Nitartha Digital Library
Tibetan
གྲུབ་དབང་རྫོགས་ཆེན་པ་རིམ་བྱོན་གྱི་གསུང་འབུམ་བཞུགས་སོ།

1 occurrence of འབངས་མི་
[Clear Hits]


  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
ཞིང་སྐྱོངས་མ་མོའི་འཁྲུགས་བསྐང་ནི།
  
  
  
  
  
  
  
  
  
  


1 occurrence of འབངས་མི་
[Clear Hits]

 
previousཞིང་སྐྱོངས་མ་མོའི་འཁྲུགས་བསྐང་ནི།next

ཞིང་སྐྱོངས་མ་མོའི་འཁྲུགས་བསྐང་ནི།

བྷྱོཿ རྒྱལ་བའི་བསྟན་སྲུང་འཇིག་རྟེན་མཆོད་བསྟོད་ཀྱི། །དྲེགས་པ་སྡེ་བརྒྱད་སྟོབས་ལྡན་ཚུལ་དུ་སྤྲུལ། །དོན་དམ་དབྱིངས་ཀྱི་མཁའ་འགྲོ་ཀུན་ཏུ་བཟང་མོ། །རྒྱལ་ཀུན་ཕྲིན་ལས་ཐབས་དང་ཤེས་རབ་ཀྱི། །དཔའ་པོ་དཔའ་མོ་བདེ་སྟོང་ཟུང་དུ་འཇུག །ཕྱི་ལྟར་གནས་གསུམ་འབྱུང་ལྔའི་ཁམས་ཀུན་ལ། །ཡུམ་ལྔའི་བྱིན་རླབས་སྟོབས་དཔལ་ལེགས་རྒྱས་པའི། །དུར་ཁྲོད་མ་མོ་དམ་ལྡན་རྣལ་འབྱོར་བསྲུང་། །དམ་ཉམས་ཞིང་བཅུ་སྒྲོལ་བའི་མཐུ་མོ་ཆེ། །སྙིགས་མ་ལྔ་བདོའི་དུས་བསྐལ་ངོམ་པའི་ཚེ། །ཐུབ་བསྟན་རྗེས་འཇུག་རྣལ་འབྱོར་བཙུན་པ་རྣམས། །དུག་ལྔའི་དབང་གིས་ལུས་སེམས་མྱོས་པ་ཡིས། །སྡོམ་པ་དམ་ཚིག་ཉམས་ཆགས་ཉེས་སྟུང་ཤོར། །མཁའ་འགྲོའི་ཐུགས་དང་འགའ་བ་མཐོལ་ལོ་བཤགས། །ཕྱི་མཆོད་ཚོགས་བསྐང་ཆོ་ག་ཆགས་པ་དང་། །ནང་དོན་ཕུང་ཁམས་སྐྱེ་མཆེད་རྩ་ཐིག་རླུང་། །གནད་དུ་མ་སྨིན་བསྐྱེད་རྫོགས་བཟླས་བརྗོད་གཡེལ། །ཐ་མལ་འཆོལ་སྤྱོད་གཙིང་བའི་སེམས་ཅན་གྱིས། །གཡོ་སྒྱུའི་བསླུས་བ་ལ་སོགས་ཉེས་ལྟུང་ཀུན། །དོན་ལ་བཤགས་བྱ་བཤགས་བྱེད་མེད་པ་ཡི། །དེ་དོགས་མཐའ་བརྒྱད་སྤྲོས་བྲལ་ཀུན་ཞི་ཡང་། །གློ་བུར་འཁྲུལ་སྣང་རྟོག་ཚོགས་གཟུང་འཛིན་གྱིས། །ལྷ་དང་བླ་མ་དཀོན་མཆོག་གསུམ་པོ་ལ། །མ་གུས་མ་དད་ཆོས་ལ་ལོག་ལྟ་སྐྱེས། །ལྷ་མོ་འཁྲུགས་བའི་རྟགས་རྣམས་ཡུལ་ལ་སྨིན། །འཇིགས་བརྒྱད་འགལ་རྐྱེན་སྣོད་བཅུད་ཕྱྭ་གཡང་ཉམས། །མི་ནད་ཕྱུགས་ནད་ལ་སོགས་ཉེར་འཚེ་ཀུན། །ཐམས་ཅད་མིང་གི་ལྷག་མར་ཞི་བར་མཛོད། །མཆོག་གསུམ་རྩ་གསུམ་བསྟན་སྲུང་གསོལ་མཆོད་ཀྱིས། །སྣོད་བཅུད་ཕྱྭ་གཡང་ཚེ་བསོད་དཔལ་འབྱོར་རྣམས། །ནུས་སྟོབས་བསྐྱེད་ཅིག་གེགས་ཞི་དགེ་ལེགས་འཕེལ། །བསམ་དོན་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་མི་འགྱུར་ནམ་མཁའི་རྡོ་རྗེས་སྨྲས་པའོ། །

དགེའོ། །དགེའོ། །དགེའོ། །


previousཞིང་སྐྱོངས་མ་མོའི་འཁྲུགས་བསྐང་ནི།next