འདོད་ཁམས་བདག་མོ་དཔལ་ལྡན་དམག་ཟོར་མ་རྗེ་ཁོལ་གཉིས་ཀྱི་དབང་རྗེས་གནང་ཇི་ལྟར་ནོས་ཚུལ་སྐོར།
འདོད་ཁམས་དབང་ཕྱུག་ཞི་བའི་སྐུར་བསྟན་པ་དཔལ་ལྡན་ལྷ་མོ་དུང་སྐྱོང་རྒྱལ་མོའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་གཏོར་མ་ལ་བརྟེན་པའི་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་ལུང་བཀའ་བསྒོ་དང་བཅས་ནོས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཡང་སྤྲུལ་སྲོང་བཙན་སྒམ་པོ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། རྡོ་རྗེ་འཆང་ཕ་
བོང་ཁ་པ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །མཁའ་འགྲོ་མ་མེ་ལྕེ་འབར་མའི་རྒྱུད། དཔལ་ལྡན་དམག་ཟོར་མའི་ལས་གསུམ་རྣམ་གཞག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་མཛད་པ། ཤོ་མོ་མངོན་ཤེས་འཁྲུལ་མེད། ཨོ་རྒྱན་ཆེན་པོས་མཛད་པའི་དམག་ཟོར་མའི་བསྐང་མདོས་དང་སྦྱིན་སྲེག་རྣམས་ཀྱི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས། དགེ་འཕེལ་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། ལྷ་བཙུན་ལྷ་དབང་རྒྱ་མཚོ། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། །ཡང་ན་རྗེ་དགེ་འདུན་རྒྱ་མཚོ་ནས། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་བདེ་ལེགས་ཉི་མ། གྱེ་རེ་ལྷ་བཙུན་མན་འདྲ། བསྐང་མདོས་ཀྱི་ཡི་གེ་རྙིང་པ་ལ་མངའ་རིས་དྲུང་པ་ལྷའི་བཙུན་པ་བསོད་ནམས་དཔལ་བཟང་གིས་ཆོག་ཁྲིགས་སུ་མཛད་པའི་བརྒྱུད་པ་ནི། རྗེ་དགེ་འདུན་རྒྱ་མཚོ་ཡན་སྔར་ལྟར་ལ། དེ་ནས་དྲུང་པ་ལྷའི་བཙུན་པ། ལྷ་ཆོས་རྗེ་ངེས་ལེགས་དཔལ་འབྱོར་ལྷུན་གྲུབ། སྡེ་པ་ལྷ་རྒྱ་རི་བའི་ཞལ་ངོ་ཡིན། རྡོ་རྗེ་འཆང་ཕ་བོང་ཁ་པ། དེས་བདག་ལའོ། ༈ །ཞ་ལུའི་སྲུང་མ་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་གནས་ལྔའི་འོད་ཟེར་གྱི་སྤྲོ་བསྡུ་དབང་བཞི། སྐུ་ཙཀ་ལི། སྔགས་ཀྱི་བཟླས་ལུང་། ཕྱག་མཚན་གཏོད་པ། གཏོར་དབང་དང་བཅས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཨོ་རྒྱན་རིན་པོ་ཆེ། ལོ་སྟོན་རྡོ་རྗེ་དབང་ཕྱུག །ལྕེ་བཙུན་ཤེས་རབ་འབྱུང་གནས། ལྕེ་བཙུན་ཡེ་ཤེས་དབང་ཕྱུག །ལྕེ་འབུམ་མེ། ལྕེ་འབུམ་དར། ལྕེ་འབུམ་ལྡན། གཡུ་ཐོག་སྒྲ་གསེར་བཟང་། ལྕེ་ཡེ་ཤེས་འབར། མཁན་
པོ་མངོན་པ་བ། བུ་སྟོན་སེང་གེ་འོད། མཁན་པོ་གྲགས་པ་གཞོན་ནུ། བླ་མ་བཀྲ་ཤིས་སེང་གེ་ཐུགས་སྲས་རིན་ཅེན་རྣམ་རྒྱལ། མཁས་པ་ནོར་བཟང་རིན་ཅེན། དཀའ་བཞི་པ་རིན་ཅེན་རྒྱལ་མཚན། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། བྲག་དཀར་རབ་འབྱམས་པ་བསྟན་པ་རབ་གསལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང་། ཁྱབ་བདག་དབང་ཕྱུག་རབ་བརྟན། བསྟན་པའི་བདག་པོ་མགོན་པོ་བསོད་ནམས་མཆོག་ལྡན། བཀའ་དྲིན་མཉམ་མེད་ཟུར་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་ཐུགས་སྲས་རིན་པོ་ཆེ་ནས། སྐུ་ཞང་ནམ་མཁའི་མཚན་ཅན། དཀའ་བཞི་པ་རིན་ཅེན་རྒྱལ་མཚན་མན་འདྲ། ཡང་ན་ཐུགས་སྲས་ནས། རྗེ་རིན་ཅེན་དཔལ་གྲུབ། མཁྱེན་རབ་རྗེ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། ཞ་ལུ་དཀའ་བཞི་པ་རིན་ཅེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། རྗེ་མཁྱེན་བརྩེའི་ཞབས་མན་འདྲ། འབར་ར་བས་མཛད་པའི་ཡིག་ཆའི་སྟེང་ནས་ཚེ་རིང་མཆེད་ལྔའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཌཱ་ཀི་སིདྷ་མུ་ཁ། ཨོ་རྒྱན་པདྨ་ཐོད་འཕྲེང་། བཀྲ་ཤིས་ཚེ་རིང་མ། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། རྗེ་ཕག་མོ་གྲུ་པ། གླིང་རས། རྒྱ་རས། རྒོད་ཚང་པ། ཡང་དགོན་པ། ལྕགས་སྟོན་གྲུབ་པ་པོ། འཁྲུལ་ཞིག་སངས་རྒྱས། བྱང་ཆུབ་བཟང་པོ། འབའ་ར་བ་རྒྱལ་མཚན་དཔལ་བཟང་། སྐྱེས་མཆོག་ཀུན་དགའི་མཚན་ཅན། རྗེ་དཔལ་འབྱོར་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན། ཐམས་
ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕ་བོང་ཁ་པ་བདེ་ལེགས་ཉི་མ། བྲག་དགོན་སྤྱན་སྔ་གཞོན་ནུ་ཆོས་དཔལ་བཟང་པོ། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་ལྷ་སྲས་མུ་རུབ་བཙན་པོ་མཐའི་སོ་ཁ་བསྲུང་བར་བཏང་བའི་དུས་ཨོ་རྒྱན་ཆེན་པོས་རྒྱལ་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་མདུན་གྱི་ནམ་མཁར་བཀུག་ནས་གཡུལ་ལས་རྣམ་པར་རྒྱལ་བར་བཀའ་བསྒོ་མཛད་པའི་རྣམ་སྲས་སྤྲིན་གསེབ་མའམ་ལྗང་ཡུལ་མ་ལྷ་དགུར་གྲགས་པའི་རྗེས་གནང་། ཀློང་ཡངས་རིན་ཅེན་གཏེར་གྱི་རྒྱུད་ལས་བྱུང་བའི་སྒྲུབ་ཐབས། ལོ་རྒྱུས་འདན་མ་རྩེ་མང་གིས་ཡི་གེར་བཏབ་པ། རྗེས་གནང་གི་ཡི་གེའི་ཐོ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨོ་རྒྱན་པདྨ་ཐོད་འཕྲེང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་རུབ་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ་ནས་རིམ་པར། ཀུན་མཁྱེན