Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་སཱ་ལེའི་བདུད་རྩི་།
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousསྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་སཱ་ལེའི་བདུད་རྩི་།next

སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་སཱ་ལེའི་བདུད་རྩི་།


LT36_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་སཱ་ལེའི་བདུད་རྩི་བཞུགས་སོ།། །།


LT36_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་དྷ་རཱ་ཡ། སྒྲུབ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་ཕྱག་རྒྱ་ཆེན་པོའི་མན་ངག་ཉམས་སུ་ལེན་བདག་གིས། སྔོན་འགྲོའི་རིམ་པ་རྣམས་ཚིག་ཉུང་ངུས་རྒྱུན་ཁྱེར་བྱ་བ་འདོད་ན། ཐོག་མར་ཐུན་མོང་སྔོན་འགྲོ་བཞི་གསལ་འདེབས་བ་ནི། །དལ་འབྱོར་རིན་ཆེན་རྙེད་དཀའ་འཇིག་པར་སླ། །སྣོད་བཅུད་མི་རྟག་བདག་ཀྱང་མྱུར་དུ་འཆི། །དཀར་ནག་ལས་འབྲས་བསླུ་མེད་རང་ལ་སྨིན། །འཁོར་བའི་གནས་ན་བདེ་བ་ནམ་ཡང་མེད། །དེ་བས་དམ་ཆོས་ཚུལ་བཞིན་བསྒྲུབ་པར་བྱ། ཐུན་མོང་མིན་བའི་སྔོན་འགྲོ་བཞི་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། །མདུན་ཏུ་མཚོ་དབུས་ལྗོན་ཤིང་ཡལ་ག་ལྔ། །དབུས་སུ་རྩ་བའི་བླ་མ་རྡོ་རྗེ་འཆང་། །མདུན་ནས་གཡས་བསྐོར་ཡི་དམ་དཀོན་མཆོག་གསུམ། །བར་མཚམས་ཆོས་སྐྱོང་རིགས་


LT36_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་འཁོར་བཅས་མདུན། །འགྲོ་ཀུན་སྒོ་གསུམ་གུས་པས་འཁོད་པར་གྱུར། །བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི། །སྤྱན་ལྡན་རྣམས་ལ་སྐྱབས་སུ་མཆི། ལན་གསུམ་བདུན་ཡན་གང་ནུས་བརྗོད། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་


LT36_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་། །བཅོམ་ལྡན་རྡོ་རྗེ་འཛིན་དབང་པོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །དེ་བཞིན་བདག་གིས་སེམས་བསྐྱེད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བསོད་ནམས་ཡེ་ཤེས་བྱང་ཆུབ་ལམ། །ཐབས་དང་ཤེས་རབ་གོམས་པས་བགྲོད། །དེ་བཞིན་བདག་གིས་ལམ་བགྲོད་དོ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཐམས་ཅད་མཁྱེན་པར་སངས་རྒྱས་ནས། །མཁའ་མཉམ་སེམས་ཅན་དོན་མཛད་ལྟར། །དེ་བཞིན་བདག་གིས་དོན་བགྱིའོ། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་པ་རྣམས་བདག་གིས་གྲོལ། །དབུགས་མ་ཕྱུང་རྣམས་དབྱུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། སྐྱབས་སེམས་ཚིགས་བཅད་འདི་རྣམས་ཤིན་ཏུ་བསྡུ་དགོས་ན། །སངས་རྒྱས་ཆོས་ཚོགས་ལན་ཁ་ཤས་བརྗོད་པས་ཆོག །སེམས་ཅན་ཐམས་ཅད་བདེ་རྒྱུར་ལྡན། །སྡུག་བསྔལ་ཀུན་བྲལ་བདེ་ཚིམས་དགའ། །རིས་མེད་ཀུན་ལ་བཏང་སྙོམས་ཤོག །ཅེས་ཚད་མེད་བཞི་བསྒོམ། །སྐྱབས་ཡུལ་འོད་ཞུ་རང་ཐིམ་བྱིན་བརླབས་གྱུར། །གཉིས་པས་རྡོར་སེམས་བསྒོམ་བཟླས་ནི། །སྤྱི་གཙུག་པད་ཟླར་བླ་མ་རྡོར་སེམས་དཀར། །རྡོར་དྲིལ་ལོངས་སྐུའི་ཆས་ལྡན་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ལས་ཡིག་བརྒྱས་བསྐོར། །བླ་མ་རྡོ་རྗེ་སེམས་


LT36_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བདག་གཞན་གྱི། །སྡིག་སྒྲིབ་ཉེས་ལྟུང་དག་པར་མཛད་དུ་གསོལ། །གསོལ་བཏབ་བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་དང་། །ནད་གདོན་ཀུན་བཀྲུས་འོད་ཀྱི་རང་བཞིན་གྱུར། ཨོཾ་བཛྲ་སཏྭ༴ སོགས་ཡིག་བརྒྱ་དང་། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་ཡང་སྙིང་ཡིག་དྲུག་ཀྱང་ཅི་འགྲུབ་བཟླས་པའི་མཐར། །མགོན་པོ་བདག་ནི་མི་ཤེས་སོགས། བདག་སྐྱབས་མཆི། །རྡོ་རྗེ་སེམས་དཔའ་བདག་གི་དབུགས་དབྱུང་ནས། །འོད་ཞུ་བདག་ལ་ཐིམ་པས་གཉིས་མེད་གྱུར། གསུམ་པ་མཎྜལ་ནི། །མདུན་མཁར་རིན་ཆེན་གཞལ་མེད་ཁང་གི་དབུས། །དཀོན་མཆོག་རྩ་གསུམ་ཚོམ་བུའི་ཚུལ་དུ་གསལ། མཎྜལ་ཚོམ་བུ་སོ་བདུན་མ་དང་། ས་གཞི་སྤོས་ཆུས་བྱུགས་བརྗོད་ལ་ཕུལ། བསྡུ་ན། རི་རབ་གླིང་བཞི་བྱེ་བ་ཕྲག་རྒྱ་མཚོར། །ལྷ་མའི་དཔལ་འབྱོར་བསམ་མི་ཁྱབ་པས་བཀང་། །ཕྱོགས་བཅུའི་ཞིང་ན་མཆོད་འོས་ཅི་ཡོད་པ། །གུས་པའི་བློ་ཡིས་བླངས་ནས་འབུལ་བར་བགྱི། །ལྤགས་པའི་ས་གཞིར་རྒལ་ཚིགས་རི་ཡི་རྒྱལ། །ཡན་ལག་གླིང་བཞི་ཙིཏྟ་ཡིད་བཞིན་ནོར། །དབུ་མ་དཔག་བསམ་དོན་སྣོད་ཤ་ཁྲག་རུས། །ཟག་མེད་བདེ་སྐྱེད་འདོད་ཡོན་སྤྲིན་གྱིས་མཆོད། །རང་སེམས་འདོད་འབྱུང་ནོར་བུའི་རྒྱལ་པོ་ལས། །ཀུན་བཟང་རྣམ་ཐར་མཆོད་པའི་སྤྲིན་ཆེན་པོ། །ནམ་མཁའ་གང་བར་སྤྲོས་ཏེ་ཕུལ་བ་ཡིས། །བར་ཆད་ཀུན་ཞི་ཚོགས་གཉིས་མྱུར་རྫོགས་ཤོག། ཅེས་པ་ཕྱི་ནང་


LT36_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་མཎྜལ་འབུལ། རྒྱས་བསྡུས་གང་གི་མཐར་ཡང་། །སྐུ་གསུམ་ཡོངས་རྫོགས་བླ་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་དེ་བཞིན་ཉིད་ཀྱིས་མཆོད། །བདག་ལུས་ལོངས་སྤྱོད་སྣང་སྲིད་ཡོངས་བཞེས་ལ། །བླ་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཚོགས་ཞིང་འོད་ཞུ་བདག་ཐིམ་དབྱེར་མེད་གྱུར། བཞི་པ་བླ་མའི་རྣལ་འབྱོར་ནི། རང་ཉིད་རྣལ་འབྱོར་མར་གསལ་སྤྱི་བོ་རུ། །སེང་ཁྲི་པདྨ་ཉི་ཟླ་རྡོར་གདན་ལ། །རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །དཀོན་མཆོག་རྩ་གསུམ་ཀུན་འདུས་སྐུ་རུ་གསལ། མོས་པས་ཡིད་ལ་བྱེད་པ་ལ་དེ་འདུལ་གྱི་སྣང་བརྙན་མངོན་ཏུ་འཆར་བའི་ངེས་ཤེས་དང་ལྡན་པས་བསགས་སྦྱོང་བྱ་བ་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །དཔལ་ལྡན་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །ལུས་དང་ལོངས་སྤྱོད་ཡིད་ཀྱིས་སྤྲུལ་པ་ཡིས། །མཆོད་པ་ཀུན་གྱིས་མཆོད་ཅིང་བསྟོད་པར་བགྱི། །སྔར་བྱས་སྡིག་པ་མ་ལུས་མཐོལ་ཞིང་བཤགས། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །འགྲོ་ཀུན་དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་མཆོག་གི་རྒྱུར་ནི་བསྔོ་བར་བགྱི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐེག་མཆོག་བླ་མེད་ཆོས་འཁོར་བསྐོར་བར་བསྐུལ། །


