆོད་པ་འབུལ༔ རྡོ་རྗེའི་གྲགས་སྟོང་ན་དཱའི་བསྟོད༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་མཐིང་༔ སྐྱིལ་ཀྲུང་མཉམ་བཞག་ཀུན་ཏུ་བཟང་༔ ཐུགས་གསང་རྡོ་རྗེ་རྩེ་དགུ་བའི༔ ལྟེ་བར་ཧཱུྃ་མཐིང་མཐའ་མ་རུ༔ སྔགས་ཀྱི་ཕྲེང་བ་ལུག་རྒྱུད་འཁོར༔ བཟླས་པས་འཁོར་འདས་ཐམས་ཅད་ཀུན༔ དུས་གཅིག་སྒྲོལ་པའི་ནུས་ཐོབ་ཅིང་༔ གཟི་བྱིན་རབ་ཏུ་འབར་བར་དམིགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཅེས་བཟླས་དགོངས་པའི་གཟེར་ལྡན་ན༔ དཀྱིལ་འཁོར་ཐམས་ཅད་དུས་གཅིག་འགྲུབ་༔ འཇམ་དཔལ་པ་ཡི་བསྐུལ་བཞིན་དུ༔ ཁྲག་འཐུང་ག་གཱ་ཨ་བྷྱེས་བྲིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ་སརྦ་མངྒ་ལཾ༔


previousཕུར་བའི་རྒྱུན་ཁྱེར་གསང་བ་ཡོངས་རྫོགས།next