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམ་བྷར་ཀུན་དགའ་རྒྱལ་མཚན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། བཀའ་འགྱུར་པ་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །རྒྱ་གར་ཆོས་ཁྲིམས་མེད་པའི་མཐའ་འཁོབ་ན། །འཇག་ཁྱིམ་ཀོ་ཁྱིམ་འཛིན་པའི་ཨཱ་ཙཪྻ། །མཐུ་དང་ནུས་པས་བསྲུང་བའི་རྒྱལ་ཁམས་ཡོད། །
ཕྲལ་རྟགས་འབྱིན་འགྲུབ་མཐུ་སུས་མི་ཐུབ་པའི། །ངན་སྔགས་མདའ་ལྟར་འཕེན་པའི་ཨཱ་ཙཪྻ། །ནག་པོ་འཇིགས་མེད་རླུང་གི་འཁོར་ལོ་འཕྱར། །བྲམ་ཟེའི་མན་ངག་རླུང་གི་མནྟྲ་སྟེ། །ད་ལྟ་རྟགས་འབྱིན་རྒྱལ་ཁམས་ཡོངས་སུ་བསུང་། །དེ་ཡི་ལག་ན་རྗེ་བཙུན་འབྲོ་ལོ་ཙཱས། །ཞུས་ཏེ་མན་ངག་གཏན་ལ་ཕབ་པ་ནི། །ཞེས་པ་ལྟར་རྒྱ་གར་ཁ་ཆེའི་བྱང་ཕྱོགས་ཀྱི་རྒྱལ་ཁམས་སུ་ཨཱ་ཙཪྻ་ནག་པོ་འཇིགས་མེད་ལ་རྗེ་བཙུན་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་ཞུས་ཏེ་བསྒྱུར་བའི་འབྱུང་བ་རླུང་ལ་ལས་བཅོལ་ནས་ཁམས་གསུམ་འཁྲུག་པར་བྱེད་པའི་རླུང་ནག་འཁོར་ལོའི་སྐོར་ལ། ཚེ་བདག་གི་སྣ་ཆ་བརྒྱད་ཀྱི་ཡ་གྱལ་གནུབས་ལུགས་ཀྱི་རླུང་ནག་འབྱེད་པའི་འཁོར་ལོ་དེང་སང་རྒྱུན་ནུབ་ནའང་། དེ་དང་འདི་གཉིས་ཚིག་ཞུས་མེ་ཕེར་བ་ལས་དོན་གཅིག་པས་སྣ་ཆ་བརྒྱད་ཀྱི་གྲས་སུ་དཔལ་བཀྲ་ཤིས་སྟོབས་རྒྱལ་ཡབ་སྲས་བཞེད་དོ། །འབྱུང་བ་རླུང་ནག་འཁྲུག་པའི་རྒྱུད་ལེའུ་བཅུ་གསུམ་པ་མཇུག་ཏུ་ཚྭ་རྒོད་ཉལ་བའི་ངན་སྔགས་ཞལ་གདམས་འགྲིག་ཅན་བླ་མ་ལ་རག་ལུས་སོ་རྫོགས་བྱང་གི་མཐའ་ཅན། རླུང་འཁོར་ཆེན་མོའི་འཁོར་ལོ་གཉིས་ཚར་རོའི་མཐའ་ཅན། འབྲིང་པོའི་འཁོར་ལོ་གཉིས་ཚར་རོའི་མཐའ་ཅན། རླུང་འཁོར་ཆུང་ངུའི་ཡིག་སྣ་ཚར་རོའི་མཐའ་ཅན། སྤོགས་པའི་འཁོར་ལོ་གཉིས་ཀྱི་གདམས་པ་ཚར་རོའི་མཐའ་ཅན། དཔོན་སློབ་དང་སྤུན་ཟླ་དབྱེ་བའི་འཁོར་ལོའི་གདམས་པ་བྱ་རོག་འུག་པའི་གདམས་པ་ཚར་རོའི་མཐའ་ཅན། སྡེ་བརྒྱད་དཀྲུག་པའི་འཁོར་ལོ་ཆར་རོའི་མཐའ་ཅན། རླུང་འཁོར་མཁན་པོ་ནང་འགྲས་གསོད་པའི་གདམས་པ་རྫོགས་སོའི་མཐའ་ཅན། རླུང་འཁོར་ཆེ་འབྲིང་ཆུང་གསུམ་གྱི་ཞལ་གདམས་ལས་མཐའ་ཡིན་ནོའི་མཐའ་ཅན། རླུང་འཁོར་ཆེ་འབྲིང་ཆུང་གསུམ་བྱ་འུག་རྣམས་
