སངས་རྒྱས་ཐོད་པའི་ཆོ་ག་ས་ར་ཧའི་ཞལ་ལུང་དཀྱིལ་ཆོག་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ།
སངས་རྒྱས་ཐོད་པའི་ཆོ་ག་ས་ར་ཧའི་ཞལ་ལུང་དཀྱིལ་ཆོག་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །སངས་རྒྱས་ཐོད་པ་སྣ་ཚོགས་སྡེ་ཡི་འོད། །ཕང་པར་འཁྲིལ་བ་ཧེ་རུ་ཀ་ཀུན་གྱི། །གཙུག་ཏུ་མཆོད་དེར་ཕྱག་བྱས་རིགས་ཀྱི་མེས། །ས་ར་ཧ་པའི་ཞལ་ལུང་འདི་བཞིན་བསྒོ།། རྣལ་འབྱོར་པ་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་འོད་ཟེར་ལྔ་དང་ལྡན་པ་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་བྱུང་བའི་གཤིན་རྗེ་མཆེ་བ་ལ་སོགས་པའི་ལྷ་མོས་བསྐོར་བའི་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པཱུ་ཛ་ཁ་ཧི། ཞེས་བདུད་རྩི་ལྔས་ཡང་དག་པར་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་བདུན་རྣམ་དག་བྱ། ཚོགས་ཀྱི་ཞིང་བདག་ཉིད་ལ་ཐིམ་པར་བསམ། དེ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སོགས་ཚད་མེད་བཞི་བསྒོམ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ། དེ་ནས་ལྟེ་འོག་གི་རླུང་གི་དཀྱིལ་འཁོར་གྱིས་སྦར་བས་འོད་ཟེར་སྤྲོས་པས་ལུས་ཐམས་ཅད་བསྲེགས། དེའི་ངང་ལས་རཾ་ལས་ཉི་མ། དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ནག་པོ་དཔག་ཏུ་མེད་པ་སྤྲོས། རྡོ་རྗེའི་ར་བ་དང་དྲྭ་བ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི། དེའི་དབུས་སུ་ཨེ་གྲུ་གསུམ་གྱི་ཆ་བྱད་ཅན་ཆོས་ཀྱི་འབྱུང་གནས། དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བ་དན་གཉིས་དང་ཡཾ་གྱིས་མཚན་པ། དེས་རྩ་རྣམས་བསྐྱོད་པས་འཁོར་ལོ་ཐམས་ཅད་ཐིམ་བཞིན་པའི་དབུས་སུ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་བདུན་དང་རཾ་གྱིས་མཚན་པ། རྩ་བཅོ་བརྒྱད་ཀྱི་གནས་ནས་འཛག་བཞིན་པ། དེའི་དབུས་སུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་དང་བཾ་གྱིས་མཚན་པ། རྩའི་འཁོར་ལོ་ཐམས་ཅད་ཆུའི་དཀྱིལ་འཁོར་ལ་ཐིམ་པ། དེའི་དབུས་སུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་དང་ལཾ་གྱིས་མཚན་པ། དེ་དག་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་རྟ་བབས་བཞི་སྣམ་བུ་བཅུ་གཅིག་པས་བརྒྱན་པ་མཚན་ཉིད་ཐམས་ཅད་རྫོགས་པ་རྒྱན་གྱིས་ལེགས་པར་སྤྲས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་མཐིང་། ཕྱོགས་དཀར་སེར་དམར་ལྗང་། མཚམས་ཅི་མཛེས་པ་དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་དམར་པོ་རྩིབས་མཆན་ལྗང་ཁ། དེའི་ཕྱིར་རྩིབས་བརྒྱད་དཀར་པོ་རྩིབས་མཆན་ནག་པོ། རིམ་པ་གསུམ་པོ་མུ་ཁྱུད་རྡོ་རྗེ་སྔོན་པོ་དང་པདྨ་དམར་པོ་དང་རྡོ་རྗེ་དཀར་པོས་བྱས་པ། ལྟེ་བའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ། དེའི་སྟེང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཚར་གཉིས་ཡོངས་སུ་གྱུར་པའི་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷྱ་ཉ། ཊ་ཋ་ཌ་ཌྷྜྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌྷྜྷ། ཚར་གཉིས་ཡོངས་སུ་གྱུར་པ་ལས་ཉི་མ་མཉམ་ཉིད་ཡེ་ཤེས། དེ་གཉིས་ཀྱི་དབུས་སུ་ཧཱུྃ་ཤེས་རབ་དང་ཐབས་སོ་སོར་རྟོག་པའི་ཡེ་ཤེས། ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ཧཱུྃ་གིས་མཚན་པ་བྱ་གྲུབ་ཡེ་ཤེས། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་བདེ་མ་དཀར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁ་ཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀའང་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། ཧཱུྃ་ཉི་ཤུ་རྩ་བཞི་ལས་སྐད་ཅིག་གིས། ཤར་གྱི་འདབ་མར་འཕྲེང་བཟང་མ་དཀར་མོ། བྱང་དུ་འོད་ཅན་མ་སེར་མོ། ནུབ་ཏུ་འཇིགས་མ་དམར་མོ། ལྷོར་ཐུབ་དཀའ་མ་ནག་མོ། མཚམས་བཞིར་བདུད་རྩིས་གང་བའི་ཐོད་པ་བཞི། གསུང་གི་འཁོར་ལོའི་རྩིབས་ལ་དགེ་བའི་སྐ་རགས་མ་དང་། གཟུགས་ཅན་མ་དང་། རྣམ་རྒྱལ་མ་དང་། བྱེད་མ་རྣམས་ཕྱོགས་ལ། ཐོད་པ་ཅན་དང་། མཚོ་ཆེན་མ་དང་། རྒྱུད་བྱེད་མ་དང་། གསོད་བྱེད་མ་རྣམས་དམར་མོ་མཚམས་ལ། སྐུའི་འཁོར་ལོའི་རྩིབས་ལ། སྒྲོལ་བྱེད་མ་དང་། འཇིགས་མ་དང་། ལཱ་མ་དང་། མི་ཕཾ་མ་རྣམས་ཕྱོགས་དང་། དགེ་མ་དང་། འཇུར་བྱེད་མ་དང་། དུས་མཚན་མ་དང་། དྲག་ཆེན་མ་མཚམས། དེ་རྣམས་དཀར་མོ་ཕྱོགས་ཤར་ནས་གཡོན། མཚམས་དབང་ལྡན་ནས་གཡས་སྐོར་དུ། དེ་ཐམས་ཅད་ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། ཤར་སྒོར་མཛེས་མ་དཀར་མོ། བྱང་སྒོར་ནོར་འཛིན་མ་སེར་མོ། ནུབ་སྒོར་སྐལ་བཟང་མ་དམར་མོ། ལྷོ་སྒོར་གྲགས་མཐོང་མ་ནག་མོ། ཉི་མ་དང་རོའི་སྟེང་དུ་གཡོན་བརྐྱངས་པའི་ཞབས་ཀྱིས་གནས་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་པ་སྟག་གི་པགས་པས་སྐེད་པ་དཀྲིས་ཤིང་རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཟེར་རྣོན་པོ་གཏིབས་པ། སྐྲ་སེར་པོ་གྱེན་དུ་འབར་བ། ཁ་ནས་ཁྲག་འཐོར་བ་ཁུ་བ་དང་ལྡན་པ། ཞེས་གསལ་ཐེབས་པ་དང་། ལྷ་མོ་ཉི་ཤུ་རྩ་བཞིས་མཆོད་ནས། ཐོད་པའི་བདུད་རྩི་ལྔ་གསོལ་བར་གྱུར། དེ་ནས་སྣ་ཚོགས་བདེ་མའི་པདྨ་ལ་ཨཱཿ ཧེ་རུ་ཀའི་རྡོ་རྗེ་ལ་ཧཱུྃ། ཡབ་ཡུམ་རྡོ་རྗེ་པདྨ་སྦྱོར་བ་མཛད་ནས་ལྷ་མོ་ཉི་ཤུ་རྩ་བཞི་ལ་འདོད་པ་སྤྱད་ཅིང་ཆགས་པ་ཆེན་པོ་ལ་ཤིན་ཏུ་ཆགས་པས་གཙོ་བོ་ཡབ་ཡུམ་ཞུ་བར་གྱུར་ནས་ཉི་མའི་དབུས་སུ་ཁུ་བར་གནས་པ་ལ། བྱམས་པ་ལ་སོགས་པའི་རང་བཞིན་སྒོ་སྲུང་མ་རྣམས་ཀྱིས་རིམ་པ་བཞིན་གླུས་བསྐུལ་བ། ཅི་སྟེ་འཇིག་རྟེན་སྙན་མནན་ན། །ཅི་ཕྱིར་ཁྱོད་ནི་མི་དགྱེས་འགྱུར། །གལ་ཏེ་ཁྱོད་བདག་ཚིག་གསན་ན། །མི་དགྱེས་གྱུར་པ་མཐའ་དག་ཐོང་།། དང་། སྟོང་པའི་གཟུགས་ནི་མ་མཛད་པར། །ཉིད་ཀྱི་དགོངས་པ་གྲགས་པར་མཛོད། །སྲིད་འཇིགས་སྐྱེ་བོ་ཀུན་བསླུ་བས། །རྣལ་འབྱོར་མ་ཡི་གྲོགས་པོ་བཞེངས།། དང་། སྔོན་གཙོ་གལ་ཏེ་ཚིག་གསན་ན། །བྱ་བ་ཡལ་བར་མ་དོར་ཅིག །ཁྱོད་མི་སྣང་ན་འགྲོ་བ་ཀུན། །ལྷུང་བར་གྱུར་པས་མི་དགར་འགྱུར།། དང་། ལོག་པའི་ང་རྒྱལ་མ་མཛད་པར། །གྲགས་པས་སྟོང་པའི་རང་བཞིན་མཐོང་། །དངོས་པོ་མཐའ་དག་ཁྱོད་ཐོང་ལ། །རྣལ་འབྱོར་མ་ཡི་ཚོགས་ལ་སྤྱོད། །ཞེས་གླུས་བསྐུལ་མ་ཐག་ཏུ། ཁུ་བའི་གཟུགས་ལས་ཨ་དང་ཧཱུྃ་དེ་གཉིས་ལས་གྲི་གུག་དང་རྡོ་རྗེ། དེ་ལས་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་བདེ་མ་དཀར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁ་ཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀའང་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། སྙིང་གར་ཨོཾ། དཔྲལ་བར་ཧཱྃ། སྤྱི་གཙུག་ཏུ་ཧཻ།ཾ དཔུང་པ་གཉིས་སུ་ཧཽཾ། མིག་གཉིས་སུ་ཧེཾ། གསང་བར་ཧོཾ། ལུས་ཐམས་ཅད་དུ་ཧཾ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ། སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་ཨ། ཁཾ་གྲཾ་བྷྲཱུཾ་བྷྲུཾ་ཨཿཨཿཨཿཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ཅེས་འགྱིངས་པ་དང་བཅས་པས་བཟླས་པས་ཡེ་ཤེས་སེམས་དཔའ་བཀུག དམ་ཚིག་སེམས་དཔའ་ལ་བཅུག་པས་ཆུ་དང་འོ་མ་ལྟར་འདྲེས། དེ་ལྟར་དཔའ་བོ་རྫོགས་པ། དེ་ནས་རྩའི་འཁོར་ལོ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་དེ་ལས་རྣལ་འབྱོར་མ་རྣམས་སྣ་ཚོགས་པའི་སྙིང་རྗེ་ཆེན་མོ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ། གོས་སྣ་ཚོགས་གྱོན་པ། ལང་ཚོས་བརྒྱན་པའི་རྣལ་འབྱོར་མ་བརྒྱད་ནམ་མཁར་གནས་པ་བུམ་པ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཨ་མྲའི་ཤིང་ལོས་ཁ་བརྒྱན་པ་རེ་ཐོགས་པ། རབ་ཏུ་དྭངས་ཤིང་བཞད་པའི་ཞལ་གྱིས་རྒྱལ་གྱུར་ཧེ་རུ་ཀ །ཞེས་སྨྲ་བ་དེ་མཐོང་ནས་དབང་བསྐུར་ཞུ་བའི་ཕྱིར་གསོལ་བ་གདབ་པ། བརྩེ་ལྡན་གྲགས་པ་ཆེན་པོ་ཡིས། །རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར། །འཁོར་བའི་འདམ་དུ་འབྱིང་བ་བདག །དབང་བསྐུར་བ་ཡིས་དེ་སྒྲོལ་ཞིག། བུམ་དབང་། ཇི་ལྟར་བུ་ཚ་མེད་པའི་ཁྱིམ། །ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པར་འགྱུར།། གསང་དབང་། ཇི་ལྟར་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་ལྟར་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། དབང་གསུམ་པ། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་ལྟར་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །དེ་ལྟར་མཁྱེན་མཛོད་རྣལ་འབྱོར་མ། །སླར་ཡང་བདག་ལ་དབང་བསྐུར་སྩོལ། །གལ་ཏེ་དབང་བསྐུར་སྐྱེ་མེད་ན། །ཧེ་རུ་ཀ་རུ་བདག་འགྱུར་ཅི། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་རྒྱལ་གྱུར་རྒྱལ་གྱུར་ཞེས་པས་བཅོམ་ལྡན་འདས་ལ་སོགས་པ་ལ་ཁྲུས་གསོལ་ཞིང་ཕྱི་དང་གསང་བར་བཅས་པའི་དབང་བསྐུར་བ་ཙམ་གྱིས་ནམ་མཁའི་ངོས་ནས་རྔའི་སྒྲ་གྲག་ཅིང་ཙནྡན་དང་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །དབང་བསྐུར་ཟིན་ནས་རྣལ་འབྱོར་མ་རྣམས་རྩའི་འཁོར་ལོ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པར་གྱུར། དེ་ནས་གླུའི་བསྟོད་པ་གང་ཡིན་མ་འཚལ་དང་། སྙིང་ཁའི་རྩ་འདབ་བརྒྱད་ལས་བྱུང་བའི་རྣལ་འབྱོར་མ་བརྒྱད་ཀྱིས་གཙོ་བོ་ལ་མཆོད་པར་བསམ་ལ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་པྲ་ཝར་སཏྐྲ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྔགས་ཐོག་མཐའ་འདྲ་བས། ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དྷུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱྎ ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཅེས་མཆོད་ཡོན་སྔོན་དུ་འགྲོ་བའི་རྣམ་ལྔ་རོལ་མོ་དང་བཅས་པ། ཨོཾ་ཨཱཿབཛྭ་རཱུ་པ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན། ཤཔྟྎ གནྡྷེྎ རཱ་ཀྵྼེྎ སྤརྴེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། བཅས་འདོད་པ་ལྔ་ལ་སོགས་པའི་མཆོད་པ་དང་། བདུད་རྩི། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པ། དེའི་ནང་དུ་བི་མུ་ར་སུ་མ་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། རླུང་གིས་མེ་སྦར། མེས་ཐོད་པ་བསྲོས། རྡོ་རྗེའི་རྣམ་པ་ལྟ་བུའི་རླངས་པ་འཐོན། ཡང་བསིལ་བར་བྱ་བའི་ཕྱིར་ཏེ། མཐོ་གང་ཙམ་དུ་ཡཾ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་ཨོཾ་གྱིས་བྱིན་གྱིས་བརླབས་པ་དེ་ལས་ཁ་བ་ལྟ་བུའི་བདུད་རྩི་བབས་པས་བསིལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་ལྷ་རྣམས་ཀྱིས་མྱངས་པས་ཚིམ་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྟག་ཏུ་རྨི་ལམ་དང་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །དེ་ནས་རྫོགས་པའི་རིམ་པར་བཤད་པ་བཞིན་ཀྱང་བསྒོམ་ཞིང་སྐྱོ་ན་སྔགས་ཀྱི་བཟླས་པ་བྱ་སྟེ། ཨོཾ་སྲཱིཿབུདྡྷཱ་ཧཱུྃ། ཀ་པཱ་ལ་ནི་ཨ། རྩ་བའི་སྔགས། འཇུག་པ་ལ་ཨོཾ། དབྱུང་བ་ལ་སྲཱིཿ གནས་པ་ལ་བུདྡྷཱ། བདེ་བ་ལ་ཧཱུྃ། ནུབ་པ་ལ་ཀ་པཱ་ལི་ནི། ལྡང་བ་ལ་ཨའོ།། དེ་ལྟར་ཡན་ལག་དྲུག་གིས་ནང་གི་བདག་ཉིད་ཀྱི་སྔགས་བཟླས་པར་བྱའོ། །འདི་ཉིད་ལ་གོམས་པའི་སྦྱོར་བས་སངས་རྒྱས་སུ་འགྱུར་ཏེ་གཞན་དུ་མ་ཡིན་ནོ།། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཨ་སྲཱིཿཧེ་ཧཱུྃ་ཕཊ྄། སྙིང་པོ། ཨོཾ་ཀ་པཱ་ལ་བཛྭི་ནི་ཧཱུྃ། ཧེ་དུ་རཀྵེ་ཧཱུྃ་ཕཊ྄། ཉེ་སྙིང་ངོ་། །དཀྱིལ་འཁོར་བདག་པོའི་བཟླས་པ་ནི། བསོད་ནམས་ཆེ་འབྲིང་ཆུང་བ་དག །བྱེ་བ་འབུམ་དང་ཁྲིས་འགྲུབ་འགྱུར། །འཁོར་རྣམས་གཙོ་བོའི་ཡན་ལག་ཕྱིར། །ཐ་དད་པར་ནི་བཟླས་མི་བྱ། །ཞེས་སོ། །དེ་ནས། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ཀྱི་སྙིང་གར་བསྡུས། སྭ་བྷཱ་ཝའི་སྔགས་བརྗོད། སྟོང་པ་ཉིད་རཾ་ལས་ཉི་མ་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྡོ་རྗེའི་ར་བ་དྲྭ་བ་དང་བཅས་པའི་གུར་ས་གཞི། དེའི་དབུས་སུ་སྐད་ཅིག་གིས་སངས་རྒྱས་ཐོད་པ་ལྷ་ཉེར་ལྔ་པའི་དཀྱིལ་འཁོར་ཁམས་གསུམ་གྱི་འབྱུང་པོ་མ་ལུས་པས་བསྐོར་བར་གསལ་བའི་མདུན་དུ་བདག་ཉིད་གཙོ་བོ་གནས་བདུན་གོ་ཆས་བརྒྱན་པར་བསམ། གཏོར་མ། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པ། དེའི་ནང་དུ་བི་མུ་ར་སུ་མ་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། རླུང་གིས་མེ་སྦར། མེས་ཐོད་པ་བསྲོས། རྡོ་རྗེའི་རྣམ་པ་ལྟ་བུའི་རླངས་པ་འཐོན། ཡང་བསིལ་བར་བྱ་བའི་ཕྱིར་ཏེ། མཐོ་གང་ཙམ་དུ་ཡཾ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་ཨོཾ་གྱིས་བྱིན་གྱིས་བརླབས་པ་དེ་ལས་ཁ་བ་ལྟ་བུའི་བདུད་རྩི་བབས་པས་བསིལ་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་བདུན་བཟླས་པས་བྱིན་གྱིས་བརླབ། དེ་ནས། རང་གི་སྙིང་ག་ནས་འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་སྤྲོས། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་ཨ། ཁཾ་གྲཾ་བྷྲཱུཾ་བྷྲུཾ་ཨཿཨཿཨཿཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ཅེས་བསྐུལ་བས་བསྒོམས་པ་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་དང་། འབྱུང་པོའི་ཚོགས་ཐམས་ཅད་བཀུག་ནས་དམ་ཚིག་པ་ལ་ཐིམ། གཉིས་སུ་མེད་པར་གྱུར། ཨོཾ་བུདྡྷ་ཀ་པཱ་ལི་ནི་དཱེ་ཝ་མཎྜྻལ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད། ལྗགས་རྡོ་རྗེ་སྦུ་གུ་ཅན་དུ་གྱུར་པའི་རྩེ་མོར་ཨོཾ། དེའི་འོད་ཟེར་གྱིས་དྲངས་ནས་གསོལ་བར་བསམ། འཁོར་ལོ་གསུམ་ལ། ཨོཾ་བུདྡྷ་ཀ་པཱ་ལི་ནི་བ་ལིཾ་གྲྀ་་གྲྀ་་གྲྀ་་པ་ཡ་གྲྀ་་པ་ཡ་ཁ་ཁཱ་ཧཱུྃ། འཁོར་གྱི་འབྱུང་པོ་རྣམས་ལ། ཨོཾ་བུདྡྷཱཱ་ཀ་པཱ་ལ་བཛྭ་ཙི་ཏྲེ་སུ་ཙི་ཏྲེ། ཨ་ལཾ་བ་ནེ། པྲཱི་ཎཱ་ཡ། སརྦ་བྷཱུ་ཏཱན།྄ མཱ་ར་ཡ་སརྦ་མཱ་ར་ན། ཀཱི་ལ་ཡ་སརྦ་དུཥྚུན། ཨུཙྪ་ཊ་ཡ། སརྦ་བིགྷྣཱན།྄ བི་ཊ་ཝཱ་ཡ། བྷོ་བྷ་ག་ཝ་ཏེ། ཡཀྵ་རཀྵ་ས། པི་ཤཱ་ཙ་ན། ཤོ་ཥ་ཡ། ཏཱ་ཌ་ཡ། སཔྟ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། པྲ་ས་ར་པྲ་ས་ར། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ལན་གསུམ་གྱིས་ཕུལ་ཚིམ་པར་བསམ་མོ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཏེ་སྐྱོབ་པའི་སྲས་སུ་སྐྱེ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྡིག་མེད་པའི། །སངས་རྒྱས་ཉིད་དང་འཕྲད་གྱུར་ཅིག །ལམ་དེ་ཉིད་ལ་ཞུགས་ནས་ཀྱང་། །མ་གྲོལ་བ་རྣམས་གྲོལ་བར་ཤོག །མ་བརྒལ་བ་རྣམས་བརྒལ་བར་ཤོག །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག། ལག་པ་བརྐྱང་སྟེ་ས་ལ་བཞག སེ་གོལ་ལན་གསུམ་བརྡབས་ནས་དྲིལ་བུ་དཀྲོལ་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་སྤྱོད་ལམ་ལ་འཇུག བསྙེན་པའོ།། ༈ ད་ནི་དཀྱིལ་འཁོར་གྱི་ཆོ་ག་བཤད་པར་བྱ་སྟེ། དུར་ཁྲོད་ལ་སོགས་པའི་གནས་སུ་ཕྱིའི་དཀྱིལ་འཁོར་བྲི་བའི་དོན་དུ་མཎྜྻལ་ལ་དྲི་དང་བདུད་རྩི་བྲན་ཏེ། ལྷ་གྲངས་ཀྱི་ཚོམ་བུ་བྱས། མཆོད་པས་མཐའ་བསྐོར་ཏེ། ཚོགས་བསགས་ནས་བཟུང་བདག་བསྐྱེད་བཟླས་པ་དང་བཅས་སོང་བའི་རྗེས་སུ་ཚོམ་བུའི་དཀྱིལ་འཁོར་བསང་སྦྱངས། སྟོང་པའི་ངང་ལས་མདུན་གྱི་གཞིར་རཾ་ལས་ཉི་མ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སོགས་ནས་རྩ་རྣམས་བཞག བདག་ཉིད་ཀྱི་རོ། དབུས་སུ་ཡི་གེ་ཧཱུྃ་ལས་དཔལ་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ་སོགས་ནས་འཁོར་དང་བཅས་པ་རྒྱུ་དུས་ལྟ། རང་རང་གི་རིགས་ཀྱི་བདག་པོས་རྒྱས་གདབ་པའི་བར། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་པྲ་ཝར་སཏྐྲ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་མཆོད་ཡོན་སྔོན་དུ་འགྲོ་བས་རྣམ་ལྔ་རོལ་མོ་དང་བཅས་པ། འདོད་པ་ལྔ་ལ་སོགས་པས་མཆོད་པ་དང་། བདུད་རྩི་མྱང་བའི་བར་བདག་བསྐྱེད་སྐབས་བཞིན་གྱིས་མཆོད། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིས་བདེ་རྒྱས་ཤིང་། །རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་བྱེད་པ། །རྡོ་རྗེ་ལྷ་མོའི་རྩེད་མོ་རོལ་པས་རྩེར་མཛོད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ།། ཞེས་བསྟོད། སངས་རྒྱས་ཐམས་ཅད་བདག་ལ་དགོངས། །ཁྱོད་རྣམས་མཆོད་པའི་ཕྱིར་དང་ནི། །སློབ་མ་རྣམས་ལ་བདག་ཅག་རྣམས་ལ་ཕན་པ་ཡིས། །སངས་རྒྱས་ཐོད་པ་ཞེས་བྱ་བའི། །དཀྱིལ་འཁོར་བཟང་པོ་བྲི་བར་འཚལ། །བདག་ལ་བྱིན་གྱིས་བརླབ་པར་མཛོད།། ཅེས་གསོལ་བ་གདབ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་བརྐྱང་བ་རྩེ་སྤྲད་པ་སྤྱི་བོར་འོག་ཏུ་ཕྱོགས་པར་བཞག་ལ། ཧཱུྃ་བཛྭོད་ཏིཥྛ། དཀྱིལ་འཁོར་གྱི་ལྷ་རྣམས་ནམ་མཁར་བཞུགས་པར་གྱུར། ཞེས་མོས། དེ་ནས་ལག་པ་མཉམ་བཞག་ལས་གཡས་ས་ལ་ལན་གསུམ་བརྡབས་པས། ས་འོག་ནས་སའི་ལྷ་མོ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་རིན་པོ་ཆེའི་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ལྟེ་བ་ཡན་ཆད་ས་གསེབ་ནས་འཐོན་པ་ཅི་བགྱི་ཞེས་བརྗོད་པ་གསལ་བར་གྱུར། དེ་ལ། པྲི་ཐི་བཱི་དེ་ཝཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། པཱ་དྱཱཾྎ པུཥྤེྎ དྷཱུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱཱྎ ཤཔྟྎ གཏོར་མ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ལ། ཨོཾ་ཨ་ཀཱ་རོས་གཏོར་མ་འབུལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཧེ་རུ་ཀ་དཔལ་དཔའ་བོ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ཞེས་པའི་བར་ལན་གསུམ་བརྗོད་པས། ལྷ་མོ་དེ་དགའ་བའི་མདངས་ཀྱིས། །ཁྱོད་ནི་སློབ་དཔོན་ཡིན་པས་ན། །དཀྱིལ་འཁོར་མཆོག་གི་ལས་གྱིས་ཤིག །ཅེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་གྱུར། དེ་ནས། སྙིང་གའི་ཧཱུྃ་ཡིག་གི་འོད་ཟེར་གྱིས་བྱེ་བྲག་གི་སའི་བདག་པོ་འཁོར་དང་བཅས་པ་ཨཱ་ཀརྵ་ཡ་ཛཿཞེས་པས་བཀུག བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀ་རོས་གཏོར་མ་བྱིན། ས་ཕྱོགས་གནས་པའི་ལྷ་དང་ཀླུ། །གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གང་དག་རྫུ་འཕྲུལ་ཆེ་ལྡན་པ། །རྡོ་རྗེ་སྤྱན་དང་སྙན་མངའ་བ། །བདག་མིང་ཆེ་གེ་མོ་རིག་པ་འཛིན་པ་བདག་གིས་ནི་ཞེས་པ། །བདེ་གཤེགས་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །དགེ་བའི་ས་ཕྱོགས་དེ་ཉིད་དུ། །དཀྱིལ་འཁོར་དམ་པ་ཆེར་འབྱུང་བ། །སངས་རྒྱས་ཐོད་པ་རྒྱུད་རྒྱལ་གྱི། །དཀྱིལ་འཁོར་ཆེན་པོའི་ལས་བྱེད་པས། །ཁྱོད་ཀྱིས་བར་ཆད་མ་བྱེད་པར། །དགེ་བའི་གྲོགས་པོ་ཉིད་དུ་མཛོད།། ལན་གསུམ་གྱིས་གསོལ་བ་བཏབ། ཅི་དགའ་བ་གྱིས་ཤིག་ཅེས་དགའ་བའི་གནང་བ་བྱིན། བཛྭ་མུཿརང་གནས་སུ་གཤེགས། ཚོམ་བུ་དང་མཆོད་རྫས་བསྡུ། ས་བསླང་བའོ། །དེར་སློབ་དཔོན་རྒྱན་དྲུག་སོགས་ཀྱིས་བརྒྱན་ཏེ་ཁྲིའུའི་ཁར་འདུག ཕྱོགས་སུ་སློབ་མ་རྣམས་བཀོད། རང་གི་སྙིང་ཁར་ཨ་ལས་ཟླ་བའི་སྟེང་དུ་སོགས་ཚོགས་ཞིང་ནས་བཟླས་པ་གྲུབ་པའི་བར་དང་། གཏོར་མ། སྭ་བྷཱ་ཝའི་སྔགས་བརྗོད། སྟོང་པ་ཉིད་རཾ་ལས་ཉི་མ་སོགས་ནས་གཤེགས་སུ་གསོལ་བའི་བར་གྱིས་གཏོར་མ་བཏང་བ་བཅས་སྒྲུབ་ཐབས་བཞིན་བྱ། དེ་ནས་ཕྱོགས་བཞིར་གནས་པའི་སློབ་མ་རྣམས་ཀྱིས། རང་ཉིད་སྐད་ཅིག་གིས་ཤར་ནས་ཕྲེང་བཟང་མ་དཀར་མོ། བྱང་ནས་ཐོད་པ་ཅན་སེར་མོ། ནུབ་ནས་འཇིགས་བྱེད་མ་དམར་མོ། ལྷོ་ནས་ཐུབ་དཀའ་མ་ནག་མོ། ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་ཅིང་འཛུམ་ཁྲོ་སྒེགས་པའི་ཉམས་དང་ལྡན་པ། ཉི་མའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རུས་པའི་ཕྱག་རྒྱ་ལྔ་དང་། ཕྱོགས་ཀྱི་གོས་ཅན་ཁ་ནས་ཁྲག་འཐོར་ཞིང་ཁུ་བ་དང་ལྡན་པའོ།། མཆོད་རྫས་རྣམས་བསང་སྦྱངས། སྟོང་པའི་ངང་ལས་མཆོད་རྫས་རྣམས་ཨ་ལས་ཐོད་པའི་སྣོད་རྣམས་ཀྱི་ནང་དུ་ཧཱུྃ་རེ་རེ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། འཐོར་འཐུང་། མེ་ཏོག བདུག་པ། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམ་པ་ལྷ་རྫས་ལས་གྲུབ་པའི་མཆོད་པའི་ཡོ་བྱད། ངོ་བོ་སྟོང་ཉིད། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པ་རྣམས་སུ་གྱུར། སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྭ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། པཱ་དྱཾྎ པྲོཀྵ་ཎཾྎ པུཥྤེ་ནས། ཤཔྟའི་བར་དུ་སྦྱར་ཏེ་བྱིན་གྱིས་བརླབས། མཆོད་པའི་ཚིག་འཕྲེང་གང་འོས་རྒྱས་པར་སྤེལ་བའམ། བསྡུ་ན། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་པྲ་ཝར་སཏྐྲ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་བཛྭ་པཱ་དྱཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ།། དེ་བཞིན་དུ། པྲོཀྵ་ཎཾྎ ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། བདུད་རྩི། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པ། དེའི་ནང་དུ་བི་མུ་ར་སུ་མ་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། རླུང་གིས་མེ་སྦར། མེས་ཐོད་པ་བསྲོས། རྡོ་རྗེའི་རྣམ་པ་ལྟ་བུའི་རླངས་པ་འཐོན། ཡང་བསིལ་བར་བྱ་བའི་ཕྱིར་ཏེ། མཐོ་གང་ཙམ་དུ་ཡཾ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་ཨོཾ་གྱིས་བྱིན་གྱིས་བརླབས་པ་དེ་ལས་ཁ་བ་ལྟ་བུའི་བདུད་རྩི་བབས་པས་བསིལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་པས་ལྷ་རྣམས་ཀྱིས་མྱངས་པས་ཚིམ་པར་བསམ་མོ། །དེ་ནས། དངོས་པོ་ཀུན་གྱི་རང་བཞིན་ཏེ། །ལྷན་ཅིག་སྐྱེས་པའི་རང་བཞིན་དང་། །ཚིག་དང་བྲལ་བ་སྒྲ་བརྙན་འདྲ། །རྡོ་རྗེ་སེམས་དཔའ་དེ་ལ་འདུད། །ཁྲག་འཐུང་ཡོན་ཏན་ཟབ་མངའ་བ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །སེམས་ཅན་ཀུན་ལ་ཕན་དགྱེས་དང་། །སྣ་ཚོགས་སྡེ་ལ་རྟག་ཏུ་འདུད། །དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ། །ཉི་ཤུ་རྩ་བཞིའི་དྲ་བ་སྡོམ། །སྣ་ཚོགས་སྡེ་ལ་ཕྱག་འཚལ་ལོ།། ཅེས་ཕྱག་བྱ། རྒྱས་པར་ན། ཕྱོགས་རེ་རེ་ནས་མཆོད་བསྟོད་བྱ། དེ་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། དཀྱིལ་འཁོར་ཀུན་གྱི་གཙོ་བོ་ནི། །སྡིག་པ་མ་ལུས་ཟད་བྱེད་པ། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ནི། །མགོན་པོ་ཆེན་པོས་བཤད་དུ་གསོལ།། ཞེས་གསོལ་བ་བཏབ་པ་ལ་གསན་ནས་རྡོ་རྗེ་སློབ་དཔོན་གྱིས་སྙིང་རྗེ་ཆེན་པོ་བསྐྱེད་དེ། རྟེན་བརྟེན་པ་དང་བཅས་པའི་དཀྱིལ་འཁོར་སྙིང་གར་བསྡུས་ནས་བདག་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ། རྒྱན་ཐམས་ཅད་དང་ལྡན་པར་གྱུར་པའི་ང་རྒྱལ་གྱིས། མིག་མ་དང་ཊ་ལས་ཉི་ཟླ། མིག་འབྲས་ཧཱུྃ་ལས་རྡོ་རྗེ་མཐིང་ནག རྐང་མཐིལ་གཉིས་སུ་ཨ་ལས་སྣ་ཚོགས་རྡོ་རྗེ་འབར་བ། མིག་འབྲས་ཀྱི་རྡོ་རྗེ་ལས་ཁྲོ་བོ་འཕྲོས་པས་བགེགས་ཀྱི་ཚོགས་འཇོམས་པར་བྱེད་པ་རྐང་འགྲོས་ཀྱིས་རྡོ་རྗེའི་ར་བ་སོགས་སྤྲུལ་པར་བསྒོམས་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་འཁྲོལ་བས་དབང་ལྡན་དུ་སོང་སྟེ། ཉོན་ཅིག་བགེགས་ཚོགས་མ་ལུས་ཀུན། །ལྷ་དང་ལྷ་མིན་གསང་བ་པ། །གནོད་པར་གྱུར་པའི་བགེགས་ཚོགས་རྣམས། །སངས་རྒྱས་ཐོད་པའི་རྣལ་འབྱོར་གཙོ། །བདེ་ཆེན་ཡེ་ཤེས་ལས་བྱུང་བ། །དེ་ནི་ཧེ་རུ་ཀ་དཔལ་དངོས། །བཀའ་ཡི་འཁོར་ལོ་རབ་སྦྱོར་བྱེད། །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡོ་རྗེ་རབ་ཏུ་འབར་བ་ཡིས། །མགོ་ནི་ཚལ་པ་བརྒྱར་འགས་ཤིང་། །འཇིག་པར་འགྱུར་བ་གདོན་མི་ཟ། །དེ་བས་གཞན་དུ་འགྲོ་བར་གྱིས།། ཞེས་བཀའ་བསྒོས་ཏེ་གཡས་སྐོར་ལན་གསུམ་བྱས། རྐང་པའི་འོག་ནས་བསྐལ་པའི་མེ་ལྟ་བུའི་འོད་ཟེར་འཕྲོས་པས་གདུག་པ་ཅན་ཐམས་ཅད་བསྲེགས་ཤིང་ཕན་ཚུན་དུ་བྱེར་བར་བསམས་ལ་གོམ་བརྒྱད་ལ་སོགས་པའི་གར་བྱའོ། །ཡུངས་དཀར་གྱིས་བྲབས། གུ་གུལ་བདུགས། ན་མཿ ས་མནྟ་བུདྡྷེ་བྷྱོ། ན་མོ་བཛྭཀྲོ་དྷཱ་ཡ། མཧཱ་དཾཥྚོུ་ཊ་བྷེ་ར་བཱ་ཡ། ཨོཾ་ད་ཀ་ཏ། བཛྭ་སནྟོ་ཧཾ། དརྤ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། གར་མི་ཤེས་པའམ་སྤྲོས་པ་ལ་མི་དགའ་ན་སླར་ཡང་དབུས་སུ་ལངས་ཏེ། ཁ་ཡི་པདྨའི་འཛུམ་དང་བཅས། །ཅུང་ཟད་དམར་བའི་མཆེ་བ་འཆང་། །ཀུནྡ་ལྟར་དཀར་སོ་ཡི་ཕྲེང་། །དཔལ་ལྡན་ཁྲག་འཐུང་རྣལ་འབྱོར་ཆེ། །སེམས་ཅན་གྲོལ་བ་རྨད་དུ་བྱུང་། །དེ་ལ་སོགས་པའི་གར་གྱིས་ནི། །བགེགས་ཀུན་མ་ལུས་བསྐྲད་པར་བྱ།། ཞེས་བརྗོད་པར་གསུངས། དེ་ནས་སེང་ལྡེང་གི་ཕུར་བུ་སྲིད་དུ་སོར་བཅུ་གཉིས་སྦོམ་སུ་སོར་བཞི་པ་ཙན་དན་དམར་པོས་ཁ་བསྒྱུར་བ་མགོར་མེ་ཏོག་ཡུངས་ཀར་ཁ་དོག་སྣ་ལྔ་པའི་སྐུད་པ་དཀྲིས་པ་བཅུ་བཀོད་ལ། བསངས། སུམྦྷ་ནི་སོགས། བདག་ཉིད་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་བྱུང་བའི་གནོད་མཛེས་ལ་བཀའ་བསྒོས་པས་དེ་ལས་སྤྲུལ་པའི་གནོད་མཛེས་གཉིས་པ་འོངས་ཏེ་དེས་བགེགས་དང་ལོག་འདྲེན་རྣམས་ལྕགས་ཀྱུས་བཀུག ཞགས་པས་བཅིངས། ལྕགས་སྒྲོག་གིས་བསྡམས། དྲིལ་བུས་མཉེས། ཕྱོགས་བཅུར་གན་རྐྱལ་དུ་བསྒྱེལ་བའི་ཁར་ཁྲོ་བོ་བཅུ་སྟོད་ཁྲོ་བོ་སྨད་རྩེ་མོ་གཅིག་པའི་རྡོ་རྗེ་ཕུར་བུའི་རྣམ་པར་སྣང་བ། ཨོཾ་བཛྭ་ཀཱི་ལི་ཀཱི་ལ་ཡ། ལན་བདུན་བཟླས་པས་བྱིན་གྱིས་བརླབས། ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་ཁྲོ་བོ་བཅུ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། བགེགས་རྣམས་ཀྱི་སྤྱི་བོར་གནས་པ་ལ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚུན་བིགྷྣཱཾ་ཧཱུྃ་ཕཊ྄། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ྄། ཧཱུྃ་ཧཱུྃ་ཧཱུྃ་བཛྭ་ཀཱི་ལ་བཛྭ་དྷ་ར་ཨཱཛྙྱཱ་པ་ཡ་ཏི། སརྦ་དུཥྚུན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྭ་ཀཱི་ལ་ཡ་ཧཱུྃ་ཕཊ྄། ཨོཾ་བཛྭ་མཱུུ་ར་བཛྭ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ། ཞེས་གནོད་མཛེས་ཀྱི་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་རབ་ཏུ་འབར་བར་གྱུར་པས་ཕུར་བུ་རྣམས་བསྡིགས་པས་བགེགས་རྣམས་ཀྱི་སྤྱི་བོ་ནས་གསང་བའི་བར་དུ་ཕུགས་སྟེ་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོའི་རོར་གྱུར། དེ་རྣམས་ལས་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་རབ་ཏུ་འབར་བས་གདུག་པ་ཐམས་ཅད་བསྲེགས་པར་གྱུར། དངོས་སུ་ལས་ཀྱི་རྡོ་རྗེས་ཕྱོགས་བཅུར་གདབ། དེ་ནས། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད། རཾ་ལས་ཉི་མ་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེ་ལས་རྡོ་རྗེའི་རང་བཞིན་གྱི་ར་བ་དྲ་བ་དང་བཅས་པའི་གུར་དུ་གྱུར་པར་བསམ་མོ། །བགེགས་བསལ་བའི་ཆོ་གའོ། །བདག་ཉིད་སངས་རྒྱས་ཐོད་པའི་ང་རྒྱལ་གྱིས་ལག་པ་ས་ལ་རེག་པས། ཧཱུྃ་ཁཾ་ཞེས་པས། ས་གཞི་དེ་ཉིད་ནམ་མཁར་སོང་། ཧཱུྃ་ལཾ་ཞེས་པས། ས་གཞི་རྡོ་རྗེའི་རང་བཞིན་ཅན་དུ་གྱུར། ཨོཾ་མེ་དཱི་ནི་བཛྭི་བྷ་ཝ་བཛྭ་བནྡྷ་ཧཱུྃ། ས་གཞི་རྣམ་པར་དག་པ་དེ་བཞིན་ཉིད་དུ་མོས། དེར་ཞི་དྲག་གི་སྦྱིན་སྲེག་བྱ། དེ་ནས་ས་ཕྱོགས་གསར་པ་ཡིན་ན་ལྟོ་འཕྱེ་བརྟགས་ལ་ས་བརྐོ། རོ་ལྔ་བསལ། ས་ལ་བདུད་རྩི་ལྔ་དང་དྲི་ཆུ་ཧཱུྃ་བཟླས་པ་འཐོར་བའི་སས་དགང་། འཐས་བར་བཅག ཁར་དྲི་དང་བ་བྱུང་གི་རྣམ་ལྔ་བྱུག སླར་སངས་རྒྱས་ཐོད་པའི་ང་རྒྱལ་གྱིས་བདུད་རྩི་འཐོར། ཨོཾ་ཧཱུྃ་སྲི་ཧཱུྃ་ཁཾ་ཧཱུྃ་ཨ་ཧཱུྃ་ཏིཥྛ་ཏིཥྛ་བཛྭ་ས་མ་ཡ་ཏིཥྛ་ཡེ། ཞེས་བརྗོད་པས་དེ་སྟོང་པར་གྱུར། ཨོཾ་ཧེ་རུ་ཀ་བཛྭ་ས་མ་ཡ་སྲི་སརྦ་དུཥྚུཾ་ས་མ་ཡ་མུ་ཊ། པྲ་པཉྫྱ་ཀ་ཧཱུྃ། རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཧཱུྃ་ཕཊ྄། ཞེས་ས་ལ་བདུད་རྩི་ལྔ་བྱུག་ཅིང་དྲིས་ཐིག་ལེ་བྱ། དེར་ལྷ་གནས་མ་འཆོལ་བར་མེ་ཏོག་གི་ཚོམ་བུ་བཀོད།གཙོ་བོའི་སྙིང་པོ་ཁོ་ན་བརྗོད་པས་དགོད་དེ། མཆོད་གཏོར་རྒྱས་པར་བཤམས་ལ། ཚོམ་བུའི་དཀྱིལ་འཁོར་བསངས་ནས། ཚོམ་བུའི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་གཞིར་རཾ་ལས་ཉི་མ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སོགས་ནས་རྩ་རྣམས་བཞག བདག་ཉིད་ཀྱི་རོ། དབུས་སུ་ཡི་གེ་ཧཱུྃ་ལས་དཔལ་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ་སོགས་ནས་འཁོར་དང་བཅས་པ་རྒྱུ་དུས་ལྟར། རང་རང་གི་རིགས་ཀྱི་བདག་པོས་རྒྱས་གདབ་པའི་བར། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་པྲ་ཝར་སཏྐྲ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས་མཆོད་ཡོན་སྔོན་དུ་འགྲོ་བས་རྣམ་ལྔ་རོལ་མོ་དང་བཅས་པ། འདོད་པ་ལྔ་ལ་སོགས་པས་མཆོད་པ་དང་། བདུད་རྩི་མྱང་བའི་བར་གྱིས་མཆོད། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིས་བདེ་རྒྱས་ཤིང་། །རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་བྱེད་པ། །རྡོ་རྗེ་ལྷ་མོའི་རྩེད་མོ་རོལ་པས་རྩེར་མཛོད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ།། ཞེས་བསྟོད། སྤྲོས་པ་ལ་དགའ་ན། མཆོད་བསྟོད་རྣམས་རྒྱས་པ་དངོས་གཞི་མདུན་དཀྱིལ་སྐབས་ལྟར་ཁ་བསྐང་བས་ཆོག་གོ །དེ་ནས་སྤོས་དང་བཅས་པས་རྡོར་དྲིལ་འཛིན་བཞིན་བཏུད་དེ། གཉིས་མེད་ཡེ་ཤེས་ལས་བྱུང་བ། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །སྣ་ཚོགས་བདེ་མར་ཡང་དག་ལྡན། །ཕྱོགས་མཚམས་རྣམས་ཀྱི་མཁའ་འགྲོ་མ། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་བདག་ཅག་ལ་ནི་ཕན་པ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པས། །ནང་པར་དཀྱིལ་འཁོར་བྲི་བར་བྱ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་པའི་བར་གྱིས་ལན་གསུམ་གསོལ་བ་གདབ། སླར་མཆོད་པ་ཁ་གསོ་ཞིང་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། དྲི་ཆུ་སོགས་ཀྱིས་མཆོད་པར་བྱ་བ་སྟེ། འཛག་པ་དེ་ལས་རྣལ་འབྱོར་མ། །བརྒྱད་པོ་བུ་མོ་རྣམས་ཀྱི་མཆོག །མཆོད་པ་སྣ་ཚོགས་འཛིན་པ་ཡིས། །མགོན་པོ་ཧེ་རུ་ཀ་མཆོད་དོ། །རྡོ་རྗེ་མགོན་པོའི་ཤར་གནས་པ། །རྡོ་རྗེ་མཆེ་བ་མ་ཡིས་ནི། །ཐོད་པ་ཁྲག་གིས་བཀང་བཟུང་སྟེ། །གཟི་བརྗིད་ཆེན་པོ་གསོལ་བར་མཛད། །རྡོ་རྗེ་ཕོ་ཉ་བདག་ཉིད་ཆེ། །དབང་ལྡན་ཏུ་ནི་ཅང་ཏེའུ་བརྡུང་། །རྡོ་རྗེ་གདོང་མ་དྲི་སྣོད་དང་། །མེ་ཡི་ཕྱོགས་སུ་རྣམ་པར་གནས། །རྡོ་རྗེ་ཅན་མ་གྲགས་ཆེན་མོ། །མཆོད་ཡོན་སྣོད་ཅན་བདེན་བྲལ་ན། །རྡོ་རྗེ་གཙིགས་མ་ལྷོ་ཡི་ནི། །ཕྱོགས་ན་རྔ་བོ་ཆེ་འཛིན་གསུངས། །རླུང་དུ་རྡོ་རྗེ་ལྟེ་བ་མ། །རི་བོང་ཅན་གྱི་སྣོད་འཛིན་ནོ། །ནུབ་ཏུ་རྡོ་རྗེ་འཇིགས་མ་ནི། །ཅེ་སྤྱང་ཕྱག་ན་འཛིན་པར་གསུངས། །བྱང་དུ་འདོད་ཆགས་རྡོ་རྗེ་མ། །ལྷ་མོའི་ཆགས་པས་གཙོ་བོ་མཆོད། །དེ་ལྟར་ཧེ་རུ་ཀ་བསམ་ནས། །རྣལ་འབྱོར་མ་ནི་བརྒྱད་ཀྱིས་མཆོད། །སྣ་ཚོགས་ཟས་དང་སྣ་ཚོགས་སྐོམ། །སྣ་ཚོགས་རོལ་མོ་མཆོག་གསུངས་དང་། །དྲི་ཞིམ་ལྔ་དང་མེ་ཏོག་སྤོས། །འདི་དག་གིས་ནི་གཙོ་བོ་མཆོད། །མཆོད་ཡོན་ཞབས་བསིལ་དེ་བཞིན་ཁྲུས། །གླུ་ཡི་མཆོག་ནི་རྣམ་མང་པོས། །མགོན་པོ་ཁྲག་འཐུང་བདག་ཉིད་ཆེ། །འདི་དག་གིས་ནི་མཆོད་པར་བྱ།། ཞེས་མཆོད། ལྷ་ལྷག་གནས་སོ།། ༈ དེ་ནས་བུམ་པ་མཚན་ལྡན་མཚན་མ་རས་དཀར་གྱིས་མགུལ་དཀྲིས། ཤིང་བཟང་པོའི་ལོ་མས་ཁ་བརྒྱན། ཉེར་ལྔ་དང་ཆུ་གཙང་མས་བཀང་། སྤོས་ཀྱིས་བདུགས། བགེགས་བསྐྲད། ལྷ་གྲངས་སམ་མེད་ན་ལས་ཐམས་ཅད་པ་དང་གཉིས། བུམ་པ་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཙོ་བོའི་བུམ་པའི་ནང་དུ་པདྨའི་སྟེང་དུ་ཉི་མ། དེ་སྟེང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ། དེའི་སྟེང་དུ་ཨ་ཨཱ། ཨི་ཨཱི་སོགས། ཚར་གཉིས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེ་སྟེང་དུ་ཀ་ཁ་ག་གྷ་ང་། སོགས། ཌ་ཌྷྜྷ། ཚར་གཉིས་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ཡིག དེ་ཉིད་ཀྱི་སྣང་བ་ལས་གྲུབ་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་བདེ་མ་དཀར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁ་ཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀའང་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། དེའི་ཕྱི་རོལ་གྱི་ཤར་དུ་ཕྲེང་བཟང་མ་དཀར་མོ། བྱང་དུ་འོད་ཅན་མ་སེར་མོ། ནུབ་ཏུ་འཇིགས་མ་དམར་མོ། ལྷོ་རུ་ཐུབ་དཀའ་ནག་མོ། མཚམས་བཞིར་བདུད་རྩིས་གང་བའི་ཐོད་པ་བཞི། དེའི་ཕྱི་རོལ་གྱི་ཤར་དུ་དགེ་བའི་སྐ་རགས་མ། བྱང་དུ་གཟུགས་ཅན་མ། ནུབ་ཏུ་རྣམ་རྒྱལ་མ། ལྷོ་རུ་བྱེད་མ། དབང་ལྡན་དུ་ཐོད་པ་ཅན། མེར་མཚོ་ཅན་མ། བདེན་བྲལ་དུ་རྒྱུད་བྱེད་མ། རླུང་དུ་གསོད་བྱེད་མ། དེའི་ཕྱི་རོལ་ཏུ་ཤར་དུ་སྒྲོལ་བྱེད་མ། བྱང་དུ་འཇིགས་མ། ནུབ་ཏུ་ལཱ་མ། ལྷོར་མི་ཕམ་མ། དབང་ལྡན་དུ་དགེ་མ། མེར་འཇུར་བྱེད་མ། བདེན་བྲལ་དུ་དུས་མཚན་མ། རླུང་དུ་གྲགས་ཅན་མ། དེའི་ཕྱི་རོལ་ཤར་དུ་མཛེས་སྡུག་མ། བྱང་དུ་ནོར་འཛིན་མ། ནུབ་ཏུ་སྐལ་བཟང་མ། ལྷོར་གྲགས་མཐོང་མ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་བསྣམས་པ། སྟག་གི་པགས་པས་སྐེད་པ་དཀྲིས་ཤིང་། རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཟེར་རྣོན་པོ་གཏིབས་པ། སྐྲ་སེར་པོ་གྱེན་དུ་འབར་བ། ཁ་ནས་ཁྲག་འཐོར་བ། ཁུ་བ་དང་ལྡན་པའོ།། ལྷ་གྲངས་ཀྱི་བུམ་པ་ཡོད་ན། རྣམ་རྒྱལ་དུ་གཙོ་བོ་ཡབ་ཡུམ། བུམ་པ་གཞན་རྣམས་སུ་འཁོར་རྣམས། གཉིས་ལས་མེད་ཚེ་རྣམ་རྒྱལ་ཆེན་པོར་ལྷ་ཐམས་ཅད་ཡུད་ཙམ་གྱིས་གསལ་བཏབ། ལས་ཐམས་ཅད་པའི་བུམ་པར་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་ཁ་བདུད་རྩི་འཁྱིལ་བའི་ཕྱག་རྒྱ་མཛད་པ། གཡོན་བརྐྱང་གིས་ཉི་མ་ལ་ཁྲོ་བོའི་ཆས་ཀྱིས་བརྒྱན་ཏེ་བཞུགས་པ། གཙོ་བོའི་སྙིང་ཁར་ཨོཾ། དཔྲལ་བར་ཧཱྃ། སྤྱི་གཙུག་ཏུ་ཧཻ།ཾ དཔུང་པ་གཉིས་སུ་ཧཽཾ། མིག་གཉིས་སུ་ཧེཾ། གསང་བར་ཧོཾ། ལུས་ཐམས་ཅད་དུ་ཧཾ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ། སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་ཨ། ཁཾ་གྲཾ་བྷྲཱུཾ་བྷྲུཾ་ཨཿཨཿཨཿཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ཅེས་འགྱིངས་པ་དང་བཅས་པས་བཟླས་པས་ཡེ་ཤེས་སེམས་དཔའ་བཀུག དམ་ཚིག་སེམས་དཔའ་ལ་བཅུག་པས་ཆུ་དང་འོ་མ་ལྟར་འདྲེས། དེ་ལྟར་དཔའ་བོ་རྫོགས་པ། དེ་ནས་རྩའི་འཁོར་ལོ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་དེ་ལས་རྣལ་འབྱོར་མ་རྣམས་སྣ་ཚོགས་པའི་སྙིང་རྗེ་ཆེན་མོ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ། གོས་སྣ་ཚོགས་གྱོན་པ། ལང་ཚོས་བརྒྱན་པའི་རྣལ་འབྱོར་མ་བརྒྱད་ནམ་མཁར་གནས་པ་བུམ་པ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཨ་མྲའི་ཤིང་ལོས་ཁ་བརྒྱན་པ་རེ་ཐོགས་པ། རབ་ཏུ་དྭངས་ཤིང་བཞད་པའི་ཞལ་གྱིས་རྒྱལ་གྱུར་ཧེ་རུ་ཀ །ཞེས་སྨྲ་བ་དེ་མཐོང་ནས་དབང་བསྐུར་ཞུ་བའི་ཕྱིར་གསོལ་བ་གདབ་པ། བརྩེ་ལྡན་གྲགས་པ་ཆེན་པོ་ཡིས། །རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར། །འཁོར་བའི་འདམ་དུ་འབྱིང་བ་བདག །དབང་བསྐུར་བ་ཡིས་དེ་སྒྲོལ་ཞིག། བུམ་དབང་། ཇི་ལྟར་བུ་ཚ་མེད་པའི་ཁྱིམ། །ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པར་འགྱུར།། གསང་དབང་། ཇི་ལྟར་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་ལྟར་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། དབང་གསུམ་པ། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་ལྟར་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །དེ་ལྟར་མཁྱེན་མཛོད་རྣལ་འབྱོར་མ། །སླར་ཡང་བདག་ལ་དབང་བསྐུར་སྩོལ། །གལ་ཏེ་དབང་བསྐུར་སྐྱེ་མེད་ན། །ཧེ་རུ་ཀ་རུ་བདག་འགྱུར་ཅི། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་རྒྱལ་གྱུར་རྒྱལ་གྱུར་ཞེས་པས་བཅོམ་ལྡན་འདས་ལ་སོགས་པ་ལ་ཁྲུས་གསོལ་ཞིང་ཕྱི་དང་གསང་བར་བཅས་པའི་དབང་བསྐུར་བ་ཙམ་གྱིས་ནམ་མཁའི་ངོས་ནས་རྔའི་སྒྲ་གྲག་ཅིང་ཙནྡན་དང་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །དབང་བསྐུར་ཟིན་ནས་རྣལ་འབྱོར་མ་རྣམས་རྩའི་འཁོར་ལོ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པར་གྱུར། སྙིང་ཁ་ནས་ཕྱུང་བའི་རྣལ་འབྱོར་མ་རྣམས་ཀྱིས་མཆོད་པར་བསམ་ལ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་པྲ་ཝར་སཏྐྲ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ལྷ་ཡི་མེ་ཏོག་ཤིན་ཏུ་འབར། །ལྷ་ཡིས་དྲི་ཡིས་ཉེ་བར་བྱུགས། །མེ་ཏོག་བཟང་པོ་འདི་བཞེས་ལ། །གནས་འདི་ཉིད་དུ་བཞུགས་སུ་གསོལ། །ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཙནྡན་གུར་གུམ་སྦྱར་བ་ཡི། །དྲི་མཆོག་བདུག་སྤོས་དམ་པ་འདི། །དབང་པོའི་སྒོ་རྣམས་ཚིམ་པའི་མཆོག །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །དྷཱུ་པེྎ མར་མེ་འོད་བཟང་འབར་བ་འདི། །ངན་འགྲོའི་མུན་པ་འཇོམས་བྱེད་ཅིང་། །ལྷ་ཡི་མིག་འབྱེད་དམ་པ་འདི། །བདག་ལ་དགོངས་ཏེ་བཞེས་སུ་གསོལ། །དཱི་པཾྎ སྣ་ཚོགས་ལྷ་ཡི་དྲི་དང་ལྡན། །སྣ་ཚོགས་ག་པུར་གྱིས་ནི་བརྒྱན། །སྣ་ཚོགས་ཧཱུྃ་ལས་ཡང་དག་བྱུང་། །དྲི་མཆོག་འདི་དག་བཞེས་སུ་གསོལ། །གནྡྷེྎ ཁ་དོག་དྲི་དང་རོ་ལྡན་པ། །བཟའ་བའི་བྱེ་བྲག་སྣ་ཚོགས་པ། །ཞལ་ཟས་ཐམས་ཅད་ཕུན་སུམ་ཚོགས། །འགྲོ་བའི་དོན་དུ་བཞེས་སུ་གསོལ། །ནཻ་ཝི་དྱེྎ པ་ཊ་ཧ་དང་ཅང་ཏེའུ་དང་། །རྔ་དང་དུང་སོགས་སྒྲ་དབྱངས་དང་། །ཡིད་འཕྲོག་སིལ་སྙན་སྣ་ཚོགས་པ། །ཧེ་རུ་ཀ་ཡི་ཚོགས་ལ་འབུལ། ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཅེས་རྣམ་ལྔ་རོལ་མོ་དང་བཅས་པ་དང་། གཟུགས་གསུམ་རྒྱལ་བ་རྣམ་སྣང་མཛད། །བདེ་ཆེན་གཅིག་ལས་དུ་མའི་གར། །བརྟན་གཡོའི་རྣམ་པ་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །ཨོཾ་ཨཱཿབཛྭ་རཱུ་པ་ཧཱུྃ་ཧཱུྃ་ཕཊ྄། སྒྲ་གསུམ་ཧེ་རུ་ཀ་དཔལ་མགོན། །བདེ་ཆེན་གཅིག་ལས་དུ་མའི་གར། །རོལ་མོའི་དབྱངས་སྙན་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །ཤཔྟྎ དྲི་གསུམ་རྡོ་རྗེ་ཉིན་མོར་བྱེད། །བདེ་ཆེན་གཅིག་ལས་དུ་མའི་གར། །དྲི་མཆོག་བྱུག་སྤོས་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །གནྡྷེྎ རོ་གསུམ་པདྨ་གར་གྱི་དབང་། །བདེ་ཆེན་གཅིག་ལས་དུ་མའི་གར། །རོ་མཆོག་བཟའ་བཏུང་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རཱ་ཀྵྼེྎ རེག་གསུམ་དོན་ཡོད་གྲུབ་པ་དངོས། །བདེ་ཆེན་གཅིག་ལས་དུ་མའི་གར། །བསམ་ཡས་བདེ་འབྱུང་ཐམས་ཅད་པས། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །སྤརྴེྎ ཞེས་འདོད་ཡོན་ལྔས་མཆོད། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔ། །དངོས་གྲུབ་ཀུན་གྱི་བདག་ཉིད་མཆོག །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །རྒྱལ་བའི་ཡེ་ཤེས་ལྔ་ཐོབ་ཤོག །ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པུ་ཛ་ཁ་ཧི། ཅེས་བདུད་རྩི་འབུལ། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིས་བདེ་རྒྱས་ཤིང་། །རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་བྱེད་པ། །རྡོ་རྗེ་ལྷ་མོའི་རྩེད་མོ་རོལ་པས་རྩེར་མཛོད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ།། ཞེས་བསྟོད། །ལས་ཐམས་ཅད་པར། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད།། ཅེས་པས་བསྟོད། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་སྙིང་པོ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་ཨ་སྲཱིཿཧེ་ཧཱུྃ་ཕཊ྄། ཅེས་དང་། བུམ་པ་གཞན་རྣམས་ལ་ཉེ་སྙིང་། ཨོཾ་ཀ་པཱ་ལ་བཛྭི་ནི་ཧཱུྃ་ཧེ་དུ་རཀྵེ་ཧཱུྃ་ཕཊ྄། ཅེས་དང་། ལས་ཐམས་ཅད་པ་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜྻ་ལི་ཧཱུྃ་ཕཊ྄། ཅེས་བཟླས། གཉིས་མེད་ཡེ་ཤེས་ལས་བྱུང་བ།། སོགས་ནས། བུམ་པ་བཟང་པོ་བསྒྲུབ་པར་འཚལ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་པ་འདོན་པ་བསྒྱུར་བས་སོ།། བུམ་པའི་ལྷ་རྣམས་འོད་དུ་ཞུ་བདུད་རྩིར་བསམ། བུམ་པ་ལྷག་གནས་སོ།། ༈ སློབ་མས་མཎྜྻལ་ཕུལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ།། ཞེས་སོགས་ཀྱིས་གསོལ་བ་གདབ། སློབ་དཔོན་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་སློབ་མ་རྣམས་བསྡུས། ཞལ་ནས་ཞུགས་ཏེ་རྗེས་ཆགས་ཀྱིས་བཞུ་བ་རྡོ་རྗེ་ནས་ལྷ་མོའི་པདྨར་ལྷུང་བ་ཧེ་རུ་ཀ་སངས་རྒྱས་ཐོད་པར་གྱུར་ནས་ཕྱིར་འཐོན་སོ་སོའི་གདན་ལ་འཁོད་པའི་མོས་པ་གྱིས། དེ་ནས། བུ་ཚུར་ཐེག་པ་ཆེན་པོ་ལ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་གང་བཞུགས་པ། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བཟུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན།། ཞེས་སོགས་སྤྲོ་བ་བསྐྱེད་པ་དང་། བདག་གིས་སྡིག་པ་བགྱིས་པ་དང་། །བགྱིད་དུ་སྩལ་དང་ཡི་རང་བ། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །མ་ལུས་སོ་སོར་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་དག་ལ་ནི་ཡི་རང་ངོ་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་ཐོད་པ་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་འཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་དཔའ་བོ་དང་། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་སོགས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ཅག་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡིས་ཚངས་སྤྱོད་གཉིས་མེད་པ། །བྱང་ཆུབ་མཆོག་སེམས་བསྐྱེད་པར་བགྱི། །བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་འགྲུབ་བྱས་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་བསྒྲལ་བར་བགྱི།། ལན་གསུམ། དེ་ནས་སློབ་མའི་སྙིང་མགྲིན་དཔྲལ་བར་ཧཱུྃ་ཨཱཿཨོཾ་མས་རིམ་གྱིས་རྡོ་རྗེས་རེག་ཅིང་དྲིས་ཐིག་ལེ་བྱ། ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་སོགས་སླར་ཡས་རིམ་གྱིས་བྱའོ། །མཆོད་ཡོན་དང་རྣམ་ལྔ་རོལ་མོས་མཆོད། སོ་ཤིང་ཚད་ལྡན་ཚོམ་བུ་ལྔ་བཀོད་པའི་མཎྜྻལ་དུ་རྩ་བ་སོ་ལ་དྲུད་དེ། བཛྭ་ཧཱ་ས་ཧ། ཞེས་པས་དོར། རྩེ་མོ་གར་བསྟན་པས་དངོས་གྲུབ་འགྲུབ་པའི་བརྡ་སྤྲད། ཨོཾ་སྲཱིཿབི་ཤུདྡྷ་དྷཱརྨ་སརྦ་པཱ་པཾ་ནི་ཙཱ་ཀྵྼ་བི་ཤོ་དྷ་ཡ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུྃ། ཅེས་པས་ཁྱོར་ཆུ་བྱིན། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དུམྦ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་རྙེད་དཀའ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་ན་མེད་པ་བྱེད་པར་ནུས། །གཉིས་མེད་ཟབ་མོའི་ཚུལ་འདི་ཡིས། །སེམས་ཅན་སངས་རྒྱས་ཐོབ་བྱེད་པ། །དང་པོ་བསྐལ་པ་གྲངས་མེད་ནས། །བསགས་པའི་སྡིག་པ་གང་དང་གང་། །དེ་ཀུན་ཟད་པར་འགྱུར་བ་ནི། །ཟབ་མོའི་དཀྱིལ་འཁོར་མཐོང་བས་སོ།། དེ་ནས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པའི་ཀུ་ཤ་སྔས་དང་སྟན་དུ་སྦྱིན་ནོ། །སྙིང་པོ་བཟླས་པའི་སྲད་བུ་དམར་པོ་མདུད་པ་གསུམ་པ་དཔུང་པ་གཡོན་པར་གདགས་སོ། ཀུ་ཤའི་གདན་ལ་ཁྱོད་ཉོལ་ལ། །ནང་པར་བཞིན་བཟང་རྣམས་ལོངས་ཤིག །སང་གི་ནང་པར་ཁྱེད་རྣམས་ཀྱིས། །དཔལ་ལྡན་སངས་རྒྱས་ཐོད་པ་ཡི། །གྲོང་ཁྱེར་ཆེན་པོ་མཐོང་བར་འགྱུར།། ཞེས་བརྗོད། མཆོད་པ་ཁ་གསོ་ཞིང་། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རླབས། རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་མཆོད་པའི་ལྷ་མོས་དཀྱིལ་འཁོར་ལ་མཆོད་པར་གྱུར། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་པྲ་ཝར་སཏྐྲ་ར་བཛྭ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སྔགས་ཐོག་མཐའ་འདྲ་བས། ཨོཾ་ཨཱཿབཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དྷུ་པེྎ ཨཱ་ལོ་ཀེྎ གནྡྷེྎ ནཻ་ཝི་དྱྎ ཤཔྟ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། བདུད་རྩི། ཡཾ་ལས་རླུང་སོགས་ནས་ཨོཾ་ཨཱཿཧཱུྃ་ཞེས་པས་ལྷ་རྣམས་ཀྱིས་མྱང་བས་ཚིམས་པར་བསམ་མོ། །དེ་ནས་གཏོར་མ་སྭ་བྷཱ་ཝའི་སྔགས་བརྗོད། སྟོང་པ་ཉིད་རཾ་ལས་ཉི་མ་སོགས་ནས་གཤེགས་སུ་གསོལ་བའི་བར་སྒྲུབ་ཐབས་ལྟར་འབྱུང་པོ་ལ་གཏོར་མ་བྱིན། དཀྱིལ་འཁོར་ནམ་མཁར་ཡིད་ཀྱིས་འདེགས་སོ། །ནང་པར་རྨི་ལམ་དྲི། ངན་ན་སྦྱིན་སྲེག་གིས་བཟློག་པའི་ཆོ་ག་བྱའོ། །སློབ་མ་ལྷག་གནས་སོ།། ༈ དེ་ནས་བདག་བསྐྱེད་བྱ། ཐིག་དཀྱིལ་འཁོར་གཉིས་འདབ་ཡོད་པ་ཁ་དོག་ལྔར་དབྱེ་བ་ཐོད་པའི་སྣོད་དུ་བཞག བསང་སྦྱངས། ཐིག་སྐུད་མི་དམིགས་པ་སྟོང་པའི་ངང་ལས་དཀར་པོ་བྷྲཱུྃ་ལས་རྣམ་སྣང་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། སེར་པོ་ཛྭིཾ་ལས་རིན་འབྱུང་སེར་པོ་མཉམ་བཞག་མཆོག་སྦྱིན། དམར་པོ་ཨོཾ་ལས་སྣང་མཐའ་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། ལྗང་ཁུ་ཁཾ་ལས་དོན་གྲུབ་ལྗང་ཁུ་མཉམ་བཞག་དང་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་དུ་གསལ་བ་ལ་སྨིན་མ་གྱེན་དུ་བལྟ་བ་འབར་བའི་ལྟ་སྟངས་ཀྱིས། རང་གི་ཐུགས་ཀའི་འོད་ཟེར་གྱིས་དཔལ་སངས་རྒྱས་ཐོད་པ་ལ་སོགས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿཧཱུྃ་བཾ་ཧོཿ དེ་དང་གཉིས་སུ་མེད་པར་བསྲེས། རང་བྱུང་གི་མེ་ཏོག་སོགས། ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ནས། ཤཔྟའི་བར་གྱིས་མཆོད། དེ་དག་ཞུ་བ་ཡེ་ཤེས་ཀྱི་སྐུད་པར་གྱུར། སྣ་གཅིག་སློབ་དཔོན་གྱིས་གཟུང་། ཛཿབརྗོད་པས་སློབ་མར་གཏད། ཤཱི་ཤཱ་དབུགས་འབྱིན་པ་འགྲོ་བར་བསམ་ཞིང་། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿཔ་ར་ས་པ་ར་ཨ་ནུ་པྲ་བིཥྛ་སརྦ་དྷརྨཱཿཨ་དྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨོཾ་ཨཱཿཧཱུྃ། ཞེས་བསྒྲིལ། ཨོཾ་བཛྭ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུྃ། ཞེས་བརྗོད་ཅིང་ནམ་མཁར་ཐིག་རྩ་གདབ་དུས། ཕྱོགས་བཅུ་འཇིག་རྟེན་ཁམས་བཞུགས་པའི། །སངས་རྒྱས་ལ་སོགས་འགྲོ་བའི་དོན། །ཁྱེད་ཀྱི་དུས་ནི་ཡིན་ཞེས་བསྐུལ།། ཅེས་དམིགས་སོ། །ལས་ཐིག་མན་ངག་བཞིན་གདབ། དེ་ནས་ཚོན་ཐིག་བཞིན་བྱིན་གྱིས་བརླབ། ཕོ་བྲང་ནང་མ་རིམ་པ་གསུམ་པ་ཟླུམ་པོ་རྡོ་རྗེའི་ར་བས་བསྐོར་བའི་ནང་མ་འདབ་བརྒྱད། ཕྱོགས་མདོག མཚམས་མཛེས་ཚོན་ལ་བདུད་རྩིས་གང་བའི་ཐོད་པ། མུ་ཁྱུད་རྡོ་རྗེའི་འཕྲེང་བ་སྔོན་པོ། བར་མ་དམར། ཕྱི་མ་དཀར་པོ་རྩིབས་བརྒྱད། རྩིབས་མཆན་ལྗང་ཁུ་དང་ནག་པོ། མུ་ཁྱུད་པད་དམར་དང་རྡོ་རྗེ་དཀར་པོ། ལྷ་ཁྱམས་ཕྱོགས་མདོག དབུས་ཀྱི་མཚན་མ་རོའི་ཁར་རྡོ་རྗེ་ནག་པོ་དང་གྲི་གུག་དམར་པོ། གཞན་གྲི་གུག་ལྷའི་ཁ་དོག་བཞིན་བྲི། རྩིག་པ་ཕྱི་ནས་དཀར་སེར་དམར་ལྗང་བ། འདོད་སྣམ་དམར། ཕ་གུ་སེར། མུན་པ་ནག ཤར་བུ་སྔོ། མདའ་ཡབ་དཀར་པོ། ཁྱམས་ལྗང་། རྟ་བབས་སྣམ་བུ་བཅུ་གཅིག རྡོ་ར་སྔོན་པོ། མེ་རི་སྣ་ཚོགས་པའོ།། ༈ དེ་ནས་དཀྱིལ་འཁོར་སྒྲུབ་པ་དངོས་ལ། དང་པོ་དཀྱིལ་འཁོར་གྱི་གནས་བརྒྱན་པ་ནི། རྒྱུད་ལས། སྣ་ཚོགས་གོས་དང་རྒྱལ་མཚན་དང་། །བླ་བྲེ་ལ་སོགས་བྲི་བ་དང་། །སྤོས་དང་མེ་ཏོག་ལ་སོགས་པའི། །མཆོད་པའི་རྒྱན་གྱིས་སྣ་ཚོགས་བརྒྱན། །ཞེས་པ་གསུངས་པ་བཞིན། རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པ་སྤྱི་དང་། ཁྱད་པར་ཡང་རྒྱུད་ལས། བ་དན་རྣམ་པ་བརྒྱད་ཀྱིས་བརྒྱན། །ཞེས་གསུངས་པའི་ཕྱོགས་ཀྱི་མདོག་ཅན་གྱི་བ་དན་བརྒྱད་ངེས་པར་གཟུགས །ལྷ་གྲངས་དང་མཉམ་པའི་མཆོད་པའི་བྱེ་བྲག་སྣ་ཚོགས་པས་བསྐོར། རྣམ་རྒྱལ་བུམ་པ་ལྷོ་སྒོ་དང་། ལས་བུམ་བྱང་སྒོར་འགོད་པར་གསུངས་པ་ནི། དཀྱིལ་འཁོར་གྱི་ཞལ་འཇིག་རྟེན་པའི་ལྷོ་ཕྱོགས་སུ་མཛད་པ་སྟེ། དཀྱུས་ལ་རྣམ་བུམ་ཤར་སྒོར་འགོད། བདག་འཇུག་སོགས་ལ་མཁོ་བའི་ཡོ་བྱད་རྣམས་ཀྱང་མཐོང་རྒྱུད་ལྟར་འགོད་དོ། །དེ་ནས་རྡོ་རྗེ་སློབ་དཔོན་བདག་ཉིད་བདེ་བའི་སྟན་ལ་འདུག་སྟེ། རང་གི་སྙིང་ཁར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་འོད་ཟེར་ལྔ་ལྡན་སོགས་ཚོགས་བསགས་ནས་བཟུང་བདག་བསྐྱེད་བཟླས་པ་རྫོགས་པའི་བར་སྒྲུབ་ཐབས་བཞིན་བཏང་ནས། མདུན་གྱི་རྡུལ་ཚོན་དང་རས་བྲིས་གང་ཡིན་གྱི་དཀྱིལ་འཁོར་བསངས་སྦྱངས་ནས། མདུན་རྟེན་གྱི་དཀྱིལ་འཁོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་རཾ་ལས་ཉི་མ་དེའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ནག་པོ་དཔག་ཏུ་མེད་པ་སྤྲོས། རྡོ་རྗེའི་ར་བ་དང་དྲྭ་བ་རྡོ་རྗེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའི་ས་གཞི། དེའི་དབུས་སུ་ཨེ་གྲུ་གསུམ་གྱི་ཆ་བྱད་ཅན་ཆོས་ཀྱི་འབྱུང་གནས། དེའི་དབུས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་དབྱིབས་ཅན་བ་དན་གཉིས་དང་ཡཾ་གྱིས་མཚན་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བ་བདུན་དང་རཾ་གྱིས་མཚན་པ། དེའི་དབུས་སུ་བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་དང་བཾ་གྱིས་མཚན་པ། དེའི་དབུས་སུ་ལཾ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་རྡོ་རྗེ་དང་ལཾ་གྱིས་མཚན་པ། དེ་དག་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་རྟ་བབས་བཞི་སྣམ་བུ་བཅུ་གཅིག་པས་བརྒྱན་པ་མཚན་ཉིད་ཐམས་ཅད་རྫོགས་པ་རྒྱན་གྱིས་ལེགས་པར་སྤྲས་པའི་དབུས་སུ་པདྨ་འདབ་མ་བརྒྱད་པ་ལྟེ་བ་མཐིང་། ཕྱོགས་དཀར་སེར་དམར་ལྗང་། མཚམས་ཅི་མཛེས་པ། དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་དམར་པོ་རྩིབས་མཆན་ལྗང་ཁ། དེའི་ཕྱིར་རྩིབས་བརྒྱད་དཀར་པོ་རྩིབས་མཆན་ནག་པོ། རིམ་པ་གསུམ་པོ་མུ་ཁྱུད་རྡོ་རྗེ་སྔོན་པོ་དང་པདྨ་དམར་པོ་དང་རྡོ་རྗེ་དཀར་པོས་བྱས་པ། ལྟེ་བའི་དབུས་སུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱི་རོ། དབུས་སུ་ཡི་གེ་ཧཱུྃ་ལས་དཔལ་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། གཙོ་བོའི་ཤེས་རབ་ཆེན་མོ་སྣ་ཚོགས་བདེ་མ་དཀར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁ་ཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀའང་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། ལྷ་གནས་རྣམས་སུ་ཧཱུྃ་ཉི་ཤུ་རྩ་བཞི་ལས་སྐད་ཅིག་གིས། ཤར་གྱི་འདབ་མར་འཕྲེང་བཟང་མ་དཀར་མོ། བྱང་དུ་འོད་ཅན་མ་སེར་མོ། ནུབ་ཏུ་འཇིགས་མ་དམར་མོ། ལྷོར་ཐུབ་དཀའ་མ་ནག་མོ། མཚམས་བཞིར་བདུད་རྩིས་གང་བའི་ཐོད་པ་བཞི། གསུང་གི་འཁོར་ལོའི་རྩིབས་ལ་དགེ་བའི་སྐ་རགས་མ་དང་། གཟུགས་ཅན་མ་དང་། རྣམ་རྒྱལ་མ་དང་། བྱེད་མ་རྣམས་ཕྱོགས་ལ། ཐོད་པ་ཅན་དང་། མཚོ་ཆེན་མ་དང་། རྒྱུད་བྱེད་མ་དང་། གསོད་བྱེད་མ་རྣམས་དམར་མོ་མཚམས་ལ། སྐུའི་འཁོར་ལོའི་རྩིབས་ལ། སྒྲོལ་བྱེད་མ་དང་། འཇིགས་མ་དང་། ལཱ་མ་དང་། མི་ཕཾ་མ་རྣམས་ཕྱོགས་དང་། དགེ་མ་དང་། འཇུར་བྱེད་མ་དང་། དུས་མཚན་མ་དང་། དྲག་ཆེན་མ་མཚམས། དེ་རྣམས་དཀར་མོ་ཕྱོགས་ཤར་ནས་གཡོན། མཚམས་དབང་ལྡན་ནས་གཡས་སྐོར་དུ། དེ་ཐམས་ཅད་ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། ཤར་སྒོར་མཛེས་མ་དཀར་མོ། བྱང་སྒོར་ནོར་འཛིན་མ་སེར་མོ། ནུབ་སྒོར་སྐལ་བཟང་མ་དམར་མོ། ལྷོ་སྒོར་གྲགས་མཐོང་མ་ནག་མོ། ཉི་མ་དང་རོའི་སྟེང་དུ་གཡོན་བརྐྱངས་པའི་ཞབས་ཀྱིས་གནས་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གྲི་གུག་དང་ཐོད་པ་བསྣམས་པ་སྟག་གི་པགས་པས་སྐེད་པ་དཀྲིས་ཤིང་རུས་པའི་རྒྱན་གྱིས་བརྒྱན་པ། འོད་ཟེར་རྣོན་པོ་གཏིབས་པ། སྐྲ་སེར་པོ་གྱེན་དུ་འབར་བ། ཁ་ནས་ཁྲག་འཐོར་བ་ཁུ་བ་དང་ལྡན་པ། གཙོ་བོའི་སྙིང་ཁའི་ཨོཾ། དཔྲལ་བར་ཧཱྃ། སྤྱི་གཙུག་ཏུ་ཧཻ།ཾ དཔུང་པ་གཉིས་སུ་ཧཽཾ། མིག་གཉིས་སུ་ཧེཾ། གསང་བར་ཧོཾ། ལུས་ཐམས་ཅད་དུ་ཧཾ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ། ༼སྙིང་ག་ནས་སྤྲུལ་པའི་འོད་ཟེར་གྱིས་སྟ་གོན་གྱི་ལྷ་ནམ་མཁར་བཞུགས་པ་སྤྱན་དྲངས་དེ་ལ་བསྟིམ།སྟ་གོན་གྱི་ལྷ་བསྟིམ་པ་འདི་སྒྲུབ་མཆོད་ཀྱི་སྐབས་ཉིན་དང་པོ་ལས་རྒྱུན་དུ་མི་དགོས།༽ སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུ། ཨོཾ་བུདྡྷཱ་ཀ་པཱ་ལ་ནི་ཨ་ཁཾ་གྲཾ་བྷྲཱུཾ་བྷྲུཾ་ཨཿཨཿཨཿཧཱུྃ་ཧཱུྃ་ཧཱུྃ་ཕཊ྄། ཅེས་འགྱིངས་པ་དང་བཅས་པས་བཟླས་པས་ཡེ་ཤེས་སེམས་དཔའ་བཀུག དམ་ཚིག་སེམས་དཔའ་ལ་བཅུག་པས་ཆུ་དང་འོ་མ་ལྟར་འདྲེས། དེ་ལྟར་དཔའ་བོ་རྫོགས་པ། དེ་ནས་རྩའི་འཁོར་ལོ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་དེ་ལས་རྣལ་འབྱོར་མ་རྣམས་སྣ་ཚོགས་པའི་སྙིང་རྗེ་ཆེན་མོ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ། གོས་སྣ་ཚོགས་གྱོན་པ། ལང་ཚོས་བརྒྱན་པའི་རྣལ་འབྱོར་མ་བརྒྱད་ནམ་མཁར་གནས་པ་བུམ་པ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཨ་མྲའི་ཤིང་ལོས་ཁ་བརྒྱན་པ་རེ་ཐོགས་པ། རབ་ཏུ་དྭངས་ཤིང་བཞད་པའི་ཞལ་གྱིས་རྒྱལ་གྱུར་ཧེ་རུ་ཀ །ཞེས་སྨྲ་བ་དེ་མཐོང་ནས་དབང་བསྐུར་ཞུ་བའི་ཕྱིར་གསོལ་བ་གདབ་པ། བརྩེ་ལྡན་གྲགས་པ་ཆེན་པོ་ཡིས། །རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར། །འཁོར་བའི་འདམ་དུ་འབྱིང་བ་བདག །དབང་བསྐུར་བ་ཡིས་དེ་སྒྲོལ་ཞིག། བུམ་དབང་། ཇི་ལྟར་བུ་ཚ་མེད་པའི་ཁྱིམ། །ཤི་མ་ཐག་ཏུ་སྟོང་པར་འགྱུར། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པར་འགྱུར།། གསང་དབང་། ཇི་ལྟར་པི་ཝང་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་ལྟར་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར།། དབང་གསུམ་པ། རྨོངས་པ་གང་ཞིག་དབང་མེད་པར། །བདག་ནི་དབང་བསྐུར་ཞེས་སྨྲ་བ། །ཇི་ལྟར་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །དེ་ལྟར་མཁྱེན་མཛོད་རྣལ་འབྱོར་མ། །སླར་ཡང་བདག་ལ་དབང་བསྐུར་སྩོལ། །གལ་ཏེ་དབང་བསྐུར་སྐྱེ་མེད་ན། །ཧེ་རུ་ཀ་རུ་བདག་འགྱུར་ཅི། །དེ་ནས་རྣལ་འབྱོར་མ་རྣམས་ཀྱིས་རྒྱལ་གྱུར་རྒྱལ་གྱུར་ཞེས་པས་བཅོམ་ལྡན་འདས་ལ་སོགས་པ་ལ་ཁྲུས་གསོལ་ཞིང་ཕྱི་དང་གསང་བར་བཅས་པའི་དབང་བསྐུར་བ་ཙམ་གྱིས་ནམ་མཁའི་ངོས་ནས་རྔའི་སྒྲ་གྲག་ཅིང་ཙནྡན་དང་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །དབང་བསྐུར་ཟིན་ནས་རྣལ་འབྱོར་མ་རྣམས་རྩའི་འཁོར་ལོ་ལ་ཐིམ། དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རང་རང་གི་རིགས་ཀྱི་བདག་པོས་རྒྱས་བཏབ་པར་གྱུར། དེ་ནས་མཆོད་པ་འབུལ་བའི་རིམ་པ་ནི། སྙིང་ག་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཐོགས་པ་རྣམས་ཀྱིས་མཆོད་པར་མོས། ལྷ་ཡི་ཆུ་བོ་ཡན་ལག་བརྒྱད་ལྡན་སོགས། །གཙང་ཞིང་ཡིད་འོང་མཆོད་ཡོན་རྨད་བྱུང་བས། །རབ་འབྱམས་ཞིང་རྣམས་གང་བར་སྤྲུལ་བྱས་ཏེ། །སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལྷ་རྣམས་མཆོད། །ཨོཾ་ཨཱཿསྲཱིཿཔྲ་ཝ་ར་སཏྐྲ་ར་ཨརྠཾ་བཛྭ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པད་ཀོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་མཆོད་ཡོན་སྦྲེང་བའི་ཚུལ་དང་མཐར་བསྡུ་བ་བྱའོ། །གཞན་སྔ་མ་ལྟར་ལ་རྐང་པ་གཉིས་པར། ལྷ་ཡི་ཆུ་བོྎ གཙང་ཞིང་ཡིད་འོང་ཞབས་བསིལ་རྨད་བྱུང་བས། །རབ་འབྱམསྎ སངས་རྒྱསྎ ཨོཾ་ཨཱཿསྲཱིཿྎ ཨརྒྷཾ་གྱི་གནས་སུ། པཱ་དྱཾ་བཅུག་ནས། མཛུབ་མོས་མེ་ཏོག་བླངས་ནས་ནི། །ཁུ་ཚུར་འོག་ཏུ་ཁ་བསྟན་ཏེ། །མཐེ་ཆུང་སྲིན་ལག་གུང་མོ་དང་། །མཛུབ་མོ་རིམ་གྱིས་དགྲོལ་ཞིང་དབུལ། །ཞེས་བཤད་པའི་ཕྱག་རྒྱ་དང་སྦྱར་རོ། །དེས་འགྲེས་ཏེ། རྐང་པ་གཉིས་པར། ལྷ་ཡི་ཆུ་བོྎ གཙང་ཞིང་ཡིད་འོང་འཐོར་འཐུང་རྨད་བྱུང་བ། །རབ་འབྱམསྎ སངས་རྒྱསྎ ཞེས་དང་། པྲོཀྵ་ཎཾ་སྦྱར་ཏེ་ཆུ་གསུམ་འབུལ། དེ་ནས། རབ་རྒྱས་འདབ་མ་ཁ་དོག་སྣ་ཚོགས་ཅན། །དྲི་ཞིམ་རྫི་ངད་ཕྱོགས་རྣམས་ཀུན་ཁྱབ་པ། །མེ་ཏོག་ཆར་འབེབས་ལྷ་མོ་གསེར་གྱི་མདོག །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་རྣམས་མཆོད། །ཨོཾ་བུདྡྷཱ་ཀ་པཱ་ལ་ནི་མ་ཊ་ཨ་སྭཱ་ཧཱ། འཇིག་རྟེན་ཁྱབ་པར་བདུག་པའི་སྤྲིན་འབྱུང་བའི། །ཙནྡན་ཨ་ག་རུ་དང་དུ་རུཥྐ། །ལྷ་རྫས་སྤོས་ཐོགས་ལྷ་མོ་ཁ་དོག་སྔོ། །ནམ་མཁའ་གང་བསྎ རྐང་པ་བཞི་པ་ཐམས་ལ་སྦྱར་ཞིང་། ཨོཾ་བུདྡྷ་ཀ་པཱ་ལི་ནི་ཏ་ཊ་ཀྵྨྱོ་ཊ་ཡ་སརྦ་ཤུ་བྷ་པྲ་དཱ་ཡི་ནེ་ཧཱུྃ་ཕཊ྄། ཕྱོགས་ཀུན་སྣང་བྱེད་ཉི་མ་གཉིས་པ་བཞིན། །འོད་ཟེར་དཔག་མེད་རིན་ཆེན་སྒྲོན་མེ་འཛིན། །རབ་མཛེས་ལྷ་མོ་སྐུ་མདོག་ཤིན་ཏུ་དམར། །ནམ་མཁའ་གང་བསྎ ཨོཾ་བུདྡྷ་ཀ་པཱ་ལི་ནི་གྲྀ་་གྲྀ་་གྲྀ་ུ་པ་ཡ་གྲྀ་ུ་པ་ཡ་བ་ར་བ་ར་ཏ་ཊ་ཏ་ཊ་སྟ་ཊ་ཡ་སྟ་ཊ་ཡ། མ་ཊ་མ་ཊ་ཧཱུྃ་ཧཱུྃ་སྭཱ་ཧཱ། དབང་པོ་ཀུན་ཏུ་ཚིམ་བྱེད་དྲི་བསུང་ཅན། །གུར་གུམ་ཨུཏྤལ་ལ་སོགས་སྦྱར་ལས་བྱུང་། །དྲི་ཆབ་བཟང་པོའི་སྣོད་འཛིན་ལྷ་མོ་ལྗང་། །ནམ་མཁའ་གང་བསྎ ཨོཾ་མ་ཧཱ་ཀ་པཱ་ལ་བཛྭི་བ་ར་བ་ར་ཏ་ཊ་ཏ་ཊ་སྟ་ཌ་ཡ་སྟ་ཌ་ཡ་མ་ཊ་མ་ཊ་ཧཱུྃ་ཧེ་སྭཱ་ཧཱ། ཁ་དོག་དྲི་དང་རོ་བཅུད་ཕུན་སུམ་ཚོགས། །ལྷ་མིའི་བསོད་ནམས་མཐུ་ལས་ལེགས་གྲུབ་པའི། །ཞལ་ཟས་གང་བའི་སྣོད་ཐོགས་ལྷ་མོ་དཀར། ནམ་མཁའ་གང་བསྎ ཨོཾ་བུདྡྷ་ཀ་པཱ་ལི་ནི་གྲྀ་་གྲྀ་་གྲྀ་ུ་པ་ཡ་གྲྀ་ུ་པ་ཡ་ཁཱ་ཁ་ཧཱུྃ། སྣ་ཚོགས་སྒྲ་སྙན་དུ་མ་འབྱུང་བ་ཡི། །རོལ་མོའི་བྱེ་བྲག་རྣམ་པ་ཀུན་ལྡན་པ། །བསྟོད་དབྱངས་ཡན་ལག་ལྔ་དང་སྦྱར་བ་ནི། །ནམ་མཁའ་གང་བསྎ ཨོཾ་བཛྭ་ཤཔྟ་ཨཱཿཧཱུྃ། ཅེས་ཉེར་སྤྱོད་སོགས་ཕུལ། ཛམྦུ་ཆུ་བོའི་གསེར་སྦྱངས་ལས་གྲུབ་ཅིང་། །རྩིབས་མཆོག་སྟོང་ལྡན་ས་ལས་རྣམ་རྒྱལ་བྱེད། །འཁོར་ལོ་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་རྡོ་རྗེའི་རྒྱལ་སྲིད་ཐོབ་པར་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་བུདྡྷཱ་ཀ་པཱ་ལི་ནི་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དེས་འགྲེས་ཏེ། དཔག་ཚད་བྱེ་བར་ཉིན་བཞིན་སྣང་བྱེད་ཅིང་། །རིན་ཐང་ཚད་མེད་འདོད་དགུའི་ཆར་ཆེན་འབེབས། །ནོར་བུ་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །མ་ཎི་རཏྣྎ ཉེས་པ་སུམ་ཅུ་གཉིས་སྤངས་ཡོན་ཏན་ཆོས། །དེ་སྙེད་དང་ལྡན་ཡིད་འཕྲོག་ལྟ་ན་སྡུག །བཙུན་མོ་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་འཕོ་མེད་བདེ་བ་ཆེ་བརྙེས་ཤོག །ཧླིུ་རཏྣྎ མཁས་ཤིང་ཡིད་གཞུང་བློ་གྲོས་ཕུན་སུམ་ཚོགས། །དགེ་བཅུའི་བཀའ་ལུང་སྦྱིན་པའི་མདུན་ན་འདོན། །ཁྱིམ་བདག་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་རྒྱལ་བསྟན་མཐའ་དག་འཛིན་པར་ཤོག །པུ་རུ་ཥ་རཏྣྎ ཐལ་ཀར་སྟོབས་ལྡན་ཁ་བའི་རི་བོ་འདྲ། །མཆེ་བ་དྲུག་ལྡན་གསེར་གྱི་དྲྭ་བས་གཡོགས། །གླང་པོ་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་ཐེག་མཆོག་བཞོན་པས་བགྲོད་པར་ཤོག །ཧསྟི་རཏྣྎ ཅང་ཤེས་སྤྲིན་གྱི་ཤུགས་འཆང་ཡིད་དུ་འོང་། །སྐད་ཅིག་ཙམ་གྱིས་འདོད་པའི་གནས་སུ་སྐྱེལ། །རྟ་མཆོག་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་རྫུ་འཕྲུལ་དཔག་མེད་ཤུགས་ཐོབ་ཤོག །ཨ་ཤཱ་རཏྣྎ སྒྱུ་རྩལ་དྲུག་ཅུ་བཞི་རྫོགས་ཕས་རྒོལ་འཇོམས། །དཔའ་ཞིང་བརཏལ་ཕོད་མི་ཡི་གདོང་ལྔ་པ། །དམག་དཔོན་རིན་ཆེན་ནམ་མཁའི་ཁྱོན་བཀང་སྟེ། །ཕུལ་བས་བདུད་དང་ཉོན་མོངས་གཡུལ་འཇོམས་ཤོག །ཁཱུ་རཏྣྎ ཅེས་རིན་ཆེན་བདུན་ཕུལ། མཐའ་ཡས་ཞིང་ན་གཟུགས་ཀྱི་བྱེ་བྲག་ནི། །མཆོག་དམན་བར་མའི་ཁྱད་པར་ཅི་སྣང་བ། །བདེ་བ་ཆེན་པོ་བསྐྱེད་པར་བྱེད་པ་ཡི། །གཟུགས་ཀྱི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །རཱུ་པྎ འཇིག་རྟེན་ཀུན་ཏུ་སྒྲ་ཡི་དབྱེ་བ་ནི། །ཟིན་དང་མ་ཟིན་ལ་སོགས་ལ་སོགས་ཇི་སྙེད་པ། །གྲག་སྟོང་སྔགས་ཀྱི་རོལ་པར་འཆར་བ་དག །སྒྲ་ཡི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །ཤཔྟྎ རབ་འབྱམས་ཞིང་ན་དྲི་ཡི་རྣམ་པ་གང་། །ཡོངས་སུ་གྱུར་དང་དེ་བཞིན་སྦྱར་བ་སོགས། །རྣམ་ཀུན་རྡོ་རྗེ་དྲི་བརྙན་དང་ལྡན་པའི། །འདོད་ཡོན་ལྷ་མོས་རྟག་ཏུ་མཆོད་པར་བགྱི། །གནྡྷེྎ དཔག་ཏུ་མེད་པའི་གནས་དང་ཞིང་ཁམས་སུ། །རོ་ཡི་ཁྱད་པར་རྣམ་པ་དྲུག་ལ་སོགས། །ཟག་མེད་ཏིང་འཛིན་ཟས་མཆོག་སྟེར་བྱེད་པ། །རོ་ཡི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །རཱ་ཀྵྼེྎ ཕྱོགས་བཅུའི་འཇིག་རྟེན་རྣམས་ན་རེག་བྱའི་ཚོགས། །རྣམ་པ་དུ་མར་ཉེར་སྤྱད་གཞི་རྣམས་ཀྱང་། །ཕུལ་བྱུང་བདེ་བ་འཕོ་མེད་སྐྱེད་ནུས་པ། །རེག་བྱའི་རྡོ་རྗེར་སྤྲུལ་ནས་མཆོད་པར་བགྱི། །སྤརྴེྎ ཅེས་འདོད་ཡོན་ལྔ་ཕུལ། གོས་ཟུང་ལྷ་གྲངས་དང་མཉམ་པ། སྲབ་འཇམ་ཡངས་པ་ལྷ་ཡི་གོས།། སོགས་ཀྱི་མཐར། ཨོཾ་མ་ཧཱ་ཀ་པཱ་ལི་ནི་བཛྭ་དྷརྨ་དྷརྨ་མེ་གྷ་བ་རེ་པྲ་བ་རེ་བ་ར་བ་ར་ཀ་ར་ཀ་ར་ཏ་ཌ་ཏ་ཌ་ཧ་ཧེ་སྭཱ་ཧཱ། ཞེས་པས་འབུལ། ལྷ་མོ་བརྒྱད་ནི། སྙིང་གའི་ས་བོན་ལས་ལྷ་མོ་བརྒྱད་སྤྲོས་ཏེ་དཀྱིལ་འཁོར་པ་རྣམས་མཆོད་པར་གྱུར། སྒེག་ཅིང་ལང་ཚོ་དང་ལྡན་ལྷ་མོ་ནི། །རྡོ་རྗེ་མཆེ་བ་འཆི་བདག་ཀུན་འཇོམས་མ། །པད་སྣོད་སི་རཀྟས་གང་བ་འཛིན། །ནམ་མཁའ་གང་བས་དཀྱིལ་འཁོར་ལྷ་རྣམས་མཆོད། །ཨོཾ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀ་པཱ་ལི་ནི་ས་པ་རི་ཝཱ་ར་བཛྭ་དཾཥྚིུ་ཎི་པྲ་ཏཱིཙྪ་ཨཱཿཧཱུྃ། པད་ཀོར་གཡོན་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་བཀན་པ་དམར་ཆའི་སྣོད་འཛིན་པའི་ཚུལ་དང་བསྡུ་བ་བྱའོ། །རྐང་པ་ཐོག་མཐའ་གཉིས་འདྲ་བ་ལ། སྒེག་ཅིང་ལང་ཚོྎ རྡོ་རྗེ་ཕོ་ཉ་ཅང་ཏེའུ་སྒྲ་སྒྲོགས་པས། །གཞོམ་དུ་མེད་པའི་སྒྲ་ཡིས་ཆོས་སྟོན་མ། །ནམ་མཁའ་གང་བསྎ ཁུ་ཚུར་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་ཅུང་ཟད་དགུག་པ་ཌཱ་མ་རུ་འཁྲོལ་བའི་ཚུལ་གྱིས། བཛྭ་དུ་ཏིྎ སྒེག་ཅིང་ལང་ཚོྎ རྡོ་རྗེ་གདོང་མ་བཅུད་ལྡན་རྣམ་སྣང་གི །ཡོངས་སུ་གང་བའི་མཆོག་གི་ཐོད་པ་འཛིན། །ནམ་མཁའ་གང་བསྎ གཡོན་ཐལ་མོ་བཀན་པའི་མཐིལ་དུ་གཡས་པའི་སོར་མོ་བཞི་བསྡུས་ཏེ་བཞག་པ་སྨན་འཛིན་པའི་ཚུལ་གྱིས། བཛྭ་མུ་ཁིྎ སྒེག་ཅིང་ལང་ཚོྎ རྡོ་རྗེ་ཅན་མ་ལྷ་རྫས་ཨརྒྷ་སོགས། །རྨད་བྱུང་བདུད་རྩིས་གང་བའི་སྣོད་ཐོགས་པ། །ནམ་མཁའ་གང་བསྎ མཆོད་ཡོན་གྱི་ཕྱག་རྒྱས། བཛྭ་ཝ་ཏིྎ སྒེག་ཅིང་ལང་ཚོྎ རྡོ་རྗེ་གཙིགས་མ་ཐལ་མོ་བསྐྱེད་པ་ཡིས། །ཕྱོགས་ཀུན་ཁྱབ་པའི་སྒྲ་ལྡན་རྔ་ཆེན་བརྡུངས། །ནམ་མཁའ་གང་བསྎ ལག་གཉིས་ཐལ་མོ་འཕྲེད་དུ་རེས་མོས་ཀྱིས་རྔ་བརྡུང་བའི་ཚུལ་གྱིས། བཛྭ་ཀ་ར་ལཱིྎ སྒེག་ཅིང་ལང་ཚོྎ རྡོ་རྗེ་ལྟ་བ་མ་ནི་ག་པུར་དང་། །ཟླ་ཞུན་རང་བཞིན་དཀར་ཆའི་སྣོད་འཛིན་པ། །ནམ་མཁའ་གང་བསྎ གཡས་ཁུ་ཚུར་གྱི་སྟེང་དུ་གཡོན་པའི་ཐལ་མོ་བཀན་པ་དཀར་ཆ་འཛིན་པའི་ཚུལ་གྱིས། བཛྭ་ན་བྷཱིྎ སྒེག་ཅིང་ལང་ཚོྎ རྡོ་རྗེ་འཇིགས་མ་ཕྱག་གཉིས་སྣོད་ཆེན་པོ། །སྟོབས་ཀྱི་རྒྱུར་གྱུར་ཅེ་སྤྱང་ཤས་བཀང་བ། །ནམ་མཁའ་གང་བསྎ ཁུ་ཚུར་གཉིས་ཁའི་དྲུང་དུ་བཟུང་བ་ཤ་འཛིན་པའི་ཚུལ་གྱིས། བཛྭ་བྷཱི་མྎ སྒེག་ཅིང་ལང་ཚོྎ སྣ་ཚོགས་སྡེ་དང་དབྱེར་མེད་ཤེས་རབ་ནི། །སྙོམས་འཇུག་བདེ་བསྐྱེད་འདོད་ཆགས་རྡོ་རྗེ་མ། །ནམ་མཁའ་གང་བསྎ འཁྱུད་པའི་རྒྱས། རཱ་ག་བཛྭཱིྎ ནང་མཆོད་འབུལ་བ། ནང་གི་བདུད་རྩི་མྱང་བ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་དགའ་བའི་སྒྲས། དེ་བཞིན་གཤེགས་པ་ལྔ་རྣམས་སྤྱན་དྲངས། སྤྱི་བོ་ནས་ཞུགས། ཐུགས་ཀར་བྱང་ཆུབ་ཀྱི་སེམས་དང་འདྲེས། རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ། ཡེ་ཤེས་ཀྱི་བདུད་རྩི་ལྔའི་རང་བཞིན་དུ་གནས་པ་ལ། ལྷ་ཐམས་ཅད་ལྗགས་ལས་བྱུང་བའི་འོད་ཟེར་གྱིས་སྦུ་གུས་དྲངས་ནས། གསོལ་བས་ཚིམ་ཞིང་མཉེས་པར་གྱུར། དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ། ཆོས་དབྱིངས་རྣམ་དག་དབྱིངས་ལས་བྱུང་། །གདུག་པ་འདུལ་མཛད་ཁྲོ་བོའི་སྐུ། །མི་བཟད་ཧ་ཧར་བཞད་པ་ཡི། །ཁྲག་འཐུང་སྐུ་ལ་ཕྱག་འཚལ་འདུད། །བདུད་ཀྱི་དཀྱིལ་འཁོར་ཕམ་མཛད་ཅིང་། །རྡོ་རྗེའི་ཧཱུྃ་མཛད་ཡི་གེ་ཧཱུྃ། །ཆ་ལུགས་དུ་མ་རབ་ཏུ་འཇིགས། །འཇིགས་བྱེད་འཇིགས་པར་མཛད་ལ་འདུད། །སེང་གེ་འཕྲོག་བྱེད་ཚངས་པའི་གཙོས། །གང་གི་ཞབས་ལ་ཕྱག་འཚལ་བ། །ཁམས་གསུམ་དབང་ཕྱུག་སྲིད་གསུམ་འཇོམས། །དཔའ་བོའི་དབང་ཕྱུག་ཁྱོད་ལ་འདུད། །གཉུག་མའི་དགའ་མ་ལྷན་ཅིག་སྐྱེས། །བདག་མེད་དོན་གྱི་ཡེ་ཤེས་དངོས། །སེམས་ཅན་ཀུན་ལ་ཕན་དགྱེས་པ། །སྣ་ཚོགས་བདེ་མ་ལ་ཕྱག་འཚལ། །བསམ་གྱིས་མི་ཁྱབ་པ་ཡི་ཐུགས། །ཤེས་བྱ་ཀུན་ལ་རབ་གཡོ་བ། །མཁའ་སྤྱོད་རྣལ་འབྱོར་སྐུར་སྟོན་པ། །ཕྲེང་བཟང་མ་སོགས་ལ་ཕྱག་འཚལ། །ཟག་མེད་བདེ་བ་བཅུད་ཀྱི་ལེན། །ཡེ་ཤེས་བདུད་རྩིས་གང་བ་ཡི། །ཐོད་པ་བཞི་པོ་རབ་སྤྲུལ་པ། །མཆོད་པའི་ལྷ་ལ་ཕྱག་འཚལ་འདུད། །གང་གི་གསུང་དབྱངས་མི་ཟད་པ། །འགྲོ་ཀུན་བསམ་པ་ཇི་བཞིན་འཇུག །ས་སྤྱོད་རྣལ་འབྱོར་མ་ཡི་ཚུལ། །དགེ་བའི་སྐ་རགས་ཅན་སོགས་འདུད། །ཇི་ལྟ་ཇི་ལྟར་འདུལ་བའི་སྐུ། །སྣ་ཚོགས་སྤྲུལ་པ་ཐབས་ཀྱི་དོན། །ས་འོག་སྤྱོད་པའི་རྣལ་འབྱོར་མ། །སྒྲོལ་བྱེད་མ་སོགས་ཕྱག་འཚལ་འདུད། །ཞི་དང་རྒྱས་དང་དབང་དགུག་དང་། །མངོན་སྤྱོད་ཕྲིན་ལས་སྤྱོད་མཛད་ཅིང་། །འགྲོ་བའི་དོན་ལ་གཞོལ་བ་ཡི། །སྒོ་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་ཁང་བཟང་ཉམས་དགའ་བ། །ཨེ་ཡིག་བྷ་ག་ཆོས་ཀྱི་དབྱིངས། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །གཞལ་མེད་ཁང་ལ་གུས་ཕྱག་འཚལ། །སྣ་ཚོགས་རྡོ་རྗེ་པདྨ་ཉི། །དུར་ཁྲོད་ཆེན་པོས་རབ་སྐོར་ཞིང་། །རྡོ་རྗེའི་གུར་བཅིངས་ལ་སོགས་པ། །དེ་དག་རྣམས་ལ་ཕྱག་འཚལ་བསྟོད།། ཅེས་པས་བསྟོད།། ༈ དེ་ནས་བུམ་བསྐྱེད་ནི། བུམ་པ་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་གཙོ་བོའི་བུམ་པའི་ནང་དུ་པདྨའི་སྟེང་དུ་ཉི་མ་སོགས་ནས། བུམ་པའི་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར་བར་བུམ་པ་སྟ་གོན་གྱི་སྐབས་ཇི་ལྟ་བའོ། །ཚོགས་བྱིན་བརླབ། སྤྱན་དྲངས། མཆོད་པ་རྣམས་བདེ་མཆོག་ནས་རིགས་འགྲེས་དང་། སྒྲུབ་ཐབས་ཀྱི་གཏོར་མ་སྦྱིན་པ། སྭ་བྷཱ་ཝའི་སྔགས་བརྗོད། སྟོང་པ་ཉིད་རཾ་ལས་ཉི་མ་སོགས་ནས། གཤེགས་སུ་གསོལ་བའི་བར་དང་། དཀྱིལ་ཆོག་དཀྱུས་སུ་མི་འབྱུང་ཡང་། གཞན་དུ་དབང་བསྐུར་བ་ལ། བར་ཆད་ཞི་བའི་ཕྱིར་ཕྱོགས་སྐྱོང་ལ་གཏོར་མ་སྦྱིན་པར་གསུངས་པ་ལྟར་སྤྲོ་ན། འདིར་ཡང་བྱ་སྟེ། སློབ་དཔོན་ཕྱི་རོལ་དུ་སོང་ནས། ཕྱོགས་སྐྱོང་གི་གཏོར་མ་དང་། བྲ་ཁུར་ལ་སོགས་བཟའ་བ་དང་། །ཟན་དྲོན་ཤ་དང་ཉ་ཤ་དང་། །བདུད་རྩི་ལྔ་སོགས་ཅི་འབྱོར་བ། །ཐོད་པའི་ནང་དུ་ལེགས་བཞག་སྟེ། །སྦྱང་སོགས་རིམ་གྱིས་བྱིན་བརླབས་ནས། །ཞིང་སྐྱོང་རྣམས་ལ་གཏོར་མ་སྦྱིན། ཞེས་གསུངས་པ་ལྟར་གྱི་མཆོད་པ་དང་བཅས་བཤམས་ནས། རང་ཉིད་ཧེ་རུ་ཀར་གསལ་བའི་མདུན་དུ། ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་དང་། ཕྱོགས་སྐྱོང་དང་། མཁའ་འགྲོ་དང་མཁའ་འགྲོ་མའི་ཚོགས་རྣམས་གསལ་བར་གྱུར། གཏོར་མ་བསང་སྦྱངས། གཏོར་མའི་འོག་ཏུ་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པ། དེའི་ནང་དུ་བི་མུ་ར་སུ་མ་ལས་བདུད་རྩི་ལྔ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། རླུང་གིས་མེ་སྦར། མེས་ཐོད་པ་བསྲོས། རྡོ་རྗེའི་རྣམ་པ་ལྟ་བུའི་རླངས་པ་འཐོན། ཡང་བསིལ་བར་བྱ་བའི་ཕྱིར་ཏེ། མཐོ་གང་ཙམ་དུ་ཡཾ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་རང་བཞིན་ཨོཾ་གྱིས་བྱིན་གྱིས་བརླབས་པ་དེ་ལས་ཁ་བ་ལྟ་བུའི་བདུད་རྩི་བབས་པས་བསིལ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་བདུན་བཟླས་པས་བྱིན་གྱིས་བརླབས། ལྷ་རྣམས་ཀྱི་ལྗགས་སྦུ་གུ་ཅན་དུ་གྱུར་པའི་ཨོཾ་དེའི་འོད་ཟེར་གྱིས་དྲངས་ནས་གསོལ་བར་གྱུར། ཨོཾ་བུདྡྷཱཱ་ཀ་པཱ་ལ་བཛྭ་ཙི་ཏྲེ་སུ་ཙི་ཏྲེ། ཨ་ལཾ་བ་ནེ། པྲཱི་ཎཱ་ཡ། སརྦ་བྷཱུ་ཏཱན།྄ མཱ་ར་ཡ་སརྦ་མཱ་ར་ན། ཀཱི་ལ་ཡ་སརྦ་དུཥྚུན། ཨུཙྪ་ཊ་ཡ། སརྦ་བིགྷྣཱན།྄ བི་ཊ་ཝཱ་ཡ། བྷོ་བྷ་ག་ཝ་ཏེ། ཡཀྵ་རཀྵ་ས། པི་ཤཱ་ཙ་ན། ཤོ་ཥ་ཡ། ཏཱ་ཌ་ཡ། སཔྟ་པཱ་ཏཱ་ལ་ག་ཏཱ་ན། ས་ར་ས་ར། པྲ་ས་ར་པྲ་ས་ར། ཧཱུྃ་ཧཱུྃ་ཧཱུྃ། ཕཊ྄་ཕཊ྄་ཕཊ྄། ཞེས་ལན་གསུམ་གྱིས་ཕུལ་ཏེ། ཞིང་སྐྱོང་འཁོར་དང་བཅས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ།། སོགས་ནས། ཡིད་ལ་འདོད་པ་ཀུན་རྫོགས་མཛོད།། ཅེས་འདོད་དོན་གསོལ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཏེ་སྐྱོབ་པའི་སྲས་སུ་སྐྱེ། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྡིག་མེད་པའི། །སངས་རྒྱས་ཉིད་དང་འཕྲད་གྱུར་ཅིག །ལམ་དེ་ཉིད་ལ་ཞུགས་ནས་ཀྱང་། །མ་གྲོལ་བ་རྣམས་གྲོལ་བར་ཤོག །མ་བརྒལ་བ་རྣམས་བརྒལ་བར་ཤོག །རྣལ་འབྱོར་གཙུག་ལག་དམ་ཚིག་ལ། །ད་ལྟ་ཉིད་དུ་གནས་པར་ཤོག། སེ་གོལ་ལན་གསུམ་བརྡབ་ནས། མགྲོན་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། ཅེས་གཤེགས་སུ་གསོལ། དེ་ནས་སློབ་དཔོན་བདག་འཇུག་ལེན། སློབ་མ་ཁྲུས་བྱ། མཛེས་པའི་གོས་གྱོན་གདོང་བཅིང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དོན་དམ་སྨྲ་བའི་སེངྒེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་ཆོམས་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་གྲུབ་པར་མཛོད།། ལན་གསུམ་གྱིས་གསོལ་བ་གདབ། དེ་ནས་སློབ་དཔོན་གྱིས། ཀྱེ་ཁྱོད་སུ་ཞིག་ཅེས་དྲི། སློབ་མས། ཀྱེ་བདག་ནི་རྒྱལ་བའི་སྲས་ལགས་ཞེས་སྨྲ། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གིས་སློབ་མ་བདག་ཉིད་རབ་ཏུ་གཞུག་པར་བགྱི།། ལན་གསུམ་གྱིས་གསོལ་བ་གདབ། ལྷོ་སྒོར་ཕྱོགས་པས། ཨོཾ་ན་མསྟེ་ཧཱུྃ། ན་མོ་མེ་ཧཱུྃ། ན་མོ་ན་མཿཧཱུྃ། ལུས་ངག་ཡིད་ཀྱིས་ཕྱག་སྔོན་དུ་འགྲོ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པཧྶྭུ་ནཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་མ་ལེ་ཨ་དྷི་ཏིཥྛ་སྭཱ་མཱཾ། ལུས་ཐམས་ཅད་ཀྱི་གུས་པས་ཕྱག་བྱ། ཤར་སྒོར་སྙིང་གའི་གཡོན་དུ་ཐལ་མོ་སྦྱར་ནས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི། པཱུ་ཛོ་པཧྶྭུ་ནཱ་ཡ་ཨ་བྷི་ཥེ་ཀཱ་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་ཀ་མ་མ་དྷ་ཨ་བྷི་ཥིཉྩྨ་ཏུ་མཱཾ། དེ་ནས་བྱང་སྒོར་ཐལ་མོ་དཔྲལ་བར་བཅས་ནས། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་པྲ་ཝརྟ་ན་ཡ་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨ་བྷི་མ་པྲ་ཝརྟ་ཡ་མཱཾ། ནུབ་སྒོར་ཐལ་མོ་མགོར་བཞག ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛོ་ཀརྨ་ནི་ཨཱཏྨཱ་ནཱཾ་ནིརྻུ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱཏྨཱ་ཀརྨ་ཀུ་རུ་མཱཾ། དེ་ནས་ལྷོ་སྒོར་འདུག་སྟེ། ལས་ཐམས་ཅད་པའི་སྔགས་ཀྱིས་གཏོར་ལ། སློབ་མའི་ལག་པ་ནས་བཟུང་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འདི་ནི་སངས་རྒྱས་རིགས་ཡིད་འོང་། །སྡོམ་པ་བརྟན་པོར་འགྱུར་བའོ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་བཟུང་བར་བྱ། །བྱང་ཆུབ་སེམས་གང་དེང་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །སློབ་དཔོན་ཁྱོད་ཀྱིས་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་བཞིན་ཡང་ལན་དྲུག་ཏུ། །ཆོས་དང་ཟང་ཟིང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བ་འོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ཞེས་པས་སྡོམ་པ་བཟུང་ནས། སྙིང་གར་རྡོ་རྗེ་བཞག ཨོཾ་བཛྭ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། རྣལ་འབྱོར་དུ་སེམས་བསྐྱེད། དེ་ནས་ལས་ཐམས་ཅད་པའི་ཆུ་འཐོར། ཨཱཿཁཾ་བཱི་ར་ཧཱུྃ་གིས་དཀྱིལ་འཁོར་དུ་བཅུག དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ངས་ཁྱོད་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་རྣམས་ལྟ་ཅི་ཞིག་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། དམ་ཚིག་ཉམས་པར་འགྱུར་ཏ་རེ། ཕན་ཡོན། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་གྱུར་ན། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས།། ཞེས་ཉེས་དམིགས། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིས་ཆུ་འདིས་ཐོབ། །ཨོཾ་པཉྩྨ་ཨ་མྲྀ་ཏ་ཨུ་ཏ་ཀ་ཋ་ཋ་ཋ་ཧཱུྃ། ཞེས་གཉིས་ཀའི། དེང་ནས་བརྩམས་ཏེ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱི། ངས་གང་འདི་བྱོས་ཤིག་ཅེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མ་བྱེད་ཅིག །ཁྱོད་མི་བདེ་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བ་འགྱུར་ཏ་རེ། ཞེས་སློབ་དཔོན་བཀའ་གཉན་པའི་སྒོ་ནས་དམ་བཞག་རྣམས་བྱའོ། །དེ་ནས། དཔའ་བོ་དང་ནི་རྣལ་འབྱོར་མ། །ཐམས་ཅད་ཀྱིས་ནི་བྱིན་གྱིས་རློབས། །ཧེ་རུ་ཀ་དཔལ་རྣལ་འབྱོར་མ། །བདག་ལ་ཡེ་ཤེས་དབབ་ཏུ་གསོལ།། བདུད་རྩི་ལྔ། རོ་རས། བྱི་བྲུན། གུ་གུལ་ནག་པོ། གྲིར་ཤི་བའི་ཀླད་ཁྲག་ཚིལ་བུ། རང་སྐྲ་རྣམས་བརྡུངས་པ་དུར་ཁྲོད་ཀྱི་མེར་སྲེག སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་མཁའ་འགྲོ་མ་བཀུག་སྟེ་དེ་ལ་ཞུགས་པའམ། སློབ་མའི་སྙིང་གར་སངས་རྒྱས་ཐོད་པ་ཡུམ་དང་བཅས་པ་ཡུངས་ཀར་གྱི་འབྲུ་ཙམ་སྙོམས་པར་ཞུགས་པས་བྱང་སེམས་དམར་པོས་ལུས་གང་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་དེ་ལ་ཐིམ་པར་བསམ། ཨོཾ་ཤྲཱི་ཧེ་རུ་ཀ་ཡ། བིདྱཱ་མ་ཧཱ་བིདྱཱ་རཱ་ཛ་དྷཱི་མ་ཧེ་སྭཱ་ཧཱ། བབས་པ་ལ་ལྕེ་ལ་ཨ་དམར་པོ་བསམ་ལ་རྡོ་རྗེ་དགེ་མི་དགེ་དྲི། སྐུ་གསུང་ཐུགས་ཕེབས་ན་མགོར་རྡོ་རྗེ་བཀོད་ནས་བརྟན་པར་བྱ་ཕྱིར། ཏིཥྛ་བཛྭ་ཞེས་བརྗོད། འདིར་ནི་བསོད་ནམས་ཇི་ལྟ་བུ། །ལྷ་རྣམས་ཀྱི་ནི་རིགས་ཇི་བཞིན། །འདི་ཡིས་དངོས་གྲུབ་གང་འགྲུབ་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །པྲ་ཏཱིཙྪ་བཛྭ་ཧོཿ དཀྱིལ་འཁོར་དུ་ནི་མེ་ཏོག་དོར། །གང་འཕོག་དེ་བཞིན་གཤེགས་པའི་རིགས།། དབུ་སོགས་གང་ལ་འཕོག་པས་དངོས་གྲུབ་ཅི་ཐོབ་པ་བརྟག ཤའི་མིག་དག་པའི་ལྟས་ཀྱི་ཕྱིར། དཀྱིལ་འཁོར་ཁ་དོགས་ཅི་མཐོང་དྲི།། དེ་ནས། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་ཡང་། །རྡོ་རྗེའི་མིག་ནི་བླ་ན་མེད། །བཛྭ་ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་སྲི། ཞེས་པས་མིག་ཕྱེ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་དང་། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང་། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །སྣ་ཚོགས་པདྨའི་དཀྱིལ་སྟེང་ནས། །གཉིས་སུ་མེད་པར་ལེགས་འཁྱུད་པའི། །དངོས་པོ་ཀུན་གྱི་རང་བཞིན་ཅན། །དངོས་གྲུབ་མ་ལུས་སྩོལ་བ་པོ། །ཁྲག་འཐུང་ཆེ་ལ་བུ་ཁྱོད་ལྟོས། །སྣ་ཚོགས་བདེ་མ་གཙོར་མཛད་པའི། །འཕྲེང་བཟང་མ་སོགས་ལྷ་མོ་ལྔ། །ཐོད་པ་བཞི་པོར་བཅས་པ་ཡིས། །རབ་ཟབ་ཐུགས་ཀྱི་འཁོར་ལོ་དང་། །དགེ་བའི་འཁོར་ལོ་ཅན་ལ་སོགས། །གསུང་གི་རྣམ་དག་འཁོར་ལོ་དང་། །སྒྲོལ་བྱེད་མཁའ་འགྲོ་མ་ལ་སོགས། །རྣམ་དག་སྐུ་ཡི་འཁོར་ལོ་སྟེ། །རབ་དང་འབྲིང་དང་མཐའ་མ་ཅན། །མཛེས་སྡུག་ལ་སོགས་ལྷ་མོ་བཞི། །གཟུགས་སོགས་དག་པའི་བདག་ཉིད་གྱུར། །ལྷ་རྣམས་དེ་ཉིད་མཚན་མ་ཡིན།། དཀྱིལ་འཁོར་དུ་འཇུག་པའོ། །དེ་ནས་བླ་མ་ལ་ཡོན་དང་མཎྜྻལ་ཕུལ་ཏེ། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་བཞིན་བདག་ལ་དེང་སྩོལ་ཅིག །དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར།། ལན་གསུམ་གྱིས་གསོལ་བ་བཏབ། དེ་ནས་ཡུངས་ཀར་ལག་པ་གཡས་གཡོན་དུ་བཟུང་ལ། སོ་སོར་ལག་གཉིས་གཡས་གཡོན་དུ་བསྐོར་ཞིང་། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྭཱ་ཡ། བཛྭ་ས་ཏྭ་ཀྵྼ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། བཟླས་ཤིང་ཡུངས་ཀར་མེ་ལ་དོར། །དེ་བཞིན་དུ་གཡས་སུ་བསྐོར་བའང་བྱ་ཞིང་། ཡང་ཆུ་དང་ཁམ་ཕོར་དང་དུར་བ་དང་བཅས་པའི་བ་ལྕིའི་ཆང་བུ་དང་ཟན་ཆང་གིས་ཀྱང་བསྐོར་ཞིང་དེ་དག་མེར་མི་དོར། དེ་ནས་ལག་པས་ཉེ་རེག་བྱས་ལ། སྙིང་གར་དྲི། མགོ་བོར་མེ་ཏོག མདུན་དུ་ཡོན་ཆབ་མར་མེས་བསྐོར་ཞིང་མར་དང་སྤོས་དཀར་གྱིས་བདུགས་ཤིང་ཕྱིར་དོར་རོ། །དེ་ནི་བགེགས་སྡིགས་པ་མི་ཤིས་པ་སྦྱང་བའོ།། དེ་ནས་ཕྱོགས་ལྷོར་པདྨ་འདབ་བརྒྱད་ཀྱི་སྟེང་དུ་སེང་གེའི་ཁྲིར་དར་སྣ་ཚོགས་ཀྱིས་འབོལ་བའི་གདན་ལ་སློབ་མ་བཀོད། སྟེང་དུ་གདུགས་དཀར་པོ་བཟུང་བའི་འོག་ཏུ་སློབ་མ་དཔལ་ཧེ་རུ་ཀ་མདོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པའི་གཡས་ཌཱ་མ་རུ་དང་གྲི་གུག གཡོན་ཐོད་པ་ཁ་ཊྶཱཾ་ག་འཛིན་པ། མི་མགོ་སྐམ་རློན་དང་རུས་པའི་ཕྱག་རྒྱ་དྲུག སྟག་གི་པགས་པའི་ན་བཟའ་ཅན། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པ་ཧེ་རུ་ཀའི་མཚན་ཉིད་ཡོངས་སུ་རྫོགས་པའི་གཙོ་བོར་བསྐྱེད། སྔར་དོར་བའི་མེ་ཏོག་རིགས་ཀྱི་ལྷས། ཨོཾ་དྷརྨ་ཀུནྫ་ཨ་བྷི་ཥིཉྩྨ། ཞེས་སྤྱི་བོར་བཅིངས་པར་བསམ། དེ་ནས་སློབ་དཔོན་གྱིས་བུམ་པ་ཐམས་ཅད་ཀྱི་རྩ་བའི་སྔགས་ཀྱིས་དཀྱིལ་འཁོར་ལ་གཡོན་ནས་བསྐོར་བ་ལན་གསུམ་བྱས་ནས་དེ་དག་གི་ཆུ་བསྡུས་ལ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་སྤྱན་དྲངས། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་བགེགས་སྐྲོད་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་མོས་པ་གྱིས་བྱས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་བཛྭ་ཨ་བྷི་ཥིཉྩྨ། ཅོད་པན་བསང་སྦྱངས། ཅོད་པན་དར་དཔྱངས་དང་བཅས་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རིན་ཆེན་འབྱུང་གནས་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་ཡི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསལ་བར་གྱུར། ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། རིན་འབྱུང་འོད་དུ་ཞུ་བ་རིན་པོ་ཆེའི་ཅོད་པན་དུ་གྱུར། ཅེས་བྱིན་གྱིས་བརླབས་ནས། དེ་བཞིན་གཤེགས་པ་རྣམས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རིན་པོ་ཆེ་ཅོད་པན་གྱིས་དབང་བསྐུར། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ཕུལ། སོགས། རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །རིན་ཆེན་དག་གི་དབུ་རྒྱན་དང་། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཨོཾ་བཛྭ་པ་ཏཾ་ཀ་བཛྭ་ཨཱ་ར་ལི་ཧོཿ རྡོ་རྗེ་རྩེ་དགུ་པ་བསང་སྦྱངས། རྡོ་རྗེ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་ཡི་རྒྱན་ཐམས་ཅད་ཀྱིས་བརྒྱན་གསལ་བར་གྱུར། ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སྣང་མཐའ་འོད་དུ་ཞུ་བ་རྡོ་རྗེར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར། མཆོད་པའི་ལྷ་མོ་སོགས། སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཉིད། །ཤིན་ཏུ་གྲུབ་ཕྱིར་རྡོ་རྗེ་གཟུང་། །ཨོཾ་བཛྭ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ལག་གཡས་སུ་གཏད། སྙེམས་པའི་ཚུལ་གྱིས་སྙིང་གར་འཛིན་དུ་བཅུག ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། ཅེས་བརྗོད། དེ་ནས་དྲིལ་བུ་བསང་སྦྱངས། དྲིལ་བུ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དོན་ཡོད་གྲུབ་པ་ལྗང་ཁུ་རལ་གྲི་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་ཡི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གསལ་བར་གྱུར། ཐུགས་ཀའི་འོད་ཟེར་གྱིས་བསྒོམ་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། དོན་གྲུབ་འོད་དུ་ཞུ་བ་དྲིལ་བུར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་པའི་ལྷ་མོ་རྣམས་ཀྱིས་དྲིལ་བུའི་དབང་བསྐུར། མཆོད་པའི་ལྷ་མོ་སོགས། འདི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། གཡོན་དུ་གཏད། དྲིལ་བུ་འཁྲོལ་དུ་བཅུག སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཧྶཾ། ཨ་བྷི་ཥིཉྩྨ་ཏིཥྛ་བཱི་ར་ས་མ་ཡ་ཧྶཾ། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་དུ་བཅུག་པ་ཕྱག་རྒྱ་ཆེན་པོ་དང་ལྡན་པ་ལ། རྡོ་རྗེ་དྲིལ་བུ་ཡང་དག་འཁྱུད། །གཡོན་སྙེམས་པ་དང་སྒྲོས་རྣོན་འཆང་། །གཉིས་མེད་གཉིས་མེད་རྣལ་འབྱོར་ཏེ། །ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཧྶཾ་ཨ་བྷི་ཥིཉྩྨ་མི། ཨོཾ་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ། མེ་ཏོག་ཕོག་པའི་རིགས་ཀྱི་མིང་བཏགས། དེ་ནས་རྡོ་རྗེ་ལག་པར་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅངས། །ཧེ་རུ་ཀ་དཔལ་བརཏལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིིདྡྷི་བཛྭ་ས་མ་ཡ། ཏིཥྛ་ཨེ་ཥ་ཡ་ཧྶཾ། དྷ་ར་ཡཱ་མི་ཧཱུྃ། ཧི་ཧི་ཧི་ཧོཿ རྡོ་རྗེའི་བརཏལ་ཞུགས་སོ།། ཁ་ཊྶཱཾ་ག་དང་ཌཱ་མ་རུ་གཙོ་བོ་ཡབ་ཡུམ་དུ་གསལ་བ་ལ། བསྒོམས་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ །གཉིས་སུ་མེད་པར་གྱུར། ཧེ་རུ་ཀ་འོད་དུ་ཞུ་བ་ཁ་ཊྶཱཾ་ག་དང་ཌཱ་མ་རུར་གྱུར། ཧེ་རུ་ཀ་དཔལ་ཁ་ཊྶཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོརྗེ་ཁ་ཊྶཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང་། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྶཱཾ་ག་དག་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་བགྱི།། དགང་བླུགས་གཏད། ཞི་དང་རྒྱས་དང་དབང་དང་དགུག །སྔངས་དང་དབྱེ་དང་མནན་ལ་སོགས། །བསད་དང་བསྐྲད་པ་ཐམས་ཅད་སྟེ། །ལས་དེ་རྣམས་ནི་བསྒྲུབ་པར་བགྱི།། རལ་གྲི་གཏད། རལ་གྲི་མིག་སྨན་ས་འོག་དང་། །མཆིལ་ལཧྭམ་དེ་བཞིན་རིལ་བུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་བསྒྲུབ་པར་བགྱི།། དེ་ནས་སློབ་དཔོན་ཤཱཀྱ་ཐུབ་པར་བསྒོམས་པའི་ལག་པ་གཡོན་པས་ཆོས་གོས་ཀྱི་མཐའ་དང་། གཡས་མི་འཇིགས་པའི་ཕྱག་རྒྱས། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །འཁོར་ལོ་མ་ལུས་རྣམ་གནས་ཤིང་། །ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །འཁོར་ལོ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཤྲཱི་ཧེ་རུ་ཀ་ནཱ་མཱ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་ཡ་ཧྶཾ་བྷུར་བྷུ་བཿསྭཿ ཞེས། ཧེ་རུ་ཀ་དང་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་བསམ། དེ་ནས་དབུགས་དབྱུང་བ། མཆོག་ཏུ་གསང་བའི་དཀྱིལ་འཁོར་དུ། །ཞུགས་པ་དང་ནི་མཐོང་བས་ཀྱང་། །སྡིག་པ་ཀུན་ལས་ངེས་གྲོལ་ཏེ། །དེ་རིང་ཁྱོད་རྣམས་ལེགས་པར་གནས། །དབང་ནི་བསྐུར་བ་ཙམ་གྱིས་ཀྱང་། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་དང་གཡོ་ཀུན་དམ་ཚིག་ཡིན། །ནང་པར་སྔར་ལངས་ཉིད་དང་ནི། །མ་ལུས་ལས་ནི་བྱས་ནས་ཀྱང་། །སྲུང་དང་བཟའ་བ་ལ་སོགས་པ། །སྡོམ་པའི་བདག་ཉིད་ཀྱིས་བསྲུང་ངོ་། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང་། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་བཞིན་ཡང་བཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་མེད་འཁོར་ལོ་གནས། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང་། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པར་ནི་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤོང་ཞིང་། །མྱ་ངན་འདས་ལ་དགར་མི་རུང་། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོང་བར་མི་བགྱིད་དོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་བུ་ཁྱོད་ཉིད་མ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་འབྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་དཔྱོད་ལྡན་པར། །བསླབ་པ་བླངས་པ་སྔོན་འགྲོ་བས། །སྒྲ་སོགས་སྟོང་པ་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུངས། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནས་འདོད་པའི། །ཡིད་ལ་འདོད་པ་ཀུན་འགྲུབ་འགྱུར།། དེ་ནས་སློབ་མས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་ཐམས་ཅད་བདག་གིས་བགྱིད།། བུམ་པའི་དབང་ངོ་། །དེ་ནས་ཚོགས་ཀྱི་དཀྱིལ་འཁོར་བརྩམ། མཎྜྻལ། འཁོར་བའི་འདམ་དུ་བྱིང་བ་བདག །དཔུང་གཉེན་ཁྱེད་ཀྱིས་བསྒྲལ་དུ་གསོལ། །བདག་ནི་རྩོལ་ཆུང་སྐལ་དམན་ཞིང་། །སངས་རྒྱས་ཆོས་ནི་རྣམ་པར་སྤངས། །ཀྱཻ་སྟོན་པ་བླ་མ་ཆེ། །མགོན་པོ་ཁྱེད་ཀྱིས་བརྩེ་བར་མཛོད།། ཅེས་ལན་གསུམ། སློབ་དཔོན་དཔལ་ཧེ་རུ་ཀ་སངས་རྒྱས་ཐོད་པ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། ཕྱག་རྒྱ་ཤེས་རབ་ཆེན་མོ་སྣ་ཚོགས་བདེ་མ་དཀར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁ་ཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀའང་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། ཐུགས་ཀའི་འོད་ཟེར་གྱིས་བསྒོམས་པ་དང་མཚུངས་པའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སློབ་མ་ལ། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གི་ལུས་ནི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་གྲགས།། ཞེས་བརྗོད། འདོད་པ་བཞི་ལོངས་སྤྱོད་པའི་མཐར་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཕབ། རྡོ་རྗེ་ཆེན་པོས་དབང་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱེད་པ། །སངས་རྒྱས་ཀུན་གྱི་གསང་གསུམ་ཆེ། །གནས་ལས་བྱུང་བ་སྦྱིན་པར་བྱ།། ཞེས་བྱིན། ཨ་ཏི་སུ་ཁ་ཞེས་བརྗོད། ཁམས་གསུམ་པོ་ཐམས་ཅད་ཐབས་དང་ཤེས་རབ་གཉིས་སུ་མི་ཕྱེད་པའི་ཡེ་ཤེས་ཀྱི་རོལ་པར་གྱུར་པའི་མོས་པ་གྱིས། དེ་ནས་དབང་གསུམ་པ་ཚོགས་དཀྱིལ་དེ་ཉིད་དུ་བླ་མ་དང་ཕྱག་རྒྱ་ལ། རྣམ་པར་རྟོག་པ་མང་པོ་ཡིས། །གཡོགས་པའི་བག་ཆགས་རབ་ལྡན་པ། །འཁོར་བའི་འདམ་དུ་བྱིང་བ་བདག །མཛེས་མ་ཁྱོད་ཀྱིས་སྐྱོབ་པར་མཛོད། །གྲགས་ཆེན་སྙིང་རྗེ་ལྡན་པ་ཡི། །ལྷ་མོ་དེས་ནི་ཞི་བར་མཛོད།། སློབ་དཔོན་གྱིས། སློབ་མ་དང་རིག་མ་གཉིས་ཀ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སློབ་མ་བཅོམ་འདས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་བཞི་པ། གཡས་ཌཱ་མ་རུ་དང་གྲི་གུག གཡོན་ན་ཐོད་པ་དང་ཁ་ཊྶཱཾ་ག སྤྱན་གསུམ་དམར་ལ་ཟླུམ་པ། ཧཱུྃ་ཞེས་སྒྲོག་ཅིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་འཇིགས་ཤིང་ཁྲོ་བའི་བདག་ཉིད་སྟག་གི་པགས་པའི་ན་བཟའ་མནབས་པ། མགོ་རློན་བཞི་བཅུ་རྩ་དགུའི་འཕྲེང་བ་འཕྱང་བ། ཕྱག་རྒྱ་དྲུག་དང་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་ཅིང་། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན། རིག་མ་ཡུམ་སྣ་ཚོགས་བདེ་མ་དཀར་མོ་ཞལ་ཤིན་ཏུ་འགྱུར་མ། མཆེ་བ་ཅུང་ཟད་གཙིགས་པས་འཇིགས་པ། གཡས་ན་ཌཱ་མ་རུ་འཆང་ཞིང་གྲི་གུག་བརྡེག་པའི་ཚུལ། གཡོན་ཐོད་པ་ཁྲག་གིས་གང་བའི་རྒྱུན་འཛག་པ་ཡབ་ལ་སྟོབ་ཅིང་ཁ་ཊྶཱཾ་ག་གྲུ་མོ་ལ་གཟེར་བ། གཅེར་བུ་རྒྱན་དང་བྲལ་བ། སྐྲ་གྲོལ་བ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡབ་དང་འཁྲིལ་བ། གཉིས་ཀའང་འོད་ཀྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀའི་སྙིང་ཁར་ཨོཾ། དཔྲལ་བར་ཧཱྃ། སྤྱི་གཙུག་ཏུ་ཧཻ།ཾ དཔུང་པ་གཉིས་སུ་ཧཽཾ། མིག་གཉིས་སུ་ཧེཾ། གསང་བར་ཧོཾ། ལུས་ཐམས་ཅད་དུ་ཧཾ། སྙིང་གར་ཧཱུྃ་ལས་ཐུགས་རྡོ་རྗེ། མགྲིན་པར་ཨཱཿལས་གསུང་རྡོ་རྗེ། སྤྱི་བོར་ཨོཾ་ལས་སྐུ་རྡོ་རྗེ། སྙིང་གར་ཟླ་བ་ལ་གནས་པའི་ཧཱུྃ་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་ནས་རྩའི་འཁོར་ལོ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་དེ་ལས་རྣལ་འབྱོར་མ་རྣམས་སྣ་ཚོགས་པའི་སྙིང་རྗེ་ཆེན་མོ་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ། གོས་སྣ་ཚོགས་གྱོན་པ། ལང་ཚོས་བརྒྱན་པའི་རྣལ་འབྱོར་མ་བརྒྱད་ནམ་མཁར་གནས་པ་བུམ་པ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་གང་བ་ཨ་མྲའི་ཤིང་ལོས་ཁ་བརྒྱན་པ་རེ་ཐོགས་པ། རབ་ཏུ་དྭངས་ཤིང་བཞད་པའི་ཞལ་གྱིས་རྒྱལ་གྱུར་ཧེ་རུ་ཀ །ཞེས་སྨྲ་བ་དེ་མཐོང་ནས་དབང་བསྐུར་ཞུ་བའི་ཕྱིར། བརྩེ་ལྡན་གྲགས་པ་ཆེན་པོ་ཡིས། །རྡོ་རྗེ་རྣལ་འབྱོར་མ་དབང་བསྐུར། །འཁོར་བའི་འདམ་དུ་འབྱིང་བ་བདག །དབང་བསྐུར་བ་ཡིས་དེ་སྒྲོལ་ཞིག །ཅེས་གསོལ་བ་བཏབ་པས། རྣལ་འབྱོར་མ་རྣམས་ཀྱིས་རྒྱལ་གྱུར་རྒྱལ་གྱུར་ཞེས་པས་བཅོམ་ལྡན་འདས་ལ་སོགས་པ་ལ་ཁྲུས་གསོལ་ཞིང་ཕྱི་དང་གསང་བར་བཅས་པའི་དབང་བསྐུར་བ་ཙམ་གྱིས་ནམ་མཁའི་ངོས་ནས་རྔའི་སྒྲ་གྲག་ཅིང་ཙནྡན་དང་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །དབང་བསྐུར་ཟིན་ནས་རྣལ་འབྱོར་མ་རྣམས་རྩའི་འཁོར་ལོ་ལ་ཐིམ། ཡབ་ལ་མི་བསྐྱོད་པ་དང་། ཡུམ་ལ་རྡོ་རྗེ་སེམས་པས་དབུ་བརྒྱན་པར་གྱུར། དེ་ནས་ཕྱག་རྒྱ་དེ་སློབ་མ་ལ། གང་གི་ཤེས་རབ་མ་གཉིས་པ། སངས་རྒྱས་ཐམས་ཅད་ཀྱིས་ནི་མཆོད། །འདི་ཉིད་ལ་ནི་སངས་རྒྱས་བཞུགས། །གཞན་དང་དངོས་གྲུབ་གཙོ་བོ་དང་། །སྙིང་རྗེ་ལྡན་པ་གཞན་གང་ཞིག །མཁའ་འགྲོ་མ་ཀུན་འདི་ལ་བཞུགས། །གསང་བ་ཕྱི་ཡི་ལྔ་དང་ནི། །བདུན་དང་བཅུ་བཞིར་བཤད་པ་དང་། །གཉིས་ཀ་གཅིག་ཏུ་འདུས་པའོ།། ཞེས་པས་གཏད། ཡུམ་སྣ་ཚོགས་བདེ་མའི་པདྨ་ལ་ཨ། ཧེ་རུ་ཀའི་རྡོ་རྗེ་ལ་ཧཱུྃ་སྙོམས་པར་ཞུགས་པའི་བདེ་བ་ཆ་བཅུ་དྲུག་པ་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་རྒྱས་བཏབ་པ་གསུམ་པ་ཤེས་རབ་ཡེ་ཤེས་སོ། །དེ་ནས་རྣམ་པ་ཐམས་ཅད་ནུབ་པ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བླ་མ་དམ་པའི་དྲིན་གྱིས་སྙིང་ལ་སད་པར་འགྱུར་ཏེ། ཡུལ་དང་དབང་པོ་རྣམས་ནི་མཉམ་དུ་ནུབ་གྱུར་པ། །གང་ཡང་མངོན་དགའ་རྒྱལ་བས་མཛེས་པའི་ལུས་གཅིག་པུ། །སུ་ཞིག་སད་པ་མཁས་པ་རྣམས་ཀྱི་སྙིང་ལ་འཛིན། །དུས་མཉམ་འཆར་བ་གང་ཡིན་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་གསང་བ་བཤད་པ་བཞི་པའོ།། དེ་ནས་སློབ་མས་ཡོན་ཕུལ། བླ་མས་དབང་གི་ཕན་ཡོན་བཤད་དེ། མཚམས་མེད་ལྔ་ནི་བྱེད་པ་དང་། །རྨོངས་གང་མ་རུངས་ལས་བྱེད་དང་། །སྐྱེ་བ་དམན་གྱུར་འགྲོ་བ་རྣམས། །རྡུལ་ཚོན་མཐོང་བས་གྲོལ་བར་འགྱུར། །དཀྱིལ་འཁོར་དག་ཏུ་མངོན་ཞུགས་པས། །གཙང་མའི་གནས་སུ་སྐྱེ་བར་འགྱུར། །ཤིན་ཏུ་སྦྱོར་བའི་སེམས་ཀྱིས་ནི། །སྐྱེ་འདིར་དངོས་གྲུབ་མ་ཐོབ་ཀྱང་། །སྐྱེ་གཞན་སྲིད་བར་དངོས་གྲུབ་འགྱུར། །དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ལ་ནི། །མ་བསྒྲུབས་པར་ནི་དངོས་གྲུབ་འཐོབ། །གང་ཡང་སྒོམ་པ་དང་ལྡན་ཞིང་། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་འགྲུབ། །རེ་ཞིག་དམ་ཚིག་ཉམས་པ་ལ། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི །མི་ཡི་སྐྱེ་བའང་རྙེད་པར་དཀའ། །གང་ཡང་བླ་མ་བརྒྱུད་པ་ཡི། །རིམ་འོངས་དེ་ཉིད་རིག་པ་ཡི། །སྒྲུབ་པ་པོ་ཡིས་འགྲུབ་སྙམ་འོང་།། དེ་ནས་སློབ་མ་མགོ་བོར་གདུགས་ཕུབ་ལག་པ་རྡོར་དྲིལ་འཛིན་པས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།། སོགས་ཀྱི་ཚིགས་སུ་བཅད་པ་འདོན་ཅིང་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཤར་ཕྱོགས་ནས་ཕྱག་བྱས། ཚོགས་གོང་དུ་མ་བྱས་ན་འདིར་བྱ། ལྷ་ཡི་རྣལ་འབྱོར་གྱིས་ལོངས་སྤྱོད་པ་དང་། ལྷག་མ་སྦྱིན་པ་རྣམས་བྱ། སྨོན་ལམ་གདབ་བོ། །རྗེས་ཀྱི་རིམ་པ་ལ། མཆོད་པ་གསར་དུ་བཤམ། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་བུདྡྷཱ་ཀ་པཱ་ལ་པྲ་ཝ་ར་སཏྐྲ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། པ་དྱཾྎ ཨཉྩྨ་མ་ཎཾྎ ཨོཾ་བཛྭ་པུཥྤེ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། སོགས། ཤཔྟའི་བར་གྱིས་མཆོད། ཨོཾ་སརྦ་པཉྩྨ་ཨ་མྲྀ་ཏ་པུ་ཛ་ཁཱ་ཧི། ཞེས་བདུད་རྩི་ལྔ་དང་། ཨོཾ་བུདྡྷཱ་ཀ་པཱ་ལ་ཨ་སྲཱིཿཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་ཕུལ། རྡོ་རྗེ་དང་ནི་པདྨ་འདུས་ཤིང་བདུད་རྩིས་བདེ་རྒྱས་ཤིང་། །རིམ་གྱིས་ཡོངས་གྱུར་སྐུ་ཅན་སེམས་ཅན་དོན་དུ་གར་བྱེད་པ། །རྡོ་རྗེ་ལྷ་མོའི་རྩེད་མོ་རོལ་པས་རྩེར་མཛོད་འགྲོ་རྨོངས་ལ། །འགྲོ་ལ་མི་དམན་ཀུན་དགའ་སྟེར་བ་ཁྱོད་ལ་བདག་འདུད་དོ།། ཞེས་བསྟོད། ༼སྒྲུབ་མཆོད་ཀྱི་ནུབ་ཐ་མའི་རྗེས་ཆོག་ལ་མདུན་བསྐྱེད་སྐབས་ལྟར་མཆོད་བསྟོད་རྒྱས་པར་བྱ།༽ དེ་ནས་ཡིག་བརྒྱ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་བཤགས་བྱ། རྡུལ་ཚོན་སྐབས། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར།། སོགས་བརྗོད་ཅིང་། ཉིན་ཐ་མར། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།། སོགས་དང་། རས་བྲིས་ཡིན་ན་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་བ་གཞན་ནས་འབྱུང་བ་ལྟར་ཏེ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གྱུར་པ། བདག་གིས་བསྒོམས་པའི་དཀྱིལ་འཁོར་ལ་ཐིམ། དུར་ཁྲོད་བརྒྱད་བསྲུང་བའི་འཁོར་ལོ། དེ་གཞལ་ཡས་ཁང་དང་བཅས་པ་ལ། དེ་ཡང་ལྷ་རྣམས་ལ། ལྷ་རྣམས་གཙོ་བོ་ཡབ་ཡུམ་ལ། གཙོ་བོ་ཡབ་ཡུམ་ཡང་ཐུགས་ཀའི་ཧཱུྃ་ལ། དེ་ཡང་འོད་གསལ་དུ་ཐིམ་པར་གྱུར་པར་མོས་པ་ལ་མཉམ་པར་བཞག་གོ། སླར་རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར། ཐུགས་ཀར་ཨོཾ། དཔྲལ་བར་ཧཱྃ། སྤྱི་གཙུག་ཏུ་ཧཻ།ཾ དཔུང་པ་གཉིས་སུ་ཧཽཾ། མིག་གཉིས་སུ་ཧེཾ། གསང་བར་ཧོཾ། ལུས་ཐམས་ཅད་དུ་ཧཾ། སྙིང་གར་ཧཱུྃ། མགྲིན་པར་ཨཱཿསྤྱི་བོར་ཨོཾ་ཡིག་གིས་མཚན་པར་གྱུར། ཅེས་གོ་བགོ། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས།། སོགས་དང་། བསོད་ནམས་འདི་ཡིས་འཇིག་རྟེན་རྣམས། །དགའ་བའི་བདེ་བ་ཀུན་རྙེད་ནས། །ཡེ་ཤེས་ལྡན་པའི་ས་གནས་སུ། །མི་ལྡོག་པར་ནི་འགྲོ་བར་ཤོག །ཧེ་རུ་ཀ་དཔལ་དཔའ་བོའི་ལམ་འདི་རྣམ་པར་བསྒོམས་ལས་དགེ་བ་ཆེར་བྱུང་བས། །འཁོར་བའི་འཁྲུལ་མང་བཅད་ནས་འགྲོ་འདི་དེ་ཡི་དཀྱིལ་འཁོར་དུ་ནི་འདུ་བར་ཤོག །བདག་ནི་ཐུབ་པ་འདི་ཡི་མཐའ་ཡས་སྐུ་ནི་ཡུན་རིང་རྣམ་པར་འཛིན་བྱེད་ཅིང་། །སྲོག་ཆགས་སོ་སོ་ལ་གཞོལ་ཆེ་བའི་བདེ་བ་སྤྲོས་པ་འཇིག་པ་འཛིན་གྱུར་ཅིག། ཅེས་སོགས་སྤྱི་དང་ཁྱད་པར་གྱི་སྨོན་ལམ་གདབ་བོ། །རྡུལ་ཚོན་ཨ་ཀཱ་རོའི་སྔགས་བརྗོད་ཅིང་མཐའ་ནས་བསྡུས་ལ་གཙོ་བོའི་ལྷ་མཚན་སྤྱི་བོར་བཞག ཆུ་བོ་ཆེན་པོར་དོར་རོ། །ས་དེར་དྲིས་བྱུག་ཞི་བའི་སྦྱིན་སྲེག་བྱའོ། །དེ་ལྟར་རྗེ་བཙུན་མར་ལུགས་ཀྱི་སངས་རྒྱས་ཐོད་པའི་དཀྱིལ་འཁོར་གྱི་ཆོ་ག་གྲུབ་པའི་སློབ་དཔོན་ཆེན་པོ་ས་ར་ཧའི་ཞབས་ཀྱི་གཞུང་ཇི་ལྟ་བ་བཞིན་པདྨ་དཀར་པོས་རྒྱལ་བྱེད་ཚལ་དུ་སྦྱར་བ་འདི་ཡང་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་བས་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོའི་ས་ལ་འཇུག་པར་གྱུར་ཅིག སླད་ནས་དཀྱིལ་ཆོག་འདི་ཉིད་དབང་དང་སྒྲུབ་མཆོད་སོགས་ལ་འཇུག་པ་བདེ་བའི་ཆེད་དུ་བཀླག་ཆོག་ཏུ་བྲི་བར་བྱོས་ཞེས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་གསུང་བསྐུལ་སྤྱི་བོར་མཆོད་ནས་འཁྲུལ་ཞིག་བརྒྱད་མིང་པས་འཇམ་མགོན་བློ་གྲོས་མཐའ་ཡས་སོགས་མཁས་གྲུབ་དམ་པ་རྣམས་ཀྱི་གསུང་ལ་སྒོ་བསྟུན་ནས་བྲིས་པ་འདིར་མ་རིག་ནོངས་པའི་ཚོགས་ཀུན་སྙིང་ནས་འཆགས་ཤིང་། དགེ་བས་ཡིད་ཅན་མཐའ་དག་ཁྱབ་བདག་ཧེ་ར་ཀའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །