Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་ལྔའི་གསོལ་འདེབས།
   
   
   
   
   


 
previousལྷ་ལྔའི་གསོལ་འདེབས།next

ལྷ་ལྔའི་གསོལ་འདེབས།


CMR023_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། དངོས་གྲུབ་ཀུན་གྱི་རྩ་བ་སྟེ། །ཡི་དམ་རྒྱལ་བ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །ཉམས་རྟོགས་རྒྱུད་ལ་སྐྱེ་བ་དང་། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །རྟ་མགྲིན་དཔའ་བོ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །བདུད་ཀྱི་བར་ཆད་མེད་པ་དང་། །མཐུ་སྟོབས་རྒྱས་པའི་དངོས་གྲུབ་སྩོལ། །གསང་ཡེ་དཔའ་མོ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །སྣང་སྲིད་དབང་དུ་འདུ་བ་དང་། །རྟ་མགྲིན་སྣ་ཚོགས་དངོས་གྲུབ་སྩོལ། །པད་འབྱུང་གྲུབ་ཐོབ་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །སྣང་སྲིད་ཟིལ་གྱིས་གནོན་པ་དང་། །སྲིད་གསུམ་དབང་སྡུད་དངོས་གྲུབ་སྩོལ། །མ་མགོན་དམ་ཅན་རྒྱ་མཚོ་ལ་། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །དགྲ་བགེགས་དཔུང་ཚོགས་གཞོམ་པ་དང་། །ཕྲིན་ལས་ཐོགས་མེད་དངོས་གྲུབ་སྩོལ། །དངོས་གྲུབ་སྟེར་མཛད་རྒྱ་མཚོ་ལྔ། །མཁའ་ལ་ཁྲི་གདུགས་ཤར་བ་བཞིན། །ཕྱོགས་རིས་མེད་པའི་བཀྲ་ཤིས་ཤོག །ཅེས་པ་ནུབ་དགོང་ཁ་ཞོ་ཟོ་ཐང་གང་ཕུལ་མི་ཐེག་བྱུང་བ་ལ་འཐུང་འདོད་ཀྱང་། དགོང་བཅད་དང་འགལ་དོགས་ནས། གསང་བ་


CMR023_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་བྱང་གི་མདོ་འོད་དཔག་མེད་ཀྱི་ལས་བྱང་གི་ཚོགས་བྱས་ནས། ང་རང་ཕོར་ཆེན་གང་འཐུང་། ལྷག་མ་གྲྭ་མང་ལ་སྐྱེལ་བས་ཀུན་གྱི་འཐུང་རྒྱུ་རེད་པ་དང་ལྷག་མ་སྐྱོགས་ཆུང་གང་བྱུང་འདུག་པ་དངོས་གྲུབ་ཀྱི་ལྟས་ལེགས་པོར་མཐོང་ནས་བྲིས་སོ། །ཞེས་པ་ཨ་རཱ་གས་སོ། །སརྦ་མངྒ་ལཾ།། ༈ རྒྱལ་བ་རྒྱ་མཚོ་ལྷ་ལྔ་ཡི་གསོལ་འདེབས་བཞུགས་སོ། །ན་མོ་ལོ་ཀི་ཤྭ་ར་ཡེ། ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོས་བྱིན་གྱིས་རློབས། །ཐུགས་རྗེ་ཆེན་པོས་དངོས་གྲུབ་སྩོལ། །ཐུགས་རྗེ་ཆེན་པོས་ལམ་སྣ་དྲོངས། །ཐུགས་རྗེ་ཆེན་པོས་བར་ཆད་སོལ། །ཐུགས་རྗེ་ཆེན་པོ་འགྲུབ་པར་ཤོག །ཐུགས་རྗེ་ཆེན་པོ་འགྲུབ་ནས་ཀྱང་། །མཐོང་ཐོས་དྲན་རེག་འགྲོ་བ་རྣམས། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཨ་རཱ་གས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་ལྔའི་གསོལ་འདེབས།next