ཀྱི་སྦོགས་ཆོག་འཁོར་ལོའི་ཞལ་གདམས། སྔགས་དང་རྫས་ཀྱི་བཅའ་ལུགས་མདོར་བསྟན་པ་རླུང་འཁོར་ཆེན་མོས་ཡུལ་ཁམས་དཀྲུག །འབྲིང་པོས་གྲོང་ཁྱེར་དཀྲུག །ཐ་མས་བཟའ་གཉིས་ངེས་པར་འབྱེད་པ་ཡིན་ནོའི་མཐའ་ཅན་ལས་ཕྲན་ཕོ་མོ་འབྱེད་པ། སྤུན་ཟླ་འབྱེད་པ། ལྷ་དང་དབྱེ་བ་འཁོར་ལོ་ལ་འབྱུག་ཅིང་རྨེ་བོའི་མཐའ་ཅན། རླུང་ལྷ་ཆས་སུ་ཞུགས་པའི་མན་ངག་རྫོགས་སོའི་མཐའ་ཅན། འཁོར་ལོའི་རྒྱུ། དབྱིབས་ཚད། འདྲི་ཐབས། མི་མཐུན་པའི་རྫས་ལྔའི་བྱ་ཚུལ་སྡེ་བརྒྱད་ལས་ལ་འཛུད་ཅིང་འབྱུང་བ་འཁོལ་པོར་བཀོལ་བའི་གདམས་པ་རྫོགས་སོའི་མཐའ་ཅན། རླུང་འཁོར་ཆེན་མོའི་སྔགས་བྱང་། འབྲིང་པོའི་སྔགས་བྱང་། ཆུང་ངུའི་སྔགས་བྱང་། རང་ལ་མི་ལྡོག་པའི་བསྲུང་བ། ནང་བྱན་ལྷ་འདྲེའི་དམག་མི་སྦྲན་པ། དམོད་མོའི་ལྷན་ཐབས་འཇིག་རྟེན་དྲེགས་ཅན་མ། བྱ་འུག་འཁོར་ལོ་རང་གི་ཁང་ཐོག་ཏུ་བཙུགས་ཀྱང་ཆོག་པར་གསུངས་པ། རླུང་འཁོར་ཞག་བདུན་ཐུན་གྱིས་བྲབ་པ། རླུང་འཁོར་ལག་ལེན་པྲ་འཁྲིད། མི་འགྲུབ་མི་སྲིད་པའི་ཞལ་གདམས་པ། འཁོར་ལོ་བསྐོར་བའི་དུས་ཚེས་གཟའི་སྤུ་གྲི། དགུག་འདྲེན། རང་གསོ་བ། ཕ་རོལ་གསོད་བའི་འཁྲུལ་འཁོར་གྱི་ཨུ་པ་དེ་ཤ །འཁྲུལ་འཁོར་གྱིས་མ་ཏི་ཞེས་པའི་གོང་དང་འདྲ་མིན་གཅིག །སྦས་པའི་གནད་ཡིག་ཅེས་པ་འབྱུང་བཞི་ས་བོན་སྲིད་པའི་ལྷ་དབྱེ་ནག་པོ་རྫོགས་བྱང་གི་མཐའ་ཅན། སཱུཪྻ་རཱ་ཛས་བསྟན་པ་བསྲུང་ཕྱིར་གནང་བའི་སྦས་པའི་མན་ངག་ཅེས་པ་དཀྲུག་པ་བཞིའི་གདམས་པ། ལས་བྱང་བསྐུལ་དང་བཅས་པ་རླུང་ལྷའི་སྤུ་གྲི་དད་པ་དམ་ཚིག་
མ་མ་འདའ་ཞིག་གི་མཐའ་ཅན། རླུང་འཁོར་གནས་གཞན་དུ་སྤོ་ཐབས། རླུང་འཁོར་ལས་འགྲུབ་ཀྱི་སྔགས་བྱང་གསེར་སྐྱེམས་ཀྱི་འཕྱོ་བ་འཇིག་རྟེན་འདས་མ། གཟུ་དཔང་གི་འཕྱོང་སྲིད་པའི་རྩེ་མོ་མ། ལིངྒ་དགུག་གཞུག་གི་འཕྱོང་ལྷ་དབྱེ་དང་བཅས་པ་འབྱུང་བ་རླུང་ནག་འཁྲུག་པའི་འཕྱོང་ས་མཱ་ཡའི་མཐའ་ཅན། དཔེ་རིས་ལ་འཁོར་ལོ་ཆེན་མོ་ཡུལ་ཁམས་དཀྲུག་པ་གཤིན་རྗེ་ཡབ་ཡུམ་གྱི་ལྟོ་འཁོར། འབྲིང་པོ་གཤིན་རྗེ་ཕོ་མོའི་ལྟོ་འཁོར། ཆུང་བ་རླུང་ལྷ་ཡབ་ཡུམ་གྱི་ལྟོ་འཁོར། སྤོགས་པ་གཤིན་རྗེ་ཕོ་མོའི་འཁོར་ལོ། དབྱེ་བ་ཕྲ་མེན་འཁོར་ལོ། བྱ་འུག་གི་འཁོར་ལོ། སྡེ་བརྒྱད་དཀྲུག་པ་རླུང་ལྷའི་འཁོར་ལོ། ས་ལྷ་ཡབ་ཡུམ། ཆུ་ལྷ་ཡབ་ཡུམ། མེ་ལྷ་ཡབ་ཡུམ་གྱི་འཁོར་ལོ། ནང་འབྲས་འཁོར་ལོ། རང་བསྲུང་འཁོར་ལོ། ལས་ཕྲན་འཁོར་ལོ་སོགས་ཀྱི་སྟེང་ནས་ཕྱག་ལེན་དམར་འཁྲིད་དང་བཅས་ཐོབ་པའི་བརྒྱུད་པ་ནི། བཅོམ་ལྡན་འདས། འཇམ་དཔལ་གཤིན་རྗེ་གཤེད། ཕྱག་ན་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རོ་ལང་བདེ་བའི་དངོས་གྲུབ། བྲམ་ཟེ་སྤྲིན་གྱི་ཤུགས་ཅན། བྲམ་ཟེ་སྡོམ་པ་བཟང་པོ། ཨཱ་ཙཪྻ་ནག་པོ་འཇིགས་མེད། འབྲོ་ལོ་ཤེས་རབ་གྲགས། བནྡེ་ཡེ་ཤེས་ཛྙཱ་ན། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