Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
རྩ་གསུམ་ཀུན་འདུས་རྗེ་བཙུན་སྒྲོལ་མའི་སྨོན་ལམ་ཞིང་ཁམས་མྱུར་བསྒྲོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousརྩ་གསུམ་ཀུན་འདུས་རྗེ་བཙུན་སྒྲོལ་མའི་སྨོན་ལམ་ཞིང་ཁམས་མྱུར་བསྒྲོད།next

རྩ་གསུམ་ཀུན་འདུས་རྗེ་བཙུན་སྒྲོལ་མའི་སྨོན་ལམ་ཞིང་ཁམས་མྱུར་བསྒྲོད།

ཆོས་དབྱིངས་ནམ་མཁའི་བརྡ་མཛོད་ལསཿ རྩ་གསུམ་ཀུན་འདུས་རྗེ་བཙུན་སྒྲོལ་མའི་སྨོན་ལམ་ཞིང་ཁམས་མྱུར་བསྒྲོད་བཞུགསཿ ཏཱཾཿ ཆོས་ཀུན་མི་དམིགས་སྟོང་གསལ་དྲན་རྫོགས་ལསཿ རང་སེམས་སྲོག་ཡིག་ཏཱཾཿལྗང་རང་འོད་ལསཿ རྒྱལ་ཀུན་འདུས་ཞལ་ཡུམ་མཆོག་འཇིགས་བརྒྱད་སྒྲོལཿ ལོངས་སྤྱོད་རྫོགས་སྐུ་ཞི་འཛུམ་ཡོན་ཏན་རྫོགསཿ མཐའ་སྐོར་སྒྲོལ་མ་ཉེར་གཅིག་སྤྲིན་ལྟར་གཏིབསཿ གཙོ་མོའི་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོསཿ འགྲོ་དྲུག་གནས་ཕོག་ནད་གདོན་སྡིག་སྒྲིབ་སོགསཿ ཐིམ་ནས་འཕགས་མའི་གསང་གསུམ་དབྱེར་མེད་གྱུརཿ རྒྱལ་ཀུན་གཅིག་རྫོགས་འཕགས་མ་ཐུགས་རྗེ་ཅནཿ ལྔ་བདོའི་སེམས་ཅན་སྐྱབས་མེད་སྡུག་བསྔལ་གདུངཿ བཟོད་མེད་དུ་ཁས་མནར་བའི་འགྲོ་བ་དྲུགཿ འཇིགས་རུང་ངན་འགྲོའི་གནས་ནས་ད་དྲོངས་མཛོདཿ བསླུ་མེད་གཏན་གྱི་སྐྱབས་གཅིག་རྗེ་བཙུན་མཿ ཁྱད་པར་བདག་དང་འབྲེལ་ཐོགས་སེམས་ཅན་ཀུནཿ ཚེ་འདིར་ལས་ཀྱི་རླུང་འཚུབ་འཇིགས་མནར་ཚེཿ ཕྱི་མ་ངན་སོང་དམྱལ་བར་འགྲོ་དགོས་ནཿ བསླུ་མེད་གཏན་གྱི་སྐྱབས་གཅིག་རྗེ་བཙུན་མཿ མདོར་ན་ལས་ཀྱི་དབང་བཙན་ཆད་པས་མནརཿ ཕྱི་ནང་དུག་ལྔའི་འཚུབ་མ་དུས་མཐས་གདུངཿ བཟོད་མེད་སྡུག་བསྔལ་དྲག་པོ་ད་བྱུང་ཚེཿ བདེ་ཆེན་ཞིང་སྐྱོལ་མཛོད་ཅིག་རྗེ་བཙུན་མཿ སྐྱེ་བ་འདི་དང་ཕྱི་མ་བར་དོ་ལཿ འགྲོ་དྲུག་འཁོར་བའི་གནས་སྐབས་མ་ལུས་ཀུནཿ ཡི་དམ་འཕགས་མའི་ཞལ་མཐོང་མངོན་གྱུར་ནསཿ འདི་འཕོས་གཡུ་ལོ་བཀོད་ཞིང་སྐྱེ་བར་ཤོགཿ ས་མ་ཡཱཿ དགོངས་པ་ཆོས་སྐུའི་དབྱིངས་ཀློང་བཞགཿ སྤྲོ་བསྡུ་རིག་པའི་གཟི་འོད་འབརཿ ཉམས་རྟོགས་ཡོན་ཏན་མཁའ་ལྟར་མཉམཿ དོན་གཉིས་ལྷུན་གྲུབ་སྐུ་གསུམ་ཞལཿ རང་སྣང་ལྷུན་གྲུབ་ཞིང་མངོན་གྱུརཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ བརྡ་ཐིམཿ ཞེས་གཉེར་མཚན་གྱི་མོས་ངོརཿ གར་དབང་རྒྱལ་མཆོག་གླིང་པས་དག་སྣང་དགོངས་པའི་བརྡ་སྒྲོམ་ལས་ཞལ་ཕྱེས་ཏེ་དག་པར་ཕབ་པའོཿ དགེའོཿ བཀྲ་ཤིསཿ བསྐལ་པ་ལུག་གི་ལོའི་ཟླ་བ་བཞི་པའི་ཚེས་༢༥ཉིན་ཕབ་པའོ། །


previousརྩ་གསུམ་ཀུན་འདུས་རྗེ་བཙུན་སྒྲོལ་མའི་སྨོན་ལམ་ཞིང་ཁམས་མྱུར་བསྒྲོད།next