Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
རྟ་མགྲིན་ལྕགས་རལ་གྱི་རྫས་རྒོད་ཞལ་ཤེས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousརྟ་མགྲིན་ལྕགས་རལ་གྱི་རྫས་རྒོད་ཞལ་ཤེས།next

རྟ་མགྲིན་ལྕགས་རལ་གྱི་རྫས་རྒོད་ཞལ་ཤེས།


CMR016_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ལྕགས་རལ་གྱི་རྫས་རྒོད་ཞལ་ཤེས་ཡོད། རྟ་མགྲིན་ལྕགས་རལ་གྱི་རྫས་དགུ་ནི། ༡ བཙན་དུག་ནི་ལྡོའི་ཕག་སྣ་མ། ༢ མུ་ཟི་སེར་ནག་གང་རྙེད། ༣ །གུ་གུལ་ནག་པོ། ༤ མཁན་པ་ནི་མཁན་དམར་རྩ་བ་རློན་ངད་བྱས་པ། ༥ སྤུ་བ་ནི་སྤུ་ནག་ཟེར་བ་དེ། ༦ སྤྱང་ཚེར་ཝ་ནི་སྡུམ་བུ་ཚེར་མ་ཅན་རྩ་ལོ་འདྲ་སྟེ་མ་སད་པ། ༧ གླུ་ནག་གི་གླ་རྩི། མ་རྙེད་ན་གླ་རྩི། ༨ ཤིང་ཀུན་ཤེས་སླ། ༩ སྒོག་སྐྱ་རྒྱ་སྒོག་རྩ་བ། དེ་དགུ་རྩ་བ་ཡིན། རབ་ཆ་མཉམ། འབྲིང་གང་འཛོམ། ཐ་མ་གང་རྙེད་བུངས་ཟ་ལེན་། དཀོན་པ་སྣ་ཚང་ཙམ་ཆོག །དེ་ལ་ངར་འདོན་ཁ་ཚར་ནི། མཛེ་ཕོའམ་ཡུགས་ས་མ་རྙེད་ན་རང་གི་ལྷམ་འཚང་།་ནད་ངན་མིན་པ་ཧུར་ཐུམ་ཤི་བའམ། གཟའ་ཡིས་ཤི་བའམ། གྲིར་ཤི་བའི་རོ་སྐྲ། ཅོ་རོ་ཡི་གསང་གནས་ནས་སྤུ་མི་གཙང་བ་འགོས་པ་ཆུན་གཅིག །ལི་ལི་ནག་པོའི་ཐུན། སྤྱང་ཀིའི་བྲུན། ཁྱི་ནག་གམ་གང་རུང་གི་བྲུན། དེ་གསུམ་ཆར་ཟག་ལ་སོང་ནས་དཀར་དཀར་རེད་པ་དེ་བྱ་བལ་མའོ། །བཤུལ་ཚིལ་ནི། དྲེད་མོང་རྟ་འཕྱི་བ་སོགས་ཀྱི་ཚིལ་དྲི་དུག་དང་སྦྱར་རོ། ༈ །བདུག་པའི་རྫས་བཅོ་བརྒྱད་


CMR016_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ནི་༡ བཙན་དུག་ཕག་སྣ་མའམ། འབྲི་ཚིལ་རྒོད་པོ་དེ། ༢ ཐང་དུག་གི་ཐང་ཁྲག་མ་རྙེད་ན་རྒྱ་ཐང་ཕྲོམ་རུང་། ༣ གོ་དུག་ནི་གོ་བྱི་རྟ། བྱ་ཕུར་ལྷེབ་ཕྱིའི་ཤུན་པ་སྤུ་ནག་མེས་མ་བསྲེག་པ། ༤ ར་དུག་ནི་ནགས་ནང་ཡོད་པའི་བོང་ང་ནག་རིང་ལོ་མ། ༥ རེ་ལྕག་ནི་མེ་ཏོག་ཁྲ་སྤོག་ཅན་དེ། ༦ ཐང་ཕྲོམ་ནི་རིགས་གསུམ་ནང་ཐང་ཕྲོམ་ནག་པོའི་རྩ་བ་གླང་ཆེན་སྨྱོན་པ་ཟེར་བ་འདུག་པས་སྐབས་འདིར་བྱ། ༧ གླ་རྩི། ༨ ཤིང་ཀུན། ༩ གུ་གུལ་ནག་པོ། ༡༠ མུ་ཟི་ནག་པོ། ༡༡ སྡོང་རོས། ༡༢ རྟ་ནག་གསེབ་ཀྱི་མ་རྙེད་ན་གང་རུང་གི་ལག་སུག་འདྲ་བས་རྟ་བོན། ༡༣ འབའ་ཆ་ནི་རྒྱ་གར་ན་ཏིལ་བཙིར་བའི་སྙིགས་དེ་ཡིན། མ་རྙེད་ན་ཚབ་ལ་དབྱིངས་བཙེར་བའི་རོ་མས་ཀྱང་རུང་། མ་རྙེད་ན་ཡུངས་ཀར། ཡུངས་ནག །ཡུངས་གཞི་གང་རྙེད་བརྡུང་ལ་ཆུ་བླུགས་བརྩིར་བའི་དེའི་རོ་མས་ཆོག ༡༤ །སྤང་སྤོས་སྣོམ་པས་ཤེས། ༡༥ བཤུལ་ཚིལ་ནི་མི་རྟ་ཁྱི་དྲེད་ཕྱི་བ་སོགས་ཀྱི་ཚིལ། ༡༦ ལི་ལི་ནག་པོའི་བྲུན། ༡༧ སྤྱང་རྟུག་༡༨།ཁྱི་ནག་པོའི་བྲུན། །འདི་ལ་ཡང་གོང་གི་ཁ་ཚར་རྣམས་ངར་འདོན་དུ་སྦྱར། སྔགས་པ་དང་ཟོར་བདག་འཇིག་རྟེན་པའི་ལྷ་འཁོར་ས་ཡིན་


CMR016_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྟ་བོན་དང་། ཁྱི་བྲུན། ལྷམ་འཚང་། ར་དུག་རྨོང་ཁའི་སྤུ། དེ་རྣམས་མི་རུང་། ལྷ་དབྱེ་རྫས་ངན་ཡིན་པས་ཕྲི་བ་གལ་ཆེ། བདུག་པ་རྣམས་ལ་སྣ་འཛོམས་པས་ཆོག །ཆ་མཉམ་མི་དགོས་གང་ཡོད་ལ་བུངས་ལེན། འདིར་མ་གསུངས་ཀྱང་། རྟ་བོན་སོགས་འཕྲི་བའི་ཚབ་ལ་འབྲོང་གི་རྭ་ཅོ་བརྡར་བའི་ཕྱེ་མ། འབྲོང་གི་རྔ་རྩིབ་གཏུབ་པ། སྤྱང་ཀི། འཕར་བ། ཁྲ། གླག་རྣམས་ཀྱི་ཤའམ་མཆེ་སྡེར་མཆུ། གྲི་ཤ། གྲི་ཁྲག །གྲི་རུས། མུ་ཟི་སེར་པོ། བ་བླ། སྲན་མའི་རྩམ་པ། དེ་རྣམས་རྙེད་ན་བླུགས་ཆོག །ཞིབ་པར་བཏུལ་ལ་སྔགས་ནི། སྒེར་དུ་ནམ་སྔགས་མར་སོང་སྦྱར་ན་འབྱུང་ཆེ། ༈ །བསྲུང་བའི་རྫས་རྒོད་ཉི་ཤུ་རྩ་བདུན་ནི། ༡ ལྷའི་བཙན་དུག ༢ ༣བོང་ང་ནི་བོང་ངའི་རྩ་བ། ༣ ཐར་ནུའི་རྩ་བ། ༤ ར་དུག་ནི་བོང་ངའི་ལོ་མ། ༥ རེ་ལྕག་ནི་ཤོག་ཤིང་བརྡུང་བའི་རྩ་བ། ༦ ཐང་ཕྲོམ་ནི་ཝ་ཏའི་རྩ་བ། ༧ ཨ་ཤྭ་ཀ་ནི་ཤོག་ཀ་དྷ་ཟེར་བའི་རྩ་བ། ༨ སྤྱང་ཚེར་རྩྭ་ལོ་གང་རྙེད། ༩ ཁྱི་ལྕེ་ནག་པོ་ནི་ལྡེ་གུ་རམ་ཡིག་རྩྭ་ལོ་གང་རུང་། ༡༠ མི་ཁྲག་ནི་ནད་ངན་མཛེ་ཕོ་མིན་པའི་ཁྲག་གང་རུང་སྟེ།