LT36_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་དང་སྙིང་རྗེ་ཕྱོགས་མེད་འབྱོངས་པ་དང་། །དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟོགས་པ་ལྟར། །བདག་གིས་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། གསོལ་འདེབས་རྒྱས་བསྡུས་གང་ལྕོགས་དང་། ཁྱད་པར་རྡོ་རྗེ་འཆང་ཐུང་མ། མ་ནམ་བཞི་སྐོར་སོགས་བྱ། མ་ལྕོགས་ན། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་དང་། །མར་པ་མི་ལ་དྭགས་པོ་དུས་མཁྱེན་སོགས། །དོན་བརྒྱུད་ཀུན་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་ལྷན་སྐྱེས་ཡེ་ཤེས་སྩོལ། །སྒོ་གསུམ་སྐུ་གསུམ་རྟོགས་པར་བྱིན་གྱིས་རློབས། ཅེས་དང་། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། །བདག་འཛིན་བློ་ཡིས་ཐོངས་པར་བྱིན་གྱིས་རློབས། །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཆོས་མིན་རྣམ་རྟོག་འགགས་པར་བྱིན་གྱིས་རློབས། །རང་སེམས་སྐྱེ་མེད་རྟོགས་པར་བྱིན་གྱིས་རློབས། །འཁྲུལ་པ་རང་སར་ཞི་བར་བྱིན་གྱིས་རློབས། །སྣང་སྲིད་ཆོས་སྐུར་འཆར་བ་བྱིན་གྱིས་རློབས། ཞེས་ཕུར་ཚུགས་སུ་གསོལ་བ་བཏབ་པའི་མཐར། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །བླ་མའི་དཔྲལ་བ་མགྲིན་པ་ཐུགས་ཀ་ནས། །འོད་ཟེར་དཀར་དམར་མཐིང་གསུམ་རིམ་པར་འཕྲོས། །བདག་གི་གནས་གསུམ་ལ་ཐིམ་ལུས་ངག་ཡིད། །སྒྲིབ་དག་བུམ་གསང་ཤེར་ཡེའི་དབང་


LT36_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་ཐོབ། །འབྲས་བུ་སྐུ་གསུམ་འགྲུབ་པའི་སྐལ་ལྡན་བྱས། །གནས་གསུམ་འོད་ཟེར་གཅིག་ཆར་སྒོ་གསུམ་ལ། །ཐིམ་པས་ཆ་མཉམ་སྒྲིབ་དག་ཚིག་དབང་ཐོབ། །ངོ་བོ་ཉིད་སྐུ་འགྲུབ་པའི་ཉིད་སྐུ་སྐལ་ལྡན་གྱུར། །མོས་གུས་ཤུགས་ཀྱིས་བླ་མ་འོད་དུ་ཞུ། །རང་སེམས་དབྱེར་མེད་གཉུག་མ་ཆོས་སྐུའོ། ཞེས་མཉམ་པར་བཞག །རྗེས་ཐོབ་ཏུ་དགེ་བ་བསྔོ་ཞིང་སྣང་སྲིད་བླ་མའི་རོལ་པར་ལམ་དུ་ཁྱེར་བ་ལ་བསླབ་བོ། །དེ་ནས་ཡིད་དམ་གྱི་བསྒོམ་བཟླས་བྱ་བར་འདོད་ན་བདེ་མཆོག་ལྟ་བུར་རང་གང་མོས་པས་བྱ་ཆོག་ཅིང་། དམིགས་བསལ་རྡོ་རྗེ་རྣལ་འབྱོར་མའི་བསྒོམ་བཟླས་བྱ་བའི་ཚེ། རྒྱུན་ཁྱེར་ལྟ་བུ་ལ་བསྡུས་པ་ཉིད་སྟབས་བདེ་བས། གར་དབང་དྲུག་པས་མཛད་པ་ཉིད་འདིར་སྦྱར་བའམ། །དེ་ལས་ཀྱང་བསྡུས་བར་འདོད་ན། ཨོཾ་སྭ་བྷ་བ་སོགས། །སྟོང་པའི་ངང་ལས་ཕྱི་སྣོད་ཆོས་འབྱུང་དབུས། །ནང་བཅུད་རྣམ་དག་པདྨ་རོ་ཉི་ལ། །རང་སེམས་ཧྲཱིཿཡིག་འོད་ཀྱིས་དོན་གཉིས་བྱས། །ཚུར་འདུས་ཡོངས་གྱུར་རྡོ་རྗེ་རྣལ་འབྱོར་མ། །དམར་གསལ་ཁྲོ་འཛུམ་ཕྱག་རྒྱ་དྲུག་གིས་སྤྲས། །གྲི་གུག་ཕྱར་ཞིང་ཐོད་ཁྲག་ཐུགས་ཀར་འཛིན། །མཆན་ཁུང་གཡོན་ཏུ་རྡོ་རྗེའི་ཁ་ཊཱྭཾྭ་བརྟེན། །ཐོད་སྐམ་དབུ་བརྒྱན་ཐོད་རློན་དོ་ཤལ་འཕྱང་། །ཡེ་ཤེས་མེ་དབུས་བརྐྱང་བསྐུམ་གར་གྱིས་རོལ། །སྐུ་ཡི་ནང་དུ་རྩ་གསུམ་འཁོར་ལོ་བཞིའི། །ལྟེ་བར་རྡོ་རྗེ་རིན་ཆེན་པདྨ་ལས། །མཁའ་འགྲོ་དཀར་སེར་དམར་ལྗང་རང་འདྲའི་འཁོར། །


LT36_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་འདབ་གྲངས་མཉམ་ཐུགས་སྲོག་རིགས་བཞི་ལྡན། །རང་རྟགས་ཀྱིས་མཚན་གྲི་ཐོད་ཁ་ཊྭཱཾཱ་འཆང་། །གསང་བར་ཆོས་འབྱུང་པདྨ་འདབ་བཞིའི་དབུས། །ཧྲཱིཿལ་ཧ་རི་ནི་སས་བསྐོར་བ་ལས། འོད་འཕྲོས་ཨོ་རྒྱན་གནས་ནས་ཡེ་ཤེས་པ། །སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པ་ཡི། །སྐུ་གསུང་ཐུགས་ལས་ལྷ་སྔགས་བདུད་རྩིའི་རྒྱུན། །བྱོན་ཏེ་རང་གི་གནས་གསུམ་ཐིམ་པ་ཡིས། །བདེ་སྟོང་ནུས་མཐུ་ཡེ་ཤེས་མཆོག་ཏུ་སྐྱེས། །ལྷ་རྣམས་རང་ཐིམ་གཉིས་སུ་མེད་པར་གྱུར། །དོན་ཀུན་སྒྲུབ་བྱེད་འཁོར་ལོ་དང་སྤྲོ་བསྡུའི་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏད་ལ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླས་པའི་མཐར། །རྟེན་དང་བརྟེན་པ་ཕྱི་ནས་རིམ་པར་འདུས། །ལྷ་སྣང་ས་བོན་ལ་ཐིམ་དེ་ཉིད་ཀྱང་། །སྟོང་ཉིད་ངང་ལས་སླར་ཡང་ཟུང་འཇུག་སྐུས། །ཡེ་ཤེས་རོལ་བའི་སྤྱོད་ལམ་བསྐྱང་བར་བྱ། །དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་མོ་འགྲུབ་གྱུར་ཅིང་། །འགྲོ་བ་སོགས་དང་། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་མཐུས། །ཆོས་རྣམས་ཀུན་གྱི་གནས་ལུགས་དེ་བཞིན་ཉིད། །ཀུན་ཁྱབ་ཀུན་བྱེད་སྤྲོས་པ་ལས་འདས་པའི། །ལྟ་བ་གཞི་ཡི་ཕྱག་ཆེན་རྟོགས་པར་ཤོག །ཞེན་ལོག་མོས་གུས་བརྩོན་འགྲུས་མཐའ་རུ་ཕྱིན། །སྒོམ་མེད་ཡེངས་མེད་བློ་བྲལ་གཉུག་མའི་ངང་། །ཞི་ལྷག་ཟུང་འཇུག་ཆོས་ཉིད་


LT36_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་མཐོང་། །སྒོ་མང་ལམ་གྱི་ཕྱག་ཆེན་རྩལ་རྫོགས་ཤོག །རང་བབ་ཤུགས་འབྱུང་སྤྱོད་པས་བོགས་དབྱུང་ནས། །ནང་གི་ས་ལམ་རྩོལ་བ་མེད་པར་བགྲོད། །རང་རིག་ཆོས་སྐུའི་རང་ཞལ་མངོན་ཏུ་གྱུར། །འབྲས་བུ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པ་སྨོན་ལམ་དུ་བྱའོ། །ཞེས་པ་འདིའང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གནས་པ་སྒྲུབ་བླ་མ་ཀརྨ་བཀྲ་ཤིས་དགེ་ལེགས་ཀྱི་གསུང་ནན་ངོར་བགྱིས་པ་ལ། སླར་ཡང་སྒྲུབ་བརྩོན་ཀརྨ་ཆོས་འཕེལ་གྱི་ཐུགས་བཞེད་དང་བསྟུན་ནས་བསྣོན་འཕྲི་ཅུང་ཟད་བགྱིས་པ་སྟེ། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ཡང་ཁྲོད་ཀུན་བཟང་བདེ་གླིང་དུ་བྲིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ།


previousསྤྲོས་མེད་རྒྱུན་གྱི་ཉམས་ལེན་ཀུ་སཱ་ལེའི་བདུད་རྩི་།next