། མཁས་གྲུབ་ཆོས་རྗེ། དེས་སྲས་ཆོས་རྗེ། སྔགས་འཆང་ལེགས་པ་དཔལ་བཟང་། གནུབས་ཆེན་རཏྣ་ཤྲཱི། འཇམ་དབྱངས་རིན་ཅེན་རྒྱལ་མཚན། པཎ་ཆེན་པདྨ་དབང་རྒྱལ། དཔལ་ལྡན་ཆོས་ཀྱི་དབང་པོ། ཡུག་ནོར་བུ་དབང་རྒྱལ། ཟུར་བསྟན་འཛིན་འགྱུར་མེད། གུང་རུ་དབྱངས་དཔོན་པ་དཔལ་ལྡན་གྲགས། མཐུ་སྟོབས་དབང་
ཕྱུག་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེའི་བསྟན་སྲུང་དུ་སྩལ་ཏོ། །ཡང་ན་རྒྱལ་བ་ཤཱཀྱ་ཐུབ་པ། ཀུན་དགའ་བོ། བྲམ་ཟེ་སྡོམ་པ་བཟང་པོ། བནྡེ་འབྲོ་ལོ་ཙཱ་བ། འབྲོ་བན་ཡེ་ཤེས་ཛྙཱ་ན། ཀོང་སངས་ཡེ་ཤེས། སློབ་དཔོན་ཀུན་དགའ། གཉོས་གྲགས་པ། ལོ་ཙཱ་པྲཛྙཱ་རྩེ་མོ། ཞང་ཕུ་རུ་བ། འབྲོ་བནྡེ། དགེ་བཤེས་བྱང་ལོ། ནག་བསོད་པ། དཔལ་ལྡན་འདར་ཆར། ཁམས་བན། མེ་བན། ཕག་བོན་ཕུག་པ། ཕག་ཕུག་ཆུང་བ། བསམ་མཆོག་ལྡན། ཁ་རག་བློ་ལྡན། གུ་རུ་པྲཛྙ་སིདྷ། མ་སྲིན་པོ་རི་བ། དཔང་སྟོན་སངས་རྒྱས་རྡོ་རྗེ། དཔང་སྟོན་རྡོ་རྗེ་སེང་གེ །དཔང་བཀྲ་ཤིས་སེང་གེ །དཔང་བཀྲ་ཤིས་བཟང་པོ། དཔང་བློ་གྲོས་བཟང་པོ། གྷུར་སྟོན་བཛྲ་སིདྷ། དྲིན་ཅན་དཀོན་ཅོག་རྡོ་རྗེ། མངའ་བདག་དགེ་འདུན་ཆོས་གྲགས། ཟུར་བསྟན་འཛིན་འགྱུར་མེད། རླུང་མི་འགྱུར་རྡོ་རྗེ། དབྱངས་དཔོན་པ་མན་འདྲ། ༈ རྡོ་རྗེ་མཁའ་འགྲོ་མ་རླུང་གི་འཁོར་ལོའི་མན་ངག་ཁྱད་པར་ཅན་བྲམ་ཟེ་སྡོམ་པ་བཟང་པོ་ནས་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ལ་བཀའ་བབས་པའི་གདམས་སྐོར་ལ། འཁོར་ལོ་རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་སྒྲུབ་འགྲེལ་རིན་པོ་ཆེའི་གཏེར་མཛོད་ཅེས་པ་རླུང་གི་འཁོར་ལོའི་རྩ་བ་ཌཱཀིའི་གསུང་ངག་བདེན་པ་ངེས་པ། འབྱུང་བ་བྲན་དུ་བཀོལ་བའི་ཁྱིམ་བདག་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ་ལོ་རྒྱུས་དང་སྔོན་འགྲོ། རླུང་ཁང་བརྩིག་པ། འཁོར་ལོ་འདྲི་བ། འཁོར་ལོ་གཟུགས་པ། བསྐོར་བ་སྟེ་སྤྱི་དོན་ལྔས་བསྟན་པ་ཨོ་རྒྱན་ནཱ་ག་རྫུ་ནས་མཛད་པ། ཡང་ལོ་རྒྱུས་གོང་དང་འདྲ་བ་ལས་སྤྱི་དོན་ལྔ། གབ་པ་གསུམ།
སྤེལ་ཚིག་སོགས་ལྷན་ཅིག་ཏུ་བསྟན་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག་གི་མཐའ་ཅན། ཁྲོམ་ཟིལ་གནོན། དངོས་གྲུབ་བྱིན་འབེབས། སྒོ་རེབ་མ་སྟེ་གབ་ཚིག་གསུམ་གྱི་མན་ངག་མུན་འབྱེད་སྒྲོན་མེ། གནད་ཀྱི་འཕྲུལ་ཡིག་མེ་ལོང་། རླུང་གི་འཁོར་ལོ་ལ་བརྟེན་ནས་ནོར་སྒྲུབ་པའི་གདམས་པ་བཀའ་བརྒྱུད་ལུང་གསུམ་འདུས་པ་རྫོགས་སོའི