CMR016_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་ཁྲག་རྙེད་ན་རབ། ༡༡ ཁྱི་ནག་པོ་དཀར་ཐིག་མེད་པའི་ཁྲག ༡༢ །ཕག་ཁྲག་མ་རྙེད་ན་ཤ་ཚིལ་འཕན་ཟེར་སོགས་རུང་། ༡༣ རྒྱ་གོ་རའི་ཁྲག ༡༤ །སེམས་ཅན་གཙོད་ཀྱི་ཁྲག་དེ་གཉིས་མ་རྙེད་ན་རྭ་ཅོ་བརྡར་ཕྱེ་རུང་། ༡༥ ཡུགས་ས་མའི་མངལ་ཁྲག་རྙེད་ན་རབ། མ་རྙེད་ན་ཡུགས་སར་གྱུར་ནས་ལོ་མང་སོང་བའི་སྟེང་མ་གཞན་གྱིས་མ་སྤྱད་དགོས་རྒྱུ་རེད། དེའི་ཁྲག་གཏར་བས་རུང་། ༡༦ མི་གྲིར་ཤི་བའི་ཁྲག །མ་རྙེད་ན་ཤས་རུང་། ༡༧ ཕོ་རོག་ཁྲག་མ་རྙེད་ན་ཤས། ༡༨ སྟག་གཟིག་དོམ་དྲེད་འཕར་སྤྱང་གང་རུང་གི་ཁྲག །མ་རྙེད་ན་སྤང་སྤོས། དེ་མ་རྙེད་ན་ཝ་ཏའི་ཁྲག་གིས་རུང་། ༡༩ གླ་རྩི། ༢༠ ཤིང་ཀུན། ༢༡ གུ་གུལ། ༢༢ ཤ་ཆེན། མི་ཤའམ་གཙང་མ། ༢༣ ཧུར་ཐུམ་ཤིའམ་ནད་ངན་མིན་པ། མ་རྙེད་ནི་རྟ་ཁྱི་གླང་བྱའི་ཤ་ཁྲག་རུང་། ༢༤ མུ་ཟི་སེར་ནག་གང་རྙེད། ༢༥ སྡོང་རོས་མ་རྙེད་ན་བ་བླ། རྟ་བོན་གོང་ལྟར། དེ་རྣམས་ཆ་མཉམ་མི་དགོས་སྣ་ཚང་། མ་ཚང་ཡང་རུང་སྟེ། གོང་ལྟར་སྣོད་རུང་། ངར་འདོན་ཁ་ཚར་ཡུངས་ཀར། ཐལ་ཆེན་རོ་རས་མ་རེད་གཞོན་ནུ་ཧུར་ཐུམ་བ་བསྲེགས་ཐལ། དེ་རྣམས་ཞིབ་


CMR016_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཏུལ་ལ་དགེ་སློང་ཁྲིམས་ལྡན་ནམ། ཁྱེའུ་ལོ་བརྒྱད་པའམ། ཆང་གི་ཞབས་ཁུས་སྐྱུར་ཙམ་བྱས་ལ་རྦད་བརྒྱད་ཁྲི་ཚོ་ཙམ་བཟླས་ཤིང་སྔགས། དཀྲུག་ཅིང་རླངས་པ་མ་ཡལ་བར་བྱས་ལ། ཟན་ཙམ་དུ་དྭངས་བ་དང་། རིལ་བུར་ར་བསྲུངས་བྱས་ལ་བཏགས། དེ་ཡང་ཁོག་སྲུང་ཟ་དགོས་ཤིང་། བོང་ང་ཤས་ཆེ་ན། ཨ་རུ་ར་ཞིག་བསྲེའོ། །དེ་གཡག་རོག་དར་མའམ། གླིང་བུ་འོག་འབྱར་གྱི་རྭ་ལ། ཏོག་སེང་ལྡེང་ཞབས་སྤྱད། སྨད་པདྨ་འདབ་བརྒྱད། སྟེང་འོག་ཏུ་རུས་སྦལ་དང་སྡིག་པ་ལྟོ་སྦྱོར། དེ་ཞེ་སྦྲུལ་གྱིས་གཅུད་ལ་བཟོ། ཁ་ཆོད་ཐོག་ཤིང་ལ་རི་རབ་གཟུགས་བྱས་པས་བཅད་པའམ། གྲི་རྐང་དུམ་བུའམ། ཤེར་ཤིང་ར་འདྲའི་སྤར་བུ་ལ་དཔེའུ་རིས་ལྟར་བྲིས་པའི་ནང་དུ་བླུགས་ལ། རྟ་མགྲིན་སྒྲུབ་པའི་སྔགས་ལུས་ལ་བཅངས། སྔགས་རིང་རྦད་བརྒྱད་ནམ་འདོན་ཕུས་བཏབ། ནད་ངན་ན་ན་ཁོག་བསྲུང་། རིལ་བུ་དྲི་ཆུས་སྤྲོས་ལ་བུ་གར་བྱུག །གཟའ་ནད་ན་ན་བདུག །རྒྱལ་བསེན་གདོན་རྒོད་ལ་སྤྲོས་ནས་ཐུན་བྲབ། ཁྱིམ་འདྲེ་ཅན་དང་ས་རྒོད་དུ་བདུག་ན། ཡོས་སམ་ནས་ལ་བྱུགས་ནས་གཏོར། ནད་པ་དང་། ཡོན་


CMR016_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་ཐུམ་ལ་བཏགས། རྟ་མགྲིན་གྱི་སྲུང་འཁོར་སོགས་གལ་ཆེན་ལ་སྣག་ཚའམ་ཚོན་ལ་བསྲེ་གདོན་ནམ་བྱེད་ཁ་དྲག་པོ་ལ་གཏོར་ཟློག་ཕུལ། གཏོར་མ་ཞད་ཙམ་ནག་སམ་བྱུགས་ནས་ཟོར་དུ་འཕེན། མཁར་སྒོང་དང་ཀོང་ཟོར་ལ་ཞད་ཙམ་ཕྱུག་ལ་སེར་བའི་གདོང་ལ་བཏེག །ཕུར་པ་ལ་ཐུམ་བུ་བཏགས་ནས་མང་དུ་སྔགས་ལ། གཤའ་སྒབ་ལ་ཐོ་བརྩེགས་ལ་སྦས། སྲིའུ་ལ་བཏགས་ན་སྲུང་སྐུད་ལ་བྱུག །མདོར་ན་རྫས་ཉེར་དགུ་པོ་འདི། སྔགས་ཐེམ་ན་བྱུག་བདུག་སྲུང་གསུམ་འདི་ཅི་འདོད་རུང་སྟེ་ཡི་གེ་ལ་ལར་བཙན་དུག་མི་བསྲེ་ཟེར་བ་ཡོད་དེ། སྐྱོན་མི་འབྱུང་སྟེ་གཞན་འགའ་ལས་རུང་བར་བཤད། རང་གི་སྤྱོད་དགོས་པས་ལྷ་དབྱེའི་རྫས་ཚོ་ཕྲི་བ་ལེགས། ཞེས་འཕྲལ་དུ་རཱ་ག་ཨ་སྱས་བྲིས། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་མགྲིན་ལྕགས་རལ་གྱི་རྫས་རྒོད་ཞལ་ཤེས།next