་མཐའ་ཅན། རླུང་གི་འཁོར་ལོ་ལ་བརྟེན་ནས་སྤྱི་སྒྲུབ་སྙན་བརྒྱུད་ཀྱི་ཞལ་གདམས་སྙིང་དང་འདྲ་བའི་བཀའ་བརྒྱུད་ལུང་གསུམ་གྱི་བཅུད་བསྡུས་ཚིག་བརྒྱུད་མ་བརྗེད་ཀྱི་དོགས་ནས་ཡི་གེར་བྲིས་པའི་གསོལ་བ་བཏབ་ནས་དཀར་ཆག་ཏུ་བཀོད་པའི་མཐའ་ཅན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདྲ་བའི་སྒྲུབ་ཐབས་མན་ངག །རླུང་གི་འཁོར་ལོའི་མན་ངག་ཞལ་གདམས་ཟབ་ཁྱད་ཅན་བཅའ་གཞི། སྔ་ལྟ་ཕྱི་ལྟའི་རྩ་བའི་འཁོར་ལོ་བྲི་བ། གཟུགས་པ། བསྐོར་བ། རླུང་ལྷའི་སྔགས། རིགས་ལྔ། གདུགས་དཀར། མི་འཁྲུགས་པ། མཆོད་པའི་སྤྲིན། སྙིང་རྗེ་ཅན། ཡི་གེ་བརྒྱ་པ་རྣམས་ཀྱི་སྔགས་བྱང་། སྐྱོབ་པ་གདུགས་གཉེན་པོ་ཐོག་གཟོར། སྦྱིན་པ་སྤེལ་བ། འབྲུ་སྤེལ་བ། ཁྲོམ་ཟིལ་གནོན། ཁ་དྲག་དཔུང་བསྐྱེད། ཁོན་སྦྱང་། ལྷ་དང་གྲིབ་བཞིན་འགྲོགས་པ། དངོས་གྲུབ་བྱིན་འབེབས། ཁམས་གསུམ་དབང་སྡུད། མི་སྙིང་སྒུལ་བ། མི་ནོར་རྒྱས་བྱེད། ཚེ་དང་ལོངས་སྤྱོད་སྤེལ་བ། གནོད་སྦྱིན་ཕོ་མོ་དགུ །འགེགས་བསྲུང་གི་འཁོར་ལོ་དང་བཅས་པ་རྣམས་ཆོས་སྡེ་གཅིག་ཏུ་བཞུགས་པ། མཆོག་སྒྲུབ་ལྟར་སྐོར་བའི་ཡིག་ཆུང་། གནད་ཡིག་འཕྲུལ་གྱི་མེ་ལོང་ཞེས་པ་གཞུང་གི་འཁོར་ལོ་རྣམས་ཕྱག་ལེན་ཡར་བལྟ་
མར་བལྟ་བྱ་ཚུལ་གྱི་ཐེམས་ཡིག་འཁོར་ལོ་སོ་སོའི་དཔེ་རིས་དང་བཅས་པ། བཅས་ཆོག་ཡིད་བཞིན་ནོར་བུའི་སྒྲོ་གཤོག་ཡི་གེ་འདྲི་ལུགས་བླ་མའི་གསུང་ལས་ཟིན་བྲིས་སུ་བཀོད་པ། རླུང་འཁོར་ཡིད་བཞིན་ནོར་བུའི་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་ཁ་བསྒྱུར་གྱི་སྤེལ་ཚིག །བཅས་ཆོག་གི་ཞལ་ཤེས་ཐུན་མོང་མ་ཡིན་པའི་འཁོར་ལོ་སོ་སོའི་རྫས་འབྱུག་ཐབས་སོགས་ཟབ་གནད་ཁྱད་པར་ཅན་ཞར་བྱུང་སྨོན་ལམ་དང་སྨོན་ལམ་འགྲུབ་པའི་སྔགས། མཆོད་འབུལ་ཙཀྲ། ས་གནོན་གྱི་གཟུངས་དང་བཅས་པ་འབྲོ་ལོས་བསྒྱུར་བའི་མཐའ་ཅན། འཁོར་ལོ་བཙུགས་ནས་དངོས་གྲུབ་མྱུར་དུ་བསྐུལ་བ་དང་བཅས་པ་རྣམས་ཀྱི་ཕྱག་ལེན་ཞལ་ཤེས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། མཁའ་འགྲོ་རཏྣ་ཨ་ར་ལི། འཕགས་པ་ཀླུ་སྒྲུབ་སྙིང་པོ། བྲམ་ཟེ་སྡོམ་པ་བཟང་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། གར་སྟོན་འབུམ་དར། འབྲས་ཁུད་པ། ཡོལ་པ་བྲག་པ། ཟུར་ཧྭཾ་ཤཱཀྱ་འབྱུང་གནས། ཟུར་ལྷུན་གྲུབ་གྲགས་པ། ཟུར་རྡོ་རྗེ་མགོན་པོ། ཟུར་ཚེ་དཔལ་མགོན་པོ། ཟུར་ཤཱཀྱ་དཔལ་འབྱོར་བཟང་པོ། ཟུར་དབང་ཤཱཀྱ་རཏྣ། ཟུར་འཇམ་དབྱངས་རྒྱལ་བའི་སྲས་པོ། ཟུར་དང་མ་པ་བསྟན་འཛིན་འགྱུར་མེད། ཡུག་པ་རླུང་མི་འགྱུར་རྡོ་རྗེ། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ༈ །མུ་སྟེགས་ཀྱི་རླུང་འཁོར་ཆ་ཁྲི་ནག་པོ་ཞེས་དགྲ་བོ་རླུང་ལ་བསྐོར་ནས་མྱུར་དུ་གསོད་པའི་བཅའ་གཞི། བསྐོར་ལུགས། ལས་སྦྱོར་གསུམ་གྱིས་བསྟན་པ།
ཕོ་འཁོར་མོ་འཁོར་བར་ལིང་གི་དཔེ་རིས་དང་བཅས་པའི་ལུང་ཕྱག་ལེན་ཐོབ་པའི་བརྒྱུད་པ་ནི། གནུབས་ཆེན་སངས་རྒྱས་ཡེ་ཤེས་ནས་རིམ་པར། རིག་འཛིན་ཆོས་ཀྱི་གྲགས་པ། མཚུངས་མེད་དཀོན་ཅོག་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ལོ་ཙཱ་བ་ཁམས་པ་ཁྲ་མོས་བསྒྱུར་བའི་ཞགས་པ་ནག་པོའི་ཆིང་བྱེད་ཀྱི་རྒྱུད་དམ་གྱིམ་ཞང་གྭའུའི་མགོ་སྔོན་སྐོར་ལ། སྲོག་གཅོད་སྟ་རེ་རྣོན་པོའི་ཡིག་ཆུང་། རང་བསྲུང་ཉི་ཟེར་ཟླ་ཟེར། གསད་པ་སྲོག་གི་སྤུ་གྲི་རུས་སྦལ་ཁ་སྦྱོར་གྱི་གཏད་ཁྲམ། ཕུང་པོ་འཇོམས་པའི་ཐོ་བ། དབང་ཐང་ཟ་ཁ་འཆིང་བའི་ཡི་དྭགས། རླུང་རྟ་མཁས་པ་ཁྱད་གསོད་རལ་གྲི། ཕ་ཚན་གྲོང་ཚོ་འཇིག་པའི་དུར་སེལ་ཕུང་སྲི། ཞིང་སེལ་ལོ་ཏོག་འཇོམས་པའི་དུག་མདའ་མཁར་གཏན་ནས་འཇིག་པའི་བཙན་དུག །འབྱུང་ལྔའི་སྔགས་ཀྱི་སོ་བརྡར་རྣོན་པོ། བཟློག་པ་ནག་པོ་དགུ་ཐུབ། སྤྱི་རྒྱུག་ཀུན་ལ་ཁྱབ་པའི་འཁོར་ལོ་དྲུག་གི་བཅའ་ཐབས། དཔེ་རིས་ལ་རུས་སྦལ་ཕོ་མོའི་འཁོར་ལོ། ཤིང་འཁོར། མེ་འཁོར། ས་འཁོར། ལྕགས་འཁོར། ཁྲོག་རྡོའི་འཁོར་ལོ་རྣམས་ཀྱི་སྟེང་ནས་ལུང་ཕྱག་ལེན་ཞལ་ཤེས་དམར་འཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ་དབྱངས། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ། ལོ་ཙཱ་བ་ཁམས་པ་ཁྲ་མོ་མེ་འབར། འབྲང་སྟོན་ཤེས་རབ་སྐྱབས་ནས་རིམ་པར། མཐུ་ཆེན་ཡུག་ནོར་བུ་དབང་རྒྱལ། དང་མ་བ་བསྟན་འཛིན་འགྱུར་མེད། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། །རྒྱ་ནག་
ཟླ་བ་ནག་པོའི་ཐུགས་ཀྱི་ཀློང་ནས་བརྡོལ་བའི་གྱིམ་ཤན་རྔ་མོའི་གཟུགས་ལ་བརྟེན་པའི་ལྟོ་ནག་སྲིན་མོ་སྤུ་གྲི་དཔེ་རིས་དང་བཅས་པའི་ལུང་ཕྱག་བཞེས་ནོས་པའི་བརྒྱུད་པ་ནི། འཇམ་དབྱངས། ཀོང་ཙེ་འཕྲུལ་རྒྱལ། རྒྱ་ནག་ཟླ་བ་ནག་པོ། རྒྱ་ནག་རཱ་ཧུ་ལ་དམར་པོ། ལོ་ཙཱ་བ་ཁམས་པ་ཁྲ་མོ་ནས་རིམ་པར། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། ༈ །སློབ་དཔོན་ཤནྟིཾ་གརྦྷའི་ལྐོག་ཡིག་ཐབས་ཇི་ལྟར་བྱས་ཀྱང་མི་ཕན་པར་འདྲེས་གནོན་པའི་གདམས་པ། ཁྱི་ནག་གསོན་གཏད་ཟླ་བ་གཅིག་ནས་ཀུ་ཀུའི་མཆེ་བ་དང་མིག་དམར་པོ་འགྲོ་བ་གཉིས་ཀྱི་བརྒྱུད་པ་ནི། གསང་བའི་བདག་པོ། ཤནྟིཾ་གརྦྷ་ནས་རིམ་པར། རྒོད་ཕྲུག་འཕྲིན་ལས་རོལ་པ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ་དེས་བདག་ལའོ། །ཡངན་རྩ་བའི་བླ་མས་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག་ལ་ཡང་གསན་ནོ། །སེ་བའི་གཉའ་ཤིང་ལ་བརྟེན་ནས་ཞོ་ཉེས་པ། འོམ་བུའི་གཉའ་ཤིང་གིས་ཆང་ཉེས་པ། སྤ་ཤིང་གི་སྤོག་གིས་སྐྱེས་པའི་དབང་པོ་རོལ་ཏུ་གསོད་པ། ལ་ཆའི་གཉའ་ཤིང་གིས་བུད་མེད་ཀྱི་སྲིད་པ་ཤིག་པ། ཤིང་གི་ཁྱེམ་ཏོག་གིས་མཁར་བ་ཤིག་པ། ལྕགས་ཀྱི་མིའུ་ཐུང་གིས་མགར་བའི་སོལ་མལ་བཤིག་པ། རྫའི་མིའུ་ཐུང་གིས་རྫ་མཁན་གྱི་སོལ་མལ་བཤིག་པ། ཨོ་རྒྱན་
ཆེན་པོས་མཛད་པའི་མིའམ་སྲེ་མོའི་རླིད་བུར་བརྟེན་པའི་རྐྱལ་བུ་ཕུ་འདེབས། མུ་སྟེགས་གུ་ལང་ནག་པོའི་མན་ངག་གནམ་ལྕགས་ཀྱི་ཐོག་ལྟར་དྲག་ལ་མྱུར་བའི་རླིད་བུ་ཕུ་འདེབས་ཨོ་རྒྱན་ཆེན་པོས་དབང་ཕྱུག་གི་རྒྱུད་ལས་ཁོལ་དུ་ཕྱུང་ནས་ཕྲ་བྲག་ཏུ་སྦས་པ། ཞར་བྱུང་རྫས་ཀྱི་ཁ་བསྒྱུར་ལུགས་མི་གཅིག་པའི་བཤད་ཚུལ་དང་བཅས་པ། དགྲ་བོས་སྟེང་བྱ་རོག་བཞིན་དུ་ཡུལ་འཁྱར་བྱེད་སྡེ་བརྒྱད་དཀྲུག་པ་སྐྲད་པ་དཔུང་ཤུགས་རྔ་མོའི་འཁོར་ལོ། དམ་ཉམས་ཕོ་མོ་སྤེལ་བའི་མན་ངག་དགྲ་བོའི་ལོངས་སྤྱོད་འབྲལ་བ། བསོད་ནམས་བསྣུབ་པ། གསོད་པ། རྦོད་གཏོང་ཁོ་རང་ལ་བཟློག་པ་སྟེ་དོན་ཚན་བཞི་ཚང་བའི་ངན་སྔགས་ཨཱ་ཙཪྻ་དམར་པོས་ངོམ་པ་ན་མཐུ་སྟོབས་ལ་གནང་བ། དཔོན་གཡོག་སྤུན་ཟླ་བཟའ་མི་སོགས་གང་ཡིན་ཀྱང་ཟླ་བ་གཅིག་ནས་རྡོ་བཅག་པ་བཞིན་འགྲོ་བའི་ཉེ་འབྱེད་ལས་ཀྱི་མེ་ལོང་ཨོ་རྒྱན་ཆེན་པོའི་གདམས་པ་རྣམས་ཀྱི་བརྒྱུད་པ་ནི། ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ནས་རིམ་པར། ཡུག་སྔགས་འཆང་མ་ཎི་ཨིནྡྲ་རཱ་ཛ། དེ་སྲས་རླུང་རིགས་རབ་བརྟན་དབང་པོ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་བནྡེ་ལའོ། ༈ །ཐེའུ་བྲང་བེར་ཀ་ཅན་གྱི་གདམས་པ་ཨོ་རྒྱན་སེལ་ནག་གི་ལུང་ཕྱག་ལེན་ཞལ་ཤེས་བཅས་པའི་བརྒྱུད་པ་ནི། ཨོ་རྒྱན་པདྨ་ཐོད་འཕྲེང་ནས་རིམ་པར། བླ་མ་བསོད་ནམས་རྡོ་རྗེ། ཤཱཀྱ་མགོན་པོ། བླ་མ་དཔལ་བཟང་པོ། གུ་རུ་པདྨ་བཟང་པོ། སྤྱོད་ཡུལ་རྡོ་རྗེ། འཛམ་གླིང་གྲགས་པ། བླ་མ་དམ་ཆོས། དང་མ་བ་བསྟན་འཛིན་
འགྱུར་མེད། ཡུག་ནོར་བུ་དབང་རྒྱལ། དེ་སྲས་རབ་བརྟན་དབང་པོ། དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག །ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ།